མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བཅུ་བདུན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

བཅུ་བདུན།


ཉི་མ་ནི་རི་སྤྱང་གིས་དེད་པའི་ལུག་ཁྱུ་བཞིན་དུ་གར་སོང་ཆ་མེད་དུ་འགྲོ་བཞིན་ཡོད་ལ། བློ་བཟང་གི་མི་ཚེ་དེ་ཡང་དེ་ལྟར་དུ་འགྱུར་བ་འགྲོ་བཞིན་ཡོད་པ་ལྟར། ཟླ་ངོ་ཁ་ཤས་ཀྱི་རྗེས་ཀྱི་དེ་རིང་བློ་བཟང་ནི་སྔོན་ཆད་ཀྱི་ལས་ཀ་བྱེད་ས་དེ་ན་མེད།

བློ་བཟང་གིས་དབྱིན་ཇིའི་ཟ་ཁང་ཞིག་གི་ནང་དུ་ཕོར་བ་འཁྲུ་བའི་ལས་ཀ་བྱེད་བཞིན་ཡོད་ལ། དེ་རུ་ཁོ་རང་ལ་དབྱིན་ཡིག་སྤྱོང་བའི་གོ་སྐབས་ཤིག་དང་དྭང་བླང་དབྱིན་དགེ་ཡང་རེག་གི་ཡོད་པ་རེད། བློ་བཟང་གིས་ཟ་ཁང་འདིར་ལས་ཀ་ལས་ནས་རིང་བོ་སོང་མེད་ན་ཡང་། ད་ལྟའིའཆར་ཁོ་རང་ལ་དབྱིན་ཡུལ་ནས་ཡིན་པའི་དྭང་བླང་དབྱིན་དགེ་མ་ཞིག་ཀྱང་རེག་ཡོད།

བློ་བཟང་ལ་ཉིན་རེ་ལ་དུས་ཚོད་གཅིག་གཉིས་ཤིག་གི་རིང་དུ་ངལ་གསོ་ཡོད་པ་རེད། དེ་ཡང་ཉིན་གུང་དུ་འཁེལ་ཡོད་པས་སྐབས་དེ་དང་བསྟུན་ནས་དབྱིན་དགེ་མ་དེ་ཡང་བློ་བཟང་གི་ནང་དུ་དབྱིན་ཡིག་ཁྲིད་དུ་ཡོང་གི་ཡོད། བློ་བཟང་གི་འདུག་སའི་ནང་དུ་རང་གི་གྲོགས་པོ་ཞིག་ལྷན་དུ་བསྡད་ཡོད། ཡིན་ཡང་། གྲོགས་པོ་དེ་ལ་གཞུང་འབྲེལ་མ་ཡིན་པའི་ལས་ཀ་ཞིག་ཡོད་སྟབས། ཉིན་དཀར་མང་ཤོས་སུ་ནང་དུ་མེད།

བློ་བཟང་གིས་ནང་དུ་མོག་མོག་ཞིག་བཟོ་བཞིན་ཡོད་ལ། ཕྱི་རོལ་དུ་རྡ་སའི་གནམ་ངོ་ནི་འགྱུར་ལྡོག་ཧ་ཅང་ཆེ་བའི་ཆར་བ་ཡང་ཟིམ་ཟིམ་ཞིག་འབབ་བཞིན་ཡོད་ཀྱང་། དབྱིན་དགེ་མ་ལེས་ན་དེ་ལ་་ཡང་མ་འཛེམ་པར་བློ་བཟང་གི་ནང་དུ་འབྱོར། ཧེ་་་བློ་བཟང་། ག་རེ་བྱེད་ཀྱི་ཡོད་ཟེར་ནས་དབྱིན་སྐད་ཀྱིས་དྲིས།

བློ་བཟང་གིས་མྱུར་དུ་ཤེལ་ཕོར་ཞིག་ལེན་ཞོར་དུ། ངས་འུ་གཉིས་ལ་ཉིན་གུང་ཁ་ལག་ཞིག་བཟོ་བཞིན་ཡོད། དང་བོ་ཁྱེད་རང་གིས་ཇ་ཞིག་བཏུང་ཟེར་ནས་རང་གི་ལག་ནང་གི་ཤེལ་ཕོར་ནང་དུ་ཤོག་བཏུམ་བརྒྱབ་པའི་ཇ་ནག་ཆུང་ཆུང་དེ་གཡུགས་ནས། དེའི་སྟེང་དུ་ཆུ་བསྐོལ་བླུགས་དེ་ལག་གཉིས་ཀྱིས་དམ་པོར་སྐྱོར་ནས་རང་གི་དབྱིན་དགེ་མ་ལེས་ན་ལ་སྤྲད།

དབྱིན་དགེ་མ་ལེས་ན་དངོས་ནས་གནམ་གཤིས་ཀྱི་དབང་གི་ཟེར་ན་འདྲ། གོན་པ་སྲབ་དྲགས་དེ་ཟེར་ན་འགྲིག དངོས་ནས་གྲང་བཞིན་ཡོད་པ་མ་ཟད། ལག་པ་གཉིས་ཀྱང་འདར་ཞོར་དུ་ཐུགས་རྗེ་ཆེ་ཟེར་ནས་བློ་བཟང་གི་ལག་གི་ཇ་ཕོར་དེ་བླངས།

བློ་བཟང་གིས་དབྱིན་སྐད་ཕྲན་པུ་ཞིག་ལས་མི་ཤེས་ཀྱང་། ངོ་ཚ་ཞོར་དུ་ལེས་ན་ཁྱེད་ཀྱིས་ཇ་དེ་འཐུང་ནས་ཅུང་ཙམ་སྒུག་དང་། ངས་མོག་མོག་བཟོས་དེ་ཚར་གྲབས་འདུག དེ་ཚར་ན་འུ་གཉིས་ཀྱིས་མོག་མོག་བཙོ་བཞིན་པའི་སྐབས་སུ་ཅུང་ཙམ་ཁ་སང་གི་འཕྲོར་མཐུད་ན་འགྲིག་གི་འདུག་གམ་ཟེར་ནས་དྲིས།

དབྱིན་དགེ་མ་ལེས་ན་དངོས་ནས་འཛུམ་མདངས་དང་བཅས་དེ། ཡིན་དང་ཡིན། ངས་རོགས་བྱེད་དགོས་པ་འདྲ་འདུག་གམ་ཟེར་ནས་བློ་བཟང་ལ་བཤད། བློ་བཟང་གིས་མགོ་བོ་ཐད་དུ་གཡུགས་ཞོར་དུ། དབྱིན་སྐད་ཀྱིས་མིན་མིན། འདི་ལས་སླ་བོ་ཡོད་པ་རེད་ཟེར་ནས་སྐར་ཆ་ཁ་ཤས་ཀྱི་རྗེས་སུ་མོག་མོག་དབུགས་ཐབ་ཀྱི་སྒང་དུ་བཞག་ནས། དབྱིན་དགེ་མ་ལེས་ན་གམ་དུ་བསྡད་དེ་སློབ་དེབ་ཀྱི་ཁ་ཕྱེ།

དབྱིན་དགེ་མ་ལེས་ན་ཡིས། དེ་རིང་འུ་གཉིས་ཀྱིས་སློབ་དེབ་སྟེང་གི་མི་ཁྲིད་པར། རང་རང་གི་བསམ་ཚུལ་དང་མི་ཚེ་སོགས་དྲི་བ་དང་དྲི་ལན་སོགས་བྱས་པ་ཡིན་ན། ཁྱེད་རང་གི་དབྱིན་སྐད་ཡར་རྒྱས་འགྲོ་རྒྱུར་དངོས་ནས་ཕན་ཐོག་གི་རེད་ཅེས་བློ་བཟང་ལ་བལྟས་དེ་བཤད།

བློ་བཟང་གིས་བསམ་བློ་གང་ཡང་མ་བཏང་བར། དེ་འགྲིག་གི་འདུག དངོས་ནས་བསམ་ཚུལ་ཡག་པོ་རེད། ངས་ཀྱང་དབྱིན་ཡིག་ཡག་པོ་ཞིག་ཤེས་རྒྱུ་དཀའ་མོ་རེད། དེ་ལས་སྐད་ཡག་པོ་ཞིག་ཤེས་སོང་བ་ཡིན་ན་ཡག་པོ་ཡོད་པ་མ་ཟད། ང་རང་ལ་དེ་ཙམ་གྱིས་འགྲིག་གི་འདུག་ཞེས་དབྱིན་དགེ་མ་ལེས་ན་ལགས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་བྱས།

དབྱིན་དགེ་མ་ལེས་ན་ཡིས་ང་ནི་དབྱིན་ཡུལ་ནས་སྐྱེ་བ་ཡིན། ད་ལོ་ལོ་ཉེར་བརྒྱད་ཡིན། ནང་དུ་སྤུན་མཆེད་ཀྱང་མང་བོ་མེད། སྔོན་ཆད་གནམ་ཐང་ཞིག་དུ་ལས་ཀ་བྱས་མྱོང་། འདིར་མ་ཡོང་སྔོན་དུ་ལས་ཀ་དེ་མཚམས་བཞག་པ་ཡིན། རྗེས་སུ་ཕར་སོང་ན་གཞི་ནས་ལས་ཀ་གསར་བ་ཞིག་འཚོལ་དགོས་ཀྱི་ཡོད་པ་རེད། ང་རང་ལ་ཁང་བ་དང་རླངས་འཁོར་སོགས་གང་ཡང་མེད། ད་ལྟ་ང་རང་རྒྱ་གར་རྡ་ས་མེག་ལོར་དུ་གུང་གསེང་དུ་བསྡད་ཡོད། མི་རིང་བར་ཕྱིར་རང་ཡུལ་དུ་འགྲོ་རྒྱུ་ཡིན། མེག་ལོར་དུ་ང་རང་ལ་བོད་པའི་སློབ་ཕྲུག་མང་བོ་ཞིག་ཡོད། ཕྱི་དྲོ་དང་སྔ་དྲོ་གཉིས་ལ་ང་རང་སློབ་ཕྲུག་དེ་དག་ལ་དབྱིན་ཡིག་སློབ་ཁྲིད་བྱེད་དུ་འགྲོ་བཞིན་ཡོད་ཅེས་བློ་བཟང་ལ་འདི་ལྟར་ཁྱེད་རང་གིས་ཀྱང་ང་རང་ལ་སྟབས་བདེ་སྒོ་ནས་ངོ་སྤྲོད་ཅིག་བྱས་ཟེར་ནས་བཤད།

བློ་བཟང་གིས་ཀྱང་དེ་ལྟར་དུ་རང་ཉིད་ངོ་སྤྲོད་ཅིག་བྱས་ཚར་དུས། མོག་མོག་ཟ་རན་ལ་སླེབས་འདུག་སྟབས། བློ་བཟང་གིས་ལྕགས་སྡེར་གཅིག་གཉིས་ཤིག་འགྱིག་གི་ཅོག་རྩེ་ཆུང་ཆུང་དེའི་སྒང་དུ་བཞག་ནས་ཁོ་གཉིས་ཀྱི་ཉིན་གུང་ཁ་ལག་མོག་མོག་ཟ་མགོ་བཙུགས།

དབྱིན་དགེ་མ་ལེས་ན་ནི་དངོས་ནས་དྲང་གནས་ཀྱི་བློ་བཟང་གི་བཟོས་པའི་མོག་མོག་དེར་བྲོ་བ་ཞིམ་པོ་ཞིག་བྱུང་སྟབས། བློ་བཟང་ལ་ཡང་དང་བསྐྱར་དུ་དངོས་ནས་ཐུགས་རྗེ་ཆེ་ཞེས་བཤད།

བློ་བཟང་གིས་དེ་འདྲ་གསུངས་དགོས་ཀྱི་ཡོད་པ་མ་རེད། འདི་ནི་འོས་པ་ཞིག་རེད། ཁྱེད་རང་ལྟ་བའི་དབྱིན་དགེ་ལྷག་བསམ་ཅན་མི་ཉུང་བ་ཞིག་གིས་ངེད་ཅག་བོད་པ་ཚོ་ལ་རིན་མེད་དུ་སློབ་ཁྲིད་བྱེད་པ་དང་། རང་རང་གི་འཇོན་ཚོད་ཀྱི་བོད་དོན་ལ་རོགས་རམ་བྱེད་པ་དེ་དག་ལ་བསམ་བློ་བཏང་དུས། ང་ལ་ཡང་མཐུན་རྐྱེན་འཛོམ་པོ་མེད་ཀྱང་། ནང་ནས་ཁྱེད་རང་ལ་ཟ་མ་སྟབས་བདེ་ཞིག་བཟོས་པ་དེ་ཙམ་བཟོས་དེ་བཀའ་དྲིན་ལ་བསམ་ཤེས་ཤིག་བྱས་པ་དེ་ཙམ་ནི་བྱེད་དགོས་པ་ཞིག་རེད། སྤྱིར་ཡིན་ན་ངས་ཁྱེད་རང་ལ་ཟ་ཁང་ཁ་ལག་ཡག་ས་ཞིག་དུ་མགྲོན་འབོད་བྱེད་དགོས་མོད། དེ་འདྲ་མ་བྱུང་བ་རེད་ཅེས་བཤད།

དབྱིན་དགེ་མས་དངོས་ནས་ཟ་ཁང་ནང་གི་ཟ་མ་ལས་ཁྱེད་རང་གི་བཟོས་པའི་ལག་ཟས་ཞིམ་པོ་འདུག ང་རང་གིས་མང་ཤོས་སུ་ཟ་ཁང་དག་གི་ནང་དུ་ཁ་ལག་ཟ་བཞིན་ཡོད་པ་རེད། ང་རང་ག་དུས་ཡིན་ཡང་ཁྱེད་རང་གི་ནང་དུ་ཡོང་དུས་ཡོང་དུས་སུ། ཁྱེད་རང་གིས་འཚེར་སྣང་དང་བཅས་དེ་ང་རང་ལ་ནམ་རྒྱུན་དུ་ཁ་ལག་བཟོ་བ་དང་ཇ་བཟོ་བ་དེ་དག་ནི་དངོས་ནས་བྱེད་དགོས་པ་མ་རེད་དེ། སྐུ་ཉིད་ཀྱིས་དེ་ལྟར་གནང་བ་དེར་ང་གང་དུ་སོང་ཡང་བརྗེད་ཐུབ་ས་མ་རེད་ཅེས་བློ་བཟང་ལ་སླར་ཡང་ཐུགས་རྗེ་ཆེ་ཞུས།

ཕན་ཚུན་ལ་ཐུགས་རྗེ་ཆེ་ཟེར་ནས་རང་རང་གི་ལྟ་ཚུལ་སོགས་དབྱིན་སྐད་ཤེས་མིན་ལ་མ་བལྟས་པར། གནམ་གཤིས་སྐྱོ་བའི་ཉིན་དེར་ཁོ་གཉིས་དངོས་ནས་ལྷོད་ལྷོད་ཅིག་ཆགས་དེ་ཆུ་ཚོད་ཀྱང་གཉིས་ལྷག་འགོར་བ་ཡང་མ་ཤེས་པ་རེད།

བློ་བཟང་གིས་ཆུ་ཚོད་ལ་ལྟ་ཞོར་དུ། དབྱིན་དགེ་མ་ལེས་ན་ལ། ད་ངས་དུས་ཚོད་རྫོགས་ནས་ཆུ་ཚོད་ཕྱེད་ཀ་ཕྱིན་འདུག ང་རང་སླར་ཡང་ལས་ཀ་འགྲོ་དགོས་པ་རེད། སང་ཉིན་ཡང་ཁྱེད་རང་ལ་ལས་ཀ་འདྲ་མ་བྱུང་བ་ཡིན་ན་དུས་ལྟར་དུ་ངའི་ནང་དུ་ཕེབས་རོགས་ཞུ་ཟེར་ནས་བཤད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༠ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 7

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཚོ་བློ་བཟང་འདི་ལ་སྙིང་རེ་རྗེ་ཡི་འདུག་གམ། ད་དུང་། མཇེ་མགོ་འཛུགས་ས་མ་རེག་པར། ཐ་མག་རེ་འཐེན་ནས་བསྡད་འདུག མི་རིང་བར་འདིས་ཆང་ཡང་འཐུང་ངེས་རེད། ཁྱེད་ཅག་མུ་མཐུད་དུ་བློ་བཟང་གི་གཏམ་རྒྱུད་གསན་དུ་ཕེབས་ཤོག་དང་། བློ་བཟང་འདི་ད་དུང་འཁྱར་འཁྱོར་ངང་དུ་འགྲོ་བཞིན་འདུག

    Reply
  2. དགོ་རྭ says:
    ལོ་ 17 སྔོན།

    ད་བློ་བཟང་ལ་ཟ་ལེ་རྒྱལ་གྱི་ཆོ་ལོ་སྤྲོད་ན་འདོད་དམ།

    Reply
  3. ajamyang says:
    ལོ་ 17 སྔོན།

    རྒན་རབས་པ་ལགས།    ཁ་སྔོན་ནས་རྒྱུགས་སྤྲོད་ཀྱི་དབང་གི་ཉིན་ཤས་རིང་དྲ་ཐོག་ཏུ་སླེབས་མ་ཐུབ་མ་སོང་།   དེའི་རིང་སྐུ་ཁམས་བདེ་བོ་དང་ཞེ་སེམས་སྐྱིད་པོའི་ངང་དུ་འཚོལ་ཡོད་དམ།    ཁྱེད་ཀྱིས་བྲིས་བའི་སྒྲུང་རྩོམ་འདི་ངོ་མས་ཡག་པོ་ཡོད་ས་རེད།   ཡིན་ན་ཡང་ད་རེས་ཞིབ་གློག་ཅིག་བྱས་ཐུབ་མ་སོང་།  རྗེས་སུ་ཞིབ་གསགློག་ཅིག་བྱས་ཐུབ་ན་བསམ་སོང་།

    Reply
  4. free sopu says:
    ལོ་ 17 སྔོན།

    ད་བློ་བཟང་དབྱིན་མོ་འདིས་ཟ་ཟ་རེད་

    Reply
  5. lha mo says:
    ལོ་ 17 སྔོན།

    དྲ་གྲོགས་ལགས། ཉིན་ཤས་རིང་ཁྱོད་ཀྱི་ནང་ལ་ཡོང་ཐུབ་མ་སོང་། དེ་རིང་ཁྱོད་ཀྱི་ནང་ལ་ཡོང་ནས་ཡར་མར་བལྟས་དུས་ཁྱོད་ཀྱི་ནང་དེ་སྔོན་མ་ལས་ཧ་ཅང་ཡར་རྒྱས་བྱུང་འདུག འདི་འདྲ་ཞིག་ཅེས་ཕྱིར་སོང་བ་ཡིན་ནམ་བསམས་ནས་བརྟག་སྐབས་སྤོབས་པ་དང་མདུན་སྐྱོད་ཀྱིས་ཁ་ལོ་བསྒྱུར་བ་གཞི་ནས་ཤེས་སོང་། དྲ་གྲོགས་ལགས། མུ་མཐུད་ནས་འབད་པ་བྱོས་དང་གངས་ཅན་པའི་བུ་རྒོད་ཅིག་ཡོང་བའི་རེ་བ་ཆེ།

    Reply
  6. Baichung says:
    ལོ་ 17 སྔོན།

    ཡ་ཡ།

    Reply
  7. l.yonten says:
    ལོ་ 17 སྔོན།

    དྲ་གྲོགས་ཤ་ཁྲག་རུས་ལགས་ཀྱིས་དངོས་གནས་བློ་བཟང་ལ་དགོངས་བཞེས་པ་ཡག་པོ་གནང་འདུག་ཨ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese