མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བགྲོ་གླེང་འདུ་འཛོམས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༣༡ ཉིན་སྦེལ་ཀོབ་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་འོག ལོ་སྔོན་མར་བཙན་བྱོལ་བོད་གཞུང་གིས་རྒྱ་གཞུང་ལ་ ༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ། ༽ཕུལ་ཏེ། ལོ་གཅིག་ཧྲིལ་བོ་འཁོར་བར་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་ཡོད་ལ།  བགྲོ་གླེང་བ་ངྷ་ས་དབུས་གཞོན་ནུ་ཚོགས་པའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་དང་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་མགོ་དགྲ་འདུལ་ལགས་གཉིས་གདན་ཞུ་བྱས་ཏེ། གཞིས་མགོས་འབྲེལ་ཡོད་ཡིག་ཆ་དེའི་སྒྲུབ་ཕྱོགས་ནས་གསུང་བཤད་གནང་བ་དང་གཞོན་ནུ་ཚོགས་གཙོས་དགག་ཕྱོགས་ནས་གསུང་བཤད་གནང་ཡོད་པ་མ་ཟད། མཇུག་མཐར་དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་ཕུལ་ཡོད།

ཉིན་དེར་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས། ཚོགས་པའི་བསྒྲགས་གཏམ་ཞིག་སྒྲོག་སྦྱང་བྱས་པའི་ནང་དུ། སྔ་ལོ་བཙན་བྱོལ་བོད་གཞུང་གི་ངོས་ནས་༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་བརྒྱུད་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་སུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་པ་ནས་དེ་རིང་བར་ལོ་གཅིག་འཁོར་ཞིང་། ལོ་གཅིག་གི་དུས་ཡུན་དེའི་ནང་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་རེ་འདུན་བསམ་འཆར་ཡོངས་རྫོགས་རྩིས་མེད་དང་དགག་བཞག་རིམ་པར་བྱས་ཡོད་ཅེས་དང་། ཡང་དེ་རིང་ང་ཚོ་འདུ་འཛོམས་ཐོག་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་ཡིག་ཆ་འདིའི་བསྟན་དོན་གྱིས་གཞིས་བྱེས་བོད་མིའི་མངོན་འདོད་སྐོང་ཐུབ་མིན་ཐོག་བགྲོ་གླེང་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

ཡིན་ནའང་། ཁོང་གིས་གལ་ཆེའི་ཡིག་ཆ་འདིའི་ཐོག་ལ་སྒྲུབ་ཕྱོགས་ནས་གཏམ་བཤད་གནང་བར་སྔ་རྗེས་རིམ་པར་འབད་བརྩོན་བྱས་ཀྱང་གཏམ་བཤད་ཚད་ལྡན་གནང་མཁན་གྱི་མི་ཧ་ཅང་དཀོན་པའི་ཚོད་དུ་འདུག་ལ། བོད་ཀྱི་རྩོད་ལེན་གྱི་མཐའ་མའི་ཐག་གཅོད་བོད་མི་མང་གིས་བྱེད་དགོས་པ་སྔ་ཕྱི་བར་གསུམ་དུ་བཙན་བྱོལ་བོད་གཞུང་དང་། ༧གོང་ས་མཆོག་གིས་ལན་མང་གསལ་བསྒྲགས་གནང་ཡོད། འོན་ཀྱང་། བཙན་བྱོལ་བོད་ཀྱི་མཐོ་རིམ་མི་སྣ་ཁག་དང་བོད་མི་མང་ཚོགས། ལྷག་པར་དུ་བོད་ཀྱི་མི་རབས་གསར་བ་ཚོས་བོད་དང་བོད་མིའི་གནས་བབ་གང་འདྲ་ཞིག་རྩོད་ལེན་བྱེད་བཞིན་ཡོད་པ་ཧ་མི་གོ་བའི་ཚོད་དུ་ཡོད་ལ། བོད་ནང་དུ་ཡང་བོད་མི་ཚོས་ལྷག་བསམ་དང་སྙིང་སྟོབས་འགྱུར་བ་མེད་པའི་ངང་ནས་སོ་སོའི་སེམས་ཀྱི་ན་ཟུག་དང་རེ་འདུན་ཕྱིར་འདོན་བྱེད་བཞིན་པ་ལས་དོན་དངོས་བཙན་བྱོལ་བོད་གཞུང་མང་གིས་བོད་ཀྱི་རྩ་དོན་རྩོད་ལེན་གང་འདྲ་ཞིག་བྱེད་བཞིན་ཡོད་མེད་ཤེས་ཀྱི་མེད་པར་བརྗོད་ན་མི་འགྲིག་པ་མེད་པའི་ཚོད་དུ་ཡོད་ཅེས་བརྗོད་ཡོད།

སྤྱིར་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་འདིའི་སྒྲུབ་ཕྱོགས་སུ་བགྲོ་གླེང་གནང་མཁན་སྔ་མོ་ནས་བོད་མི་མང་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས་གདན་ཞུ་བྱས་ཡོད་ཀྱང་། ཚོགས་འདུ་མ་འཚོགས་པའི་སྔ་ཉིན་དེར་ཁོང་གིས་གློ་བུར་དུ་ནད་གཞི་ཞིག་གི་རྐྱེན་པས་ཚོགས་འདུར་བཅར་ཐུབ་ཀྱི་མེད་སྐོར་གསུངས་ཏེ། ཕེབས་མ་ཐུབ་པར་བློ་ཕམ་ཡོད་ཅེས་ཀྱང་གསུངས་ཡོད།

ཉིན་དེར་གྲྭ་བ་དང་མི་སྐྱ་བརྒྱ་ལྷག་གིས་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་བྱས་ཡོད།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 8

  1. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    བཀུར་འོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་གནས་འདིར་ཕེབས་པར་བཀྲིས་བདེ་ལེགས་ཞུ།།

    Reply
  2. དུག་ཚེར། says:
    ལོ་ 16 སྔོན།

    སྤྱི་འཐུས་ཐུབ་བསྟན་འཔེལ་རྒྱས་སླེབ་མེད་པ་ལ་སེམས་ཕམ་དགོས་དོན་མེད། གལ་ཏེ་ཉིན་དེར་ཁོ་སླེབ་ཡོད་པའི་དབང་དུ་བཏང་ཀྱང་ཁོས་གནས་ལུགས་ལས་གཡོལ་ཐབས་བྱེད་པ་མ་གཏོགས་དོན་གྱི་གཞི་འཛིན་ས་ཞིག་ཁོ་ལ་བཤད་རྒྱུ་མེད་པ་ཐག་གིས་ཆོད།

    Reply
  3. བློ་བཟང་འོད་ཡུག་པ། says:
    ལོ་ 16 སྔོན།

    གོང་དུ་གུས་པས་༼་་་་་་གངས་ལྗོངས་རང་བདེན་ཚོགས་ཆུང་༽་་་་ཟེར་བ་༼་་་་་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་༽་ཡིན་འདུག་པ་ནོར་འཁྲུལ་བྱུང་འདུག་པར་དགོངས་དག་ཞུ་རྒྱུ།

    Reply
  4. བློ་བཟང་འོད་ཡུག་པ། says:
    ལོ་ 16 སྔོན།

    གོང་དུ་གུས་པས་༼་་་་་་གངས་ལྗོངས་རང་བདེན་ཚོགས་ཆུང་༽་་་་ཟེར་བ་༼་་་་་གངས་ལྗོངས་རང་བདེན་རྩོད་ལེམམཐུན་ཚོགས་༽་ཡིན་འདུག་པ་ནོར་འཁྲུལ་བྱུང་འདུག་པར་དགོངས་དག་ཞུ་རྒྱུ།

    Reply
  5. བློ་བཟང་འོད་ཡུག་པ། says:
    ལོ་ 16 སྔོན།

    དབུས་གངས་ལྗོངས་རང་བདེན་ཚོགས་ཆུང་གི་དབུས་ལས་ཡོངས་ཀྱི་ལྷག་བསམ་གྱི་བ་དན་དཀར་པསོ་རབ་ཏུ་བརྒྱན་ཏེ་བསྟན་སྲིད་སྤྲི་དམན་ཆེད་ལས་སྔ་པྱིར་ལས་འགུལ་སྣ་མང་སྤེལ་གནང་བར་ཡིད་རངས་དང་མངགས་བརྗོད་ཞུ་འོས་ཞུ་བཞིན་པ་མ་ཟད་ཚོགས་པ་དེ་ཉིད་བོད་བསྟན་སྲིད་ཆེད་ཡུན་དུ་འཚོ་ཞིང་བོད་མི་རིགས་རིག་གནས་དང་བཅས་པར་ཕན་རླབས་གུང་དུ་པྱུར་བའི་སྨོན་འདུན་བཅས།

    གུས་མིང་བློ་བཟང་སྨྱོན་པ་འབོད་པས་གུས་པས་ཕུལ

    Reply
  6. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་བགྲོ་གླེང་སྟེང་སྤེལ་བའི་བསྒྲགས་གཏམ།

    དེ་རིང་གལ་ཆེའི་གསུང་བཤད་གནང་བར་གདན་འདྲེན་ཞུས་པའི་བཀུར་འོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་དང་། སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་འགོ་སྐུ་ངོ་དགྲ་འདུལ་མཆོག གཞན་ཡང་ཚོགས་སྡེ་ཁག་གི་དབུ་འཛིན་རྣམ་པ། ཐེངས་འདིའི་ཟབ་སྦྱོང་བགྲོ་གླེང་ལ་ཆེད་ཕེབས་གནང་བའི་རྣམ་དཔྱོད་ལྡན་པའི་གསན་མཁན་རྣམ་པ་ལྷན་རྒྱས་ལ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ངོས་ནས་དགའ་བསུའི་འཚམས་འདྲི་དང་བཅས་ཚིག་འགའ་སྙན་ལམ་དུ་ཞུ་རྒྱུར།
    བོད་གངས་ཅན་ནི་བོད་སྤྱི་ལ་དབང་བསྒྱུར་བའི་རྒྱལ་པོ་གཉའ་ཁྲི་བཙན་པོའི་གཙོས་བོད་རྗེ་རིམ་བྱུང་གི་རྒྱལ་རབས་ལོ་རྒྱུས་བྱུང་བ་ནས་བརྩིས་པའི་ཡོངས་གྲགས་མི་ལོ་ཉིས་སྟོང་བརྒྱ་ལྷག་ཙམ་དང་། གནའ་དངོས་སོགས་ལ་གཞིགས་ན་མི་ལོ་བཞི་སྟོང་བརྒལ་བའི་ལོ་རྒྱུས་དང་ལྡན་ཞིང་། ཡུལ་འདི་ནི་ཕྱི་སྣོད་ཀྱི་བཀོད་པ་ཆགས་སྟངས་དང་། ནང་བཅུད་སེམས་ཅན་གྱི་འབྱུང་ཁུངས། རིག་གཞུང་། སྐད་ཡིག ཆས་གོས། གོམས་གཤིས་སོགས་ཐུན་མོང་མིན་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཨེ་ཤ་ཡའི་སྙིང་དཀྱིལ་དུ་ཆགས་པའི་ཆོས་ལྡན་གནའ་བོའི་རྒྱལ་ཁབ་ཅིག་ཡིན། འོན་ཀྱང་དུས་རབས་གོང་མའི་ལོ་དཀྱིལ་ཙམ་ནས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ལ་དྲག་པོའི་དཔུང་འཇུག་བྱས་ཏེ་བོད་ཀྱི་སྣོད་བཅུད་གཉིས་ཀ་བཙན་བཟུང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀ་རྨང་ནས་བཤིག་རྒྱུའི་ལས་དོན་རིམ་བྱས་ལ་བརྟེན། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་དང་། བོད་གཞུང་བཀའ་ཤག གཞུང་ཞབས་ཧྲག་བསྡུས། དེ་བཞིན་བོད་མི་འབུམ་ཕྲག་ལ་ཉེ་བ་བཙན་བྱོལ་དུ་སླེབས་ཏེ་ད་བར་མི་ལོ་ལྔ་བཅུ་སོང་ཞིང་། བོད་གཞིས་བྱེས་ཁ་བྲལ་དུ་ཕྱིན་པའི་དུས་ཡུན་དེའི་ནང་བོད་དུ་ཕྱིའི་སྣོད་བཅུད་བཤུ་གཞོག་དང་། ནང་བཅུད་སེམས་ཅན་གྱི་ཁེ་དབང་བཙན་འཕྲོག་གིས་ཆག་འཇིག་རིམ་པར་འཕྲད་དེ་ད་ཆ་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་དང་སྒྱུར་བཞིན་པའི་འོག་བོད་དང་བོད་མིའི་ངོས་འཛིན་བརླག་ཉེར་ཐུག་ཡོད་ལ། ཕྱི་ལོ་ ༢༠༠༨ ལོར་ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་ནས་འུ་ཐུག་ཐབས་ཟད་ཀྱིས་གྱེན་ལངས་བྱས་པའི་མཚོན་འདས་པའི་མི་ལོ་ལྔ་བཅུའི་རིང་གཞིས་ལུས་བོད་མི་ཚོས་བོད་དང་བོད་མིའི་རྩ་དོན་རྩོད་ལེན་བྱས་ཡོད།
    ཕྱོགས་གཞན་ཞིག་ནས་བཙན་བྱོལ་བོད་གཞུང་དང་། ༸གོང་ས་མཆོག་གིས་དབུ་ཁྲིད་འོག་བཙན་བྱོལ་བོད་མི་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་རྒྱུན་གནས་གོང་འཕེལ་ཡོང་ཐབས་སུ་སློབ་གྲྭ་དང་། གཞིས་ཆགས་གསར་འཛུགས། དགོན་སྡེ་འཛིན་སྐྱོང་སོགས་བོད་ཀྱི་རྩ་དོན་རྩོད་ལེན་བྱེད་པའི་རྩ་བ་བཙུགས་ཤིང་། ཕྱི་ལོ་ ༡༩༧༤ ཡས་མས་ནས་རྒྱལ་སྤྱི་དང་། རྒྱ་ནག བོད་ཕྱི་ནང་གི་འགྱུར་བ་བཅས་ལ་བབ་བསྟུན་གྱིས་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་རྩོད་ལེན་བྱས་ཤིང་། ད་ལྟ་མཐའ་མའི་བབ་དོན་དུ་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་ཅིང་། སྔ་ལོ་བཙན་བྱོལ་བོད་གཞུང་གི་ངོས་ནས་༸གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་བརྒྱུད་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་སུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་པ་ནས་དེ་རིང་བར་ལོ་གཅིག་འཁོར་ཞིང་། ལོ་གཅིག་གི་དུས་ཡུན་དེའི་ནང་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་རེ་འདུན་བསམ་འཆར་ཡོངས་རྫོགས་རྩིས་མེད་དང་དགག་བཞག་རིམ་བསྟུད་བྱས་ཡོད། ཡིན་ནའང་སྔ་ལོ་དམིགས་བསལ་ཚོགས་ཆེན་སོགས་བོད་མིའི་ཆབ་སྲིད་ཀྱི་ཤིན་ཏུ་གལ་ཆེའི་གླེང་སྟེགས་ཁག་ཏུ་མང་མོས་ཀྱིས་མུ་མཐུད་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་དབུ་མའི་ལམ་གྱི་ཐོག་ཏུ་བསྐྱོད་གཏན་འཁེལ་ཏེ་རྒྱལ་སྤྱིའི་ཁྱོན་ལ་ཡོངས་བསྒྲགས་བྱས་ཤིང་། རྒྱ་ནག་གཞུང་གི་སྐྱོན་འཛུགས་ཁག་ལ་ལན་འདེབས་གསལ་བཤད་ཀྱང་བྱས་ཡོད།
    དེ་རིང་ང་ཚོ་འདུ་འཛོམས་ཐོག་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཅེས་པའི་ཡིག་ཆ་འདིའི་བསྟན་དོན་གྱིས་གཞིས་བྱེས་བོད་མིའི་མངོན་འདོད་སྐོང་ཐུབ་མིན་ཐོག་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད། གལ་ཆེའི་ཡིག་ཆ་འདིའི་ཐོག་ལ་སྒྲུབ་ཕྱོགས་ནས་གཏམ་བཤད་གནང་བར་སྔ་རྗེས་རིམ་པར་འབད་བརྩོན་ཞུས་ཀྱང་གཏམ་བཤད་ཚད་ལྡན་ཞིག་གནང་ཐུབ་མཁན་གྱི་མི་ཧ་ཅང་དཀོན་པའི་ཚོད་དུ་འདུག་ལ། བོད་ཀྱི་རྩོད་ལེན་གྱི་མཐའ་མའི་ཐག་གཅོད་བོད་མི་མང་གིས་བྱེད་དགོས་པ་སྔ་ཕྱི་བར་གསུམ་དུ་བཙན་བྱོལ་བོད་གཞུང་དང་། ༸གོང་ས་མཆོག་གིས་ལན་མང་གསལ་བསྒྲགས་གནང་ཡོད། འོན་ཀྱང་བཙན་བྱོལ་བོད་ཀྱི་མཐོ་རིམ་མི་སྣ་ཁག་དང་། བོད་མི་མང་ཚོགས། ལྷག་ཏུ་བོད་ཀྱི་མི་རབས་གསར་པ་ཚོས་བོད་དང་བོད་མིའི་གནས་བབ་གང་འདྲ་ཞིག་རྩོད་ལེན་བྱེད་བཞིན་ཡོད་པ་ཧ་མི་གོ་བའི་ཚོད་དུ་ཡོད་ལ། བོད་ནང་དུ་ཡང་བོད་མི་ཚོས་ལྷག་བསམ་དང་སྙིང་སྟོབས་འགྱུར་བ་མེད་པའི་ངང་ནས་སོ་སོའི་སེམས་ཀྱི་ན་ཟུག་དང་རེ་འདུན་ཕྱིར་འདོན་བྱེད་བཞིན་པ་ལས་དོན་དངོས་བཙན་བྱོལ་བོད་གཞུང་མང་གིས་བོད་ཀྱི་རྩ་དོན་རྩོད་ལེན་གང་འདྲ་ཞིག་བྱེད་བཞིན་ཡོད་མེད་ཤེས་ཀྱི་མེད་པར་བརྗོད་ན་མི་འགྲིག་པ་མེད་པའི་ཚོད་དུ་ཡོད། གནས་སྟངས་འདིའི་འོག་ནས་བོད་མི་མང་ཚོགས་ཀྱིས་བོད་ཀྱི་རྩ་དོན་རྩོད་ལེན་ཇི་ལྟར་རྒྱུན་སྐྱོང་བྱེད་མིན་དང་། བོད་དོན་མཐའ་མའི་ཐག་གཅོད་བྱེད་ཇི་ལྟར་བྱེད་མིན་ནི་ང་ཚོའི་མིག་མདུན་གྱི་དྲི་བ་ཆེ་ཤོས་དེ་ཡིན་ལ། འདི་ནི་བཙན་བྱོལ་བོད་གཞུང་མང་གཉིས་ཀྱི་འདས་པའི་མི་ལོ་ལྔ་བཅུའི་རིང་བོད་མིར་བོད་དོན་ཆབ་སྲིད་ཀྱི་གོ་རྟོགས་ཡག་པོ་སྤེལ་མ་ཐུབ་པའི་ལོ་རྒྱུས་ཀྱི་ནག་ཉེས་ཡིན་པར་བརྗོད་ན་མི་འགྲིག་པ་མེད་ལ། ང་ཚོ་འདི་ལྟར་མུ་མཐུད་སོང་ན་རྒྱ་ནག་གི་ཆབ་སྲིད་ཀྱི་གདུག་རྩུབ་འོག་གཞིས་ལུས་བོད་མི་རྣམས་རྒྱ་རིགས་ཀྱི་ནང་སིམ་ཡལ་དུ་འགྲོ་རྒྱུ་དང་། བཙན་བྱོལ་བོད་མི་ཚོ་རང་མགོ་གང་ཐོན་གྱིས་འཐོར་ཞིག་ཏུ་འགྲོ་རྒྱུར་ཐེ་ཚོམ་མེད། ང་ཚོའི་མང་ཚོགས་ལ་རང་གིས་མཐོང་ཆུང་དང་། དམའ་འབེབ་མིན་ནའང་མིག་མདུན་གྱི་དོན་དངོས་ཁས་ལེན་མི་བྱེད་ཐབས་མེད་ཡིན་ལ། རྒྱ་བོད་དབར་གྱི་འཐབ་རྩོད་འདི་དུས་ཡུན་རིང་པོའི་བར་གནས་དགོས་པ་ཆགས་སྲིད་པས་བོད་མི་མང་གི་ངོས་ནས་དེའི་ཐད་ཆབ་སྲིད་གོ་རྟོགས་ཀྱི་ལས་དོན་གནད་སྨིན་སྤེལ་རྒྱུ་སོགས་གྲ་སྒྲིག་ཚགས་ཚུད་ངེས་པར་བྱེད་དགོས་པ་ནི་འདོར་ཐབས་མེད་པའི་ལས་འགན་ཞིག་ཡིན་ལ། མ་འོངས་པའི་ལོ་ཟླའི་ནང་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས་གཞི་ལ་བཞག་པའི་ཐོག་ནས་བོད་མི་མང་ཚོགས་ལ་མང་ཚོགས་ཀྱི་དམིགས་འདུན་ལངས་ཕྱོགས་ཡོད་དགོས་པ་བོད་ཀྱི་རྩ་དོན་མཐའ་མའི་ཐག་གཅོད་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན་པ་ནན་བརྗོད་བྱེད་ཀྱི་ཡོད།
    བར་ལམ་རྒྱ་ནག་གཞུང་གིས་རྒྱལ་ཁབ་སོ་སོའི་མི་རིགས་གྲུབ་ཚུལ་མི་འདྲ་ཞིང༌། ལོ་རྒྱུས་དང་རིག་གནས། སྲོལ་རྒྱུན་བཅས་ཀྱང་འདྲ་མཚུངས་མིན་སྟབས། རང་སྐྱོང་གང་རུང་ལག་བསྟར་བྱེད་པའི་རྒྱལ་ཁབ་དག་གི་དོན་དངོས་ཀྱི་རང་སྐྱོང་ཐབས་ལམ་ཡང་གཅིག་མཚུངས་ཡོང་ཐབས་མེད་སྐོར་བརྗོད་འདུག ཡིན་ནའང་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་བཞི་པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཚང་མ་འདྲ་མཉམ་ཡིན་པ་དང༌། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་སོ་སོའི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་ཁག་ཐེག་བྱེད་རྒྱུ། མི་རིགས་སོ་སོའི་འདྲ་མཉམ་དང་མཐུན་སྒྲིལ། རོགས་རམ་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་གོང་སྤེལ་བྱེད་དགོས། མི་རིགས་གང་ཞིག་ལའམ་མཐོང་ཆུང་དང་གཉའ་གནོན་བྱེད་པའི་རིགས་ལ་བཀག་སྡོམ་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་མི་རིགས་ཁ་བྲལ་གཏོང་བའི་བྱ་སྤྱོད་ལ་བཀག་སྡོམ་བྱེད་དགོས། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་ནས་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་དཔལ་འབྱོར་དང་རིག་གནས་འཕེལ་ཚད་ཇེ་འགྱོགས་སུ་གཏོང་རོགས་བྱེད་དགོས། གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་སྟེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་ལག་བསྟར་བྱེད་དུ་འཇུག་དགོས། ཅེས་གསལ་བ་བཞིན་མི་རིགས་ཀྱི་གྲུབ་ཚུལ་དང་། ལོ་རྒྱུས། རིག་གནས། སྲོལ་རྒྱུན་བཅས་ཕྱོགས་གང་ཐད་ནས་འདྲ་མཚུངས་མིན་ཞིང་དམིགས་བསལ་ལོ་རྒྱུས་ཀྱི་གནས་བབ་ལྡན་པའི་བོད་ཁུལ་དུ་བོད་མིར་གཉའ་གནོན་དང་། མཐོང་ཆུང་། རྒྱ་བོད་མི་རིགས་བར་འཁོན་འགྲས་བཟོ་བ་ལ་བརྟེན་ནས་རྒྱ་བོད་མི་རིགས་ཁ་བྲལ་དང་། བོད་རིགས་རྩ་མེད་བཟོ་བའི་ལས་དོན་སྤེལ་བཞིན་པ་རྒྱ་ནག་གཞུང་གིས་བརྗོད་བཞིན་པའི་དོན་དངོས་ཀྱི་རང་སྐྱོང་གི་ཐབས་ལམ་ཡིན་ནམ། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་སོ་སོའི་ཁྲིམས་མཐུན་དབང་ཆ་དང་ཁེ་ཕན་ཁག་ཐེག་བྱེད་རྒྱུ་ཟེར་བའི་དགོངས་དོན་ཡིན། དེ་བཞིན་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཚོད་མེད་བསྙོན་འཛུགས་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་ལམ་ལུགས་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཏུ་བསྒྱུར་བ་གྲངས་ཉུང་མི་རིགས་ཁག་གི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་ནས་རང་སྐྱོང་དབང་ཆ་ལག་བསྟར་བྱས་པ་ཡིན། ད་ལྟ་བོད་དང་། ཤིན་ཅང་། སོག་པོ་བཅས་ཀྱི་ས་ཁུལ་དུ་རྒྱ་རིགས་ཁྱོན་ཆེ་གནས་སྤོ་བྱས་ཏེ་མི་རིགས་དེ་དག་རང་ས་རུ་གྲངས་ཉུང་མི་རིགས་སུ་གྱུར་དང་འགྱུར་བཞིན་པའི་གནས་བབ་འོག་མི་རིགས་ཁག་གི་ཁྱད་ཆོས་དང་དགོས་མཁོ་རྡོག་རོལ་དུ་གཏོང་བའི་ཁོར་ཡུག་ཁྲོད་མི་རིགས་དེ་དག་གི་ཐུན་མིན་ངོ་བོ་རྩ་བརླག་ཏུ་གཏོང་ཐབས་བྱེད་བཞིན་པ་ཡང་ས་གནས་སོ་སོར་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་སྟེ་རང་སྐྱོང་ལས་ཁུངས་འཛུགས་རྒྱུ་དང་རང་སྐྱོང་དབང་ཆ་ལག་བསྟར་བྱེད་དུ་འཇུག་དགོས་ཅེས་གསལ་བའི་རྩ་ཁྲིམས་ཀྱི་ཁེ་དབང་ཁག་ཐེག་ལ་རྒྱ་ནག་གཞུང་ནས་འགན་ཁུར་གྱིས་རྒྱལ་ཁབ་གཞན་དང་མི་མཚུངས་པའི་དོན་དངོས་ཀྱི་རང་སྐྱོང་ཐབས་ལམ་ལག་བསྟར་བྱས་པ་ཡིན་དང། ཡང་ན་མི་རིགས་རང་སྐྱོང་བྱ་བར་མི་རིགས་རང་ཉིད་ཀྱི་ངོ་བོ་དང་། སྐད་ཡིག ཡུལ་གྱི་གོམས་པའི་ལེགས་བྱང་། ཐུན་མིན་རིག་གཞུང་སོགས་མ་བརླག་པ་ཞིག་གི་ཐོག་ནས་རང་ས་རུ་རང་ཁྱིམ་རང་བདག་དང་། རང་སྲིད་རང་སྐྱོང་། རང་སྟོབས་རང་སྤེལ་གྱིས་མི་རིགས་རང་ཉིད་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་རྒྱུ་མི་རིགས་ཁག་གི་ཁྲིམས་མཐུན་གྱི་ཁེ་དབང་དང་། མི་རིགས་མཐུན་སྒྲིལ་ཡོང་བར་རྩ་བའི་རྨང་གཞི་ཡང་ཡིན་པའི་མི་རིགས་རང་སྐྱོང་བྱ་བའི་རྩ་ཁྲིམས་ཀྱི་རྩ་བའི་དམིགས་ཡུལ་ལ་རྒྱ་ནག་གཞུང་གིས་ཁག་ཐེག་བྱེད་ཀྱི་ཡོད་དང་གཏོར་བརླག་གཏོང་གི་ཡོད། ང་ཚོས་གནད་དོན་འདི་དག་གླེང་སློང་བྱེད་པ་ཙམ་མིན་པར་བོད་ནང་ཡོད་པའི་བོད་མི་ཚོར་རྩ་ཁྲིམས་ཀྱི་ཐོག་ནས་ཁག་ཐེག་བྱས་པའི་ཁེ་དབང་དེ་དག་རྩོད་ལེན་བྱེད་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་ལ། འདི་ལོའི་ཕྱི་ཟླ་ ༡༠ ནང་འདི་ག་ཚོགས་པའི་ངོས་ནས་རྒྱ་ནག་གི་རྩ་ཁྲིམས་སོགས་ཁྲིམས་སྒྲིག་གི་འབྲུ་དོན་འོག་བོད་དང་བོད་མིའི་ངོ་བོ་དང་ཁེ་དབང་སྲུང་སྐྱོབ་བྱེད་ཕྱོགས་སྐོར་ཅིག་གི་གཙོས་མ་འོངས་བོད་ཀྱི་འཚེ་མེད་ཞི་བའི་ལས་འགུལ་བྱེད་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་ཞིག་ལེགས་བསྒྲིགས་ཀྱིས་ཡོངས་ཁྱབ་འགྲེམས་སྤེལ་བྱས་ཡོད་པར་ཚང་མས་ཐུགས་སྣང་གནང་དང་འབྲེལ་བོད་དུ་སྐུར་ཐབས་བྱེད་དགོས་པའི་དྲན་སྐུལ་ཞུ་གི་ཡོད།
    ཉེ་བའི་དུས་ཡུན་ནང་འཛམ་གླིང་གི་དཔལ་འབྱོར་ལ་འཕོ་འགྱུར་ཤུགས་ཆེ་བྱུང་བ་དང་། གོ་ལའི་ཚ་དྲོད་ཆེ་རུ་ཕྱིན་པའི་མངོན་རྟགས་ཀྱང་ཉིན་རེ་བཞིན་ཇེ་གསལ་དུ་འགྲོ་བཞིན་པའི་གནས་སྐབས་འདིར། རྒྱ་ནག་དང་རྒྱ་གར་གཉིས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ཁྲོད་རིན་ཐང་ཇེ་ཆེར་ཕྱིན་ཡོད་ལ། གནས་བབ་འདི་དག་ལ་བརྟེན་ནས་རྒྱ་ནག་གི་སྨྱོ་ཧམ་ཇེ་ཆེར་ཕྱིན་ཏེ་ཆབ་སྲིད་ཀྱི་དམིགས་ཚད་ངེས་ཅན་ཞིག་གི་གནས་བབ་འོག་རྒྱ་གར་དང་རྒྱ་ནག་གི་བར་གྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པས་ཕྱི་ཚུལ་དུ་འདྲ་ཆགས་བརྗོད་མིན་ལ་མ་ལྟོས་པར་ཁ་གཏད་རང་བཞིན་གྱི་ལམ་དུ་འགྲོ་བཞིན་ཡོད། དེ་ལྟར་འཛམ་གླིང་ཁྱོན་ཡོངས་ཀྱི་ཆབ་སྲིད་འཕོ་འགྱུར་འདིའི་ཁྲོད་དུ་བོད་དོན་གྱི་རིན་ཐང་ཡང་འཕར་ཆག་དང་རྒྱལ་ཕམ་གྱི་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་བོད་མི་ཚོས་ངེས་པར་ཤེས་རྟོགས་བྱེད་པ་བརྒྱུད་ཁོར་ཡུག་འདིའི་ནང་དུ་བསམ་བློ་གསར་པ་དང་། གྲ་སྒྲིག་གསར་པ་བྱེད་དགོས་པ་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་དྲན་གསོ་ཞུ་གི་ཡོད།
    མཐའ་དོན་གཞིས་ལུས་བོད་མི་ཚོས་བོད་འདི་གསོན་ལ་རེ་བའི་མིག་ཟུང་ང་ཚོ་བཙན་བྱོལ་བོད་མི་ཚོར་གཏད་དེ་ཡོད་པ་ང་ཚོའི་སྙིང་ནས་ནམ་ཡང་བརྗེད་མི་སྲིད་ལ་བརྗེད་མི་རུང། དེར་བརྟེན་ང་ཚོ་བཙན་བྱོལ་བོད་མི་ཚོ་ལ་རང་དབང་གི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོད་པ་ནམ་ཡང་ཆུད་ཟོས་སུ་མ་སོང་བ་ཞིག་བྱེད་དགོས་པ་བཙན་བྱོལ་བོད་མིའི་ལས་འགན་ཡིན་ལ་ང་ཚོ་ཚང་མའི་རང་དོན་ཡང་ཡིན་སྟབས། ཕ་ཡུལ་བོད་ཀྱི་ཆེད་དུ་ལེགས་སྐྱེས་ཕུལ་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དྲན་སྐུལ་བྱེད་ཀྱི་ཡོད།
    གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༡༠ ཚེས་ ༣༡ ལ།

    Reply
  7. བློ་བཟང་དཔལ་ལྡན། says:
    ལོ་ 16 སྔོན།

    ནོར་བུ་རྒྱལ་མཚན་ལགས་ཕེབས་པར་དགའ་བསུ་ཞུ།

    Reply
  8. ནོར་བུ་རྒྱལ་མཚན། says:
    ལོ་ 16 སྔོན།

    བགྲོ་གླེང་དེའི་རིགས་གང་མང་སྤེལ་ཐུབ་ན།
    མི་དམངས་ལ་ཆབས་སྲིད་ཀྱི་གོ་རྟོགས་སད་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese