མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཇི་བས་བོད་ནང་གི་ཡར་རྒྱས་ལ་བསྔགས་པ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་བོད་ནང་གི་དཔལ་འབྱོར་དང་རིག་གཞུང་། སྤྱི་ཚོགས་འཛུགས་སྐྲུན་བཅས་ཡར་རྒྱས་བཏང་པའི་གྲུབ་འབྲས་ལ་དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཚོས་བསྟོད་བསྔགས་བྱས་འདུག

བོད་ས་གནས་སྲིད་གཞུང་གི་མགྲོན་འབོད་ལྟར་དབྱིན་ཇིའི་གྲོས་ཚོགས་འཐུས་མི་སྐོར་ཞིག་གིས་ཕྱི་ཚེས་ ༨ ཉིན་ནས་བོད་ནང་ལྟ་སྐོར་བྱས་ཡོད་འདུག

ཁོང་ཚོས་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་དང་བོད་རིག་པ་བ་རྣམས་དང་མཉམ་དུ་བོད་ནང་གི་ད་ལྟའི་གནས་སྟངས་སྤྱི་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་ལུགས་དད་མོས་བཅས་ཀྱི་ཐད་བགྲོ་གླེང་ཚོགས་འདུ་ཞིག་ཀྱང་བསྐོངས་འདུག

ཕྱི་ཚེས་ ༡༢ ཉིན་ཁོང་ཚོ་ཕྱིར་དབྱིན་ཡུལ་ལ་འབྱོར་རྗེས་ཁོང་ཚོས་ཐེངས་འདིའི་འགྲུལ་སྐྱོད་ཀྱི་སྐོར་ལ་སྙན་ཐོ་ཞིག་བསྒྲགས་ཡོད་ཅིང་། དེའི་ནང་དུ་བཀོད་དོན། རྒྱ་ནག་དབུས་སྲིད་གཞུང་གི་རོགས་སྐྱོར་འོག་བོད་ནང་གི་དཔལ་འབྱོར་དང་སྤྱི་ཚོགས་བཟོ་ལས་ལ་ཧ་ལས་པའི་ཡར་རྒྱས་ཕྱིན་འདུག་ལ། བོད་མི་རིགས་ཀྱི་འཚོ་བའི་གནས་སྟངས་ཀྱང་ཞེ་དྲག་གིས་ཡར་རྒྱས་འགྲོ་གིན་འདུག་ཅེས་དང་།

རྒྱ་ནག་གཞུང་གིས་བོད་ས་ཁུལ་གྱི་ཤེས་ཡོན་སློབ་གསོའི་ཐོག་ལའང་མ་དངུལ་ཕོན་ཆེན་པོ་གཏོང་གི་འདུག དེ་རིང་བར་དུ་བོད་ས་ཁུལ་དུ་གཞི་རིམ་སློབ་གྲྭ་ ༨༨༤ དང་དམའ་འབྲིང་སློབ་གྲྭ་ ༡༡༧། མཐོ་འབྲིང་སློབ་གྲྭ་ ༡༠། མཐོ་རིམ་སློབ་གྲྭ་ ༦ ཡོད་པར་བཤད།

ཡང་ཁོ་ཚོས་བཤད་དོན། བོད་ས་ཁུལ་དུ་ཆོས་ལུགས་ཀྱི་བསྟི་གནས་ ༡༧༠༠ འདུག་ལ། འདི་ལ་བལྟས་ན་བོད་མི་རིགས་ཀྱིས་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་ལོངས་སུ་སྤྱོད་བཞིན་པ་མཐོང་ཐུབ་གིན་འདུག་ཟེར།

ཁོང་ཚོས་སྙན་ཐོ་དེའི་ནང་དུ། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་ཡར་རྒྱས་གཏོང་བའི་འབད་བརྩོན་དེར་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད་ཟེར།

ཁོང་ཚོས་བོད་ལྗོངས་སློབ་གྲྭ་ཆེན་མོར་གཟིགས་སྐོར་བྱས་རྗེས་རྒྱ་ནག་གིས་བོད་ནང་གི་རིག་གཞུང་སྲུང་སྐྱོབ་ཀྱི་ཐད་ངོས་འཛིན་ཚད་མཐོན་པོ་གནང་གི་ཡོད་པ་ཤེས་སོང་ལ། དེ་བཞིན་བོད་ནང་གི་དགོན་པ་དང་ཁ་ཆེའི་ལྷ་ཁང་སོགས་ལ་གཟིགས་སྐོར་བྱས་རྗེས་རྒྱ་ནག་ནང་གི་ཆོས་ལུགས་ཀྱི་རྣམ་པ་མི་འདྲ་བ་དག་ལ་ཉམས་མྱོང་ཐོབ་ཅེས་དང་།

གཟིགས་སྐོར་འདི་བརྒྱུད་དེ། ཁོང་ཚོས་བོད་ནང་ལ་གཏིང་ཟབ་མོར་ལྟ་རྒྱུ་བྱུང་ལ། རྒྱ་རིགས་དང་བོད་རིགས་ཚང་མས་ཞི་བདེའི་བོད་འཛུགས་སྐྲུན་བྱ་རྒྱུར་རེ་སྨོན་བྱེད་ཀྱིན་འདུག་ཅེས་སོགས་བརྗོད་ཡོད་པ་རེད།

དབྱིན་ཇིའི་གྲོས་ཚོགས་འཐུས་མི་འདི་དག་ནི། Lord David Steele ཞུ་བ་དང་། Lord Alton དེ་བཞིན་ James Gray MP དང་ Derek Wyatt MP བཅས་རེད། ཁོང་ཚོ་བཞི་བོ་ནི་དབྱིན་ཇིའི་གྲོས་ཚོགས་ཀྱི་རྒྱ་ནག་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 5

  1. ནད་པ says:
    ལོ་ 17 སྔོན།

    རྒྱ་ཟས་ལེའུ་བཅོ་བརྒྱད་ཟ་རྒྱུར་དགའ་བའི་དབྱིན་ཇིའི་འཐུས་མི་བཞི་པོའི་བརྗོད་དོན་ལ་བོད་ནང་རང་དབང་དང་། ཡར་རྒྱས། བདེ་སྐྱིད་བཅས་ཚད་མཐོ་པོར་སླེབས་པ་ངོས་འཛིན་བྱེད་ཀྱིནཡོད་པ་འདྲ།

    དེ་འདྲ་ཡིན་ཚེ་མདོ་དབུས་ཁམས་གསུམ་ནས་རང་གི་གཅེས་པའི་ཚེ་སྲོག་ལའང་མ་འཛེམས་པར་ཐ་གཅིག་ཏུ་རྒྱ་ནག་དམར་པོའི་སྲིད་གཞུང་ལ་བོད་མི་ཚོས་ཞི་རྒོལ་བྱེད་དོན་གྱི་གནད་དོན་དེ་གང་ལ་ཐུག་ཡོད་ཅེས་ང་ཚོས་ཁོང་ཚོར་ངེས་པར་དུ་དྲི་བ་འདོན་ཆོག

    རྒྱ་ནག་གཞུང་གིས་ཀྱང་གནད་དོན་དེར་དྲག་པོའི་དཔུང་གིས་མི་སྤྱོད་ལས་འདས་པའི་བརྡུང་འདེགས་ཚ་མནན་དང་། དྲི་གཅོད་ནན་མོ། བཙོན་བཅུག སྲོག་འཁྲིམས་གཅོད་པ་སོགས་རྒྱུ་མཚན་གང་ལ་བརྟེན་ནས་བྱེད་དམ།

    འཛམ་གླིང་རྒྱལ་སྤྱིའི་འཁྲོད་དུ་རང་དབང་ཅན་གྱི་གསར་འགོད་པ་ཚར་དམ་དྲག་དང་། རྒྱལ་སྤྱིའི་སྤྱི་ཚོགས་འཁྲོད་དུའང་རྒྱལ་ནང་གི་གནས་ཚུལ་དེ་དག་སྦས་གསང་བྱེད་དགོས་དོན་གང་ཡིན་ནམ།

    ང་ཚོས་གོང་གི་དབྱིན་ཇིའི་འཐུས་མིའི་བཞི་པོ་དེར་ཐ་གཅིག་ཏུ་ཁོང་ཚོའི་བཤད་ཚུལ་དེ་དྲང་བདེན་མ་ཡིན་པར་འཁྱོགས་བཤད་བྱེད་ཀྱིན་ཡོད་པར་ངོ་རྒོལ་བྱེད་དགོས།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    མི་དེ་དག་གི་རིགས་ལ་དངོས་ནས་བདེན་པ་ཁུངས་ཐུབ་བྱེད་དུ་འཇུག་དགོས་ཀྱི་ཡོད་པ་རེད། ཁ་སྐྱག་ལངས་དུ་སོང་ནས། བཤད་དགོས་མ་དགོས་ཚང་མར་རྒྱའི་སྲིད་གཞུང་གིས་ཡིག་ཆ་ལྟར་ཁས་ལེན་བྱས་པ་ཡིན་ན། བོད་འདི་རྒྱ་ཁུངས་སུ་ཁོང་ཚོས་ཆབ་བསྒྲགས་བྱས་ཀྱང་འགྲིག་གི་ཡོད་པ་རེད། འབྲི་དགོས་སའི་བོད་མི་མང་ལ་མི་འདྲི་བར། འདྲི་མི་དགོས་པར་དཔོན་རིགས་ངན་པ་དེ་དག་གི་ལྐོག་ཇུས་ངན་པ་དེ་དག་གི་ཡིག་ཆར་བལྟས་དེ་འཛམ་གླིང་ལ་མགོ་བསྐོར་གཏོང་མཁན་འདི་དག་ལ་དངོས་ནས་ཚ་འདེད་གཏོང་རྒྱུ་དེ་ནི་བོད་ཕྱི་ན་ཡོད་པའི་རང་དབང་སྒེར་ཚོགས་དང་གཞུང་འབྲེལ་ཚོགས་པའི་གསར་འགོད་པ་སུས་ཡིན་ཡང་འགན་དུ་བཞེས་རན་ཡིན། དེ་མིན་གཉེན་ཁ་ཆེ་རུ་འགྲོ་ངེས།

    Reply
  3. སྨྱུག་རྒོད་གངས་བུ་དཔལ། says:
    ལོ་ 17 སྔོན།

    བོད་ཀྱི་གནས་སྟངས་ངོ་མ་ཤེས་ན། ཕྱི་རྒྱལ་བ་ཕར་བཞག་བོད་པ་ཡིན་ཀྱང་ཡར་རྒྱས་ཀྱི་རྣམ་པ་མཐོང་གི་རེད།

    Reply
  4. བློ་བཟང་ཆོས་འཕེལ། says:
    ལོ་ 17 སྔོན།

    ཁོ་ཚོས་གང་བཤད་པ་དེའི་ཐད་རང་དབང་ལུང་པའི་གསར་འགོད་པ་ཚོས་དོན་དངོས་གང་ཡིན་དང་། གནས་སྟངས་ཕྱི་གསལ་ནང་གསལ་ཡོང་བའི་བཅར་འདྲི་ཚ་ནན་བྱས་ཏེ་བཙན་བྱོལ་བོད་མི་ལས་སླ་བོའི་མཐོང་ཆུང་དང་སྣང་མེད་བྱེད་མི་ཐུབ་པའི་ཚོར་སྣང་ངེས་པར་སྤྲད་དགོས། ལུང་རིགས་སོགས་ལ་འགན་ཆེན་པོ་ཡོད།

    Reply
  5. བསེ་རུ། says:
    ལོ་ 17 སྔོན།

    ཡང་ངས་ཡིག་ནོར་མཐོང་བྱུང་།

    ཚོགས་འདུ་ཞིག་ཀྱང་བསྐངས་འདུག ཚོགས་འདུ་ཞིག་བསྐོངས་འདུག
    འབད་རྩོན། འབད་བརྩོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese