མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་སྐད་ཡིག་གི་ཚེ་སྲོག་རྒྱས་བཞིན་པའི་དཔང་རྟགས། ཨ་རིག་འགྱུར་མེད།

བོད་ཀྱི་དུས་བབ།
༢༠༠༩/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་ནས་མོན་གྷོ་འདོད་རྒུ་གླིང་དུ་འགྲུལ་བཞུད་ཐེངས་ ཤིག་བྱེད་སྐབས། ངས་བོད་སྐད་ཡིག་གི་ཚེ་སྲོག་རྒྱས་བཞིན་པའི་དཔང་རྟགས་ངོ་མ་དེ་རྙེད་བྱུང་།

ཕྱི་ཚེས་ ༢༤ ཉིན་གྱི་ཞོགས་པའི་ཉི་ཟེར་ཤར་ཕྱོགས་ཀྱི་རི་རྩེ་ནས་འཕགས་མགོ་བརྩམས་ཏེ་ཡུན་ རིང་སོང་ཟིན། གདན་ས་ཆེན་མོ་གསུམ་གྱི་ཡ་གྱལ་ལྷོ་ཕྱོགས་འབྲས་སྤུངས་དགོན་གྱི་བརྗིད་ཉམས་ཀྱང་ཞོགས་པའི་ཉི་ཟེར་དང་འགྲོགས་ནས་བདག་གི་སེམས་ངོགས་སུ་འགྱང་འདུག

རླངས་འཁོར་སླེབས་རྒྱུར་སྐར་མ་བཅུ་ཙམ་ཡང་མེད་པའི་སྐབས་དེར་ངས་སྐོམ་ཆུ་ཞིག་ཉོ་ ཕྱིར་འབྲས་སྤུངས་སྒོ་མང་ཚོང་ཁང་དུ་བསྐྱོད། ཚོང་ཁང་གི་ཕྱི་ཕྱོགས་ནས་ནང་དུ་ལྟ་སྐབས་ངའི་མིག་མདུན་གྱི་ཚོང་རྫས་ཚང་མའི་ སྟེང་བོད་ཡིག་གི་མིང་བྱང་བྲིས་ཏེ་སྦྱར་འདུག་ལ། སྣང་ཚུལ་དེས་ང་ལ་གནོན་དུ་མེད་པའི་དགའ་ཚོར་ཞིག་བསྣན་བྱུང་།

བོད་ཡིག་ཟེར་བ་ནི་ཁ་ལག་པའི་བར་ནས་བཀོད་སྤྱོད་བྱས་ཏེ་ཡར་རྒྱས་གཏོང་དགོས་པ་ཞིག་ལས། མཆོད་སྒམ་ནང་དུ་བཤམས་རྒྱུ་ཞིག་མ་རེད་ལ། མཐོ་རིམ་མི་སྣ་ནས་དམའ་རིམ་གྱི་མང་ཚོགས་དཀྱུས་མ་ཚུན་ཆུད་ཀྱིས་ཉིན་རེའི་འཚོ་བའི་ཁྲོད་བེད་སྤྱོད་བྱས་ཏེ། མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་ལས། ཁ་ནས་བོད་ཡིག་ཉམས་ཀི་འདུག་དང་བོད་སྐད་བརླག་གི་འདུག་ཟེར་བས་ཀྱང་ཕན་རླབས་གང་ཡང་མེད། ང་ཚོས་ད་བར་གོང་གི་སྐད་ཆ་དེ་སྐྱུག་ལྡད་བྱས་ནས་ཡུན་རིང་སོང་ཡང་ལག་ལེན་དུ་བསྟར་མཁན་ཧ་ཅང་དཀོན་པོར་གྱུར་ཡོད་ལ། སྐད་ཆ་དེ་ཚོ་ནི་མི་ཆེན་ཚོས་རྒྱགས་གཏམ་ཁོ་ན་རུ་གྲུབ་ཚར་ཡོད། དེས་ན་འབྲུས་སྤུངས་སྒོ་མང་ཚོང་ཁང་ལྟར་ང་ཚོས་གསར་དུ་དར་དང་དར་བཞིན་པའི་ཅ་ དངོས་ཡོད་ཚད་ལ་བོད་སྐད་ཡིག་ནང་མིང་བྱང་རེ་རྙེད་དགོས་པ་མ་ཟད། སྔར་ཡོད་པ་རྣམས་མུ་མཐུད་རྒྱུད་འཛིན་དང་སྤྱི་ཚོགས་ནང་ཁྱབ་བརྡལ་དུ་གཏོང་དགོས་པ་མ་ཡིན་ནམ།

གང་ལྟར་ཡང་། ནམ་རྒྱུན་བོད་མི་རྒན་དར་གཞོན་གསུམ་གྱིས་འཁྱོངས་ལ་མི་འཁྱོངས་ཀྱིས་དབྱིན་སྐད་ཐོག་གོ་བརྡ་སྤྲོད་ཀྱིན་པའི་ཅ་དངོས་རྣམས། ད་ནི་ཉོ་མཁན་གྱིས་བོད་སྐད་བཤད་ན་འཚོང་མཁན་གྱིས་ཀྱང་དེ་རྙེད་ཐུབ་ལ། དེའི་དཔེ་མཚོན་ལྟ་བུར། དཔེར་ན། ཨ་མྲའི་ཀ་རེ་གོ་རེ་དང་ཐང་འབྲས་ཀ་ར་གོ་རེ། སྟབས་བདེ་ཐུག་པ། པེ་ཡཱར་སི་འདག་རྫས། ཤིང་ཏོག་འདག་རྫས། འོ་མའི་འདག་རྫས། ཀུ་ཤུའི་ཁུ་བ། གློག་གསོག་ཆས། གློག་ཀྱུ། རླངས་ཐབ་མེ་ཆ། འཕྲུག་བྱུག་སྨན། སོ་ཤིང་། བལ་ཐུར། དུག་སྦྲང་བྱུག་སྨན་སོགས་བོད་སྐད་ཐོག་བཤད་ན་འཚོང་མཁན་གྱིས་ཁྱོད་ལ་གང་དགོས་པ་ དེར་ཐག་འཐོག་མེད་པར་ཁྱེར་ཡོང་ཐུབ། འདི་ལྟ་བུའི་སྣང་ཚུལ་དེས་ང་ལ་སྤྲོ་སྣང་དང་དགའ་སྤྲོ་བསྣན་བྱུང་ལ། ངས་ལམ་སང་རྒྱབ་ཁུག་ལས་པར་ལེན་འཕྲུལ་ཆས་བཏོན་ཏེ་ཚོང་ཁང་གཉེར་མཁན་གྲྭ་པ་ཞིག་ ལ་པར་འགའ་ལེན་ཆོག་པའི་ཆོག་མཆན་ཞུས་པར་ཁོང་གིས་ཞལ་བཞེས་གནང་སོང་། ངས་ཚོང་ཁང་གི་ཚུར་ཕྱོགས་ནས་པར་འགའ་བླངས་ཏེ་ཕར་ཕྱོགས་སུ་སླེབས་རྗེས། དེ་སྔོན་ནས་ངོ་ཤེས་པའི་གྲྭ་གངས་རི་ལགས་ཀྱང་ཚོང་ཁང་ནང་དུ་འདུག་ལ། ངས་ཁོང་ལ་ཁྱེད་ཅག་གི་རླབས་ཆེ་བའི་ལས་དོན་འདིས་ང་ལ་སེམས་འགུལ་ཐེབས་སོང་། དངོས་གནས་ཁ་ཡོད་ལག་ཡོད་ཀྱིས་བོད་སྐད་ཡིག་ལ་ཕན་རླབས་བསྐྲུན་གི་འདུག་ཅེས་ཞུས་སྐབས། ཁོང་གིས་ཀྱང་། ང་ཚོས་ནམ་རྒྱུན་ཁ་ནས་མང་བོ་ཞིག་བཤད་བསྡད་པ་ལས་ལག་ལེན་དངོས་ཀྱི་སྟེང་ནས་བོད་ ཡིག་བཀོད་སྤྱོད་བྱེད་དགོས་ཀྱི་འདུག་ལ། འདིར་སྦྱར་བའི་བོད་ཡིག་གི་མིང་བྱང་འདི་དག་ངེད་ཅག་གིས་གསར་དུ་བཏགས་པ་དང་། སྔར་མེད་ཅིག་གསར་བཟོ་བྱས་པ་དེ་འདྲ་གང་ཡང་མིན་པར་གཙོ་བོ་བོད་ནང་ནས་གཏན་ འབེབས་ཟིན་པའི་ཐ་སྙད་དག་ལ་གཞི་བཞག་ཡོད། འདི་ལྟར་གོམ་པ་རིམ་སྤོས་བྱས་ན་ནམ་ཞིག་ང་ཚོའི་བོད་ཡིག་འདི་བཀོད་སྤྱོད་ཀྱི་ གཞི་རྒྱ་ཆེ་རུ་འགྲོ་རྒྱུའི་རེ་བ་ཞིག་གིས་དེད་པས་ཡིན་ཞེས་ལྗགས་ལན་གནང་སོང་།

དེའི་རྗེས་དུས་ཚོད་ཀྱི་དབང་གིས་ངས་ཁོང་ལ་ལྷོད་ལྷོད་བྱས་ནས་སྐད་ཆ་བཤད་པའི་གོ་སྐབས་མ་བྱུང་ཡང་། ངས་སེམས་ངོགས་ནས་དོན་དག་དེ་བརྗེད་ཐུབ་གཏན་ནས་མེད་ཐོག་དགའ་སྣང་དེ་ཡང་མ་ཡལ་ བར་ལམ་ལ་ཆས་པ་ཡིན། ལམ་བར་དུ་ངས་རང་གི་གྲོགས་པོ་ཨ་རིག་དཔལ་ལྡན་ལགས་སུ་ལས་དོན་འདིའི་སྐོར་གླེང་ མོལ་བྱེད་སྐབས། ཁོང་གིས་ང་ལ་དེ་བས་ཀྱང་གནད་དོན་འགའ་གསལ་འགྲེལ་བྱས་པ་ནི། འདི་ལྟ་བུའི་རླབས་ཆེ་བའི་ལས་དོན་འདི་རྩོམ་མཁན་ནི་གྲྭ་གངས་རི་ལགས་ཡིན་པ་དང་ ཁོང་ནི་ནམ་རྒྱུན་ནས་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་དམར་ བོ་འབེན་ཏུ་བཙུགས་ནས་རྒྱུག་ཕོད་མཁན་ཞིག་རེད་ལ། ཁ་ཞེ་གཉིས་མེད་ཀྱིས་ལས་དོན་བསྒྲུབ་ཐུབ་པའི་གྲྭ་རྐྱང་ལྷག་བསམ་ཅན་ཞིག་ཀྱང་ རེད། ད་ལྟ་ཁོང་འབྲས་སྤུངས་སྒོ་མང་ཚོང་ཁང་གི་འགན་འཛིན་ཡིན་པ་མ་ཟད། ས་གནས་མདོ་སྨད་རྒྱུན་ལས་ཀྱི་ཚོགས་གཙོ་དང་ས་གནས་གངས་ལྗོངས་རང་བདེན་རྩོད་ལེན་ མཐུན་ཚོགས་ཀྱི་ཚོགས་གཙོ་ཡང་རེད། གོ་ཐོས་བྱུང་བ་ལྟར་ན་ཐེངས་འདིའི་ལས་གཞིའི་འདིའི་ཐད་དུ་ཁོང་གིས་རང་ངོས་ནས་ དངུལ་གྱི་འགྲོ་སོང་མང་བོ་ཞིག་བཏང་བས་མ་ཚད། མིང་བྱང་དེ་དག་དཔར་དུ་ལྡི་ལིར་ཕྱིར་ཏེ་ཟླ་གཉིས་རིང་དཀའ་ལས་བརྒྱབས་ཡོད་འདུག ཡིན་ནའང་། ཡིད་ཕམ་པ་ཞིག་ལ་ཁོང་གིས་དཔར་སྐྲུན་བྱས་པའི་བོད་ཡིག་གི་མིང་བྱང་དེ་དག་ཚོང་ ཁང་གཞན་དག་གིས་བཀོད་སྤྱོད་བྱེད་ཀྱི་མི་འདུག་ལ། དེ་ནི་དངོས་གནས་ང་ཚོ་བློ་ཕམ་སྐྱེ་གཞི་ཞིག་རེད་ཅེས་བརྗོད་སོང་། གཞན་ཡང་ངས་ཁོང་ལ་གྲྭ་གངས་རི་ལགས་ཀྱི་དངོས་མིང་ལ་ཅི་རེད་ཅེས་དྲིས་པར། ཁོང་གིས་གངས་རི་ཟེར་བ་ནི་བཏགས་མིང་ཡིན་པ་འདྲ། གང་ལྟར་ད་ལྟ་ཚང་མས་ཁོང་ལ་གངས་རི་འབོད་ཀྱིན་ཡོད་མོད། ཁོང་གི་དངོས་མིང་ལ་བཀྲ་ཤིས་དབང་ཕྱུག་ཟེར་གི་རེད་ཅེས་ལན་འདེབས་གནང་སོང་།

ད་ལྟ་ངས་རེ་བ་ལྟ་བུར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་ཚོང་ཁང་ནས་མགོ་བཙུགས་ཏེ་ འབྲས་སྤུངས་བློ་གསལ་གླིང་དང་དགའ་ལྡན་ཤར་རྩེ་བྱུང་རྩེ། སེ་ར་བྱེས་སྨད། རྒྱུད་སྟོད་སྨད་སོགས་གདན་ས་ཁག་ནས་བོད་སྐད་ཡིག་བཀོད་སྤྱོད་ཀྱི་ལས་གཞི་འདི་ མེ་སྟག་བཞིན་དུ་མཆེད་དེ། རིམ་བཞིན་བཙན་བྱོལ་གྱི་སྤྱི་ཚོགས་ཧྲིལ་བོར་ཁྱབ་པ་དང་རྒན་མགོ་དཀར་ནས་གཞོན་ སོ་དཀར་ཚུན་ཆད་ཀྱིས་བོད་སྐད་ཡིག་ལ་རྒྱ་གར་དང་དབྱིན་སྐད་ཀྱི་སླད་མ་བསྲེས་པར་རྒྱག་ཐུབ་པའི་དུས་ཤིག་འཆར་རྒྱུ་མིན་ནམ་སྙམ་པ་ཞིག་གིས་དགའ་སྣང་ཁྲོད་འཐིམ་ཡོད།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

༢༠༢༣/༠༩/༢༢
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

མཆན། 17

  1. chokri nyima says:
    ལོ་ 14 སྔོན།

    ཨེ་འགྱུར་ལུ། གོས་ལ་གོང་ང་མེད་པ་གྱོན་སོང་མ་གསུངས་རོག རྩོམ་ཡིག་མགོ་སྔ་མེད་པ་ཀློག་སོང་མ་གསུངས་རོག རྟགས་ལ་ཚུལ་གསུམ་མེད་པ་བཀོད་སོང་མ་གསུངས་རོག ཡི་གེ་དག་ཆ་མེད་པ་བྲིས་སོང་མ་གསུངས་རོག གཏམ་ལ་བདག་པོ་མེད་པ་བཤད་སོང་མ་གསུངས་རོག ཚོད་ཚོད་ཚད་ལ་ཚོད་རྒྱུགས་བྱེད་སོང་མ་གསུངས་རོག
    སྐུ་ཉིད་ནས་དངོས་མིང་རྒྱབ་ལ་བསྐྱར་ནས་དངོས་པོ་རེ་མིང་ལྷག་རེ་བཏགས་སོང་ཞུ་གི་མེད། རྟགས་སུ་ལ་བཀོད་པ་ཤེས་པ་གྱིས།།།།།།།

    Reply
  2. ཨ་རིག་འགྱུར་མེད། says:
    ལོ་ 14 སྔོན།

    བསམ་ཚུལ་བཤད་པ་ཡག་པོ་རེད། ཡིན་ནའང་། ཁྱོད་ཀྱིས་བསམ་འཆར་མ་བཤད་པའི་སྔོན་དུ་གོང་གི་རྩོམ་ཡིག་དེའི་བརྗོད་དོན་ཧྲིལ་བོ་མཁྱེན་པ་གནང་རོགས། རྩོམ་ཡིག་མགོ་སྔ་མེད་པ་ཞིག་བཀླགས། མཆན་དེ་ཚོ་ཡང་མིག་ཉུལ་ཅིག་བྱས། དེ་ནས་བརྒྱུགས་ཡོང་ནས་ཚོད་ཚོད་ལ་ཅིག་བཤད། ལྷག་པར་དུ་བདག་པོ་མེད་པའི་སྐད་ཆ་རེ་བཤད། འདི་བསམ་འཆར་བཤད་སྟངས་ཤིག་རེད་དམ།

    གོང་གི་རྩོམ་ཡིག་དེའི་ནང་། ༼ ང་ཚོས་ནམ་རྒྱུན་ཁ་ནས་མང་བོ་ཞིག་བཤད་བསྡད་པ་ལས་ལག་ལེན་དངོས་ཀྱི་སྟེང་ནས་བོད་ ཡིག་བཀོད་སྤྱོད་བྱེད་དགོས་ཀྱི་འདུག་ལ། འདིར་སྦྱར་བའི་བོད་ཡིག་གི་མིང་བྱང་འདི་དག་ངེད་ཅག་གིས་གསར་དུ་བཏགས་པ་དང་། སྔར་མེད་ཅིག་གསར་བཟོ་བྱས་པ་དེ་འདྲ་གང་ཡང་མིན་པར་གཙོ་བོ་བོད་ནང་ནས་གཏན་ འབེབས་ཟིན་པའི་ཐ་སྙད་དག་ལ་གཞི་བཞག་ཡོད། འདི་ལྟར་གོམ་པ་རིམ་སྤོས་བྱས་ན་ནམ་ཞིག་ང་ཚོའི་བོད་ཡིག་འདི་བཀོད་སྤྱོད་ཀྱི་ གཞི་རྒྱ་ཆེ་རུ་འགྲོ་རྒྱུའི་རེ་བ་ཞིག་གིས་དེད་པས་ཡིན་ཞེས་ལྗགས་ལན་གནང་སོང་།
    ༽ ཞེས་གསལ་ཡོད། འདིས་ཅི་ཞིག་སྟོན་གྱི་འདུག མཁྱེན་པ་གནང་རོགས། སུ་གཅིག་གིས་ཀྱང་ཚོད་ཚོད་ལ་ཅ་དངོས་གསར་བ་རྣམས་ལ་མིང་མི་འདྲ་བ་རེ་བཏགས་པའི་ལོ་རྒྱུས་བཤད་མི་འདུག སུས་དེ་ལྟར་དེ་ལྟར་བཏགས་ཡོང་གི་འདུག་ཟེར་གྱི་ཡོད།

    Reply
  3. ཨ་རིག་འགྱུར་མེད། says:
    ལོ་ 14 སྔོན།

    གོང་གི་བོད་ཡིག་གི་མིང་བྱང་དེ་དག་བོད་ནང་གི་མདོ་དབུས་ཁམས་གསུམ་གྱི་མཁས་དབང་མང་བོ་མཉམ་དུ་འཛོམས་ནས་གཏན་ལ་ཕབས་པའི་ཚིག་མཛོད་ཅིག་ལས་བཤུས་པ་རེད། གཞི་འཛིན་ས་དེ་རེད་འདུག
    ཡིན་ནའང་། ཚིག་མཛོད་དེའི་མིང་དྲན་གྱི་མི་འདུག

    Reply
  4. chokri nyima says:
    ལོ་ 14 སྔོན།

    རི་བོང་ཁྱེད་ཀྱི་གསུངས་པ་བདེན།
    དངོས་མིང་ཡོད་པ་དེ་རྒྱབ་ལ་སྐྱུར་ནས་དངོས་པོ་རེ་ལ་མིང་ལྷག་རེ་འདོགས་ནས་འདོད་རྒྱལ་ཡིན་ཁུལ་བྱེད་པའི་མི་རྣམས་ནི་ང་རང་ཚོའི་སྐད་ཡིག་གི་ཚེ་སྲོག་ལ་རྒོལ་བའི་དགྲ་བོ་ཡིན་པའི་མཐའ་གཅིག་དུ་དགག་པ་རྒྱག་དགོས།་

    Reply
  5. རི་བོང། says:
    ལོ་ 14 སྔོན།

    བོད་སྤྱི་ཡོངས་ལ་ཁྱབ་པའི་ཐ་སྙད་ཅིག་གི་ཚབ་ལ་དོན་བསྒྱུར་དང་ཐད་བསྒྱུར་གང་ཡིན་མི་ཤེས་པའི་ཐ་སྙད་གསར་བ་ཞིག་བཙན་གྱིས་སྦྱར་ན། དེ་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་བསྲིངས་པ་ཡིན་དང་། བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ལ་རྒོལ་བ་ཡིན་ཐག་གཅོད་དཀའ་བ་ཞིག་རེད།

    Reply
  6. བསྟན་པ་ཡར་འཕེལ། says:
    ལོ་ 14 སྔོན།

    ད་བཤད་ནས་མི་ལོ་ལྔ་བཅུ་ཕྱིན་པ་རེད། ལག་ལེན་བསྟར་རྒྱུ་ངོ་མ་གལ་ཆེ།

    Reply
  7. ཟླ་ཞུན། says:
    ལོ་ 14 སྔོན།

    ཧཧཧཧ

    Reply
  8. བེ་སིའི་བུ། says:
    ལོ་ 14 སྔོན།

    སྐུ་ཞབས་ཨ་རིག་འགྱུར་མེད་ལ་ཞུ་རྒྱུ། གང་ལྟར་ང་ཚོའི་བོད་ཀྱི་སྐད་ཡིག་འདི་ཉིན་རེ་འཚོ་བའི་ནང་དུ་འདྲེས་ཐབས་ལ་འབད་དགོས་པ་འདི་ནི་ཡོལ་དུ་མེད་པའི་གོམ་པ་དང་བོ་ཡིན་པ་ཤེས་དགོས། ཡིན་ནའང་འདི་ནི་རྒྱལ་ཁབ་ཞིག་ལ་མཚོན་ན་རྨང་གཞི་ཆགས་ཡོད་མེད་ཀྱང་ཐེ་ཚོམ་པའི་གནས་རེད། དེས་ན་ང་ཚོ་གནས་རིམ་གང་ལ་སླེབས་ཡོད་མེད་གསལ་བོ་རེད། དྲ་གྲོགས་རྣམས་ཀྱིས་བོད་སྐད་གཙང་མ་རེ་བཤད་ཐུབ་ཀྱིན་ཡོད་དམ།

    Reply
  9. བཀྲ་ཤིས། says:
    ལོ་ 14 སྔོན།

    དྲ་གྲོགས་ཨ་རིག་འགྱུར་མེད་ལགས། ཁྱེད་དང་ཁྱེད་འདྲ་བའི་རང་མི་རིགས་ཀྱི་སྐད་ཡིག་གི་ཚེ་སྲོག་ལ་གཅེས་བསྐྱོང་བྱེད་མཁན་ཚོར་ངས་ནམ་ཡང་རྗེས་སུ་ཡི་རང་བྱེད་བཞིན་ཡོད་ལགས། ཁྱེད་ཀྱིས་ངལ་བ་དང་དུ་བླངས་ནས་གོང་གསལ་གྱི་ལས་རིམ་དེ་དག་ཕྱོགས་ནས་ཕྱོགས་སུ་དར་སྤེལ་གཏོང་ཐུབ་པའི་རེ་སྐུལ་ཞུ།

    Reply
  10. chokri nyima says:
    ལོ་ 14 སྔོན།

    ལྷོ་སྣ་ལགས། ཆ་ཤས་ལ་རྟེན་ནས་ཆ་ཅན་ལ་ཚོད་དཔག་བྱེད་དགོས་པ་དང་། འབྲས་བུ་ལ་རྟེན་ནས་རྒྱུ་ལ་ཚོད་དཔག་བྱེད་དགོས་པ་དང་། བྱེ་བྲག་ལ་རྟེན་ནས་སྤྱི་ལ་ཚོད་དཔག་བྱེད་དགོས་པའི་རིག་པའི་གཞུང་ལུགས་འདི་ནི་སླུ་བ་མེད་པའི་སློབ་དཔོན་ཕྱོགས་ལང་ཡབ་སྲས་ཀྱི་དངོས་སྟོབས་རིག་པའི་སྲོལ་ལུགས་སོ།
    ཆ་ཤས་ལ་རྟེན་ནས་ཆ་ཅན་སྒྲུབ་མི་ཐུབ་པའི་ཤེས་བྱའི་གནས་ལ་འཇུག་སྟངས་དེ་ནི་སྣ་བོ་ཆེ་པོ་ཁྱི་དག་ཕག་པའི་རིག་པའི་ལུགས་སྲོལ་རེད་དོ།
    རིག་ལམ་དེ་ལས་མེད་ན་སྣ་ཆེ་པོའི་འོག་གི་ཁ་ཆེན་པོ་དེ་ཁ་ཁ་སྡོད།་ྷྷྷྷྷྷྷྷྷ

    Reply
  11. chokri nyima says:
    ལོ་ 14 སྔོན།

    ཧཧཧཧ

    Reply
  12. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 14 སྔོན།

    ངས་ཅོ་རེ་ཉི་མ་ཁྱོད་ལ་ཕར་དྲི་བ་ཞིག་གཏོང་།

    ཨ་རིའི་མངའ་སྡེ་ཚང་མའི་ནང་ནས་དཔལ་འབྱོར་རྩེ་གྲས་ཡིན་པའི་མད་རི་ལནཌ་གྱི་གནས་སྟངས་ལ་བལྟས་ནས་ཨ་རི་རྒྱལ་ཁབ་སྤྱི་ལྡོག་ནས་ཕྱུག་པོ་དང་ཡར་རྒྱས་འགྲོ་ཡིན་ཡོད་པར་བསམ་ན་འགྲིག་གི་རེད་དམ།
    ཨ་རིའི་མངའ་སྡེ་ཐམས་ཅད་ཀྱི་ནང་ནས་དཔལ་འབྱོར་སྐྱོ་ཤོས་ཡིན་པའི་མི་སི་སི་པིའི་གནས་སྟངས་རྒྱུ་མཚན་དུ་བྱས་ནས་ཨ་རི་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་སྐྱོ་པོ་ཡིན་པ་དང་ཡར་རྒྱས་འགྲོ་ཡི་མེད་པར་ཚོད་བགམ་བྱས་ན་བྱེད་སྟངས་ཡང་དག་པ་ཞིག་རེད་དམ།

    འདི་སྤྱིས་བྱེ་བྲག་ལ་ཚོད་བགམ་བྱེད་པ་དང་ཆ་ཤས་ཀྱིས་ཆ་ཅན་ལ་ཚོད་བགམ་བྱེད་པའི་ལུགས་ངན་ཏེ་ཤེས་བྱར་འཇུག་སྟངས་ཕྱིན་ཅི་ལོག་པ་ཞིག་ཡིན་ཤེས་པར་བྱོས།
    དྲི་བ་འདིས་ཁྱོད་ཀྱི་དྲི་བའི་ལན་འདེབས་ཀྱང་དཀྱུས་གཅིག་ལ་སོང་ཡོད་དོ།

    Reply
  13. ཨ་རིག་འགྱུར་མེད། says:
    ལོ་ 14 སྔོན།

    རྩོམ་ཡིག་འདིའི་གཞི་འཛིན་ས་ལྟ་བུའི་པར་འགའ་ཕྲན་གྱི་ཟིན་བྲིས་ནང་ཡོད་པས་དེར་གཟིགས་རོགས།

    Reply
  14. chokri nyima says:
    ལོ་ 14 སྔོན།

    ལྷོ་ཕྲུག་སྣ་བོ་ཆེན་མཆོག་གི་ཞབས་དྲུང་དུ། གུས་པ་ཅོ་རི་ཉི་མ་ནས་ཞུ་རྒྱུ།
    བོད་ཀྱི་སྐད་ཡིག་གི་ཚེ་སྲོག་རྒྱས་མིན་གྱི་དཔང་རྟགས་དེ་རྒྱ་ཆེ་ས་ནས་འཚོལ་དགོས་ཞེས་པའི་རྒྱ་ཆེ་ས་དེ་ག་ན་རེད་། དང་པོ་དེ་གསལ་བཤད་ཞིག་གནང་རོག་

    ཤིང་སྡོང་ལོ་མ་རྒྱས་པའི་དུས་ཤིང་སྡོང་རྩ་བ་བཟང་རྟགས་རེད། ཤིང་སྡོང་ལོ་མ་སྐམ་པའི་དུས་ཤིང་སྡོང་རྩ་བ་རུལ་རྟགས།

    Reply
  15. chokri nyima says:
    ལོ་ 14 སྔོན།

    ཨ་རིག་འགྱུར་མེད་མཆོག་གི་ཞབས་དྲུང་དུ།
    གུས་པ་ཅོ་རི་ནས་རིང་ནས་སྙིང་ལ་འཆུང་བའི་རང་གི་དྲིན་ཅན་ཨ་མའི་སྐད་ཡིག་གི་སྐོར་ལ་དོན་ཅུང་ཟད་ཞུ་ཉན་སྤྲོ་བ་ནི། སྐུ་ཉིད་ནས་འབྲས་སྒོ་མང་ཚོང་ཁང་ནང་དུ་བོད་ཡིག་ཐོག་ནས་མིང་ཚིག་གི་ཐ་སྙད་བེད་སྤྱོད་བྱེད་ཀྱི་འདུག་ཞེས་དགའ་ཚོར་བྱེད་པ་ལ་གཞི་ན་གཏམ་བཟང་ཞིག་རེད་འདུག་སྙམ། ཡིན་ཡང་སྐུ་ཉིད་ལ་དྲི་རྒྱུ་ཞིག་ལ་མིང་ཚིག་གི་ཐ་སྙད་དེ་ཚོ་དངོས་མིང་རེད་འདུག་སྟེ་བཏགས་མིང་རེད་འདུག་འོ་ན་དོན་སྒྱུར་རེད་འདུག དངོས་མིང་ཡིན་ན་ནི་སྐད་ཡིག་གི་ཚེ་སྲོག་ལ་རྒྱབ་སྐྱོབ་བྱེད་པ་ཞིག་རེད་། བཏགས་མིང་དང་དོན་བསྒྱུར་ཡིན་ན་སྐད་ཡིག་གི་ཚེ་སྲོག་ལ་གནད་འཚེ་བྱེད་པ་རེད་དྲི་གྱི་འདུག གུས་པ་ལ་ཤེས་ཚོད་དང་ཡོན་ཏན་ཤིན་ཏུ་ཆུང་ཡང་ཐ་སྙད་གསར་པའི་སྐོར་ལ་རྩོམ་ཆུང་ཞིག་བྲིས་ཁུལ་བྱེད་པ་ཡིན། དེ་ལ་གཟིགས་ཙམ་མཛད་ནས་དངོས་སྟོབས་རིག་པའི་སྒྲུབ་བྱེད་མང་ཙམ་ཡོད་པ་མཁྱེན།
    སླ་ཡང་ཞུ་རྒྱུ་ཞིག་ལ་མིང་ཚིག་གསར་པའི་དག་ཆ་སྐོར་ལ་དེང་སང་གསར་འཕྲིན་དྲ་བའི་རྒྱུད་ལམ་ཁག་ནས་དཔེ་ན་དེ་རིང་ཨཕ་ག་སྟིནས་ཞེས་བྲི་གི་ཡོད་སང་ཉིན་ཨཕ་ག་ནི་སི་དན་ཞེས་རྟེན་འཇགས་མེད་ནས་བྲིས་པ་དེ་ཚོ་ལ་བོད་གཞུང་ཤེས་རིག་ལས་ཁུང་ནས་ཚིག་མཛོད་རྩ་བ་རྟེན་ས་ཞིག་དང་ཆ་འཇགས་ས་བཟོ་དགོས་པ་དོན་ཆེན་དུ་སྣང།

    Reply
  16. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 14 སྔོན།

    ཤིང་སྡོང་གི་ལོ་མ་གཅིག་སྐམ་པ་ཤིང་སྡོང་སྐམ་འགྲོ་བའི་རྟགས་མཚན་དུ་མི་འགྲོ།
    ཤིང་སྡོང་གི་ལོ་མ་གཅིག་ལྗང་མདོག་རྒྱས་པས་ཤིང་སྡོང་ཚེ་སྲོག་བརྟས་པའི་སྒྲུབ་བྱེད་དུ་མི་འགྲོ།

    བོད་པའི་སྐད་ཡིག་གི་ཚེ་སྲོག་རྒྱས་མིན་གྱི་དཔང་རྟགས་དེ་རྒྱ་ཆེ་ས་ཞིག་ནས་འཚོལ་དགོས་པ་མིན་འགྲོ།

    Reply
  17. གནམ་ལྕགས། says:
    ལོ་ 14 སྔོན།

    ཨ་རོགས་འགྱུར་མེད་ལགས།ཁྱོད་མོན་གྷོ་ལ་སོང་བ་ཡིན་ནམ།ས་དེ་ན་དེ་འདྲའི་ངོ་མཚར་བའི་བོད་ཡིག་གི་འཕྲིན་ལས་ཤིག་རྒྱུས་ཡོད་པ་ཡག་པོ་རེད།སྔར་ཁྱེད་ཉིད་དེ་རུ་ཡོད་སྐབས་དེ་འདྲ་མ་རེད་དམ།གང་ལྟར་ས་དེ་ནི་དེ་འདྲ་ཡིན་དགོས་པ་ཞིག་ཀྱང་རེད་བསམ་སོང་།དེ་འདྲའི་གྲྭ་ཆེན་པོ་གཉིས་ཡོད་ས་དང་།དགེ་འདུན་པའི་འཇིག་རྟེན་ལྟ་བུ་ཞུ་གྱུར་ཡོད་པས་རེད་ཨང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist