མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ངྷ་སར་གཟིགས་སྐོར།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྟོག་ཞིབ་སྡེ་ཚན་གྱི་གཞུང་འབྲེལ་སྐུ་ཚབ་ཚོགས་ཆུང་ཞིག་བཙན་བྱོལ་བོད་མིའི་བསྟི་ནས་བཞུགས་སྒར་ངྷ་རམ་ས་ལར་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། ཕྱི་ཚེས་ ༡༣ ཉིན་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པར་ཐུག་འཕྲད་དང་། གངས་སྐྱིད་ཁུལ་དང་ངྷ་སྟེང་བོད་ཁྱིམ་བཅས་སུ་གཟིགས་སྐོར་གནང་ཡོད་འདུག ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཏེ་ཆུ་ཚོད་གཅིག་རིང་བཀའ་མོལ་གནང་ཡོད་ལ། དེའི་རྗེས་ཀྱི་ཆུ་ཚོད་ ༡༡ དང་ཕྱེད་ཀའི་ཐོག་བོད་གཞུང་འགྲེམས་སྟོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་ཀྱང་སྐོང་ཚོགས་གནང་ཡོད།

 

ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་སྐུ་ཞབས་ཕེ་ཁྲེར་ཁུ་ལེ་བར་ Mr Peter Clever མཆོག་ནི་ནམ་རྒྱུན་རྒྱ་ནག་དང་འབྲེལ་འདྲིས་ཆེན་པོ་ཡོད་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་གནད་དོན་ཐད་དུའང་དོ་སྣང་དང་རྒྱུས་མངའ་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག སྐབས་དེར་སྐུ་ཞབས་ཕེ་ཁྲེར་ཁུ་ལེ་བིར་མཆོག་གིས་བརྗོད་དོན། ང་ཚོ་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དཔའ་འབྱོར་དང་སྤྱི་ཚོགས་རྟོག་ཞིབ་སྡེ་ཚན་གྱིས་འཛམ་གླིང་གི་ཡུལ་ལུང་མང་པོར་དཔལ་འབྱོར་གྱི་ལས་དོན་བྱེད་ཀྱིན་ཡོད་པ་ལྟར། རྒྱ་ནག་ལའང་དཔལ་འབྱོར་ཐད་འགྲོ་འོང་གཏིང་ཟབ་ཡོད། ཉེ་ལམ་ང་ཚོ་ཡུ་རོབ་མཐུན་ཚོགས་ནང་བོད་དོན་ཐད་རྒྱུས་མངའ་དང་ཐུགས་སྣང་ཆེ་རུ་གཏོང་དགོས་པའི་བསམ་ཚུལ་ཡོང་གིན་ཡོད་ལ། བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་ཏེ། བདེན་དོན་འཐབ་རྩོད་བྱེད་ཀྱིན་ཡོད་པ་དེ་བསྔགས་བརྗོད་ཞུ་འོས་པ་ཞིག་རེད། མ་འོངས་པར་ཡང་མུ་མཐུད་དུ་སེམས་ཤུགས་མི་ཆག་པར་ཧུར་བརྩོན་གནང་དགོས་པ་རེད། ང་རང་སྒེར་གྱི་ངོས་ནས་ཁྱེད་ཅག་གིས་དབུ་མའི་ལམ་ལ་བརྟེན་ཏེ། བོད་རྒྱའི་རྩོད་རྙོག་སེལ་ཐབས་བྱེད་ཀྱིན་ཡོད་པ་དེར་རྒྱབ་སྐྱོར་ཡོད། ཅེས་དང་།

 

ཁོང་གིས་མུ་མཐུད་དོན། ཉེ་ཆར་སྤྱི་ཟླ་དགུ་བའི་ནང་ང་རང་རྒྱ་ནག་པེ་ཅིན་དང་བོད་ཀྱི་རྒྱལ་ས་ལྷ་ས་བཅས་སུ་ལྟ་སྐོར་དུ་ཕྱིན་པ་ཡིན། སྐབས་དེར་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། ལྷག་པར་དུ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་རྒྱུག་ཐད་ཞིབ་འཇུག་གང་ཐུབ་བྱས་པ་ཡིན། ཐེངས་འདིར་ང་ལ་ཆབ་སྲིད་སྐོར་ནས་བཤད་རྒྱུ་ཅི་ཡང་མེད་ལ། བོད་རྒྱའི་གནད་དོན་ཐད་ནས་ཀྱང་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ཉེ་ཆར་ང་རང་བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་སྐབས། ལྟ་སྣང་མཐོང་ཚུལ་མ་འདྲ་བ་ཞིག་བྱུང་སོང་། གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་འགྲོ་གྲོན་ཕོན་ཆེན་བཏང་སྟེ། སྤྱི་ཚོགས་འཛུགས་སྐྲུན་ཐད་ཤུགས་རྒྱག་གིན་ཡོད་ནའང་། བོད་མི་རིགས་ཀྱི་སློབ་གསོ་དང་སྐད་ཡིག་རིག་གཞུང་ཐད་དེ་ཙམ་གཏོང་གིན་ཡོད་མེད་ཐེ་ཚོམ་རེད། ང་ཚོས་མི་འགྱངས་པར་གནད་དོན་འདིའི་ཐད་གྲོས་ཆོད་ཅིག་ཀྱང་འཇོག་འཆར་ཡོད། ལྷ་ས་གྲོང་ཁྱེར་ནི་བོད་མིའི་བསྟི་གནས་གལ་ཆེན་ཞིག་ཆགས་ཡོད་ནའང་། ད་ལྟའི་ཆར་དཔལ་འབྱོར་གྱི་ས་ཚིགས་ཁག་དང་མི་དམངས་འདུ་འཛོམས་ཀྱི་ལྟེ་གནས་ཁག་རྒྱ་མིས་བཟུང་འདུག་ལ། བཟོ་གྲྭ་དང་ལས་ཁུངས། ཚོང་ཁང་དང་ཟ་ཁང་ཆེ་ཁག་ཀྱང་རྒྱ་མི་རིགས་ཀྱིས་བཟུང་འདུག ཅེས་བརྗོད་བྱུང་།

མཆན། 3

  1. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    མདུན་ངོས་ཀྱི་དག་ཆ་འགའ་ནོར་འདུག་པས་བཅོས་ན་བཟང་།
    ཡུ་རོབ་དང་གོང་ས་་གཉིས་(ཡུ་རབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྟོག་ཞིབ་སྡེ་ཚན་གྱི་གཞུང་འབྲེལ་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ངྷ་རམ་ས་ལར་གཟིགས་སྐོར་དུ་ཕེབས་ཏེ། ༧གང་ས་མཆོག་གཙོས་པའི་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པར་མཇལ་འཕྲད་ཞུས་ཡོད)

    Reply
  2. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 13 སྔོན།

    གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བཙན་འབྱོར་སྤྱི་ཚོགས་དེ་ཡག་ཐག་བྱུང་ཡོད་ཡིན་ནའང་མི་ངན་ཁ་ཤས་ཁོག་ཏུ་བཞུགས་ཏེ་ཉེ་ཆ་གྲོས་ཚོགས་ཀྱང་མཇུག་སྡོམས་རྒྱག་མ་ཐུག་པ་ཆེས་ཤིན་ཏུ་ངོ་ཚར་མ་ཟད་ཕྱི་ལོག་ནས་དངོས་ཉིད་ལྟས་མོ་ལྟས་ཀྱི་འདུག

    Reply
  3. བསེ་རུ། says:
    ལོ་ 13 སྔོན།

    གཏགས་ནོར་ཡིན་ཡང་ཡིག་ནོར་རེད།

    དཔའ་འབྱོར། དཔལ་འབྱོར།
    སྔགས་བརྗོད། བསྔགས་བརྗོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist