མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློན་ཆེན་བཤད་སྒྲའི་ཞབས་རྗེས་སྙེགས་པ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཚེས ༢༨ ནས ༢༩ བར་ཉིན་གཉིས་རིང༌། སིམ་ལ་ནས་བོད་རང་བཙན་བསྐྱར་དུ་གླེང་བ་ཞེས་པའི་བརྗོད་གཞི་འོག ༡༩༡༤ ལོར་བོད་དང༌། རྒྱ་ནག རྒྱ་གར་དབྱིན་གཞུང་བཅས་ཀྱི་སྐུ་ཚབ་ཀྱིས་ཆིངས་ཡིག་འཇོག་སའི་ ADVENCE STUDY རྒྱལ་ཁང་ནང་ལྷན་འཛོམས་བྱུང་ནས་དྲན་གསོའི་བྱེད་སྒོ་གྲུབ་རྗེས། རྒྱལ་ཁང་ཉེ་འཕྲོས་ཀྱི BRIGHTLAND HOTE གསོལ་མགྲོན་ཁང་ནང་ཉིན་གཉིས་རིང་བརྗོད་གཞི་སྣ་ཚོགས་ཐོག་བགློ་གླེང་བྱུང་འདུག

གསར་འགོད་པས་ཚོགས་འདུའི་འབྲེལ་མཐུད་པ་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་སུ་ཚོགས་འདུ་དེ་གོ་སྒྲིག་བྱེད་དགོས་པའི་དུས་བབ་དང༌། ས་ཚིགས་སིམ་ལར་གནང་བའི་གལ་གནད་སྐོར་དྲིས་པར། ཁོང་གིས་དེང་སྐབས་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་འབྱུང་བཞིན་པའི་སྒང་རེད། དུས་སྐབས་འདི་འདྲ་ཞིག་ལ་བོད་རྒྱལ་ཁབ་ཤོར་སོང་ཡང༌། བོད་མི་རིགས་ཤི་མེད་པ་དང༌། ང་ཚོ་མི་ཐོག་གསར་བ་རྣམས་ཀྱིས་རྒྱལ་ཁབ་སླར་གསོ་བྱ་འདུན་གྱི་ཕུགས་བསམ་བརླག་མེད་པ་ཁྱིམ་མཚེས་རྒྱལ་ཁབ་འདི་གཉིས་ལ་གསལ་འདེབས་བྱ་དགོས་པ་དུས་ཀྱི་དགོས་མཁོར་རེད། དེ་བས་ ༡༩༡༤ ལོར་བོད་རང་བཙན་ཡིན་པའི་སྐབས་ཆིངས་ཡིག་འཇོག་སའི་ས་ཁུལ་འདི་བདམས་པ་ཡིན་ལ། དེ་ནི་ང་ཚོ་གཅིག་པུར་ཚོར་བ་ཡོད་པ་ཙམ་མ་ཡིན་པར་གསར་ལམ་ཁག་ཏུའང་དྲིལ་བསྒྲགས་ཤུགས་ཆེན་འགྲོ་གི་འདུག་ཅེས་དང༌། ཡང་ཁོང་གིས་ཁ་སང་འདིར་སྐུ་མགྲོན་དུ་ཕེབས་པའི་རྒྱ་གར་བ་ཝེ་ཨེ་སུ་ནེ་ཝེ་ལགས་ཀྱིས། ངས་ཟམ་གདོང་རིན་པོ་ཆེའི་ཞལ་སྔར་ཁྱོད་ཚོས་བོད་དོན་ནི་རྒྱ་གར་གྱི་སྲུང་སྐྱོབ་དང་འབྲེལ་ཡོད་སྐོར་ནམ་རྒྱུན་ལབ་བསྡད་ཡོད་མོད། ལམ་དབུ་མར་ཕྱིན་ནས་བོད་རྒྱ་འོག་ཏུ་འདུག་གཏན་འཁེལ་ན་རྒྱ་གར་གྱི་བདེ་སྲུང་ལ་ཕན་པ་སྤུ་ཙམ་མེད་སྟབས། ང་ཚོས་ལམ་དབུ་མར་ངོ་རྒོལ་ཡོད། བོད་པས་བོད་རང་བཙན་རྩོད་ལེན་བྱས་པ་ཡིན་ན། དོན་དངོས་སུ་རྒྱ་གར་གྱི་སྲུང་སྐྱོབ་ལ་འབྲེལ་བ་ཡོད་ལ། ངེད་ཅག་གཞུང་དམངས་གཉིས་ཀྱིས་ཀྱང་ཁྱོད་ཚོར་རྒྱབ་སྐྱོར་ཡོད་ཡོད་པ་རེད་ཅེས་ཞུས་ཚུལ་གསུངས་པ་བཞིན། ཐེངས་འདིར་སིམ་ལར་བོད་རང་བཙན་བསྐྱར་དུ་གླེང་བ་ཞེས་པ་འདི་གླེང་སྟེགས་ཙམ་ཞིག་མ་ཡིན་པར། ཕྱིས་འབྱུང་ལས་དོན་སྤེལ་ཕྱོགས་ཐད་ལའང་གང་འཚམ་གྱི་གདེངས་ཚོད་ཡོད་སྐོར་བརྗོད་སོང༌།

གཞན་ཡང་ཚོགས་ཐོག་དེར་ཤིང་བཟའ་རིན་པོ་ཆེ་དང༌། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས། དབུས་གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར། དགུ་བཅུ་གསུམ་དྲུང་ཆེ་ཕུན་ཚོགས་དབང་ཕྱུག གཞོན་ལྷན་རྒྱུན་ལས་བསྟན་འཛིན་ནོར་བཟང༌། གཞོན་ལྷན་དབུས་རྒྱུན་ཟུར་བ་ཀརྨ་ཆོས་སྐྱིད། འབྲེལ་བ་ལས་ཁུངས་ཀྱི་འགན་འཛིན་བསོད་ནམས་ལྷུན་འགྲུབ་བཅས་མི་གྲངས་ ༣༠ ལྷག་ཞིག་ཕེབས་ནས་བརྗོད་གཞི་སྣ་ཚོགས་ཐོག་གཏམ་བཤད་གནང་འདུག

གསར་འགོད་པས་ཚོགས་འདུ་དེ་གོ་སྒྲིག་བྱེད་མཁན་གྲས་ཀྱི་དབུས་གཞོན་རྒྱུན་ལས་བསྟན་འཛིན་ནོར་བཟང་ལགས་སུ་ཚོགས་འདུའི་གྲུབ་འབྲས་སྐོར་དྲིས་པར་ཁོང་གིས། ཚོགས་འདི་དེ་གཙོ་བོ་ན་གཞོན་ཤེས་ཡོན་ཅན་ཚོའི་བསམ་ཚུལ་གཅིག་ཏུ་སྤུངས་སའི་གོ་སྐབས་ཤིག་ཡོང་རེ་བཅིངས་བ་བཞིན་གཞི་རྩའི་དེ་ལྟར་བྱུང་སོང་། ཡིན་ཡང་ཚོགས་འདུའི་དངོས་གཞིའི་སྐབས་གསུང་བཤད་གནང་མཁན་དང་ཉན་མཁན་ལྟ་བུ་ཞིག་ལས་གྲོས་བསྡུར་གྱི་རྣམ་དེ་ཙམ་ཐོན་ཐུབ་མ་སོང་ཟེར།

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཞོན་ཏར་སེམ་བྷར་ཏི་མཆོག་དང༌། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཝི་ཨེས་ནེ་གི་མཆོག་རྣམ་གཉིས་བཅས་ཆེད་ཞུས་ཀྱིས་གསུང་བཤད་གནང་འདུག་པ་དང༌། ཚོགས་ཐོག་དེར་གལ་གནད་ཆེ་ཤོས་ཀྱི་གྲོས་གཞི་གཅིག་ནི། ཉམས་ཞིབ་པ་ཀླུ་མཁར་བྱམས་ཀྱིས་སྔར་ལོ་བོད་རང་བཙན་གྱི་སྐྱ་ཐིག་དོན་ཚན་བཅོ་ལྔ་ཅན་ཞིག་བསམ་ཚུལ་བསྡུ་རུབ་ཀྱི་ངོ་བོར་འགྲེམས་སྤེལ་བྱས་པ་དེར་ཁོས་བསྐྱར་ཞིབ་སྙན་ཞུ་སྦྱངས་བཤད་བྱས་འདུག་ལ། ཀླུ་མཁར་བྱམས་ཀྱིས་གསར་འགོད་པར་བཤད་པ་ལྟར་ན། ང་ཚོས་ཚོགས་ཐོག་འདིར་གནད་དོན་འགའ་ཞིག་གཙོ་འདོན་བྱས་ནས་བརྗོད་ཡོད་ལ། དཔེར་ན། ༢༠༡༢ ལོར་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་བསྐྱར་བསྒྲགས་བྱས་ནས་ལོ་ ༡༠༠ འཁོར་པའི་དུས་དྲན་དང་སྟབས་བསྟུན། སིམ་ལར་ཚོགས་འདུ་ཞིག་གམ། ཡང་ན་བོད་རང་བཙན་དངོས་སུ་བསྐྱར་བསྒྲགས་ཡོང་ཐབས་ཀྱི་གོ་སྐབས་ཡིན་སྲིད་པས་ཚོགས་འདུ་རྒྱས་པ་ཞིག་འཚོགས་རྒྱུར་ཚང་མ་སྤྱི་མོས་བྱུང་སོང་ལ། ང་ཚོ་འབྲེལ་ཡོད་རྣམས་ཀྱིས་མི་འགྱངས་བར་འདིའི་ཐད་ལས་རིམ་སྒྲིག་རྒྱུ་ཡིན། གཞན་ཡང་ད་ཆ་བོད་རང་བཙན་དོན་གཉེར་བྱེད་མཁན་གྱི་ཚོགས་སྐྱིད་ཁག་དང༌། སྐྱེས་བོ་སྒེར་བ་རྣམས་མཉམ་རུབ་ཀྱིས་མ་འོངས་པར་བོད་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་སྐྱ་ཐིག་འདེབས་མཁན་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་རྒྱུར་ཡང་གྲོས་བསྡུར་ཤུགས་ཆེན་བྱས་ཀྱང༌། དེ་ལ་གནས་སྐབས་རིང་སྤྱི་མོས་ཀྱི་ཐག་གཅོད་བྱུང་ཐུབ་མ་སོང༌། ད་དུང་གཞོན་སྐྱེས་ཤེས་འཇོན་ཅན་རྣམས་ཀྱི་ནུས་པ་ཆིག་སྒྲིལ་བྱ་ཆེད། མུ་མཐུད་ནས་གླེང་སྟེག་འདི་འདྲ་གོ་སྒྲིག་བྱས་ན་དགེ་ཕན་ཡོད་སྐོར་ཚང་མ་མགྲིན་དབྱངས་གཅིག་གྱུར་རེད། གཞན་ད་ཐེངས་ཚོགས་ཞུགས་པ་ཡོངས་ཀྱིས་གཞི་རྩའི་ཆ་ནས་སྐྱ་ཐིག་དོན་ཚན་བཅོ་ལྔ་པར་ངེས་བཞེས་ཀྱིས་དོན་ཚན་རེ་རེ་བཞིན་བསྐྱར་ཞིབ་བྱུང་སོང་མོད། མི་བྱེ་བྲག་པས་དོན་ཚན་བྱེ་བྲག་པ་མོས་མཐུན་མེད་པ་བཤད་མ་དགོས་པ་ཞིག་རེད། དཔེར་ན། ཤིང་བཟའ་རིན་པོ་ཆེ་ཚང་གིས་སྐྱ་ཐིག་ནང་དུ་དུས་བཅད་ནང་རྒྱ་དམག་བོད་ནང་སྡོད་ཆོག་ཅེས་པར་བཀའ་བཀྱོན་བཏང་སོང་ལ། དབུས་གཞོན་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་ཀྱིས། ཁྱེད་ཀྱི་སྐྱ་ཐིག་འདི་རྒྱ་མིར་བསྟུན་དྲགས་པ་དང༌། མ་འོངས་པར་བོད་རྒྱ་གཉིས་ཀྱིས་བོད་ཀྱི་ཐོན་ཁུངས་མཉམ་སྤྱོད་བྱ་ཆོག་པ་སྐྱ་ཐིག་ནང་འཁོད་པ་དེར་ངོ་རྒོལ་བརྒྱ་ཆ་བརྒྱ་ཡོད་ཟེར། གང་ལྟར་བསམ་ཚུལ་འདི་ལྟར་བྱུང་བའི་སྟབས་ཀྱིས། ང་རང་ལ་མཚོན་ན་མ་འོངས་པར་སྐྱ་ཐིག་འདི་ཡར་རྒྱས་གཏོང་ཕྱོགས་ཀྱི་བསམ་ཚུལ་ཕྱོགས་གཅིག་ཏུ་སྤུངས་རྒྱུར་ས་བོན་ལྟ་བུ་ཞིག་བྱུང་སོང་ཟེར།

༡༩༡༤ ལོར་བོད་ནི་རྒྱ་དཀར་ནག་དང་དཔུང་པ་མཉམ་གཤིབ་བྱས་ནས་འགྲོ་ཐུབ་པའི་རང་བཙན་རྒྱལ་ཁབས་ཤིག་ཡིན་པར་བརྟེན། བོད་རྒྱ་དབྱིན་གསུམ་གྱི་སྐུ་ཚབ་རྣམས་དབང་ཚད་མཉམ་པའི་ཐོག་སིམ་ལར་འཛོམས་ནས་གྲོས་མོལ་བྱས་ཤིང༌། མཐར་རྒྱ་གར་དབྱིན་གཞུང་དང༌། བོད་སྡེ་བ་གཞུང་གི་བར་སྐད་གྲགས་ཅན་གྱི་སིམ་ལའི་ཆིངས་ཡིག་བཞག་པ་རེད། བོད་རྒྱལ་ཁབ་ཤོར་སོང་བའི་དེ་རིང་བཙན་བྱོལ་ཁྲོད་ཀྱི་གཞོན་སྐྱེས་ཁག་ཅིག་སིམ་ལའི་རི་རྩེར་འཛེགས་ཏེ། སྔོན་བློན་ཆེན་བཤད་སྒྲ་དང༌། མག་ཁི་མ་ཧོང༌། རྒྱའི་སྐུ་ཚབ་ཁྲིན་ཡིས་ཧྥན་རྣམ་པའི་ཞབས་རྗེས་དེད་ནས། སླར་ཡང་བོད་རང་བཙན་ལ་སྐྱ་ཐིག་བཏབས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩
UN High Commissioner for Human Rights Volker Türk at the 59th session of the UN Human Rights Council (photo:DRM News)
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་། 

༢༠༢༥/༠༦/༡༩
Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨

མཆན། 30

  1. ཅོ་རྟམ། says:
    ལོ་ 16 སྔོན།

    བོད་པ་ཚང་། དེ་སྔོན་ཁྱེད་ཚང་གི་སྒོ་འགྲམ་ན་དབྱིན་ཇི་བས་གངས་རིན་པོ་རེ་སློང་གི་འདུག དེ་རིང་། ཁྱེད་ཚང་གི་མི་རབས་རྗེས་མ་རྣམས་ལེ་བདའ་དང་འཁང་རའི་ཀློང་ན་འཚོ་བཞིན་འདུག སང་ཉིན་སུ་ལ་རེ་བ་བཅོལ་གྱི་ཡིན་ནམ།

    Reply
  2. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    ནོར་བཅོས།

    ༼ངེས༽་རང་ཞེས་པ་༼ངེད༽་རང་།

    Reply
  3. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་མཆོག་ལ་བསྐྱར་ཞུ།

    གོང་དུ་བསེ་རུ་ལགས་ནས་ཡིག་ནོར་ཁག་ཅིག་ཁོལ་ཕྱུང་གནང་འདུག་པ་དེ་དག་དང་། དེ་སྟེང་ངེས་རང་ནས་ཀྱང་ཡིག་ནོར་འགའ་ཟུར་འདོན་གྱིས་བཟོ་བཅོས་ཤིག་གནང་རོགས་ཞེས་ཞུས་ཡོད། ད་ལྟ་དྲ་ཐོག་ན་ཡོད་སྐབས་འདིར། བསྐྱར་དུ་ཞུ་སྐུལ་ཞིག་ཞུ་བ་ལགས་སོ།།
    ནོར་བ་བཅོས་དགོས་རིགས་ནི། གཤམ་གསལ་འདི་དག་ལགས་སོ།།

    ༡ དགོས་མཁོར་རེད། དགོས་མཁོ་རེད།
    ༢ གདེངས་ཆོད། གདེང་ཚོད།
    ༣ བཅས་མི་གྲངས་ ༣༠ སོགས་མི་གྲངས་ ༣༠
    ༤ ཚོགས་འདི། ཚོགས་འདུ།
    ༥ ཡོང་རེ་བཅིངས། ཡོང་རེ་བཅངས།
    ༦ སྐྱེས་བོ་སྒེར། སྐྱེ་བོ་སྒེར།
    ༧ ངེས་བཞེས།་ངོས་བཞེས།་

    Reply
  4. རྟ་རྫི་གདོང་ནག says:
    ལོ་ 16 སྔོན།

    བློན་ཆེན་བཤད་སྒྲས་བོད་རྒྱ་ཆེའི་མི་མང་གི་དབང་ཚད་སྒེར་བདག་བྱས་པ་དང༌། དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་གཉའ་མནོན་འོག་ཆིངས་ཡིག་བཞག་པའི་གནས་ཚུལ་དེ་གཉིས་ཀྱི་དོན་དངོས་ལོ་རྒྱུས་ལ་བལྟས་ན་བོད་འདི་རང་བཙན་ཡིན་པའི་དཔང་རྟགས་ཤིག་དང༌། ད་ལྟའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཉོ་ཚོང་བར་ན་ལྷག་པའི་བོད་དོན་ནི་འཛམ་གླིང་ཡོངས་ལ་གསལ་བོ་བཟོ་དགོས་པ་འདི་ཡང་མི་རབས་བའི་གསར་བའི་འགན་འཁྲི་ཞིག་རེད། ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་བདེན་དཔང་རྣམས་སྦས་སྐུང་མི་བྱེད་པར་འཛམ་གླིང་ལ་བསྟན་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བར་སྙམ།

    Reply
  5. threeeyes says:
    ལོ་ 16 སྔོན།

    སྤྱིར་ལས་འགུལ་་ག་རེ་སྤེལ་ན་དགའ་བསུ་ཡོད། ཡིན་ནའང་ཨུ་ཚུགས་མཁྲེགས་བཟུང་གིས་གཞན་གྱིས་གང་བྱས་ལ་ཟུར་ཟ་དང་དགོས་མེད་སྨྲ་བའི་རིགས་ལ་སྙིང་པོ་ཡོད་པ་མ་མཐོང་བས་ན།  ལས་དོན་གང་གི་ཕུགས་ན་སྤྱི་ལ་ཕན་པའི་འོད་སྣང་ཞིག་ཡོད་རྒྱུ་གལ་ཆེན་པོ་རེད་བསམ་གི། གནས་སྐབས་གནས་སྐབས་རིང་སྐད་ཆེན་པོ་བསྒྲགས་ནས་ཕུགས་འབྲས་ཡོད་མེད་ལ་མ་བལྟོས་བར་རིམ་གྱི་འཆི་བ་འགྲོ་བ་དེ་འདྲས་ཕན་གྱི་མ་རེད་འདོད་ཀི། སྤྱིར་མི་རབས་གསར་བ་ལ་མི་རབས་གསར་བའི་ལྟ་སྟངས་ཤིག་དགོས་ངེས་རེད། མི་རབས་ཡིན་ཟེར་ནས་སྐད་རྒྱག་མཁན་ཚོས་བསམ་བློ་རྙིང་པ་ཞིག་ཉར་ནས་གསར་བ་ཡིན་མདོག་བྱས་པ་ལ་དགེ་མཚན་ཨེ་ཡོད་སྙམ། རྒྱ་གར་གྱི་རྒད་པོ་ཁ་ཤས་ཀྱི་ཁ་མཆུ་ལྡག་ནས་ཁེ་ཕན་ཡོད་མེད་དེ་ལྟར་བཤད་པ་ཁྱེད་ཅག་་གི་བསམ་བློའི་རྒྱབ་ལྗོངས་གཙོ་བོ་ཡིན་ན་རེ་བ་ཅི་ཡང་མི་འདུག ཁྱེད་ཅག་གི་ཁྱེད་ཅག་གི་ལྟ་ཚུལ་དང་ལངས་ཕྱོགས་མི་འདུག མི་རབས་གསར་བ་ལ་མི་རབས་གསར་བའི་ལྟ་སྟངས་དང་བསམ་བློ་ཞིག་མེད་ཀི

    Reply
  6. ཨ་ལ་ལ says:
    ལོ་ 16 སྔོན།

    དོན་དམ་པའི་རང་བཙན་ཞིག་རྩོད་འདོད་དང་དགོས་འདོད་ཡོད་ན། རང་བཙན་ཕྱི་ན་མེད་ལ་ཕྱི་མིར་ཡང་མི་དགོས། དེར་བརྟེན་ལེན་ས་དང་སྤྲོད་མཁན་གཉིས་ཀ་ནང་ན་ཡོད་པས་རང་བཙན་ནང་ནས་རྩོད་དགོས་པས་དངོས་ནས་་རྩོད་འདོད་ཅིག་ཡོད་ན་བོད་ལ་ཕེབས་ན་མི་ལེགས་སམ།

    Reply
  7. ཀེ་ལ་ཤ། says:
    ལོ་ 16 སྔོན།

    བསྐལ་པ་སྔ་མོའི་སྐུ་དྲག་ཚོས། །གངས་ཅན་བོད་ཀྱི་གང་བུ་ཞིག །ཕྱི་ཡི་མི་ལ་ཕྱིར་སྤྲོད་བྱས། །དེ་ལ་ད་དུང་གླེང་རིན་ཅི། །

    Reply
  8. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས།

    གོང་དུ་བསེ་རུ་ལགས་ནས་ཡིག་ནོར་ཁག་ཅིག་ཁོལ་ཕྱུང་གནང་འདུག་པ་དེ་དག་དང་། གཤམ་གྱི་འདི་ཚོའང་ནོར་ནས་བྲིས་འདུག དེར་བཟོ་བཅོས་ཤིག་གནང་རོགས་ཞུའོ།།

    ༡ དགོས་མཁོར་རེད། དགོས་མཁོ་རེད།
    ༢ གདེངས་ཆོད། གདེང་ཚོད།
    ༣ བཅས་མི་གྲངས་ ༣༠ སོགས་མི་གྲངས་ ༣༠
    ༤ ཚོགས་འདི། ཚོགས་འདུ།
    ༥ ཡོང་རེ་བཅིངས། ཡོང་རེ་བཅངས།
    ༦ སྐྱེས་བོ་སྒེར། སྐྱེ་བོ་སྒེར།
    ༧ ངེས་བཞེས།་ངོས་བཞེས།་

    Reply
  9. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    རང་བཙན་ནི་ཤ་རུས་གཅིག་པའི་སྤུན་ཟླ་འདས་པོ་རྣམས་ཀྱི་ཁ་ཆིམ་ཡིན་ལ།
    ད་ལྟར་གནར་གཅོད་མྱང་བཞིན་པ་རྣམས་ཀྱི་འབོད་སྒྲ་ཡང་ཡིན།
    དེས་ན་ངས་ཅིའི་ཕྱིར་རང་བཙན་མི་བརྩོད་། ངེས་པར་དུ་བརྩོད་ངེས་ཡིན།

    Reply
  10. རྒྱང་རིང་ནས། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་བོད་བསྟན་པ་ཆབ་སྲིད་ལ་ཕན་པའིསྐད་ཆ་བཤད་རོགས་གནང་ཐུགས་རྗེ་གཟིགས།རང་ལ་དགོས།

    Reply
  11. wangdu says:
    ལོ་ 16 སྔོན།

    ཡག་པོ་རེད་དེ་རིང་ནས་ཟུང་རང་བརྩན་ལ་ཤུག་རྒྱོབས་ བརྗེས་སུ་ཡིད་རང་ཡོད་

    Reply
  12. wangdu says:
    ལོ་ 16 སྔོན།

    ཡག་པོ་རེད་དེ་རིང་ནས་ཟུང་རང་བརྩན་ལ་ཤུག་རྒྱོབས་ བརྗེས་སུ་ཡིད་རང་ཡོད་

    Reply
  13. ཨུ་ཚུགས་ཅན། says:
    ལོ་ 16 སྔོན།

    ལོང་ཤོག རང་བཙན་དགོས་ཚེ་ལོང་ཤོག
    ལོང་ཤོག རང་སྐྱོངས་དགོས་ཚེ་ལོང་ཤོག
    ལོང་ཤོག རང་དབང་དགོས་ཚེ་ལོང་ཤོག
    ལོང་ཤོག་ རང་ཡུལ་དགོས་ཚེ་ལོང་ཤོག
    ལོང་ཤོག ནམ་མ་གསལ་གོང་ནས་ལོང་ཤོག
    ལོང་ཤོག བྱ་མ་གྲགས་གོང་ནས་ལོང་ཤོག

    Reply
  14. དཀོན་མཆོག says:
    ལོ་ 16 སྔོན།

    ཁྱེད་རྣམས་ཀྱི་བོད་རང་བཙན་ལ་ཕན་པའི་བྱ་བ་ཡག་པོ་ཞིག་སྒྲུབ་པའི་རེ་བ་ཡོད།

    Reply
  15. དཀོན་མཆོག says:
    ལོ་ 16 སྔོན།

    ཨོ་ཧོ་ཧོ་ཡག་པོ་འདུག

    Reply
  16. བཤད་སྒྲུབ says:
    ལོ་ 16 སྔོན།

    རང་བཙན་མི་དགོས་ཟེར་མཁན་མེད་།།
    རང་དབང་མི་དགོས་ཟེར་མཁན་མེད་།།
    རང་དབང་མེད་ན་བདེ་སྐྱིད་མེད་།།
    རང་བཙན་མེད་ན་སྙིང་པོ་མེད་།།

    Reply
  17. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    རང་ལྗོངས་དང་དབུ་མའི་ལམ་ལ་རེ་བ་བྱེད་ནས་སྡད་ན་བོད་པ་མི་ཚེ་རྫོགས་རྒྱུ་ལས་མི་འདུག དེ་དག་དོར་ཏེ་རང་བཙན་གྱི་ལམ་དུ་བསྐྱོད་ན་འཚམས་ཤོས་མཐོང་།

    Reply
  18. ནོར་བུ་མཚོ། says:
    ལོ་ 16 སྔོན།

    སྐབས་དེར་བློན་ཆེན་བཤད་སྒྲ་ལའང་ཁག་མི་འདུག ཕྱོགས་མང་པོ་ཞིག་ནས་དཀའ་ངལ་ལ་གཏད་པས་མཐར་འུ་ཐུག་ནས་བོད་ཕྱི་མ་དང་ནང་ཞེས་དབྱེ་བ་བྱེད་དགོས་བྱུང་བ་རེད།
    ཡིན་ནའང་རྗེས་མའི་ཚོགས་འདུའི་སྐབས་ཚང་མ་རང་བཙན་གཙང་མའི་ལམ་ལ་ཞུགས་ཐུབ་པའི་རེ་བ་བྱེད་དགོས་པ་རེད། བཟང་ངན་ཅི་བྱུང་ཡང་ལམ་ཁ་དེ་ལས་འདའ་ན་མཐའ་མ་ཡག་པོ་ཞིག་ཨེ་ཡོད་སྙམ

    Reply
  19. ནོར་བུ་མཚོ། says:
    ལོ་ 16 སྔོན།

    སྐབས་དེར་བློན་ཆེན་བཤད་སྒྲ་ལའང་ཁག་མི་འདུག ཕྱོགས་མང་པོ་ཞིག་ནས་དཀའ་ངལ་གཏད་པས་མཐར་འུ་ཐུག་ནས་བོད་ཕྱི་མ་དང་ནང་ཞེས་དབྱེ་བ་བྱེད་དགོས་བྱུང་བ་རེད།
    ཡིན་ནའང་རྗེས་མའི་ཚོགས་འདུའི་སྐབས་ཚང་མ་རང་བཙན་གཙང་མའི་ལམ་ལ་ཞུགས་ཐུབ་པའི་རེ་བ་བྱེད་དགོས་པ་རེད། བཟང་ངན་ཅི་བྱུང་ཡང་ལམ་ཁ་དེ་ལས་འདའ་ན་མཐའ་མ་ཡག་པོ་ཞིག་ཨེ་ཡོད་སྙམ

    Reply
  20. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་ཁ་བརྡའི་ནང་དུ་སོང་ལ་དྲ་གྲོགས་རིགས་འབྱུང་དོན་འགྲུབ་བཀྲ་ཤིས་ཀྱི་དུས་ལ་བབ་པའི་སྐད་ཆར་ཐེངས་གཅིག་གཟིགས་རོགས།

    Reply
  21. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    རང་བཙན་དགོས་པ་ནི་མི་རིགས་ཞིག་གི་དགོས་མཁོ་གཙོ་བོ་ཡིན། སེམས་ཤུགས་མ་ཆགས་གངས་ཕྲུག་ཚོ།

    Reply
  22. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    སིམ་ལའི་ཆིངས་ཡིག་འདིར་ངོ་གདོང་འདྲ་མིན་དང་དགའ་སྐྱོ་དུ་མ་འདྲེས་ཡོད་
    ཀྱང་། ང་ཚོའི་ངོས་ནས་འགོ་འཛུགས་སྟངས་འདི་ལྟར་རེད། འདི་ནི་འགོ་འཛུགས་
    ཡིན་ལ། ནམ་ཡང་མཇུག་སྒྲིལ་མི་སྲིད་པར་སྨོན།

    Reply
  23. དུག་ཚེར། says:
    ལོ་ 16 སྔོན།

    ཚོགས་འདུ་ངོ་བོ་ལ་ལྟས་ནས་དགའ་བྱུང་། མུ་མཐུད་ནས་ཤུགས་རྒྱོབ་དང་རང་བཙན་སྐྱར་གསོ་ལ་རེ་བ་གཏན་མེད་མ་རེད།

    Reply
  24. ནད་པ says:
    ལོ་ 16 སྔོན།

    ཤིང་སྟག་སིམ་ལའི་ཆིངས་ཡིག་བཞག་རྗེས་སུ་སིམ་ལར་བོད་ཀྱི་བློན་ཆེན་བཤད་སྒྲ་བཞུགས་སའི་ཁང་པ་ཞིག་གི་ནང་སྲོལ་རྒྱུན་བོད་ཀྱི་གདན་འབོལ་སྟན་ཆ་གཅིག་དང་། མེ་ཁོག་དང་ཁོག་སྡིར་ཆ་གཅིག མདུན་ལྕོག་ཆ་གཅིག དངུལ་ལས་གྲུབ་པའི་གྲ་སྤེན་གྲ་ཀྱག་དང་དཀར་ཡོལ་ཆ་གཅིག་བཅས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་མཚོན་བྱེད་དུ་ཕྱི་ལོ་༡༩༥༩ ལོའི་སྔོན་དུ་རྒྱ་གར་དབུས་གཞུང་གིས་རྒྱ་ཁབ་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་མཚོན་བྱེད་དུ་བསྒྲིགས་བཤམས་བྱས་ཡོད་པ་རེད།

    ཕྱི་ལོ་ ༡༩༥༩ ལོར་བོད་མི་ཚོ་རྒྱ་གར་དུ་སླེབས་རྗེས་སུའང་སྐབས་དེའི་བོད་མི་རྒན་རབས་མང་པོས་ཀྱང་དངོས་སུ་མིག་མཐོང་ལག་ཟིན་བྱུང་འདུག་ཀྱང་ཕྱིས་སུ་རྒྱ་གར་གཞུང་གིས་ཀྱང་ཅ་དངོས་ཚང་མ་མིག་གིས་མཐོང་སར་བཞག་མེད་པ་མ་ཟད་སིམ་ལའི་ས་ཁུལ་སོ་ན་ལིར་བོད་མི་རྒན་རབས་ཚོ་སྐབས་དེར་ལམ་བཟོའི་ལས་ཀ་བྱེད་དུས་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་ཡིན་གྲུབ་ཆེད་དུ་རྡོ་རིང་ཞིག་ཡོད་པ་དངོས་སུ་སྐབས་དེའི་བོད་མི་མང་པོས་མངོན་སུམ་མིག་རྗེན་པས་མཐོང་ཡོད།

    འོན་ཀྱང་སྐབས་དེ་དུས་བོད་མིས་ལམ་བཟོ་རྒྱུ་བའི་དུས་སྐབས་སུ་རྒྱ་གར་གཞུང་གིས་རྡི་རིང་དེ་གཏོར་གཤིག་བཏང་ནས་མེད་པར་བཟོས་པ་བོད་མི་ལམ་བཟོ་བ་ཚོས་དངོས་སུ་མཐོང་ཡོད།

    དེ་ནི་ཕྱི་ལོ་ ༡༩༥༩ རྗེས་སུ་ཡིན་སྟབས་ད་བར་མི་ལོ་ཧྲིལ་པོ་ལྔ་བཅུ་ལས་ཕྱིན་མེད། དེར་བརྟེན་ད་ཆ་རྒྱ་ནག་གིས་རྒྱ་གར་གྱི་སྲིད་བློན་དམ་པ་པན་ཊི་ཏ་ཇོ་ཧ་ལ་ནི་རུས་གསུངས་པ་ལྟར་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ཁས་ལེན་བྱས་སྟབས་རྒྱ་ནག་གཞུང་གིས་ཀྱང་བོད་ཀྱི་ས་མཚམས་གང་ཡིན་ཐད་ལ་ད་ལྟ་རྩོད་རྙོག་ཅིག་གླེང་བཞིན་པ་རེད།

    Reply
  25. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    ཤིང་སྟག་སིམ་ལའི་གནད་དོན་དེ་ད་རེས་རྒྱ་གར་གྱི་དགོས་འཁོ་ཞིག་མཐོང་ཡོད་ངེས་རེད།

    Reply
  26. བསེ་རུ། says:
    ལོ་ 16 སྔོན།

    ཀློག་ཞོར་དུ་མཐོང་བའི་ཡིག་ནོར།

    ཞབས་རྗེས་སྙེགས་པ། ཞབས་རྗེས་བསྙེགས་པ།
    ཉེ་འཕྲོས། ཉེ་འཁྲིས།
    གླེང་སྟེག གླེང་སྟེགས།
    རྒྱལ་ཁབས། རྒྱལ་ཁབ།

    Reply
  27. སློབ་དཔོན་ says:
    ལོ་ 16 སྔོན།

    འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་ལ་བསམ་ན་མ་འགྱོན་མ་འགྲིག་པའི་ཐོག་ལ་བསམ་ཞིབ་བྱེད་དོན་མེད་། དེ་དག་ནི་ཤེས་དགོས་པའི་ཉམས་མྱོང་ཙམ་རེད་བསྟན་འཛིན་བརྩོན་འགྲུས་སོགས་ཀྱི་ད་བར་རང་བཙན་ཁ་ལ་ཁྱེར་ནས་ཕན་ཐོག་ཡོད་པའི་ལས་དོན་ཞིག་བྱེད་ཡོད་ཟེར་ན་རྒྱ་བོད་ས་འཚམ་བར་ཐེངས་ཅིག་གོམ་པ་རྒྱབ་ཏེ་འགྲོ་མྱོང་བ་དེ་ཙམ་རེད་། ཁོང་ཚོའི་རང་བཙན་ཟེར་ན་བོད་ཁ་ཐོར་བཏང་བའི་ལས་འགུལ་ཞིག་མ་རེད་པས་་

    Reply
  28. འོས་ལངས། says:
    ལོ་ 16 སྔོན།

    སིམ་ལའི་ཆིངས་ཡིག་འཇོག་སྐབས་བློན་ཆེན་བཤད་སྒྲ་ཡིས་ལྐུགས་རྟགས་བསྟན་ཡོད་ཅིང་། ལོ་རྒྱུས་རང་བཞིན་གྱི་ངོས་ནས་ཞབས་འདྲེན་ཆེན་པོ་ཞུས་ཡོད། བཤད་སྒྲས་དབྱིན་ཇིའི་སྐུ་ཚབ་མེག་མ་ཧོན་གྱི་ཞབས་རྗེས་བསྙེགས་ནས་བོད་དེ་ཕྱི་ནང་གཉིས་སུ་དུམ་བཅད་བྱས་ཡོད་པ་ལས། བོད་ཕྱི་མ་སྟེ་བོད་དབུས་ཁུལ་དང་ནུབ་ཕྱོགས་ས་ཁུལ་བཅས་པར་རང་སྐྱོང་གི་ངོས་འཛིན་ཐོག་ནས་རྒྱའི་ཐེ་བྱུས་གཏན་མེད་དང་། བོད་ནང་མ་སྟེ་བོད་ཤར་ཕྱོགས་དང་བྱང་ཤར་གྱི་ཆ་ཤས་བཅས་ལ་རྒྱས་དབང་ཤུགས་ཆེ་ཙམ་ལག་ལེན་བསྟར་ཆོག་པའི་ཐོབ་དབང་སྤྲད་ཡོད། ཕྱི་སོག་དང་ནང་སོག་གཉིས་ལྟར་བོད་དེ་ཡང་ངོས་འཛིན་མི་འདྲ་བའི་ས་ཁུལ་གཉིས་སུ་དབྱེ་བགོས་བྱས་པ་ནི་བློན་ཆེན་བཤད་སྒྲའི་ཞབས་རྗེས་རེད། ཇི་འདྲའི་ཞབས་རྗེས་ཡིད་སྐྱོ་བ་ཞིག་ཨང་།

    Reply
  29. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    བོད་རིགས་སུ་གྱུར་པ་རྣམས་རང་བཙན་གྱི་ལམ་དུ་བསྐྱོད་ན་ལེགས་པར་སྙམ།

    Reply
  30. གནམ་ལྕགས། says:
    ལོ་ 16 སྔོན།

    མངོན་པར་བསྟོད་དོ།།
    ཡག་རྒྱོ་ད་ཡག་གི་ར།ཨང་ཨང།་ཨ་ད་བཤད་མི་ཤེས་ཀི
    རྗེས་མ་ཞིག་ལ།་ད་གཡུགས་ཞོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese