མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་བཞི་ལྷ་ས་ནས་སྲོག་ཐོག་ལ་བཏང་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་འདི་ཐོག་མར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གསར་ལམ་ཁག་ལ་བཀྲམས་དུས་བོད་མི་གསུམ་སྲོག་ཐོག་ལ་བཏང་བར་བཤད་འདུག་ཀྱང་། བཙན་བྱོལ་བོད་གཞུང་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ནས་བསྒྲགས་དུས་བོད་མི་བཞི་སྲོག་ཐོག་ལ་བཏང་བར་བཤད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གསལ་བསྒྲགས་ལྟར་ན། ཕྱི་ཚེས་ ༢༠ ཉིན་ལྷ་ས་ནས་སྲོག་ཐོག་ལ་བཏང་བའི་ཁྲོད་མི་བཞི་ཡོད་ལ། ཁོང་རྣམས་ནི་ལྷ་ས་ནས་ཡིན་ཞིང་རང་ལོ་ ༢༧ ལ་སོན་པའི་བློ་བཟང་རྒྱལ་མཚན་དང་། ལྷ་ས་ཞོལ་བཀྲ་ཤིས་ཁང་ནས་ཡིན་ཞིང་རང་ལོ་ ༢༥ སོན་པའི་བློ་ཡག ས་སྐྱ་རྫོང་ནས་ཡིན་ཞིང་རང་ལོ་ ༢༡ ཡིན་པའི་ཕུན་སྐྱིད་བཅས་དང་། སྲོག་ཐོག་ལ་བཏང་བའི་མི་བཞི་པ་དེ་སུ་ཡིན་ངོ་རྟགས་ཆོད་མེད་སྐོར་བཀོད་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་གནས་ཚུལ་གྱི་ཁུངས་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་རེད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གསར་འགོད་གསལ་བསྒྲགས་ནང་དུ་ཉིན་དེར་མི་གསུམ་སྲོག་ཐོག་ལ་བཏང་བའི་ཁྲོད་ཀྱི་གཅིག་ནི་མདོ་སྨད་རྔ་པ་ནས་ཡིན་སྐོར་བཤད་ཡོད་པ་རེད།

བོད་མི་འདི་དག་སྲོག་ཐོག་ལ་གཏོང་དོན་ནི་ལོ་སྔོན་མའི་ཞི་རྒོལ་གྱི་གྱོད་དོན་སྐོར་ནས་ཡིན་པ་གསར་འགྱུར་ཁག་ཏུ་སྔོན་སོང་ལྟར། ད་ཆར་བཙན་བྱོལ་བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་རྒྱ་ནག་གི་ཁྲིམས་མེད་ལུགས་མེད་ཀྱི་བྱེད་སྟངས་འདིའི་ཐད་ངོ་རྒོལ་གྱི་ལས་འགུལ་དང་རྣམ་འགྱུར་ཤུགས་ཆེ་རུ་འགྲོ་བཞིན་པའི་སྒང་རེད།

འབྲེལ་ཡོད་གསར་འགྱུར།

Gaden Tripa Lobsang Dorje presenting traditional offerings to His Holiness the Dalai Lama during Ganden Ngamchö Celebrations at Drepung Monastery in Mundgod, Karnataka, India on December 14, 2025. Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

སྐར་མ ༥༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠

མཆན། 8

  1. བསྟནའཛིན says:
    ལོ་ 16 སྔོན།

    ང་རང་བོད་མི་ཞིག་ཡིན་པས་ཆ་ནས་བློ་འཚབས་ཆེན་པོ་ཡོད།་རྒྱ་ནག་ལ་རྣ་སྨིན་འཁོར་རྒྱུ་རེད།

    Reply
  2. ཅོ་རྟམ། says:
    ལོ་ 16 སྔོན།

    ཨོྂ་མ་ཎི་པདྨེ་ཧཱུཾ། ཡང་བོད་མི་སྲོག་ཐོག་བཏང་འདུག ད་བོད་ནས་བོད་མི་ཚོ་སྲོག་ཐོག་བཏང་བ་དང་བཙོན་འཇུག་གིས་ཚར་རྒྱུ་རེད།

    Reply
  3. དགྲ་འདུལ། says:
    ལོ་ 16 སྔོན།

    ད་ལོ་བོད་དོན་ལ་ལོ་ཡག་སྐལ་བཟང་ཞིག་མ་ཤར་ཐལ། ཨོ་བྷ་མས་ཏཱ་ལའི་བླ་མར་མཇལ་འཕྲད་མ་གནང་བ་དང་། ཨོ་བྷ་མ་རྒྱ་ནག་ལ་ཕེབས་རྒྱུའི་བདུན་ཕྲག་འགའི་སྔོན་ལ་རྒྱ་ནག་གཞུང་གིས་མི་བཞིའི་སྲོག་བླངས་ཏེ་ཨོ་བྷ་མར་སྣེ་ལེན་བྱས་སོང་། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཞེས་འབོད་པའི་གནད་དོན་ཏེ། ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་སྲོག་ཤིང་འདྲ་བོ་དེ་ཆགས་ཚར་འདུག
    ཨ་རིའི་སྲིད་འཛིན་རྒྱ་ནག་ལ་ཡོང་སྐབས་རྒྱ་ནག་གིས་ཁོང་ལ་བོད་ཀྱི་གནད་དོན་ཐོག་ལག་པ་མ་འཆང་ཞེས་པའི་བརྡ་ལན་དུ་ལྷ་ས་ནས་མི་བཞི་ ༢༠༠༨ ལོའི་དོན་རྐྱེན་དང་སྦྱར་ནས་སྲོག་ཐོག་ལ་བཏང་འདུག འདིའི་ཐད་ཕོ་བྲང་དཀར་པོའི་གཞུང་གིས་མ་གོ་མདོག་གིས་ཁུ་སུམ་མེར་བཞུགས་པ་ནི་ཧ་ལས་དགོས་པའི་དོན་དག་ཅིག་མ་རེད་དམ།

    Reply
  4. རྟ་རྫི་གདོང་ནག says:
    ལོ་ 16 སྔོན།

    རྡ་སའི་མི་མང་གི་ངར་ཤུགས་ཟམ་གདོང་བླ་མའི་ཕྱག་ན་ཡོད་པས། རྒྱ་མིས་ང་ཚོའི་བསད་ཀྱང༌།བཀའ་ཁྲིའི་རྣ་སྒོ་ཕྱག་རོགས་བཀའ་བློན་ཚོས་བཀག་ཡོད་པ་ཐག་གི་ཆོད། དེ་མིན་ན་ལས་འགན་ཞིག་ཡོད་རྒྱུ་རེད། དེ་མ་རེད་དམ།

    Reply
  5. གཉན་མདང་ཕོ་ཉ། says:
    ལོ་ 16 སྔོན།

    ཕྱི་ཚེས་༢༠་ཉིན་བོད་ནས་བོད་མི་བཞི་དམར་བསད་བཏང་སྟེ།
    ཕྱི་ཚེས་༢༢ དགོང་མོར་གཞུང་འབྲེལ་མིན་པ་ཚཽགས་པ་ལྔས་མར་མེའི་ཁྲམ་སྐོར་རྒྱ་ཆེན་པོ་དང་ངར་ཤུགས་དོད་པོ་ཞིག་རྡ་ས་བྱས་སོང་།
    དེར་བརྟེན་དེ་ནུབ་གྲལ་སྒྲིག་ཆ་ཚང་ཟིན་པའི་ཅ་དྷི་སྒར་མཐོ་སློབ་ནས་ཀྱང་གཞས་སྣ་གོ་སྒྲིག་དེ་ཕྱིར་འགྱང་བྱས་པ་རེད།
    ཡིན་ནའང་དེའི་ཕྱི་ཉིན་ཕྱི་ཚེས་༢༣ ཉིན་TCVདུས་ཆེན་ཟེར་ནས་བུ་ཁྱིམ་དུས་དྲན་གྲལ་རྒྱས་པོ་རེ་བྱེད་ཀྱིན་འདུག
    གཞུས་ལུས་
    བཙན་བྱོལ།

    Reply
  6. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    རྒྱ་ནག་གི་སྲིད་དོན་ལ་བོད་མི་འཇོན་ཐང་ཅན་རེ་འགའ་ཡོད་ན། དེ་དག་ལ་ཉེས་པ་མེད་ཀྱང་ཉེས་པ་བཀལ་ཏེ་རྩ་མེད་བཟོ་རྒྱུ་ནི་རྒྱ་ནག་སྲིད་གཞུང་གི་འོས་འགན་ཨང་དང་པོ་དེ་ཡིན།

    Reply
  7. བསེ་རུ། says:
    ལོ་ 16 སྔོན།

    ལུང་རིགས་ལགས། འདི་ནི་གསར་ཁང་དང་གསར་འགོད་པ། ཚོགས་པ་ཁག་ཙམ་མ་ཟད།
    མི་སྒེར་པ་ཁག་གི་ཁ་ལ་ཡང་འབྲེལ་བ་དམ་ཟབ་འདུག བོད་ནང་གི་གནད་དོན་འདི་ཚོའི་རིགས་གཟབ་གཟབ་མ་བྱས་ན། ང་ཚོས་ང་ཚོ་མེད་པར་བཟོ་ཉེན་ཡོད།།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ངའི་བསམ་པར་གསར་འགོད་པ་དང་གསར་ཁང་དག་གིས་གནས་ཚུལ་རག་ཚད་ཁ་སུ་སྔ་དང་ལག་གང་མགྱོགས་ལྟར་འགོད་པ་བཞིན། ཚོགས་པ་ཁག་གིས་ཀྱང་འདི་ལྟའི་སྔ་ཕྱི་ཞིག་རྩོད་བཞིན་པའི་བར་ནས་གནས་ཚུལ་ཁ་གསལ་འཐུས་ཚང་ཞིག་དུས་ཐོག་ལ་སྤེལ་མི་ཐུབ་པའི་དཀའ་ངལ་ཞིག་ཀྱང་མེད་དམ་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese