མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རྒྱ་བསྒྱུར་གྱི་ལས་འགུལ་ནག་པོ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྔ་པ་རྫོང་ཁོངས་བོད་རིགས་ན་གཞོན་ཕོ་མོ་ ༥༠༠ ཙམ་རྒྱ་ནག་ཏུ་སློབ་སྦྱོང་ལ་ཁ་གཡར་ཏེ་ཁྲིད་ཚར་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཡང་བསྐྱར་སྐོར་ཁག་གཉིས་པ་དེ་འཁྲིད་འཆར་ཡོད་འདུག

 

ཟི་ཁྲོན་ཞིང་ཆེན་དང་རྔ་བ་ཁུལ། རྫོང་རིམ་པ་བཅས་ཀྱི་ཇུས་གཞིའི་འོག ཉེ་ལམ་ཟླ་སྔོན་མ་ནས་བཟུང་། རྔ་བ་རྫོང་འོག་གི་བོད་སྡེ་དག་གི་ན་གཞོན་ཚོར་ཐོག་མར་ལས་རིགས་འདྲ་མིན་ཐོག་ཆེད་དུ་སློབ་སྦྱོང་ལོ་གཉིས་ལ་སྤྲོད་རྒྱུ་ཡིན་ཚུལ་དང་། དུས་ཡུན་དེའི་རིང་སློབ་ཡོན་སོགས་གཅིག་ཀྱང་མི་དགོས་པ། འགྲོ་ཡུལ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཡིན་ཚུལ། ལོ་དུས་ཚང་རྗེས་རང་འདོད་ལྟར་ཕྱིར་ལོག་ཆོག་ཚུལ་སོགས་མགོ་སྐོར་བསླུ་བྲིད་ཀྱི་ཁ་གཡང་མང་པོ་བརྗོད་དེ། བོད་རིགས་ན་གཞོན་མང་པོ་ཞིག་ལ་ཐོ་འགོད་བྱེད་དུ་བཅུག་ཡོད་ཀྱང་། རྗེས་སུ་ཤེས་རྟོགས་བྱུང་བ་ལྟར་ན། འགྲོ་ཡུལ་ཁྲིན་ཏུའུ་མིན་པ་པ་མ་ཟད། དུས་ཡུན་ངེས་མེད་ཡིན་འདུག

 

ད་དུང་ལག་རྩལ་འདྲ་མིན་ཐོག་སློབ་སྦྱོང་སྤྲོད་རྒྱུ་ཟེར་བ་དེ་ཡང་རྫུན་མ་ཡིན་པ་སོགས་ཤེས་རྟོགས་བྱུང་སྟེ། མི་དམངས་ཚོས་འགྲོ་རྒྱུ་མིན་པའི་གནས་ཚུལ་ཡར་ཞུ་བྱས་ཀྱང་། དེ་སྔོན་ཐོ་འགོད་བྱས་ཟིན་པ་རྣམས་ངེས་པར་འགྲོ་དགོས་པའི་བཙན་བཀའ་བཏང་སྟེ། ཐེངས་དང་པོར་རྔ་པ་རྫོང་ཁོངས་ཀྱི་བོད་རིགས་ན་གཞོན་ ༥༠༠ ཙམ་ཁྲིད་ཚར་ཡོད་པ་དང༌། ཐེངས་གཉིས་པ་ཕྱི་ཟླ་ ༡༠ ཚེས་ ༡༥ ཡས་མས་སུ་འཁྲིད་འཆར་ཡོད་པ་མ་ཟད། ཐོ་འགོད་བྱས་ཟིན་པ་རྣམས་ངེས་པར་དུ་འགྲོ་དགོས་ཚུལ་བརྗོད་ཡོད་འདུག རྔ་བ་ས་ཁུལ་གྱི་བོད་རིགས་ན་གཞོན་ཚོ་རྒྱ་ཡུལ་དུ་འཁྲིད་ཀྱིན་ཡོད་པའི་བྱ་འགུལ་འདིའི་ཐད། ས་གནས་མང་ཚོགས་ཀྱིས་གླེང་སློང་བྱས་པ་ལྟར་ན། བྱ་འགུལ་འདི་ནི་བོད་རྒྱ་བསྒྱུར་གྱི་གཏིང་ནག་པོའི་ལས་འགུལ་ཞིག་རེད། ཅེས་བརྗོད་དེ་འདོད་པ་མེད་པའི་བསམ་ཚུལ་ཤུགས་ཆེན་ཡོང་གིན་ཡོད་འདུག

གོང་གི་གནས་ཚུལ་དེ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་མཁོ་སྤྲོད་བྱས། 

 

མཆན། 6

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    རིགས་ཞེན་ཟེར་ན་མི་ཞིག་གིས་ལས་སླ་བོ་སྒྱུར་ཆོག་ཆོག་ཞིག་གཏན་ནས་ཡོད་པ་མ་རེད། དེ་ལྟར་ཡོད་པ་ཡིན་དུས། མི་དེའི་རིགས་ལ་རིགས་ཞེན་མེད་སོང་བ་རེད་ཅེས་བཤད་ཀྱང་ང་འཕྱུག་མེད་པ་ཡིན།

    Reply
  2. བསེ་རུ། says:
    ལོ་ 13 སྔོན།

    ང་ཚོའི་བོད་མི་ན་གཞོན་ཚོ་ལུས་པོ་རྒྱ་ནག་ཏུ་ཁྲིད་ཀྱང་སེམས་པ་རྒྱ་ནག་གི་ལྟ་བ་ཅན་དུ་ནམ་ཡང་བསྒྱུར་ཐུབ་ཀྱི་མ་རེད་ལ། འགྱུར་ཡང་སྲིད་ཀྱི་མ་རེད། རྒྱ་ནག་ལ་ལོ་ངོ་བདུན་ཙམ་སློབ་སྦྱོང་བྱེད་མྱོང་མཁན་སློབ་མ་ཞིག་གི་སྐད་ཆ་ངས་འདིར་འགོད་ཀྱི་ཡིན།
    ཁོ་བོས་བཤད་དོན། ང་ད་ལྟ་ཁ་ལ་འབུ་སྲིན་ཟ་གིན་ཡོད་ཀྱང་། ངས་ཆུང་དུས་ཟོས་པའི་རྩམ་དྲི་དེ་ནམ་ཡང་བརྗེད་ཀྱི་མ་རེད། ཅེས་པའི་སྐད་ཆ་འདི་རེད།
    སྐད་ཆ་དེའི་རྒྱབ་ལྗོངས་ནས་ཅི་ཞིག་རྟོགས་ཐུབ་ཀྱི་འདུག་གམ།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    མེ་སྟག་ཟེར་བའི་སྐད་ཆར་དགོད་བྲོ་བ་ལ། རྒྱ་གཞུང་གིས་སློབ་སྦྱོང་ས་མ་རག་ལ་བསྡད་ཡོད་པ་ཆེ་ཡིན། ལམ་བཟོ་བ་དང་གཏེར་ཁ་བསྔོག་པ། རྡོ་སོལ་འདོན་པ་ལ་སོགས་པའི་ལས་རིགས་འདྲ་མིན། ཆགས་སྤྱོད་ལས་རིགས་དང་ཕོའི་ཁུ་བ་བཏོན་ཏེ་བསོག་ཉེར་བྱེད་ཆེད་ཡིན་རྒྱུ་རེད།
    ད་དུང་གསར་འགྱུར་འདི་སླེབས་ཙམ་ཡིན་པས་དོན་དངོས་རྗེས་སུ་ག་ལེར་ཤེས་རྒྱུར་ང་ཚོས་རྩད་གཅོད་བྱེད་དགོས་པར་སྙམ།
    གཞན་ཁ་བྱང་ལ་བལྟས་ཏེ་མཆན་བུ་བཏབ་པ་ནི་ཁོ་རང་ལ་ཁོམ་པ་མེད་པ་ཡིན་རྒྱུ་རེད། ངོ་རྫོགས་ནས་ཁྱེད་ལ་ཅི་ཕན། དྲ་གྲོགས་གཅིག་གིས་ཇེ་ཉུང་ལ་སོང་བ་མིན་ནམ།

    Reply
  4. གྲགས་པ་རྒྱ་མཚོ། says:
    ལོ་ 13 སྔོན།

    རྗེས་མ་སློབ་སྦྱོང་འདྲ་སྤྲད་དེ་ཚུར་སྐྱེལ་ན་ལེགས། དེ་མིན་བསད་པ་དང་ནད་རོ་དང་ལྐུགས་པ་ལྟ་བུ་བཟོ་ན་གང་དྲག རྒྱ་ནག་གིས་བྱེད་སྟངས་འདི་བོད་རིགས་རྩ་མེད་བཏང་རྒྱུ་ཡིན་པ་འདྲ།

    Reply
  5. མེ་སྟག says:
    ལོ་ 13 སྔོན།

    གཅིག་བྱས་ན་ལོ་འགའི་རྗེས་ནས་རྒྱའི་སྐད་ཡིག་ཡག་ཐག་ཆོད་ཅིག་ཤེས་ཏེ་ཕྱིར་བསྐྱལ་འོང་ན་ཐང་། ཧ་ཧཧ་ཧ་ཧ། ས་གནས་གང་དུ་ཁྲིད་པ་དང་ནམ་ཞིག་ལ་ཕྱིར་ལོག་པ། ཅི་ཞིག་གི་ཆེད་དུ་ཁྲིད་པ་སོགས་རྗེས་ནས་ག་ལེར་གོ་ཡོང་གི་རེད། ད་ནི་གསར་འགྱུར་འདི་སླེབས་ཙམ་ཡིན་པས་ཚོད་དཔག་རང་བྱེད་ན་ལས་ཅི་བྱེད་དེ་བྱེད་རྒྱུ་གང་ཡང་ཡོད་པ་མ་རེད། གཞོན་སྐྱེས་གང་ཞིག་ཏུ་ཁྲིད་སོང་བར་མི་འཛའ་བའི་སྐད་ཆ་དག་བཤད་ནས་ཅི་ཕན། ཁ་བྱང་ལ་བལྟས་ཏེ་མཆན་བུ་འདེབས་མཁན་ཚོའི་ངོ་གཅིག་རྫོགས།

    Reply
  6. བསྟན་པ་ཡར་འཕེལ། says:
    ལོ་ 13 སྔོན།

    བོད་ནང་གི་རྒྱལ་གཅེས་པ་ཚོའི་སྐུ་ཚེ་ལ་བར་ཆད་མི་ཡོང་བར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist