མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧པཎ་ཆེན་རིན་པོ་ཆེར་རྗེས་དྲན་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

༧པཎ་ཆེན་རིན་པོ་ཆེ་མཆོག་གིས་ཕྱག་བཏགས་མཛད་པའི་ཡ་རྫི་བོད་ཡིག་སློབ་འབྲིང་གིས་རིན་པོ་ཆེ་ཁོང་དགོངས་པ་ཆོས་དབྱིངས་སུ་འཐིམས་ཏེ། ལོ་འཁོར་ཉི་ཤུ་འཁོར་བར་རྗེས་དྲན་ཚོགས་འདུ་བསྐོངས་ཡོད་པ་རེད།

ཧི་གཟུགས་ཟིན་བྲིས་ཀྱི་རླངས་ཚང་བུའི་ཕ་མཁར་ཞེས་པའི་ཟིན་བྲིས་ནང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༤ ཉིན་ཡ་རྫི་རྫོང་བོད་ཡིག་སློབ་འབྲིང་གིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་ལོ་འཁོར་ཉི་ཤུ་འཁོར་བར་རྗེས་དྲན་ཞུ་བའི་ཚོགས་འདུ་ཞིག་བསྐོངས་ཡོད་འདུག་ལ། ཉིན་དེར་བོད་དགེ་སྙིང་རྒྱལ་བྱམས་ལགས་ཀྱིས་ ༡༩༨༧ ལོའི་ཟླ་ ༡༠ ཚེས་ ༣ ཉིན་རིན་པོ་ཆེ་མཆོག་ཡ་རྫི་བོད་ཡིག་སློབ་འབྲིང་དུ་ཆིབས་བསྒྱུར་བསྐྱངས་སྐབས། དགེ་སློབ་རྣམས་ལ་བསྩལ་བའི་བཀའ་སློབ་སྒྲོག་སྦྱངས་གནང་སྟེ། དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་༸པཎ་ཆེན་རིན་པོ་ཆེ་མཆོག་གི་ཟབ་ཡངས་དཀྱེལ་ཆེའི་དགོངས་པ་དང་རང་མི་རིགས་དང་། རིག་གནས་ལ་བཅངས་པའི་བརྩེ་དུང་དང་དམ་བཅའ་སོགས་དགེ་སློབ་རྣམས་དྲན་སྐུལ་གནང་ཡོད་འདུག

དེ་ནས་བོད་ཡིག་སློབ་འབྲིང་གི་རྒྱ་ཡིག་འཛིན་གྲྭ་བཅུ་དྲུག་དང་བོད་ཡིག་འཛིན་གྲྭ་དྲུག་བཅས་བསྡོམས་པས། འཛིན་གྲྭ་ཉེར་གསུམ་ཡོད་པ་ལས་སློབ་མ་རེ་རེས་འཛིན་གྲྭའི་འཐུས་ཚབ་བྱས་ཏེ་༸པཎ་ ཆེན་རིན་པོ་མཆོག་གི་མཛད་འཕྲིན་དང་མཐུན་པའི་རྩོམ་ཡིག་ཅི་རིགས་འཁྲབ་བཤད་བྱས་ ཏེ་རྟིང་རྩོད་འགྲན་བསྡུར་བྱས། སློབ་གྲོགས་དེ་དག་གིས་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་རྗེས་དྲན་བྱེད་སྒོ་དང་མཐུན་པ་དང་། འཁྲབ་བཤད་སྐབས་ཀྱི་ཉམས་འགྱུར་ལས་བརྩེ་དུང་འདུ་ཤེས་དྲག་པོ་ཕྱིར་མངོན་བྱེད་ནུས་པ་སོགས་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་ཅིང་། ༸རིན་པ་ཆེ་མཆོག་གི་སྐུ་འདྲའི་མདུན་དུ་ཁ་བཏགས་སྒྲོན་པ་དང་། མཆོད་མེ་འབུལ་བ་སོགས་བོད་རང་གི་སྔར་སྲོལ་བཞིན་རྗེས་དྲན་བྱས།

རྗེས་དྲན་གྱི་བྱེད་སྒོ་འདི་དང་བསྟུན་ནས་སློབ་གྲྭའི་དགེ་རྒན་རྡོ་རྗེ་རིན་ཆེན་དང་། ཀུན་བཟང་ཐར། སྐལ་བཟང་ཚེ་རིང་། སྟག་ལྷ། བཀྲ་ཤིས་རྡོ་རྗེ་སོགས་ཀྱིས་སྣེ་ཁྲིད་དེ་སློབ་མ་ཚོའི་ཁྲོད་དུ་ཡོད་པའི་ཐ་མག་འཐེན་མཁན་དག་ལ་ཡང་ཐ་མག་གཏན་གཅོད་བྱེད་པའི་རེ་བ་ནན་པོ་བཏོན་པ་བཞིན། སློབ་མའི་ཁྲོད་ཀྱི་ཐ་མག་འཐེན་མཁན་དག་གིས་ཀྱང་རང་འགུལ་གྱི་སྒོ་ནས་ཐ་མག་བཅད་དེ་དམ་བཅའི་ཡི་གེ་ལ་མིང་རྟགས་བཀོད་ཡོད་འདུག
 
ཡ་རྫི་བོད་ཡིག་སློབ་འབྲིང་ནི་༸པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་ཡུལ་བིས་མདོ་ ངོ་མཚར་གྲོང་བརྡལ་དང་ཐག་མི་རིང་བའི་སར་རིན་པོ་ཆེ་མཆོག་ཁོང་སྐུ་དངོས་ཀྱི་ ཐུགས་བཀོད་ལྟར་ཕྱི་ལོ་ ༡༩༨༥ ལོར་དངོས་སུ་བཙུགས་ཤིང་། ད་ལྟའི་བར་སློབ་གྲྭ་ཆེ་འབྲིང་དུ་སློབ་མ་ ༡༨༠༠ ཞུགས་ཐུབ་པ་བྱུང་བ་དང་། ད་ལྟ་སློབ་མ་ ༡༢༠༠ ལྷག་དང་དགེ་ལས་ ༡༠༠ ལྷག་ཡོད་པའི་ཡ་རྫི་ས་ཁུལ་གྱི་མཐོ་དམའ་འབྲིང་གཉིས་ལྡན་གྱི་བོད་ཡིག་སློབ་འབྲིང་གཅིག་པུ་དེ་ཡིན་འདུག  

མཆན། 2

  1. ལྷ་ཆབ་སྦྱིན་པ། says:
    ལོ་ 13 སྔོན།

    ཡ་རྫི་ཕར་ཞོག་་འདི་ལ་བོད་ཁྱོན་ཡོངས་ཀྱིས་རྗེས་དྲན་བྱེད་དགོས་པ་རེད།༸པཎ་ཆེན་སྐུ་གོང་མ་མཆོག་ལ་ང་ཚོའི་བོད་མི་རིགས་ཀྱིས་དུས་གཏན་ཏུ་བརྗེད་པ་མེད་པར་རྗེས་དྲན་ཞིག་ཞུ་དགོས་པ་ཡིན།་ཁོང་གི་རླབས་ཆེ་བའི་མཛད་པ་དག་མེད་ན།ད་ལྟ་ང་ཚོ་ལ་བོད་ཅེས་པའི་མི་རིགས་ཤིག་དང་བོད་ཡིག་ཅེས་པའི་རིག་གཞུང་ཞིག་སྟོན་རྒྱུ་ག་ལ་ཡོད།དཔའ་བོ་ཁོང་གི་མཚན་ཙམ་ཐོས་དུས་མིག་ལ་མཆི་ཞགས་འཁོར་འོང་གི

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    འདི་དངོས་བྱེད་རིན་ཡོད་པའི་ལས་འགུལ་ཞིག་རེད། ཡ་རྫི་རྫོང་གི་བོད་མིའི་བོད་ཡིག་མིག་འབྱེད་མཁན་དེ་པན་ཆེན་སྐུ་གོང་མ་མིན་ན་སི་ཡིན། འདིའི་སྐོར་ད་དོན་གོ་ལ་གསལ་ཞིང་གསལ་བ་ཞིག་བཤད་རྒྱུ་ཡོད་ཀྱི་རེད།
    གོང་གི་དུས་དྲན་སྲུང་གཙི་བྱས་པ་འདིས་ང་ཚོར་དྲན་སྐུལ་ཞིག་བྱས་ཡོད་པ་ནི། ད་ལོའི་ལོ་མཇུག་ལ་ཀུན་གཟིགས་པན་ཆེན་སྐུ་གོང་མ་དགོངས་པ་ཆོས་དབྱིངས་སུ་འཐོམས་ནས་མི་ལོ་ཧྲིལ་བོ་༢༠་འགོར་བ་རེད། ང་ཚོ་བཙལ་བྱོལ་བ་ཚོས་ཀྱང་འདིའི་ཕྱོགས་བསམ་བློ་རེ་བཏང་སྟེ་སྔ་ས་ནས་གྲ་སྒྲིག་ཅིག་བྱེད་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist