མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་ལ་མི་འཇིགས་པའི་གསེར་ལྟ་བུའི་རྩོམ་ཡིག་རྣམས།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༨ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འཛམ་གླིང་རྩོམ་རིག་བྱ་གཞག་དོན་གཉེར་བྱེད་ཡུལ་ཆེ་ཤོས་འཇར་མན་གྱི་ཧྥུ་རན་ཁི་ཧྥོར་ཌི་རྒྱལ་སྤྱིའི་དཔེ་དེབ་འདོན་གནས་སུ། བཙོན་འོག་གི་རྩོམ་པ་པོ་རྣམས་དང་། རྒྱ་གཞུང་གིས་བཀག་ཟིན་པའི་བོད་འབྲེལ་དཔེ་དེབ་ཁག དེ་མིན་བོད་ནང་གི་རྩོམ་པ་པོ་རྣམས་ཀྱིས་བྲིས་པའི་རྩོམ་ཡིག་རྣམས་ཕྱོགས་བསྒྲིགས་འགྲེམས་སྤེལ་བྱས་ཡོད་པ་རེད།

དཔེ་དེབ་གསར་པ་༼མེ་ལ་མི་འཇིགས་པའི་གསེར་ལྟ་བུ། བོད་ནས་གསར་དུ་བྲིས་པ་༽ ཞེས་པ་ནི་བོད་ནང་བཙོན་འཇུག་བྱས་པ་དང་འདྲི་གཅོད། འདས་གྲོངས་དང་བོར་བརླག དེ་བཞིན་བོད་མིའི་ངོ་བོ་དང་མདུན་ལམ་སོགས་ཀྱི་ཐད་གསར་དུ་བྲིས་པའི་རྩོམ་ཡིག་རྣམས་ཕྱོགས་སྒྲིག་བྱས་པ་ཞིག་ཡིན་པ་དང་། དེའི་ནང་དུ་རྩོམ་ལུས་ཀྱི་ཆ་ནས་སྒྲུང་རྩོམ་དང་སྙན་རྩོམ། ལྷུག་རྩོམ་སོགས་ཡོད་ཅིང་། གཙོ་བོ་ ༢༠༠༨ ལོའི་བོད་ས་ཡོངས་ཀྱི་ཞི་རྒོལ་ཆེན་མོ་བྱུང་བའི་བརྒྱུད་རིམ་ཁྲོད་ཀྱི་ཉམས་མྱོང་ལ་ཁ་གཏད་ནས་སྒྲིག་ཡོད་ལ། རྩོམ་ཡིག་འདི་དག་འབྲི་མཁན་བོད་ནང་གི་རྩོམ་པ་པོ་དང་སྒྱུ་རྩལ་བ་བརྒྱ་ཕྲག་འགས་རང་རང་གི་མངོན་འདོད་བཤད་པར་བརྟེན་མནར་གཅོད་མྱངས་པ་དང་བཙོན་དུ་ཚུད་པ་སོགས་བྱུང་ཡོད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གསལ་བསྒྲགས་ལྟར་ན། དེབ་འདིའི་ནང་གི་རྩོམ་པ་པོ་ཕལ་ཆེ་བ་ནི་བོད་ནང་དང་རྒྱ་ནག་གི་ས་ཆར་གནས་ཡོད་ལ། ཁོང་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་འཁྱོག་བརྗོད་དང་སྲིད་བྱུས་ལག་བསྟར་བྱ་ཕྱོགས་ལ་སྔར་ལས་ལྷག་པའི་གདོང་གཏད་གཅོག་གིན་ཡོད།

མེ་ལ་མི་འཇིགས་པ་གསར་ལྟ་བུ་ཞེས་པའི་དེབ་འདིའི་མགོ་དེར་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་རྩོམ་ཡིག་ཅིག་བཀོད་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་གྱི་ཧྥུ་རན་ཁི་ཧྥོར་ཌིའི་རྒྱལ་སྤྱིའི་དཔེ་དེབ་ཚོང་འགྲེམ་གྱི་བྱ་འགུལ་ཆེ་ཤོས་དེའི་གུས་བརྩིའི་མགྲོན་པོ་ལ་རྒྱ་ནག་བཞག་ཡོད་པ་དང་། རྒྱ་ནག་གི་གཞུང་འབྲེལ་སྐུ་མགྲོན་རྣམས་བསླེབས་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། དམངས་གཙོའི་གནད་དོན་སོགས་ཀྱི་དབང་གིས་རྒྱ་ནག་གི་སྐུ་ཚབ་དག་ལ་རྒྱུན་ལྡན་གྱི་དཀའ་ངལ་དག་འཕྲད་ཡོད་འདུག

གོ་སྒྲིག་པས་ཐེངས་འདིའི་མཛད་སྒོ་སྟེང་ལ་རྒྱ་ནག་སྐམ་ས་ཆེན་མོའི་རྩོམ་པ་པོ་དང་རོལ་མོ་བ་གྲགས་ཅན་ལོའོ་ཡེ་ཝུ་ཞུ་བ་གདན་འབོད་ཞུས་ཡོད་ཀྱང་རྒྱ་ནག་གཞུང་གིས་ཁོང་ལ་ཕྱིར་བསྐྱོད་ཀྱི་ཆོག་མཆན་སྤྲད་མི་འདུག དེ་བཞིན་རྒྱ་ནག་གཞུང་གི་ངོ་རྒོལ་ལྟར་འཇར་མན་གྱི་གོ་སྒྲིག་པ་དག་གིས་རྒྱ་རིགས་རྩོམ་པ་པོ་ ཏེ་ཆེན་དང་པེ་ལིང་ཞུ་བ་གཉིས་ལ་མགྲོན་ཤོག་མི་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་ཀྱང་། མཐའ་མར་གསར་འགོད་པ་དང་སྲིད་དོན་པ་དག་གིས་སྐྱོན་བརྗོད་བྱས་པར་བརྟེན་མཐའ་མར་མགྲོན་ཤོག་ཕུལ་ཏེ་ཐེངས་འདིའི་མཛད་སྒོའི་སྟེང་ཞུགས་ཡོད་འདུག

གོང་གསལ་རྩོམ་པ་པོ་གཉིས་ཀྱིས་གཏམ་བཤད་མགོ་བཙུགས་མ་ཐག་རྒྱ་ནག་གི་གཞུང་འབྲེལ་སྐུ་ཚབ་རྣམས་མཛད་སྒོ་ནས་ཕྱིར་ཐོན་ཡོད་པ་དང་། མཐའ་མར་གོ་སྒྲིག་པའི་ཚོགས་གཙོ་ནས་དགོངས་སེལ་ཞུས་རྗེས་ཕྱིར་མཛད་སྒོར་ཡོང་ཡོད་འདུག འདིའི་ཐད་རྒྱ་ནག་གི་འཇར་མན་གཞུང་ཚབ་པ་ཟུར་པ་ མའེ་ཀྲོང་རོང་ཟེར་བས། ང་ཚོ་འདིར་དམངས་གཙོའི་འགྲོ་སྟངས་སློབ་གིན་ཡོང་བ་མིན། ཅེས་བཤད་ཡོད་འདུག

རྒྱ་ནག་གིས་རྒྱ་ནག་སྐམ་ས་ཆེན་མོ་ཡི་དཔེ་དེབ་རིགས་འགྲེམ་སྟོན་སྟངས་ནས་འགོག་ཐུབ་ཡོད་ལ། དེ་བཞིན་དུ་རྒྱ་ནག་གཅིག་གི་ལྟ་ཚུལ་འོག་ནས་ཐའེ་ཝན་གྱི་དཔེ་དེབ་རིགས་ལའང་སྟངས་འཛིན་བྱས་ཡོད་འདུག ཡིན་ཡང་། གཞན་པ་དག་གིས་འགྲེམ་སྟོན་བྱས་པའི་དཔེ་དེབ་ ༢༥༠༠ བཀག་འགོག་བྱས་ཐུབ་མེད་ལ། དེའི་ནང་དུ་བོད་མིའི་ཕྱོགས་ནས་གོ་སྒྲིག་བྱས་པའི་དཔེ་དེབ། མེ་ལ་མི་འཇིགས་པའི་གསེར་ལྟ་བུ་ཞེས་པ་དེའང་ཡོད། རྒྱ་ནག་གཞུང་གིས་ཐེངས་འདིར་ཡངའཇར་མན་གཞུང་དང་གོ་སྒྲིག་པ་ཚོར་གནོན་ཤུགས་སྤྲོད་གང་ཐུབ་དང་རྩོད་པ་མང་དུ་བརྒྱབས་ཡོད་ཀྱང་། མཐའ་མ་དེར་རྒྱ་ནག་གཞུང་དང་སྲིད་དོན་ལྟ་བ་མི་མཐུན་མཁན་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་མཛད་སྒོ་འདིར་ཞུགས་རྒྱུ་འགོག་ཐུབ་མེད་ལ། ༧གོང་ས་མཆོག་གི་སྐུ་ཚབ་མི་སྣ་དག་ཀྱང་འགོག་ཐུབ་མེད་ཅེས་ནིའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་ཡོད།

མཛད་སྒོ་འདི་ནི་འཇར་མན་གྱི་རྩིགས་གྱང་ལོག་ནས་མི་ལོ་ ༢༠ འཁོར་བ་དང་། པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲུག་བཞིའི་ལས་འགུལ་ལ་དྲག་གནོན་བྱས་ཏེ་ལོ་ ༢༠ འཁོར་བའི་དུས་སྐབས་སུ་འཁེལ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

མཆན། 4

  1. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ནོར་བཅོས་ དགོངས་དག ལོ་རྒྱུས་ཀྱི་རྡོ་རིང་ངོས་ནས་ནམ་ཡང་ཡལ་ཐབས་མེད་རང་རེད།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    གཏམ་བཟང་རེད། བོད་ནང་གི་རྒྱལ་གཅེས་རྩོམ་པོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ། ཁོ་ཚོ་རྩོམ་པ་པོ་གཅིག་པོ་མིན་པར་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡང་ཡིན་པས་ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་ནས་ཡལ་ཐབས་མེད་པ་རང་རེད།

    Reply
  3. རི་བོང། says:
    ལོ་ 17 སྔོན།

    བོད་ནང་གི་རྩོམ་པོ་ཚོས་རང་སྲོག་བློས་བཏང་བྱས་ནས་མི་རིགས་ཀྱི་ཆེད་དུ་རྩོམ་ཡིག་འབྲི་གིན་ཡོད་པ་རེད། དཔེར་ན་ཉིས་སྟོང་བརྒྱད་ཀྱི་ལོའི་ཤར་དུང་རི་ལྟ་བུ་རེད། ཁོང་ཚོའི་བློ་སྟོབས་དེ་དངོས་གནས་ཧ་ལས་པ་ཞིག་རེད། འུ་ཚང་གི་བཙན་བྱོལ་བ་ཚོའི་ནང་ན་དེ་འདྲ་འབྲི་མཁན་ཕར་ཞོག ཀློག་མཁན་ཀྱང་ག་ཚད་ཡོད་དམ། མ་མཐའ་ཡང་དེབ་དེ་རིགས་ང་ཚོས་ཀློག་ནས་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་གལ་ཆེ་བར་སྙམ།

    Reply
  4. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    བདེན་པའི་ར་སྤྲོད་མཁན་གྱི་རྩོམ་པ་པ་དེ་འདྲ་རླབས་ཆེན་རྣམས་ལ་སྙིང་ནས་གུས་རྩི་ཡོད།
    བོད་ཀྱི་ལོ་རྒྱུས་དང་བོད་མི་རིགས་ཀྱི་མྱོང་ཚོར་དེ་དག་ནི་མི་རིགས་ཞིག་གི་དངོས་སུ་མྱོང་བའི་བདེན་པ་དང་། འདི་ཚོ་ནི་ང་ཚོས་དངོས་སུ་མྱོང་བཞིན་པའི་དག་ཕུད་འོས་པ་བདེན་པ་ཡོད་ཁོ་ན་ཡིན།
    གཡོར་སྦྱོར་དང་ངན་ཇུས་རིགས་ལ་ནམ་ཡང་ངོ་བརྒོལ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese