མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སར་བོད་མི་གསུམ་སྲོག་ཐོག་ལ་བཏང་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་ངྷ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༡༡ ཐོག རྒྱ་ནག་གི་དམག་མིས་རྒྱལ་ས་ལྷ་སར་བོད་མི་གསུམ་སྲོག་ཐོག་ལ་བཏང་ཡོད་པ་དང་། མི་དེ་གསུམ་ནི་ལྷ་སའི་ཉེ་འདབས་སྙེ་མོ་རྫོང་ནས་ཡིན་པའི་བུད་མེད་ཅིག་དང་། ལྷ་ས་ཀླུ་ཕུགས་ནས་ཡིན་པའི་བློ་བཟང་ཆོས་འཕེལ། ཨ་མདོ་རྔ་བ་ནས་ཡིན་པའི་བློ་བཟང་བཅས་ཡིན་ཞིང་། ཁོང་གསུམ་ལ་སྔར་ལོའི་ལྷ་སའི་དོན་རྐྱེན་སྐབས། ལྷ་སའི་ཚོང་ཁང་ཁག་ཅིག་མེར་བསྲེག་བཏང་ཡོད་པ་དང་། ཚོང་བདག་རྒྱ་མི་ཞིག་ཀྱང་འདས་གྲོངས་སུ་སོང་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག

 

བོད་ནང་གི་བུད་མེད་མིང་བརྗོད་འདོད་མེད་པ་ཞིག་གིས་ཁ་པར་བརྒྱུད་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་བརྗོད་དོན། ཁ་སང་མི་གཉིས་སྲོག་ཐོག་ལ་བཏང་སོང་། མི་གཅིག་ཀླུ་ཕུགས་ཉག་ར་ཁང་ཚན་གྱི་ཨ་མ་གཡུ་སྒྲོན་གྱི་བུ། མིང་ལ་བློ་བཟང་ཆོས་འཕེལ། རང་ལོ་ ༢༢ ཡས་མས་ཤིག་རེད། གཞན་པ་དེའི་མིང་ལ་བློ་བཟང་ཟེར་ཞིང་། ཁོང་གང་ནས་ཡིན་པ་ཤེས་མ་སོང་། སྲོག་ཐོག་ལ་བཏང་བའི་ཁྲོད་བུད་མེད་འདྲ་ཡོད་མེད་ཤེས་མ་སོང་། ཐེངས་འདིར་བོད་མི་གསུམ་སྲོག་ཐོག་ལ་བཏང་བའི་གནས་ཚུལ་དེ། ད་བར་རྒྱ་ནག་གི་རླུང་འཕྲིན་དང་བརྙན་འཕྲིན།  ཚགས་པར་རིགས་གང་དུའང་བཀོད་མ་སོང་། ཞིན་ཅང་གི་གནས་ཚུལ་སོགས་ཐ་ན་ལག་ཐོགས་ཁ་པར་ནང་དུའང་བཏང་ཡོང་གིན་འདུག ཅེས་བརྗོད་འདུག

 

དེ་རིང་སྔ་དྲོ་གོང་གི་གནས་ཚུལ་དེའི་ཐད་འདི་གའི་གསར་འགོད་པས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། ཟླ་འདིའི་ཚེས་ ༢༠ བོད་ནང་གི་ཆུ་ཚོད་ ༡༡ ཐོག་ལྷ་སར་བོད་མི་གསུམ་སྲོག་ཐོག་ཏུ་བཏང་ཡོད་པ་དངོས་ཡོད་གནས་ཚུལ་རེད། ཁོང་རྣམས་སྲོག་ཐོག་ཏུ་གཏོང་དགོས་པའི་རྒྱུ་མཚན་ན་ནིང་ལྷ་སའི་ཞི་རྒོལ་སྐབས། ཚོང་ཁང་ཁག་ཅིག་ལ་མེ་བརྒྱབས་པ་དང་། དེའི་ཁྲོད་ཚོང་བདག་རྒྱ་མི་གཅིག་ཀྱང་གྲོངས་ཡོད་པའི་ཉེས་འཛུགས་བྱས་ཡོད་ས་རེད། མི་དེ་གསུམ་ནི་སྙེ་མོ་ནས་ཡིན་པའི་བུད་མེད་ཅིག་དང་། ལྷ་ས་ནས་ཡིན་པའི་བློ་བཟང་བསྟན་འཛིན། གཞན་པ་དེ་ཨ་མདོ་རྔ་བ་ནས་རེད། ཁོའི་མིང་དང་ལོ་རྒྱུས་གསལ་བོ་ཤེས་ཐུབ་མ་སོང་།

 

ཐེངས་འདིར་སྲོག་ཐོག་ལ་བཏང་བའི་མི་དེ་གསུམ་གྱི་མིང་དང་ཕ་ཡུལ། ཉེས་འཛུགས་གང་བྱས་ཡོད་པ། སྲོག་ཐོག་ལ་གཏོང་ཡུལ་གང་ཡིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ང་ཚོར་ད་དུང་རག་མ་སོང་། ང་ཚོས་མུ་མཐུད་དུ་གནས་ཚུལ་རྩད་གཅོད་བྱེད་ཀྱིན་ཡོད། གནས་ཚུལ་འཐུས་ཚང་ཞིག་རག་རྗེས་བསྐྱར་དུ་གསལ་བསྒྲགས་བྱ་འཆར་ཡོད་ལ། དེ་དང་མཉམ་དུ་མར་མེ་ཁྲོམ་སྐོར་ཞིག་ཀྱང་གོ་སྒྲིག་ཞུ་རྒྱུ་ཡིན། ཧང་སང་དགོས་པ་ཞིག་ལ། ཐེངས་འདིར་བོད་མི་གསུམ་ལ་སྲོག་ཐོག་གི་ཉེས་ཆད་བཏང་བ་དེ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སླེབས་མེད་པ་མ་ཟད། སྔར་འཛིན་བཟུང་བྱས་པའི་ཐོ་གཞུང་དག་ཏུའང་ཁ་གསལ་མི་འདུག ཅེས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

China expert warn of 'something worse than Covid' after fungus smuggling plot
Mobile App

ཏོག་དབྱིབས་གཉན་རིམས་ལས་ཀྱང་ཉེན་ཚབས་ཆེ་བའི་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་བཏང་། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

གོ་སྟོན་བཀྲ་ཤིས་དཔལ་འབར།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

རྒྱ་ནག་གིས་རྒྱལ་མཚན་ནོར་བུར་རག་རྡིས་ནང་བཞིན་གྱི་ལས་ཀ་སྤྲོད་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༠༧
US President Donald Trump and Chinese President Xi Jinping. Getty Images
Mobile App

ཊོམ་ཕུ་དང་ཞི་ཅིན་ཕིན་གྱིས་ཡུན་རིང་གི་རྗེས་ནས་ཚོང་འབྲེལ་གྱི་གྲོས་མོལ་བྱས་འདུག

༢༠༢༥/༠༦/༠༦
Tourists hike to visit the Nigardsbreen glacier in Jostedal, Norway in August 2022. Bram Janssen/AP
Mobile App

འཛམ་གླིང་གི་འཁྱགས་རོམ་བརྒྱ་ཆ་ ༤༠ ཙམ་ཞུ་ཟིན་འདུག

༢༠༢༥/༠༦/༠༦
Mobile App

ཊོམ་ཕུས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་བཞི་ལ་ཉེས་ཆད་བཏང་།

༢༠༢༥/༠༦/༠༦

མཆན། 36

  1. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད་ལ་དེའི་ཐད་གུས་པར་གང་ཡང་བྱེད་ཐབས་མི་འདུག་པས་དགོངས་པ་ཚོམས་ཞུ་རྒྱུ་ཡིན།

    Reply
  2. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    གུས་པ་ལྟ་བུའི་བྱེས་སུ་ཡོད་པའི་རབ་བྱུང་བ་དག་ནི་མར་མེའི་ཁྲོམ་སྐོར་དང་སྨོན་ལམ་འདོན་ནས་སྡོད་པ་ལས་དེ་མིན་གང་ཡང་བྱེད་ཐུབས་མ་སོང་བས་གཞིས་སུ་ཡོད་པའི་བོད་རིགས་དཔའ་བོ་དང་དཔའ་མོ་རྣམས་ལ་སྙིང་ཐག་པ་ནས་དགོངས་པ་མ་ཚོམས་ཞུ་རྒྱུ་ཡིན།།།

    Reply
  3. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    སྤྱི་འཐུས་རྣམ་པ་ཚོས་འཁྲུགས་པ་བརྒྱབ་དང་། བོད་མི་རྣམས་རྒྱ་ནག་གིས་མ་འོངས་པར་གཅིག་རྐྱང་མ་ལུས་པར་བསད་རྒྱུ་རེད་དོ།།

    Reply
  4. སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    ནད་པ་ལགས་ཀྱིས་དོགས་སློང་གནང་བ་བཀའ་དྲིན་ཆེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་ངོ་མ་དེའི་ནང་《བློ་བཟང་རྒྱལ་མཚན་སོགས་བོད་མི་བཞི་ལ་》ཞེས་བྲིས་ཡོད་རེད།
    ངའི་སར་ཐོག་མའི་ཟིན་བྲིས་ཤིག་ཡོད་པ་དེ་འདིར་བཀོད་ནོར་ཤོར་འདུག
    དགོངས་སེལ་ཞུ།

    Reply
  5. ཨ་འདུས་མིག་ཆུ། says:
    ལོ་ 16 སྔོན།

    བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
    དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེའི་ཐུགས་རྗེས་སྐྱོངབར་མཛོད།།

    Reply
  6. བདེ་བ་ཅན། says:
    ལོ་ 16 སྔོན།

    མ་ཎི་བགྲངས་ནས་བོ་འདི་ལྟར་ད་བར་ལྷག་པ་རེད་ཟེར་བ་འདི་དོན་དག་དངོས་ག་རེ་བཤད་ཀྱི་ཡོད་མེད་གསལ་པོ་མི་འདུག བོད་འདི་ད་ལྟ་གནས་སྟངས་སྐྱོ་པོ་འདིའི་འོག་ཏུ་ལྷག་པ་རེད་ཟེར་གྱི་ཡོད་པ་རེད་དམ། ཡང་ན་རྩ་གཏོར་མ་ཕྱིན་པར་ལྷག་པ་རེད་ཟེར་གྱི་ཡོད་པ་རེད་དམ།

    Reply
  7. དྲ་འབུ says:
    ལོ་ 16 སྔོན།

    ཨ་ཎི་བགྲངས་ནས་བོད་འདི་ད་བར་ལྷག་པ་རེད།

    Reply
  8. ནད་པ says:
    ལོ་ 16 སྔོན།

    ང་ཚོས་འདི་ནས་ཁོང་ཚོའི་ཆེད་དུ་གཞུང་དང་། གཞུང་འབྲེལ་མིན་པའི་ཚོགས་པ། སྐྱིད་དསྡུག་ཁག མི་དམངས་ཡོངས་འདུ་འཛོམས་བྱས་ཏེ་སྨོན་ལམ་འདོན་པ། མཆོད་འབུལ་བྱེད་པ། མར་མེའི་ཁྲོམ་བསྐོར། དེ་བཞིན་འཛམ་གླིང་རྒྱ་ཆེའི་མི་དམངས་ཀྱིས་ཤེས་རྟོགས་ཡོང་ཆེད་རྡོ་རིང་བཞེངས་པ། ངུ་སྐད་གཅིག་ལས་མ་ཐུབ་ཀྱང་སྐད་འབོད་རྒྱག་དགོས།

    ངས་འདི་ནས་ན་ནིང་དང་ད་ལན་གྱི་ཚེ་སྲོག་ཤོར་བའི་གཞི་ལུས་དཔའ་བོ་དང་དཔའ་མོ་རྣམས་རྒྱ་དམར་པོས་བཚན་གནོན་བྱེད་བཞིན་པའི་བོད་གངས་ཅན་གྱི་ལྗོངས་སུ་སྐྱེས་ན་ཡང་བསྐྱར་དམར་གསོད་གཏོང་ངེས་པས་ཁོང་རྣམས་བདེ་བ་ཅན་དང་། རི་བོ་གྲུ་འཛིན་གཉིས་ཞིང་དུ་སྐྱེ་རྒྱུའི་སནམོན་ལམ་འདེགས་རྒྱུ་ཡིན།

    པདྨ་འདམ་གྱིས་མ་འགོས་པར། །སྲིད་གསུམ་དྲི་མས་མ་འགོས་ཤིང་། སྲིད་པའི་པད་མ་ལས་གྲོལ་མ། །བདེ་ཅན་དུ་སྐྱེ་བར་ཤོག ། ཨོ་ཨ་མྲི་དེ་ཝ་ཧྲི།
    རི་བོ་ཏྭ་ལའི་ཞིང་ཁམས་སུ། །ཡིད་དམ་ཐུགས་རྗེ་ཆེན་པི་བཞུགས། །སྙིང་རྗེ་ཅན་གྱི་འཁྲུངས་ས་ཡིན། །ཞུང་མཆོག་དེའི་ནང་སྐྱེ་བར་ཤོག ཨོ་མ་ནི་པདྨེ་ཧུ།

    Reply
  9. ཨརྱ། says:
    ལོ་ 16 སྔོན།

    ད་ནི་སེམས་སྡུག་ཁུལ་བྱས་པས་མི་ཕན་ལ། དཔའ་ཡོད་མདོག་བྱས་པས་ཀྱང་ག་ལ་ཕན། འོ་ན་ང་ཚོས་ཅི་ཞིག་བྱེད་དགོས་པ་རེད། ཅེས་རང་རང་ལ་ཚ་འདྲི་བྱས་ཏེ་ལག་ལེན་དུ་ཁེལ་གང་ཐུབ་བྱེད་རྒྱུ་དང་། རང་གཞུང་ལ་འབུད་རྒྱག་གཏོང་རྒྱུ་ཧ་ཅང་གལ་ཆེན་རེད་འདོད་གི།

    Reply
  10. བདེ་བ་ཅན། says:
    ལོ་ 16 སྔོན།

    ང་ཚོས་ཁྱེད་རྣམ་པའི་ཆེད་མཆོད་འབུལ་བྱ་ངེས་ཡིན
    ་ ང་ཚོས་ལོ་སྔོན་མའི་ཞི་རྒོལ་བྱུང་རྗེས་ནས་བཟུང་ཆོལ་གསུམ་དཔའ་བོ་དཔའ་མོ་རྐྱེན་འདས་སོང་བ་རྣམས་ཀྱི་ཆེད་དུ་དྲན་རྟེན་རྡོ་རིང་ཞིག་གམ་མཆོད་ཀོང་ཞིག་བཞེངས་ཏེ་ཁྱེད་རྣམས་ལ་དྲན་གསོ་མཚོན་པའི་རྟེན་དུ་ཉར་རྒྱུུའི་གཏམ་ ཚོགས་ཀྱིས་བཀངས་ཟིན། འོན་ཏེ་ང་ཚོའི་ལས་ཀ་མང་པོ་ཞིག་ཡིག་ཐོག་དང་ངག་ཐོག་ལས་གྲོལ་ཏེ་ལག་ལེན་དུ་འཁེལ་རྒྱུར་ལྷོད་གཡེང་དང་དུས་ཚོད་རྦུད་རྒྱུ་འདི་རང་བཞིན་གྱི་གོམས་སྲོལ་ངན་པ་ཞིག་ཏུ་གྱུར་བཞིན་ཡོད་པས་སྟབས་ཉེས་ན་རྦད་དེ་གཏིང་བརྗེད་དུ་འགྲོ་སྲིད་པའི་ཉེན་ཁའང་ཡོད།
    ཁ་ཉིན་ཁྱེད་རྣམས་ལ་རྒྱུ་མཚན་ཤོད་དབང་དང་བདེན་པ་དྲང་ཡུལ་གྱི་ལམ་མེད་པར་ཁ་ཉིན་གཤིན་རྗེའི་ལག་འོག་ཏུ་ཕེབས་དགོས་བྱུང་བ་འདིས་ང་ཚོས་འདི་གར་ཁྱེད་རྣམས་ལ་དྲན་རྟེན་གྱི་རྡོ་རིང་བཞེངས་རྒྱུའམ་མཆོད་ཀོང་ཞིག་བཞེངས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མི་ཀུན་ཏུ་རྒྱུན་དུ་མཆོད་པ་ཕུལ་ཡུལ་གྱི་དབུས་སུ་བཙུགས་ཏེ་རྟག་ཏུ་འདི་ཕྱི་གཉིས་སུ་ཕན་པའི་མཆོད་འབུལ་ཞུ་རྒྱུ་ཡིན། མཆོད་འབུལ་ཞུས་པའི་བྱིན་རླབས་འདི་ལ་བརྟེན་ནས་ཁྱེད་རྣམས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་སྟེ་སླར་ཡང་བསིལ་ལྡན་ཁ་བའི་ལྗོངས་སུ་སྐུ་ཚེ་སླར་ཡང་འཕོས་པའི་སྨོན་ལམ་ཞུ་རྒྱུ་ཡིན༎

    Reply
  11. ནད་པ says:
    ལོ་ 16 སྔོན།

    སྨོན་ལམ་མཐར་ཕྱིན་ལགསག་ཀྱིས་བོད་མི་གསུམ་ཞེས་གསུངས་ཀྱང་བདོ་གཞུང་གི་དྲ་རྒྱའི་ནང་བོད་མི་བཞི་དམར་གསོད་བཏང་ཚུལ་བཀོད་འདུག

    Those executed has been identified as Lobsang Gyaltsen aged 27, born in Lhasa, Loyak aged 25, shol township Lhasa, Penkyi aged 21 from Sakya and the fourth person is still unknown.
    ཞེས་ བློ་བཟང་རྒྱལ་མཚན་ལོ་༢༧ ལྷ་ས། ལོ་ཡག ལོ་༢༥ ལྷ་ས་ཞོལ། སྤེན་སྐྱིད་ལོ་༢༡ ས་སྐྱ། མི་གཅིག་ད་ལྟའང་གསལ་ཁ་མི་འདུག

    Reply
  12. བཙན་པོ། says:
    ལོ་ 16 སྔོན།

    མ་ཎི་འདོན་པ་དང་གསལ་བསྒྲགས་རེ་བྱེད་ཁ་བྱས་ནས་ཡོང་ཡ་ཡོད་པ་མ་རེད། གསོད་དགོས་པ་རེད། གསོད་ཡ་ལས་སླ་བོ་རེད། ན་ཉིན་ཨ་རིའི་ནང་ཀོ་རི་ཡའི་བུ་ཆུང་ཆུང་ཞིག་ནས་་མི་༣༤་ཆུ་ཚོད་གཅིག་གི་ནང་ལ་བསད་བཞག་པ་རེད། རྒྱ་མི་ལས་བྱེད་ལག་ཐུག་ཐུག་གཉིས་པ་བསད་བཞག་ན་རྒྱ་མི་ཚོར་ཧ་གོ་ཡ་ཞིག་ཡོད་པ་རེད།

    Reply
  13. ནོར་བུ་གླིང་ཁ། says:
    ལོ་ 16 སྔོན།

    ཀླད་ལྗང་རྨོངས་དད་ཅན་འདི་ཚོས་དེ་སྔ་བར་དུ་འདི་འདྲ་བཤད་དེ་ང་ཚོ་ད་ལྟའི་གནས་སྟངས་འདི་བྱུང་བ་རེད། ད་དུང་མ་ཎི་འདོན་ནས་བསྡད་ན་བོད་མི་རིགས་འདི་ནམ་ཡང་འགྱེལ་ས་ནས་ལང་མི་ཐུབ། མ་གཞི་ཆོས་ཟེར་བ་འདི་དུག་རེད་ཟེར་བ་རྒྱུ་མཚན་ཡང་དག་བཤད་རྒྱུ་འདུག

    Reply
  14. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    ཟིན་བྲིས་པ་རྣམ་པས་མ་ཎི་སྤེལ་བ་ཡག་པོ་འདུག།ཚེ་འདིའི་སྣང་བ་ནུབ་པའི་ཉིན་མོ་ནས་སྐྱབས་གཅིག་པུ་དེ་དམ་པའི་ཆོས་ལས་མེད། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།

    Reply
  15. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ མི་ཎི་ཤུ་བྱས་དེ་འདོན་ཆོག་ཡང་། མ་ཎི་རྐང་རེ་ཡིས་བོད་མི་རིགས་ཀྱི་ཆེད་དུ་གཤེགས་ཟིན་པ་དང་གཤེགས་སྲིད་པ་དག་ལ་དངོས་ནས་ཕན་གྱི་ཡོད་ན་ནི། ཁ་ཁོམ་པ་ཡོད་མེད་ལ་མ་བལྟས་པར་བོད་མི་རིགས་སྤྱི་དང་ནང་དགོས་སེམས་ཅན་ཐམས་ཅད་སྐྱོབས་པའི་གཟུངས་སྔགས་འདི་དྲངས་མཁན་བོད་པ་ལས་མང་བ་མེད་ངེས་ཡིན་མོད། འོན་ཀྱང་། ད་དུང་། བོད་པ་འདི་ཚང་གསོད་བརྡུང་། བཙོན་འཇུག ཉེས་མེད་དུ་སྲོག་ཐོག་གཏོང་བ་སོགས་ཀྱི་མནར་གཅོད་མི་མཐུད་དུ་མྱོང་བཞིན་ཡོད་པ་འདི་མཐོང་དེ་འོང་དུས། སྤུན་ཟླ་སེམས་ཁོང་རུས་པའི་གཏིང་ནས་གང་ཞིག་དྲན་གྱི་འདུག དངོས་ནས་ཕངས་དགོས་པའི་བྱ་དངོས་མི་ཉུང་བ་ཞིག་ཉིན་རེ་བཞིན་འུ་ཅག་གིས་མིག་མདུན་ནས་ཤོར་བཞིན་འགྲོ་བ་མཐོང་དུས་དེ་བས་ཀྱང་སེམས་པ་ལྷོད་དུ་འཇོག་ཐུབ་ཀྱི་འདུག་གམ་ལགས།

    Reply
  16. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    འ༷དིར་ཟིན་བྲིས་བཀོད་པ་མང་ཆེ་བ་ཨོཾ་མ་ཎི་པདྨ་ཧྰུྃ་ཞེས་པས་ཁེངས་འདུག་པ་འདིས་ང་ཚོ་མཆན་བུ་བ་ཚོས་སེམས་ཁུངས་ན་སྙིང་གི་ཆེ་ཆུང་ཅི་ཙམ་ཡོན་མིན་རྟོགས་ཐུབ་ལ། མཆན་བུའི་སུམ་ཆའི་གཉིས་ལྷག་མ་ཎིས་ཟིན་འདུག་པ་འདིས་ཅི་ཞིག་མཚོན་གྱི་ཡོད་པ་བཤད་ཅི་ལ་དགོས།

    Reply
  17. མགོན་པོ་ཕྱག་དྲུག་པ། says:
    ལོ་ 16 སྔོན།

    ངོ་མ་རྒྱ་མི་འདིས་ང་ཚོ་ལ་བརྙས་བཅོས་ཚད་མེད་ཅིག་རེད།

    Reply
  18. ལྕགས། says:
    ལོ་ 16 སྔོན།

    ཨ་ཧ་བོ། རྒྱ་སྤྲང་ཚང་།

    Reply
  19. ནོར་བུ་རྒྱལ་མཚན། says:
    ལོ་ 16 སྔོན།

    འབོད་སྐུར་ཞུ་ཡག་ཞིག་ལ།
    ང་ཚོའི་བོད་རིགས་གིས་གཞོན་སྐྱེན་རྣམས་ཀྱིས་སེམས་ལ་ཉར་ཡག་ཞིག་ལ་བསྟན་དགྲ་རྒྱ་དམར་གིས་ང་ཚོ་བོད་རིགས་སྤུན་ཟླ་གྲངས་ལས་མདས་པ་ དམར་གསོད་དང་ གནར་བཅོད་ འཇིགས་སྐུར་དང་རང་དབང་སྤུ་ཙམ་ཡང་མེད་པར་ལོ་ཟླ་ཞག་གི་གནན་་ཡོད་པར་་་མི་རབས་ནི་མི་རབས་་གཞོན་སྐྱེན་ཕོ་མོ་རྣམས་ཀྱིས་རྗེད་དུ་མི་རུང་བའི་གནད་དོན་ཞིག་ཡིན།།

    Reply
  20. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 16 སྔོན།

    ད་ནངས་ཐབས་སྐྱོ་བའི་གནས་ཚུལ་དེ་རླུང་འཕྲིན་ལས་ཐོས་དུས། སེམས་པ་སྡུག་གིས་མནར་ཀྱང་ཐབས་ཅི།
    ངས་འདི་ནས་བོད་ཀྱི་བུད་མེད་ཚོའི་ངོ་ཚབ་ཞུས་ནས།
    བོད་མི་མང་ཀྱི་བདེ་སྡུག་ཆེད་འདས་གྲོངས་སུ་གྱུར་པའི་བོད་མི་གསུམ་པོ་དེ་མྱུར་དུ་བདེ་འགྲོའི་གནས་ལ་སྐྱེ་བའི་སྨོན་ལམ་དང་། དཀར་མེ་འབུལ་རྒྱུ་ཡིན།

    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།

    Reply
  21. སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    གསར་འགོད་གསལ་བསྒྲགས།
    བོད་མི་མང་སྤྱི་འཐུས་ལྷན་ཚོགས།

    ༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༢༠ ཉིན་གྱི་སྔ་དྲོར་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གཞུང་གིས་ན་ནིང་བོད་དོན་ལས་འགུལ་ཁྲོད་ཞུགས་མཁན་བོད་མི་གསུམ་ལ་མི་གསོད་ཁྲག་སྦྱོར་གྱི་ཉེས་འཛུགས་འོག་སྲོག་ཐོག་བཏང་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེས་བློ་ཕམ་དང་བཅས་ཚེ་འདས་དེ་རྣམས་གྲུ་འཛིན་མགོན་པོས་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་ཞིང༌། མཐར་ཐུག་རྫོགས་བྱང་གི་གོ་འཕང་མྱུར་དུ་རེག་པའི་སྨོན་འདུན་དང༌། རྒྱ་དམར་ནས་བོད་མི་རྣམས་ལ་ནག་མེད་ཉེས་འཛུགས་ཀྱིས་ཁྲིམས་ལུགས་ཀྱི་གོ་རིམ་མེད་པའི་བྱ་སྤྱོད་ངན་པ་རིམ་སྤེལ་ཐོག་བོད་མི་དམར་གསོད་དང༌། འཛིན་བཟུང་བཙོན་འཇུག སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པ་རྣམས་ལ་ངོ་རྒོལ་དང༌། དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད། མི་ལོ་དྲུག་ཅུ་མ་ཟིན་ཙམ་གྱི་རིང་བོད་མི་རྣམས་ཀྱིས་བདེ་སྡུག་རིམ་ཞུས་ལ་ཁྲིམས་མཐུན་ཉན་འཇོག་དང་དཀའ་སེལ་ལག་བསྟར་ཐུབ་ཆེད་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱིས་བདེན་རྒྱབ་དཔུང་རོགས་དང༌། རྒྱ་གཞུང་ནས་ཀྱང་དེ་ལུགས་ལག་བསྟར་ངེས་པར་དགོས་པའི་དགོས་འདུན་ཤུགས་ཆེར་འདོན་རྒྱུ་ཡིན།
    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ ༢༠༠༩ ཟླ་ ༡༠ ཚེས་ ༢༢ ལ།།

    Reply
  22. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    དེས་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་ལ་ཡོད་པའི་བོད་མིའི་ཚོགས་སྡེ་ཁག་
    མང་དག་དེ་དག་གིས་བོད་ནང་དུ་འབྲེལ་བ་ག་ཚོད་གཟོ་ཐུབ་ཀྱི་ཡོད་མེད་གསལ་པོ་ཤེས་ཐུབ་ཀྱི་འདུག།།

    གུས་པའི་རེ་བ་ཚོགས་པ་དེ་དག་གིས་ཕྱིར་རྒྱལ་གྱི་མི་རྒྱབ་སྐྱོར་ཚད་རྒྱུ་ལས་ལྷག་པའི་བོད་ནང་དུ་འབྲེལ་བ་བཟོ་དགོས་རྒྱུ་ཧ་ཅང་གལ་ཆེ་བ་མཐོང་།

    ད་ལྟའི་དུས་སུ་བོད་ནང་དུ་བོད་མི་ལ་ཁ་པར་དང་དྲ་བརྒྱ་སོགས་ཀྱི་ཐོག་ནས་འབྲེལ་བ་གཟོས་ན་ཉེས་རྟོགས་པའི་དྲི་རྩེད་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག་
    དེ་འདྲ་སོང་། ང་ཚོས་རྒྱ་དམར་གྱི་ཉེས་རྟོག་པ་དང་གཞུང་གི་ལས་བྱེདེ་དེ་དག་ལ་
    ཁ་པར་དང་དྲ་བརྒྱ་སོགས་ནས་ཡང་ཡང་འབྲེལ་བ་གཟོས་དགོས།

    དེ་ལྟ་བྱས་ན་བོད་མིས་དྲ་བརྒྱ་དང་ཁ་པར་སོགས་ལ་འབྲེལ་བ་གཟོས་ན་ཉན་ཁ་ཆུང་དུ་འགྲོ་ངེས་རེད་།།

    བོད་མི་རྒན་གཞོན་ཚང་མས་འབད་པ་མཚལ།།

    Reply
  23. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    མི་རིགས་ཤིག་གི་ཆེད་དུ་འདི་ལྟར་བཞུད་སོང་བ་ཡིན་སྟབས། མྱ་ངན་དང་ཆབས་ཅིག ང་ཚོས་ང་ཚོའི་ལས་འགན་དང༌། གཤེགས་ཟིན་པ་ཚོའི་མཛད་རྗེས་དང༌། ཞལ་ཆེམས་དེ་ཚོ་ངེས་པར་ཡིད་ལ་དྲན་པ་ཞིག་གནང་དགོས་པ་གལ་ཆེན་པོ་རེད། དེ་རིང་གི་གསར་འགྱུར་འདི་དྲ་ངོས་ནས་མཐོང༌། རླུང་འཕྲིན་ནས་ཐོས་པ་གཉིས་ཀ་བྱུང་བས་ཡིད་སེམས་མྱ་ངན་གྱིས་གཟིར་བར་བྱས། དནི། མཆོམ་གཤོམ་མདུན་ལ་མཆོད་མེ་ཕུལ་ཏེ། མིག་ཆུ་ཤམ་ཤམ་གྱིས་མ་ཎི་བགྲངས་ཀྱིན་ཡོད།
    ཚང་མས། འདས་པོ་དེ་དག་འདི་ཕྱི་བར་དོའི་འཇིགས་སྐྲག་ཡ་ང་བ་ལས་གྲོལ་ཏེ། ལྷ་མིའི་དད་རྟེན་རིམ་བརྒྱུད་མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གོ་འཕང་བདག་གིར་བྱེད་པའི་ལུས་ཅན་འབའ་ཞིག་ཏུ་སྐྱེ་བར་སྨོན་ལམ་རྣམ་དག་རེ་འདེབས་གནང་རོགས་ཞུའོ།།

    Reply
  24. ཀླུ། says:
    ལོ་ 16 སྔོན།

    ཨ་ཁ་ཁ་་་་་་་་་་་་་་་་་་་་མི་བཞི་ཕྱོགས་ཁག་དང་རིག་གནས་གསར་བརྗེ། ལྔ་བཅུ་ལྔ་བརྒྱད་དང་ཉིས་སྟོང་བརྒྱད། ཚེ་སྲོག་དུ་མ་གཏེར་ལ་སྦས་ཤིང་ཁོར་ཡུག་ཡོད་ཚད་རྡུལ་གྱིས་གཡོགས། རྒན་པོ་ཚོའི་ལག་རྟེན་བཅག་ཅིང་བྱིས་པ་ཚོའི་ཕ་མ་ཤོར། སྟག་ཤར་ཚོའི་དགའ་མ་འཕྲོག་ཅིང་མཛེས་མ་ཚོའི་སེམས་རྟེན་ཡལ། ཨ་ཨ། ཆོས་སྐྱོང་སྲུང་མ། ཡི་དམ་དམ་ཅན།མཆོད་མཆོད་བཀུར་བཀུར་གྱི་དགྲ་ལྷ་ཚོ། སྙིང་རྗེ་རྐྱང་རྐྱང་གི་འཚོ་བའི་མི་རིགས་འདི་ཅི་ཞིག་ལ་ཅིས་དོན་དུ། ཉེས་བ་ཅི་ཡང་མེད་པར་མུན་ནག་གི་འཇིག་རྟེན་ཞིག་ལ་བསྐྱལ་དོན་གང༌། ཀྱེ་ཀྱེ་དཀོན་མཆོག་ལགས།
    ངོ་མ་རེད་
    བོད་མི་གསུམ་གྱི་ཚེ་སྲོག་འཕྲོག་སོང་།
    ས་ཡ་དྲུག་གི་སེམས་ཁམས་རྨས་སོང་།།

    Reply
  25. འབྲོག་རུ་ཆོས་དར། says:
    ལོ་ 16 སྔོན།

    ཨོྃ་མ་ཎི་པདྨེ་ཧཱུཾ། ད་སྙིང་མ་རྗེ།

    Reply
  26. བསེ་རུ། says:
    ལོ་ 16 སྔོན།

    རྒྱ་ནག་གི་དབང་འཛིན་པ་ཚོས། བོད་མི་འདི་ཚོར་རྡུང་གཅོག་འཕྲོག་སྲེག་གི་མིང་ཐོག་ནས་སྲོག་ཁྲིམས་བཅད་པ་ཞིག་རེད་ཅེས་ཤོད་ཐུབ།
    ང་ཚོས་ཞི་བའི་སྐད་འབོད་ཁྲོད་རང་སྲོག་འབེན་འཛུགས་བྱས་ཀྱང་། ཁོ་ཚོས་མི་དཀར་ལ་ཞྭ་ནག་གཡོག་བཞིན་འདི་ལྟར་ཚེ་སྲོག་འཕྲོག་གིན་ཡོད།

    བོད་མི་འདི་དག་ལ་རྒྱ་ནག་གི་རྩ་ཁྲིམས་དང་ཉེས་དོན་ཁྲིམས་ཡིག་གི་འབྲུ་དོན་ལྟར་ཚུལ་ལྡན་གྱི་ཁྲིམས་ཆད་བཏང་བ་མིན་པ་ཐག་གིས་ཆོད། །

    བོད་མི་གསུམ་གྱི་ཚེ་སྲོག་འཕྲོག་སོང་།
    ས་ཡ་དྲུག་གི་སེམས་ཁམས་རྨས་སོང་།།

    Reply
  27. རྒྱལ་ཐང་ཡོན་ཏན says:
    ལོ་ 16 སྔོན།

    ངའི་སྤུན་ཟླ་ཚོ་གཟིགས་དང་་་རྒྱ་འདྲེ་དེ་ཚོས་བོད་མིའི་ཚེ་སྲོག་ལ་རིན་ཐང་སྤུ་ཙམ་མེད་པར་བསོད་རྐྱང་བྱེད་བཞིན་རེད། ད་འོ་ཚོར་ཐབས་ཤེས་ཅི་ཡོད་བསམ་བློ་མཐོངས་དང་མ་མཐའ་ཡང་འདས་པོའི་རྣམ་ཤེས་ཁ་བ་ཅན་ལ་འཁོར་བའི་མཆོག་གསུམ་ལ་སྐྱབས་འཇུག་སྨོན་ལམ་འདེབས་དགོས་ཤིང་ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།

    Reply
  28. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཨོྃ་མ་ཎི་པདྨེ་ཧཱུཾ།ཨོྃ་མ་ཎི་པདྨེ་ཧཱུཾ།ཨོྃ་མ་ཎི་པདྨེ་ཧཱུཾ།ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།

    Reply
  29. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།

    Reply
  30. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    དངོས་གནས་བློ་ཕམ་རང་རེད།
    ཚེ་འདས་གསུམ་ལ་གདུང་སེམས་མཉམ་བསྐྱེད་ཕྱིར་འདིར་ཡོང་བ་ཡིན།

    Reply
  31. ཀླུ་རྩེད། says:
    ལོ་ 16 སྔོན།

    སེམས་སྡུག་ཅིང་ཡིད་སྐྱོ་བའི་གནས་ཚུལ་འདི་དག་རྒྱ་ནག་གཞུང་གིས་ག་དུས་ཡིན་ནའང་གསང་བ་བྱེད་ཀྱི་ཡོད་པ་རེད། བཙན་བྱོལ་དུ་ཡོད་པའི་ཆབ་སྲིད་ཚོགས་པ་ཁག་གིས་རྒྱལ་སྤྱིའི་ཐོག་དངོས་ཡོད་བརྒྱུད་བསྒྲགས་བྱེད་ཀྱི་ཡོད་པ་ཧ་ཅང་དགའ་འོས་པ་ཞིག་རེད་ལ། དེ་ནི་སྐབས་སུ་བབ་པའི་འོས་འགན་གཙོ་བོ་རེད། བོད་གནས་ཉམས་ཞིབ་ཐོག་ནུས་ཤུགས་འདོན་དགོས་པ་རེད། ཨཾོ་མ་ནི་པདྨེ་ཧཱུཾ།

    Reply
  32. ཐོག་རྒོད། says:
    ལོ་ 16 སྔོན།

    རྒྱ་དམར་རུ་ཚོགས་ཇགས་ཚོགས་འདིས་ཐུབ་ཚོད་རང་རེད།ང་ཚོར་རྡུལ་ཕྲན་མཚོན་ཆ་ཡོད་ན་འཕེན་རན་རེད་ད།
    དྲ་གྲོགས་ཚོས་ཁ་པར་རྒྱོབས།སུ་ལ་བརྒྱབ་དགོས་སམ?????????

    རྒྱལ་ཚབ་སྟག་བྲག་ལ་ཁ་པར་རྒྱོབས།
    མཁས་དབང་དགེ་ཆོས་དང།རྒྱལ་ཚབ་ར་སྒྲེང་གཙོས་ཚང་མ་བསད་ཚར་བ་རེད།ད་རྒྱ་ནག་ལ་སྟག་བྲག་གི་དམག་དཔུང་གང་ན???????????????????

    Reply
  33. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    ཨོྃ་མ་ཎི་པདྨེ་ཧཱུཾ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    ཁོང་རྣམས་ཀྱི་རྣམ་ཤེས་ལ་ལྷ་དཀོན་མཆོག་གསུམ་པོས་མགོན་སྐྱོབ་གནང་རོགས།
    བོད་ཁ་བ་ཅན་གྱི་ལས་འདི་་་་་ད་ གང་དྲགས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ད་གནམ་ས་ལྡིར་བའི་ངོ་རྒོལ་ཞིག་བྱེད་རན་འདུག ཐེན་ཅིན་གྱི་ཀུང་སི་ཞིག་གིས་ཀྱང་བོད་མི་ཚོར་མགོ་གཡོག་མགོ་སྐོར་བཏང་ནས་དཀའ་ངལ་སྤྲོད་ཀྱིན་པའི་སྒང་རེད། ད་ངོ་མ་ང་ཚོས་ཅིག་བྱེད་རན་འདུག

    Reply
  34. བོད་པ་ཚང་། says:
    ལོ་ 16 སྔོན།

    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། འདས་གྲོངས་སུ་གྱུར་པའི་བོད་མི་གསུམ་མྱུར་དུ་བདེ་འགྲོའི་གནས་སྤྱི་དང་། ཁྱད་པར་བོད་གངས་ཅན་ཡུལ་དུ་སླར་ཡང་སྐྱེ་བ་ལེན་པར་ཤོག། དྲྭ་གྲོགས་ནད་པས་ལུང་འདྲེན་ཚིགས་བཅད་ཀྱི་སྔོན་དུ་ཇི་སྐད་དུ། ལྟ་བུའི་ཚིག་གང་རུང་ཞིག་ཡོད་ན་ལུང་འདྲེན་ཡིན་པར་རྟོགས་སླ། དེ་མིན་ཚིགས་བཅད་འདི་མཇལ་མ་མྱོང་བ་ཞིག་གི་མཐོང་ཚེ། དྲྭ་གྲོགས་ནད་པས་བརྩམས་ཡིན་པར་བསམ་སྲིད།

    Reply
  35. སྨར་དྷི་ཟེར། says:
    ལོ་ 16 སྔོན།

    བློ་ཕམ་པོ་ཞེ་དྲག་རེད་ཞིང་གཤེགས་གསུམ་པོ་དེའི་ཚེ་རབས་ནས་བྱས་བསགས་སྡིག་གཏུང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་པའི་སྨོན་འདུན་ཞུ།
    མ་གཞི་གནས་ཚུལ་འཁོར་སྤྲོད་གནང་མཁན་གྱི་ཚོགས་པ་དེ་ཚོ་ལ་ཡིད་ཆས་གཏན་ནས་མེད་ཁོང་རང་ཚོ་ཚོགས་པ་དེ་ཁོངས་འཁྱོལ་ཡ་ཆེད་འདྲ་མིན་མང་པོ་བྱེད་ཀྱི་འདུག་ད་དུང་།

    Reply
  36. ནད་པ says:
    ལོ་ 16 སྔོན།

    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲིད་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese