མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་བའི་མི་ ༦ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

 

ཕྱི་ཟླ་ ༩ ཚེས་མགོ་ཞིག་ལ་རྔ་པ་རྨེའུ་རུ་མ་ནས་ཡིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚེ་རིང༌། རང་ལོ་ ༢༧ ཡིན་པ་ཞིག་དང་། མཐའ་བ་གོང་མའི་བྱ་བརྩོན་ཚང་གི་ངག་དབང་རབ་རྒྱས། རང་ལོ་ ༢༧ ཙམ་ཡིན་པ་གཉིས་རྔ་པ་རྫོང་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་ཁོང་གཉིས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག ལོ་སྔོན་མའི་ཞི་རྒོལ་ཆེན་མོའི་རྗེས་རྒྱ་ནག་གིས་ཁོང་གཉིས་འཛིན་བཟུང་བྱ་ཆེད་རྩད་གཅོད་རིམ་པ་བྱས་ཀྱང་། ད་ལོའི་ཟླ་ ༧ བར་དུ་བྲོས་བྱོལ་གྱིས་རྒྱ་ལག་ཏུ་ཤོར་མེད་ནའང༌། ཟླ་ ༧ ཚེས་མགོར་རྒྱ་ནག་གཞུང་གི་མགོ་སྐོར་བསླུ་བྲིད་འོག་ཚུད་དེ་མགོ་བཏགས་བྱས་ཡོད། སྐབས་དེར་ཟླ་གཅིག་ལ་ཉེ་བར་བཀག་འགོག་བྱས་རྗེས་གློད་གྲོལ་བཏང་ཡོད་ཀྱང་ཉེ་ཆར་བསྐྱར་དུ་འཛིན་བཟུང་བྱས་འདུག

 

གཞན། རྔ་པ་རྨེའུ་རུ་མའི་རུ་ཆེན་དང་པོའི་འགོ་ཚེ་པེ་ཚང་གི་རང་ལོ་ ༣༠ ཡིན་པའི་བུ་མོ་མང་དགའ་དང་། རྨེའུ་རུ་མའི་རུ་ཆེན་གསུམ་པའི་མགོན་པོ་སྔོ་ར་ཚང་གི་རང་ལོ་ ༦༠ ཡིན་པའི་མགོན་པོ་སྔོ་ར། རྨེའུ་རུ་མའི་རུ་ཆེན་གསུམ་པའི་བསོད་ནམས་ཥ་རོ་ཚང་གི་རང་ལོ་ ༥༠ ཡིན་པའི་བསོད་ནམས་ཥ་རོ། རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཆུ་བསོད་ཚང་གི་རང་ལོ་ ༤༨ ཡིན་པའི་ཆུ་བསོད་བཅས་ཀྱང་། ཟླ་ ༩ ཚེས་ ༢༧ ཡས་མས་སུ་རྨེའུ་རུ་མ་ནས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ཁོང་རྣམས་འཛིན་བཟུང་བྱས་དོན། རྒྱ་གཞུང་གིས་དེང་སྐབས་འབྲོག་སྡེ་རྨེའུ་རུ་མའི་ཞང་ཐོག་ལ་ཁྱིམ་ཚང་རེ་རེ་བཞིན་ཁང་པ་གསར་རྒྱག་བྱེད་དུ་བཅུག་ཡོད་པ་དང་། ཕྱི་ཟླ་ ༩ ཚེས་ ༢༧ ཡས་མས་སུ་ཁང་པ་དག་གི་སྟེང་དུ་རྒྱ་ནག་གི་དར་དམར་བསྒྲེངས་འཛུགས་བྱས་སྐབས། གོང་གི་མི་དེ་དག་གིས་ངོ་རྒོལ་བྱས་ཏེ་དར་དམར་བསྒྲེང་དུ་མ་བཅུག་པར་མར་གཡུག་པ་སོགས་བྱས་ཡོད་སྟབས། ཐེངས་འདིར་འཛིན་བཟུང་བྱས་པ་ཞིག་ཡིན་འདུག་ལ། འཛིན་བཟུང་སྐབས་མི་མང་གི་མཐོང་སར་གཅར་རྡུང་དྲག་པོ་བཏང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

མཆན། 5

  1. ཐོག་རྒོད། says:
    ལོ་ 17 སྔོན།

    ཁྱད་པར་གངས་ལྗོངས་ཆོས་ལྡན་སྐྱེ་འགྲོ་རྣམས།།
    ནག་ཕྱོགས་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ།།
    ངན་རྒུ་འཇོམས་པའི་ཁྲག་དང་མཆི་མའི་རྒྱུན།།
    མྱུན་དུ་ཆོད་པའི་ཐུགས་རྗེའི་མཐུ་དཔུང་སྐྱེད།།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བདེན་པའི་ང་རོ་སྒྲོག་པ་ཉེས་པར་བརྩི།།
    མི་རིགས་ལ་རྒྱ་གླེང་མཁན་དགྲ་རུ་བལྟ།།
    བོད་ཀྱི་མི་རིགས་བཤད་དུས་ཁ་བྲལ་ཟེར།།
    འདི་དག་རྫོགས་པའི་དུས་ཤིག་ཅི་ལྟར་རྙེད།།

    Reply
  3. ནད་པ says:
    ལོ་ 17 སྔོན།

    བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེས་བུ་རྣམས། །གྲུབ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །

    Reply
  4. མེ་སྟག says:
    ལོ་ 17 སྔོན།

    རྔ་བ་ནས་འདི་ལྟར་བོད་མི་དཔའ་བོ་རྒྱུན་ཆད་མེད། ན་ནིངས་བཞུར་བའི་བོད་མི་ཚོའི་ཟུངས་ཁྲག་ད་དུང་སྐམ་མེད་པས་རྔ་བ་ན་དཔའ་བོ་ལོས་མང་སྟེ་མང་དགོས་ངེས་རེད། ད་དུང་བོད་གངས་ཅན་ནས་བོད་ལ་ཞེན་པའི་བོད་ཀྱི་དཔའ་བོ་གཅིག་ཐོག་ཉིས་བརྩེགས་ཀྱིས་འཁྲུངས་ཡོང་གི་རེད། ན་ནིང་ནས་བཟུང་བོད་མི་སྐྱེས་སྚཀྱེས་ཚང་མ་བོད་ཀྱི་དཔའ་བོར་འགྱུར་ངེས་ཡིན་ལ། ཁོང་ཚོའི་ཟུངས་ཁྲག་ཀྱང་བོད་རྒྱལ་ཁབ་ཀྱི་དོན་དུ་བཞུར་གི་རེད། གཙང་ཆེན་ཁ་འབབ་བཞི་བོ་མ་སྐམ་གྱི་དབར་དུ། གངས་ཆེན་རི་རྒྱལ་ཏི་སེ་མ་བཞུས་ཀྱི་དབར་དུ། བོད་མི་རིགས་འདི་ཉམས་སྲིད་ཀི་མ་རེད།
    དེང་གི་བོད་མི་ཚོས་རྒྱ་ནག་གི་རྒྱལ་དར་མིག་གི་མཐོང་འདོད་མེད་པའི་སྐབས་འདིར། རང་སྲིད་རང་སྐྱོང་ལ་སོགས་གང་ཞིག་ཐོབ་རྗེས། རྒྱ་ནག་གི་རྒྱལ་དར་བསྒྲེངས་ཏེ་རྒྱ་ནག་གི་རྒྱལ་གླུ་གཏོང་མཁན་བོད་མི་ཐོག་མ་དེ་སུ་ཡིན་ནམ། དེ་ནི་དེང་སྐབས་མཐོ་རི་མཐོ་ཚད་ནས་བོད་དོན་གླེང་མཁན་ཚོ་སྔོན་མ་མིན་ན་སུ་ཡིན་ཏེ་སུ་ཡང་མེད་དོ།། དེ་དུས་ང་འཇིག་རྟེན་འདི་ནས་ཤི་འཕོས་ཏེ། དགའ་ལྡན་སྐྱེས་ནས་ཡིད་དགའ་བར་བྱས་སྡོད་པའི་དུས་ཤིག་ཡིན་པར་སྨོན། དེ་མིན་ངའི་མི་ཚེའི་ནང་དུ་རྒྱ་ནག་གི་རྒྱལ་དར་འོག་ནས་མི་འདུག རྒྱ་ནག་གི་རྒྱལ་གླུ་མི་ལེན་པར་ཁས་བླངས་དམ་བཅས་ཡོད་པས་སོ།།ཧ་ཧ་ཧ་ཧ ཆང་འཐུང་གི་སྐད་ཆ་ཞིག་ལ་མི་རིག་ག

    Reply
  5. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    བོད་ནང་གི་རྒྱལ་གཅེས་པ་ཚོའི་སྐུ་ཚེ་ལ་བར་ཆད་མི་ཡོང་བར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese