མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་ཐབས་བྱུས་ཐོག་སྤྱི་འཐུས་ནང་ཁུལ་ལྷན་ཚོཊ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉིན་ལྔའི་རིང་སྤྱི་འཐུས་ནང་ཁུལ་ལྷན་ཚོགས་བསྡུས་ཏེ། ཆེད་མཁས་པ་དང་སློབ་སྟོན་པ་གདན་ཞུས་ཀྱིས་རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་དང་། ད་ལྟའི་ཨེ་ཤ་ཡའི་ཆབ་སྲིད་གནས་སྟངས་འོག་བོད་ཀྱི་གནད་དོན། དེ་བཞིན། རྒྱ་ནག་གི་མགོ་ཁྲིད་ཚོའི་བསམ་བློའི་འཁྱེར་སོ་དང་། རྒྱ་ནག་གི་ཤེས་ལྡན་མི་སྣ་དང་མི་དམངས་ལ་འབྲེལ་ལམ་ཟབ་ཏུ་གཏོང་ཕྱོགས། བོད་ཕྱི་ནང་གི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བཅས་ལ་དཔྱད་བསྡུར་གནང་ཡོད།

 

བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཉེ་ཆར་ཕྱི་ཚེས་ ༡༡ ནས་ཁ་སང་ཕྱི་ཚེས་ ༡༦ བར་གྱི་ཉིན་གྲངས་དྲུག་རིང་བོད་མི་མང་སྤྱི་འཐུས་ཁག་ཅིག་ལ། ངྷ་རམ་ས་ལའི་ཉེ་འཁྲིས་ Snow Hermitage Resort Dharamsala ཞེས་པར། ཆབ་སྲིད་ཐབས་བྱུས་ཐོག་སྤྱི་འཐུས་ནང་ཁུལ་ལྷན་ཚོགས་ཤིག་ཚོགས་ཏེ། ཧོང་ཀོང་ནས་ཕེབས་པའི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་མེ་ཁེལ་ཌེ་བེ་སི་ Michael. Davis དང་ཁྲིམས་ལུགས་མཁས་དབང་བློ་བཟང་སེངྒེ་། དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ། བཀའ་ཤག་ངེས་མེད་དྲུང་འཕར་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ། དེ་བཞིན། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་དང་། བོད་ནང་ལ་རྒྱུས་མངའ་ཆེ་བ་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་དང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་བཅས་ནས་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་དང་། གྲོས་ཚོགས་འཐུས་མི་རྣམ་པ་དང་བགྲོ་གླེང་གོ་བསྡུར་གནང་ཡོད། སྤྱི་འཐུས་ནང་ཁུལ་ལྷན་ཚོགས་དེའི་སྟེང་། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་ཆོལ་ཁ་རེ་ནས་སྤྱི་འཐུས་ལྔ་རེ་དང་ཆོས་བརྒྱུད་རེ་ནས་སྤྱི་འཐུས་གཅིག་རེ་བཅས་སྡོམ་པའི་སྤྱི་འཐུས་ ༢༠ ཙམ་ཞུགས་ཡོད་འདུག

 

དེ་རིང་ཉིན་གུང་བོད་མི་དམངས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་སུ་སྤྱི་འཐུས་ནང་ཁུལ་ལྷན་ཚོགས་དེའི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། ཐེངས་འདིར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གཙོས་པའི་སྤྱི་འཐུས་ ༢༠ ཙམ་ཉིན་དྲུག་རིང་། ཆབ་སྲིད་ཐབས་བྱུས་ཐོག་སྤྱི་འཐུས་ནང་ཁུལ་ལྷན་ཚོགས་ཤིག་ཚོགས་ཡོད་པ་རེད། ཐེངས་འདིའི་ཚོགས་འདུའི་ཉིན་དང་པོར་ཚོགས་ཞུགས་པ་དག་གིས་ཐོ་འགོད་དང་། ཉིན་གཉིས་པར་རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་དང་། ད་ལྟའི་ཨེ་ཤ་ཡའི་ཆབ་སྲིད་གནས་སྟངས་འོག་གི་བོད་ཀྱི་གནད་དོན། ཨེ་ཤ་ཡའི་ནང་ང་ཚོའི་སྟོབས་ཤུགས་དང་ཞན་ཆར་ཞིབ་འཇུག ད་ལྟའི་རྒྱ་དཀར་ནག་གི་འབྲེལ་བའི་གནས་བབ་འོག ང་ཚོར་ཐབས་བྱུས་ཅི་དགོས། དེ་བཞིན། ཨེ་ཤ་ཡའི་ནང་བོད་དོན་རྒྱབ་སྐྱོར་འཚོལ་ཐབས། ང་ཚོས་བེད་སྤྱོད་ཐུབ་པའི་ཨེ་ཤ་ཡའི་སྡིངས་ཆ་ཆེ་ཁག་ངོས་འཛིན་བཅས་ལ་བགྲོ་གླེང་གནང་ཡོད།

 

ཉིན་གསུམ་པར། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན། བློ་བཟང་སེང་གེ་བཅས་ནས་རྒྱ་ནག་གི་མགོ་ཁྲིད་ཚོའི་བསམ་བློའི་འཁྱེར་སོ་དང་། རྒྱལ་སྤྱི་དང་ལྷག་པར་བོད་ནང་རྒྱ་ནག་གིས་འཛིན་པའི་སྲིད་བྱུས་སྐོར། བོད་པ་དང་རྒྱ་ནག་གི་སྟོབས་ཤུགས་དང་ཞན་ཆར་ཞིབ་འཇུག རྒྱལ་སྤྱིའི་ནང་ང་ཚོའི་མཐུན་ཕྱོགས་ཁག་སུ་ཡིན་དང་། དེ་དག་ལ་འབྲེལ་བ་དམ་ཟབ་གཏོང་ཕྱོགས། རྒྱ་ནག་གི་ཤེས་ལྡན་མི་སྣ་དང་། མི་དམངས་ལ་འབྲེལ་ལམ་དམ་ཟབ་གཏོང་ཕྱོགས། རྒྱ་ནག་དང་ཕྱོགས་འགལ་གྱི་ནུས་ཤུགས་ཁག་ལ་འབྲེལ་ལམ་བྱས་ན། དགེ་སྐྱོན་གང་འབྱུང་བཅས་ལ་གསུང་བཤད་དང་བགྲོ་གླེང་གནང་ཡོད།

 

ཉིན་བཞི་བར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ། དེ་བཞིན། ཧོང་ཀོང་ནས་ཕེབས་པའི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་མེ་ཁུལ་ཌེ་བེ་སི། བློ་བཟང་སེང་གེ་བཅས་ཀྱི་ལམ་སྟོན་འོག རྒྱལ་ཁབ་ཁག་གི་གཞུང་དང་གྲོས་ཚོགས་བཅས་ནས་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་ཁག་དང་མཁས་པའི་སྒྲིག་འཛུགས་ཁག་ཏུ་ལས་དོན་བྱེད་ཕྱོགས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་མཉམ་དུ་སྒྲིག་འཛུགས་ཀྱི་སྡིངས་ཆ་འཚོལ་རྒྱུ་བཅས་ལ་གོ་བསྡུར་གནང་ཡོད།

 

ཉིན་ལྔ་བར་བོད་མི་དམངས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་དང་། བཀའ་ཤག་ངེས་མེད་དྲུང་འཕར་བཀྲ་ཤིས་རྒྱ་མཚོ། འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལས་རོགས་འཇམ་དཔལ་སྨོན་ལམ་ལགས་བཅས་ཀྱི་ལམ་སྟོན་འོག ད་བར་ང་ཚོའི་འཐབ་རྩོད་ལ་གྲུབ་འབྲས་ཐོན་པ་དང་མ་ཐོན་པ་ཁག་ལ་ཞིབ་འཇུག་དང་། བོད་ཕྱི་ནང་གི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས། བོད་ནང་དུ་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་ལས་འཆར་དང་འབྲེལ་བའི་མཐུན་འགྱུར་ཞུ་ཐབས་སྐོར། རྒྱ་ནག་གིས་བོད་ཐོག་ལ་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཁག་ལ་གདོང་ལེན་བྱ་ཕྱོགས་བཅས་ལ་བགྲོ་གླེང་གོ་བསྡུར་གནང་ཡོད།

 

ཁ་སང་ཕྱི་ཚེས་ ༡༦ ཉིན་ཚོགས་འདུའི་ཉིན་མཐའ་མ་ཆགས་ཡོད་སྟབས། ཚོགས་ཆུང་ཁག་གི་སྙན་ཐོར་ཞིབ་འཇུག་དང་། དེ་ལ་བསྐྱར་དུ་བགྲོ་གླེང་དཔྱད་བསྡུར་གནང་ཡོད། དེ་མིན་ཐེངས་འདིའི་ལྷན་ཚོགས་སྟེང་། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་མཆོག་གིས་གསར་འགྱུར་བརྒྱུད་ལམ་ཁག་གི་གནས་སྟངས་ངོ་སྤྲོད་བཅས་ཀྱང་གནང་སོང་། ང་རང་གི་བསམ་པར་ཐེངས་འདིའི་སྤྱི་འཐུས་ནང་ཁུལ་ལྷན་ཚོགས་དེ་ཧ་ཅང་ཕན་ཐོགས་པོ་བྱུང་སོང་དྲན་ཡོད། མ་འོངས་པར་ཡང་འདི་ལྟ་བའི་ཟབ་སྦྱོང་ངམ། བགྲོ་གླེང་གི་སྡིངས་ཆ་བསྐྲུན་ཏེ་གནད་དོན་བྱེ་བྲག་པའི་ཐོག་བསྐྱར་ཞིབ་དང་། བགྲོ་གླེང་གོ་བསྡུར་གནང་ཐུབ་ན་ཡག་པོ་འདུག ཅེས་ངོ་སྤྲོད་གནང་སོང་།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩
UN High Commissioner for Human Rights Volker Türk at the 59th session of the UN Human Rights Council (photo:DRM News)
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་། 

༢༠༢༥/༠༦/༡༩
Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨

མཆན། 20

  1. ཆོས་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་དཀར་ཁྲི་བཙན་ལགས།
    ཚེས་༡༧ཉིན་ཨ་རིས་གསེར་གྱི་གཟེངས་རྟགས་ཕུལ་བའི་དུས་སྟོན་བགྲོ་གླེང་དུ་་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་ལ་ཡིག་ནོར་མང་པོ་ཅན་གྱི་འབྲེལ་མེད་སྐྱོན་བརྗོད་འདྲ་མིན་བྱེད་པོ་དྲ་དཔོན་ཟེར་བ་དེས་དེ་རིང་འདིར་ཡིག་སྐྱོན་ཧ་ཅང་ཉུང་བའི་བསམ་ཚུལ་བྲིས་འདུག་པ་དང། དེ་ཙམ་མ་ཟད་ཟབ་སྦྱོང་སྐབས་ཀྱི་གནས་ཚུལ་ཡང་ཤེས་ཁོས་ཤེས་འདུག་ན་ན་ད་ནི་རྩོམ་ཡིག་དག་མ་དག་འདྲ་མིན་བྲིས་ཏེ། སྤྱི་ཚོགས་དཀྲུག་ཤིང་བྱེད་མཁན་མི་འདི་སུ་ཡིན་ས་རེད་དམ།
    མི་དེ་སུ་ཡིན་ངས་བཤད་པ་ལྟར་ཁམས་པ་རྫུན་མ་སྐུ་ངོས་གསེར་རྟ་མ་རེད་དམ།a
    དྲ་གྲོགས་ཚོས་ཡག་པོ་གཟིགས་རོགས་གནང།

    Reply
  2. ཆོས་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་དཀར་ཁྲི་བཙན་ལགས།
    ཚེས་༡༧ཉིན་ཨ་རིས་གསེར་གྱི་གཟེངས་རྟགས་ཕུལ་བའི་དུས་སྟོན་བགྲོ་གླེང་དུ་་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་ལ་ཡིག་ནོར་མང་པོ་ཅན་གྱི་འབྲེལ་མེད་སྐྱོན་བརྗོད་འདྲ་མིན་བྱེད་པོ་དྲ་དཔོན་ཟེར་བ་དེས་དེ་རིང་འདིར་ཡིག་སྐྱོན་ཧ་ཅང་ཉུང་བའི་བསམ་ཚུལ་བྲིས་འདུག་པ་དང། དེ་ཙམ་མ་ཟད་ཟབ་སྦྱོང་སྐབས་ཀྱི་གནས་ཚུལ་ཡང་ཤེས་ཁོས་ཤེས་འདུག་ན་ན་ད་ནི་རྩོམ་ཡིག་དག་མ་དག་འདྲ་མིན་བྲིས་ཏེ། སྤྱི་ཚོགས་དཀྲུག་ཤིང་བྱེད་མཁན་མི་འདི་སུ་ཡིན་ས་རེད་དམ།
    མི་དེ་སུ་ཡིན་ངས་བཤད་པ་ལྟར་ཁམས་པ་རྫུན་མ་སྐུ་ངོས་གསེར་རྟ་མ་རེད་དམ།a
    དྲ་གྲོགས་ཚོས་ཡག་པོ་གཟིགས་རོགས་གནང།

    Reply
  3. ཆོས་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་དཀར་ཁྲི་བཙན་ལགས།
    ཚེས་༡༧ཉིན་ཨ་རིས་གསེར་གྱི་གཟེངས་རྟགས་ཕུལ་བའི་དུས་སྟོན་བགྲོ་གླེང་དུ་་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་ལ་ཡིག་ནོར་མང་པོ་ཅན་གྱི་འབྲེལ་མེད་སྐྱོན་བརྗོད་འདྲ་མིན་བྱེད་པོ་དྲ་དཔོན་ཟེར་བ་དེས་དེ་རིང་འདིར་ཡིག་སྐྱོན་ཧ་ཅང་ཉུང་བའི་བསམ་ཚུལ་བྲིས་འདུག་པ་དང། དེ་ཙམ་མ་ཟད་ཟབ་སྦྱོང་སྐབས་ཀྱི་གནས་ཚུལ་ཡང་ཤེས་ཁོས་ཤེས་འདུག་ན་ན་ད་ནི་རྩོམ་ཡིག་དག་མ་དག་འདྲ་མིན་བྲིས་ཏེ། སྤྱི་ཚོགས་དཀྲུག་ཤིང་བྱེད་མཁན་མི་འདི་སུ་ཡིན་ས་རེད་དམ།
    མི་དེ་སུ་ཡིན་ངས་བཤད་པ་ལྟར་ཁམས་པ་རྫུན་མ་སྐུ་ངོས་གསེར་རྟ་མ་རེད་དམ།a
    དྲ་གྲོགས་ཚོས་ཡག་པོ་གཟིགས་རོགས་གནང།

    Reply
  4. ཆོས་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་དཀར་ཁྲི་བཙན་ལགས།
    ཚེས་༡༧ཉིན་ཨ་རིས་གསེར་གྱི་གཟེངས་རྟགས་ཕུལ་བའི་དུས་སྟོན་བགྲོ་གླེང་དུ་་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་ལ་ཡིག་ནོར་མང་པོ་ཅན་གྱི་འབྲེལ་མེད་སྐྱོན་བརྗོད་འདྲ་མིན་བྱེད་པོ་དྲ་དཔོན་ཟེར་བ་དེས་དེ་རིང་འདིར་ཡིག་སྐྱོན་ཧ་ཅང་ཉུང་བའི་བསམ་ཚུལ་བྲིས་འདུག་པ་དང། དེ་ཙམ་མ་ཟད་ཟབ་སྦྱོང་སྐབས་ཀྱི་གནས་ཚུལ་ཡང་ཤེས་ཁོས་ཤེས་འདུག་ན་ན་ད་ནི་རྩོམ་ཡིག་དག་མ་དག་འདྲ་མིན་བྲིས་ཏེ། སྤྱི་ཚོགས་དཀྲུག་ཤིང་བྱེད་མཁན་མི་འདི་སུ་ཡིན་ས་རེད་དམ།
    མི་དེ་སུ་ཡིན་ངས་བཤད་པ་ལྟར་ཁམས་པ་རྫུན་མ་སྐུ་ངོས་གསེར་རྟ་མ་རེད་དམ།
    དྲ་གྲོགས་ཚོས་གཟིགས་དང།

    Reply
  5. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    བཅར་འདྲི་གནང་ས་དེ་ཟབ་སྦྱོང་གོ་སྒྲིག་བྱེད་མཁན་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་དང་ཡང་ན། སྤྱི་འཐུས་ཚོགས་གཙོ་རྣམ་པ་གཉིས་ཀྱི་གང་རུང་ལ་མི་འདྲི་བར། བཙལ་བཙལ་ནས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལ་འདྲི་དགོས་དོན་གང་ཡིན་ནམ།

    Reply
  6. བོད་པ་ཚང་། says:
    ལོ་ 16 སྔོན།

    སྤྱི་འཐུས་ཚོས་ལྷག་བསམ་རྣམ་དག་གིས་གྲོས་བསྡུར་གནང་ཡོད་ན་ཕན་ངེས་ཡིན་པ་བཤད་མི་དགོས་ལ། འོན་ཀྱང་སྤྱི་འཐུས་ནང་ཁུལ་ལྷན་ཚོགས་དེ་ལ་འགྲོ་གྲོན་ཧ་ཅང་ཆེན་པོ་གཏོང་གི་ཡོད་པ་ཤེས་རྟོགས་ཡོད་པས། འགྲོ་གྲོན་ཐོག་ལ་བསྲི་ཚགས་ཕྲན་བུ་གནང་ནས། NEDཞེས་པའི་སྦྱིན་བདག་གི་དངུལ་ལྷག་དེ་ག་བསྒྱུར་གནང་སྟེ། བོད་དོན་ལས་འགུལ་གཞན་ལ་བཏང་ཐུབ་ན་དགེ་མཚན་ཤིན་ཏུ་ཆེ། དེ་མིན་སྤྱི་འཐུས་རྣམས་མགྲོན་ཁང་རྫིག་པོར་ཉིན་མཚན་བསྟུད་མ་དྲུག་ཙམ་བཞུགས་ནས་དམིགས་བསལ་གྲུབ་འབྲས་ཐོན་པ་དང་། མ་བཞུགས་ནས་གྲུབ་འབྲས་མི་ཐོན་པར་ཁྱད་ཨེ་ཡོད་སྙམ།

    Reply
  7. གངས་གླག says:
    ལོ་ 16 སྔོན།

    ཉིན་ལྔའི་རིང་སྤྱི་འཐུས་ནང་ཁུལ་ལྷན་ཚོགས་བསྡུས་ཏེ། ཆེད་ལས་མཁས་པ་དང་སློབ་སྟོན་པ་གདན་ཞུས་ཀྱིས་རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་དང་། ད་ལྟའི་ཨེ་ཤ་ཡའི་ཆབ་སྲིད་གནས་སྟངས་འོག་བོད་ཀྱི་གནད་དོན། དེ་བཞིན། རྒྱ་ནག་གི་མགོ་ཁྲིད་ཚོའི་བསམ་བློའི་འཁྱེར་སོ་དང་། རྒྱ་ནག་གི་ཤེས་ལྡན་མི་སྣ་དང་མི་དམངས་ལ་འབྲེལ་ལམ་ཟབ་ཏུ་གཏོང་ཕྱོགས། བོད་ཕྱི་ནང་གི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བཅས་ལ་དཔྱད་བསྡུར་གནང་ཡོད་པ་ལས། རྒྱ་གར་གྱི་ཤེས་ཡོན་མི་སྣ་དང་ཡུལ་མི་སྐྱུས་མ་སོགས་དང་འབྲེལ་བ་དམ་གཟབ་ཀྱིས་ལས་འགུལ་འདྲ་མིན་བརྩམ་དགོས་པ་སོགས་དེ་ཙམ་གལ་གནད་ཆེན་པོས་གསུངས་མེད་པ་ནི་ཡ་མཚན་རེད། ད་ལམ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ཇེ་ཞན་ཏུ་འགྲོ་བཞིན་ཡོད་པ་དང་རྒྱ་ནག་གིས་རྒྱ་གར་ལ་མཐོང་ཆུང་དང་གཉའ་བཅོས་གཏོང་པ་དེས་རྒྱ་གར་མི་མང་ལ་ཕོག་བཏུག་ཆེས་ཆེར་བཏང་ཡོད་པས་དེ་ནི་ང་ཚོར་མཚོན་ན་གོ་སྐབས་ཤིག་རེད་སྙམ། ཁ་སྔོན་ངའི་གྲོགས་པོ་རྒྱ་གར་འཁྲིམས་རྩོད་པ་ཞིག་གིས་ཀྱང་ཡང་མཚན་པའི་ངང་ང་ལ་འདིའི་སྐོར་དྲི་བ་ཞིག་ཀྱང་དྲིས་སོང་།

    Reply
  8. དྲ་དཔོན་ says:
    ལོ་ 16 སྔོན།

    དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་
    ཁྱེད་ཀྱི་མ་མཐོང་བ་ནས་ནོར་བ་དང་ཆད་པ་ཡིན་མི་ཤེས་གང་ལྟར་གནད་དོན་གཞན་ཞིག་མེད་ན་གོང་ཏུ་བསྐོད་པའི་ཚིག་འདི་བདེ་པོ་ཞིག་མི་འདུག་གཤམ་ཏུ་གཟིགས་རོགས་
    ཧོང་ཀོང་ནས་ཕེབས་པའི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་མེ་ཁེལ་ཌེ་བེ་སི་ Michael. Davis མཆོག བློ་བཟང་སེངྒེ་།་་་་་་་་་་་་་་་་་རྩོམ་སྒྲིག་པ་མཆོག་ལ་གནད་དོན་གཞན་ཞིག་མེད་ན་འདི་འདྲ་ནོར་བཅོས་སུ་་་་་་་་་་་་་་་་
    ཧོང་ཀོང་ནས་ཕེབས་པའི་ཁྲིམས་ལུགས་སློབ་དཔོན་ཆེན་མོ་མེ་ཁེལ་ཌེ་བེ་སི་ Michael. Davis མཆོག་དང་ཨ་རེའི་ནས་ཕེབས་པའི་ཁྲིམས་ལུགས་མཁས་དབང་ བློ་བཟང་སེངྒེ་རྣམས་གཉིས་ཅེས་འབྲི་ན་དངོས་ཡོད་དང་མཐུན་ལ་གོ་དོན་ཡོད་པ་ཞིག་མཐོང

    Reply
  9. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    བོད་ནང་གི་སྙིང་སྟོབས་གསོན་པོ་དེ་དག་སེམས་ལ་བཟུང་ནས།
    བཙན་བྱོལ་བ་ཚོས་ཕྱོགས་སོ་སོའི་་ལས་སྣེ་བ་རྣམས་ནས་འཆམ་མཐུན་སྤྱི་ཚོགས་དང་དམངས་གཙོས་གནས་བབས་ལ་སེམས་ཁུར་དགོས་པ་མ་ཟང། ཁྱེད་ཚོས་འདི་ནས་མདོ་ཤོར་ཡོང་དུས་བོད་ནང་གི་གནས་སྟངས་ནི་གང་འདྲ་ཞིག་ཆགས་ཡོང་ངམ། མ་འོང་པའི་མི་རབས་ཚོས་སུ་ལ་མིག་ལྟོས་བྱེད་དགོས་སམ།
    ད་ལྟའི་བོད་ནང་གི་མཁས་དབང་ཚོས་ལྷག་བསམ་གཟོལ་མེད་ཀྱི་མི་རིགས་འདིས་ཆགས་འཇིགས་ལ་སེམས་ཁུར་བྱེད་ཚུལ་སོགས་ལ་བསམ་ན་རང་རེ་བཙན་བྱོལ་བ་ནི་ཁྲེལ་དགོས་ས་གང་མང་མང་ཞིག་མཐོང་ཡོང་གི་ཡོད།

    ་གཤམ་གྱི་བོད་ནང་གི་གསར་འགྱུར་རླབས་ཆེན་འདི་ལ་ཐེང་གཅིག་གཟིགས་རོག་ཞུ།
    /.,,,>>>>>>>>>>>>>>>>>>>
    ‘;
    བོད་ཀྱི་སྐབས་དང་པོའི་“གཞུང་བརྒྱའི་བགྲོ་གླེང་རྟགས་མའི”མི་རིགས་རིག་གནས་དར་སྤེལ་སྐོར་གྱི་དཔྱད་གླེང་ཚོགས་ཆེན་ནི་མཚོ་སྔོན་ཙོང་ཁའི་མདའ་འཕེན་གླུ་གར་ལྷན་ཚོགས་དང་མཚོ་སྔོན་གངས་རྩེན་རིག་གནས་ཁྱབ་སྤེལ་འགན་ལེན་ཚད་ཡོད་སྤྱི་གཉེར་ཁང༌། གཞུང་བརྒྱའི་བགྲོ་གླེང་རྩོམ་སྒྲིག་ཁང་བཅས་ཀྱིས་གཙོ་སྒྲུབ་མཛད་དེ་ཟླ་འདིའི་ཚེས་10དང་11ཉིན་བར་ཟི་ལིང་ཤ་ཏིག་མགྲོན་ཁང་གི་ཚོགས་ཁང་ཆེན་མོའི་ནང་དུ་གཟབ་རྒྱས་ངང་ཚོགས།
    ཐེངས་འདིའི་གདན་ཞུའི་སྐུ་མགྲོན་ལ་བསེ་ཚང་བློ་བཟང་དཔལ་ལྡན་དང་དོར་ཞི་གདོང་དྲུག་སྙེམས་བློ། བརྩོན་འགྲུས་གྲགས་པ། མཁན་པོ་ཚུལ་ཁྲིམས་བློ་གྲོས། རྨེ་སྤྲུལ་བསྟན་འཛིན་རྒྱལ་མཚོ་སོགས་བོད་ཀྱི་མཁས་དབང་ཉི་ཤུ་ལྷག་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་མ། ཞིང་ཆེན་དམངས་ཆེན་གྱི་གཡང་མོ་རྒྱལ། བོད་རིགས་ཞིབ་འཇུག་ཚོགས་པའི་སྐལ་བཟང་རྡོ་རྗེ། ཞིང་ཆེན་སློབ་གསོ་ཐིན་གྱི་མཐའ་བཀྲ་ཤིས། ཞིང་ཆེན་རིག་གནས་ཐིན་གྱི་ཚེ་རིང་ཐར། ཞིང་ཆེན་སྤྱི་བདེ་ཅུའུ་ཡི་དཀོན་མཆོག་སོགས་མགོ་ཁྲིད་རིམ་པ་དང་ད་དུང་ཕྱོགས་སོ་སོའི་ཞིབ་འཇུག་སློབ་མ་དང་ལས་ཁུངས་སོ་སོའི་འཐུས་ཚབ་མི་སྣ་སོགས་གདན་ཞུའི་སྐུ་མགྲོན་སུམ་བརྒྱ་ལྷག་གིས་གྲུབ།
    ཐེངས་འདིའི་ཚོགས་ཆེན་གྱི་སྟེང་དུ་བསེ་ཚང་བློ་བཟང་དཔལ་ལྡན་དང་དོར་ཞི་གདོང་དྲུག་སྙེམས་བློ། མཁན་པོ་ཚུལ་ཁྲིམས་བློ་གྲོས་གསུམ་ལ་ཕུལ་བྱུང་མཁས་དབང་བྱ་དགའ་དང༌། དགེ་བཤེས་བློ་བཟང་ལུང་རྟོགས་རྒྱལ་མཚོ་དང་ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་འཇིག་མེད་རྒྱལ་མཚན་སོགས་མི་བདུན་ལ་ཕུལ་བྱུང་སློབ་གསོའི་བྱ་དགའ། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་དང་ལྡོང་ཡོན་ཏན་རྒྱལ་མཚོ་སོགས་མི་དྲུག་ལ་ཕུལ་བྱུང་རྩོམ་རིག་བྱ་དགའ་བཅས་ཁྱོན་མི་བཅུ་དྲུག་ལ་ཐེངས་འདིའི་གཞུང་བརྒྱའི་བགྲོ་གླེང་རྟགས་མའི་བྱ་དགའ་ཐོབ།
    ཐེངས་འདིའི་ཚོགས་ཆེན་གྱི་ནང་དོན་གཙོ་བོ་ནི་ཚན་རིག་སྲིད་ཇུས་དང་མཐུན་པའི་སྒོ་ནས་བརྗོད་བྱ་བོད་ཀྱི་རིག་གནས་དང་ཕན་བདེ་སྤྱི་ཚོགས། བརྗོད་བྱེད་བོད་སྐད་ཡིག་གི་ལམ་ནས་སྤེལ་ཏེ། སྤྱི་ཚོགས་བདེ་འཇགས། མི་རིགས་མཐུན་སྒྲིལ། རིག་གནས་དར་སྤེལ། སློབ་གསོ་གོང་སྤེལ། འཛམ་གླིང་ཞི་བདེ་བཅས་ལ་ནུས་བ་ཅུང་ཙམ་འདོན་རྒྱུ་དེ་རེད།

    Reply
  10. བསེ་རུ། says:
    ལོ་ 16 སྔོན།

    སྤྱི་འཐུས་རྣམ་པ་ཚོ་མཐུན་སྒྲིལ་བྱེད་རོགས་ཞེས་རེ་བ་བརྒྱབས་པ་དང་སྨོན་ལམ་འདེབས་པ་འདི་འགྲིག་པ་ཞིག་རེད། དེ་ལས་ང་ཚོ་རང་རང་གི་བོད་སེམས་ཤིག་འཁུར་ཏེ་སེམས་པ་དང་སེམས་པ་སྦྲེལ་ཏེ་གནས་ཐུབ་ན་ལྷག་པར་དགེ་མཚན་ཆེ་བར་མཐོང་།།

    Reply
  11. གངས་ཕྲུག says:
    ལོ་ 16 སྔོན།

    བོད་ཀྱི་སྤྱི་འཐུས་རྣམ་པ་ཚོ། རྡོག་རྩ་གཅིག་སྒྲིལ་བྱེད་རོགས། རྡོག་རྩ་གཅིག་སྒྲིལ་བྱེད་རོགས།

    Reply
  12. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    འགྲ་་་་འདི་དགྲ་ ལ་བསྒྱུར་རོགས་གནང་དགོངས་དག་འགྲོ་རན་སོང།་

    Reply
  13. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    སྤྱི་འཐུས་ཚོས་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་འདི་ལྟ་བུའི་སེམས་ཁུར་ཡོད་པར་སྙིང་ཐག་པ་ནས་དགའ་བསུ་ཞུ། ལས་དོན་ཡང་ཕྱོགས་ཞེན་འཇིགས་སུ་རུང་བ་དེ་བཞག་ནས། བོད་ཀྱི་སྤྱི་དོན་ཚེ་སྲོག་ལས་ཀྱང་གལ་ཆེན་དུ་བརྩིས་ཏེ་ལྟ་སྐྱོང་ལེགས་པོ་ཞིག་ཡོད་མཁན་དག་གིས་རྒྱུན་སྐྱོང་དང་མེད་མཁན་དག་ནས་དེ་དག་ཤེས་རྒྱུར་སེམས་གཏིང་ནས་འབོད་སྐུལ་ཡོད། ང་ཚོས་དུས་འགྱངས་བྱེད་མི་རུང་སྤྱི་འཐུས་ཚོ། རྙོག་གླེང་ཞོག་ལ་བོད་གངས་ཅན་པའི་སྤྱི་དོན་སྒྲུབ་པར་ཕེབས་ཤོག ནང་ཁུལ་ཕྱོགས་རིས་བྱས་ནས་འགྲ་དགའ་གཉེན་སྡུག་བྱེད་མི་ཉན། བསམ་ཕྱོགས་མི་མཐུན་པ་རེ་ཟུང་ཡོང་མི་སྲིད་པ་མིན། དེ་ཙམ་གྱིས་སྐྱོན་ཆེན་པོ་ཡོང་གི་མ་རེད། འོན་ཀྱང་བསམ་ཤེས་མེད་པར་མུ་མཐུད་དེ་གཏམ་ཁ་ལྕེ་བདེ་མདོགས་བྱས་ན། འཇུག་འབྲས་གངས་ཅན་པ་སྤྱིའི་གྱོང་གུད་ཡིན་པ་འབྲེལ་ཡོད་སྤྱི་འཐུས་ཚང་མས་བསམ་ཤེས་གནང་རོགས་སྐུ་མཁྱེན།

    Reply
  14. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    དགའ་འོས་པའི་གསར་འགྱུར་རང་རེད་སྤྱི་འཐུས་རྣམ་པ་ཚོ་སྤྱི་བའི་ལས་དོན་གྱི་ཆེད་མི་མཐུད་དུ་ཆིག་སྒྲིལ་གྱི་ཕྱོགས་སུ་དཔུང་རྡང་མཉམ་གཤིབ་བྱེད་པའི་འབོད་སྐུལ།

    Reply
  15. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    ང་ཡི་སྤྱི་འཐུས་ཚོ་བཟོད་སྒོམ་དང་ལྷག་བསམ་ངང་ནས་གདོང་དམར་བའི་ལས་དབང་ལ་ཐུགས་འགན་བཞེས་རོགས།བཟོ་སྒོམ་ཀི་ཡངས།་་་ཀི་ཡངས་སྒོམ་ཐུགས་ལ་འཛིན་དགོས།གཞེས་ལུས་སྤུན་ཟླ་ཚོའི་རེ་བ་བཅོད་ཡོད།

    Reply
  16. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    སེམས་གཏིང་ནས་བཀའ་དྲིན་དང་རྗེས་སུ་ཡི་རངས་ཞུ། རྙོག་དྲ་ཆེན་པོ་ཆུང་ངུར་བཏང་ནས། ཆུང་ངུ་མེད་པའི་བཟོ་བའི་ཐོག་ནས། བོད་མི་རིགས་འདིའི་ཆེད་དུ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་འབད་པ་གནང་རོགས། ཨ་མདོ་ཁམས་པ་དབུས་གཙང་ཟེར་ནས་ཕན་ཚུན་ལ་ངན་དང་མཚང་བྲུས་བསྡད་ན་སུ་ཡང་དགའ་གི་མ་རེད། སོ་སོའི་ཆོལ་ཁར་ཞེན་ཁོག་མེད་སུ་ཡང་ཡོད་མ་རེད། དེ་ཡོད་དགོས་པ་ཞིག་ཀྱང་རེད། ཁྱིམ་ཚང་གི་ཞེན་ཁོག་ནས་གྲོང་པའི་ཞེན་ཁོག གྲོང་པའི་ཞེན་ཁོག་ནས་ཆོལ་ཁའི་ཞེན་ཁོག ཆོལ་ཁ་ནས་རྒྱལ་ཁབ་ཀྱི་ཞེན་ཁོག འདི་དག་ཐམས་ཅད་ཀྱི་མི་ཞིག་གི་འཚོ་བའི་བརྒྱུད་རིམ་རེད། དེ་རིང་འདི་ལྟར་ལས་ཀ་འགོ་འཛུགས་ཀྱིས་འདུ་འཛོམས་གནང་བར་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་རྣམ་པ་ཚོར་གསོལ་སྟོན་ཞིག་གྲྭ་སྒྲིག་བྱེད་རྒྱུ་ཡིན། ཡིན་ན་ཡང་ད་ལྟ་ལམ་སེང་གོ་སྒྲིག་ཞུ་ཐུབ་ས་མ་རེད།

    Reply
  17. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    ཁ་སྔོན་རྙོག་སྒྲ་ཡོང་དོན་གཙོ་བོ་རྒྱ་རི་སྒྲོལ་མས་བྱས་སོང་གསུང་གི་འདུག

    Reply
  18. GYAMTSO says:
    ལོ་ 16 སྔོན།

    སྤྱི་འཐུས་རྣམ་པ་ཚོ།་་་་དུས་རྟག་ཏུ་རྡོག་རྩ་གཅིག་སྒྲིལ་བྱེད་རོགས།
    ཡང་དགོས་སུ་ཆོས་རྒྱུད་ཁག་གི་སྤྱི་འཐུས་ཚོས་རོགས་པ་ལྟས་ན་བཟང་གི་ཡ།

    Reply
  19. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    སེམས་པ་སེམས་པར་ཡིན་པར་འཁྲུལ་མི་རང་། སེམས་པ་དེ་ཡང་བོད་སེམས་ཡིན་པ་གཏན་ནས་བརྗེད་མི་ཉན། ལས་དོན་དེ་ཡང་རང་དོན་མིན་པ་ཤེས་དགོས། རང་དོན་མིན་པའི་སྤྱི་དོན་དེ་ཡང་རང་གི་ཚེ་སྲོག་ལས་ཀྱང་གལ་ཆེན་དུ་ལྟ་སྐྱོང་ལེགས་པོ་ཞིག་ཡོད་མཁན་དག་གིས་རྒྱུན་སྐྱོང་དང་མེད་མཁན་དག་ནས་དེ་དག་ཤེས་རྒྱུར་སེམས་གཏིང་ནས་འབོད་སྐུལ་ཡོད། ང་ཚོ་གཅིག་ཡིན། བོད་པ་ཡིན། བོད་དོན་སྒྲུབ་པ་ལ་ནང་ཁུལ་ཕྱོགས་རིས་གཏན་ནས་བྱེད་མི་ཉན། བསམ་ཕྱོགས་མི་མཐུན་པ་རེ་ཟུང་ཡོང་མི་སྲིད་པ་མིན། དེ་ཙམ་གྱིས་སྐྱོན་ཆེན་པོ་ཡོང་གི་མ་རེད།

    Reply
  20. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    སྤྱི་འཐུས་རྣམ་པ་ཚོ་   ལག་རྡང་གཅིག་ཏུ་སྦྲེལ་ནས་དཔུང་བ་མཉམ་དུ་གཤིབ་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese