མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རིགས་རང་སྐྱོང་ཁུལ་གྱི་ཚ་འདམ་གཞོང་ས་ཁུལ་གྱི་ཤར་ལྷོའི་མཚམས་སུ་ཚད་རིམ་ ༥༌༡ ཅན་གྱི་ས་ཡོམ་བརྒྱབས་འདུག
ཞིན་ཧྭ་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པའི་ཆུ་ཚོད་ ༥ དང་སྐར་མ་ ༥༦ སྟེང། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རིགས་རང་སྐྱོང་ཁུལ་ཚ་འདམ་གཞོང་གི་ཤར་ལྷོའི་མཚམས་སུ་ཚད་རིམ་ ༥༌༡ ཅན་གྱི་ས་ཡོམ་བརྒྱབས་ཡོད་འདུག་ལ། མཚོ་སྔོན་ས་ཡོམ་བརྟག་དཔྱད་སྡེ་ཚན་གྱིས་བཤད་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་འབྱུང་ཡུལ་ནི་ཚ་འདམ་དང་བར་ཐག་སྤྱི་ལེ་ ༥༠ མཚམས་དང་། མཚོ་ནུབ་སོག་བོད་རིགས་རང་སྐྱོང་ཁུལ་དབུས་དང་གཏེར་ལེན་ཁ་གྲོང་བརྡལ་བར་སྤྱི་ལེ་ ༡༤༠ ཡོད་པ་དང་། ན་གོར་མོ་གྲོང་བརྡལ་དང་སྤྱི་ལེ་ ༡༦༠ ཡོད་པའི་ས་མཚམས་སུ་བྱུང་ཡོད་ཚུལ་བརྗོད་ཡོད་འདུག་ལ། ཐེངས་འདིའི་ས་ཡོམ་གྱིས་ཚ་འདམ་གཞོང་དང་ན་གོར་མོ། མཚོ་སྔོན་པོ་ཚ་ཁ་སོགས་ས་ཁུལ་ཁག་ཅིག་ལ་གཡོ་འགུལ་བྱུང་ཡོད་འདུག ད་ལྟའི་ཆར་མི་དང་སྡོད་ཁང་ལ་སྐྱོན་ཆ་བྱུང་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་མི་འདུག
ད་དུང་མུ་མཐུད་ནས་ཞིབ་ཕྲའི་གནས་ཚུལ་ཞིག་སྤེལ་ཐུབ་པ་བྱེད་རོགས།
ཁ་བྱང་ལས་མཐོང་བ།
མཚོ་ནུབ་དུ།
མཚོ་ནུབ་ཏུ།