མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་དགོས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་འཛིན་ཨོ་བྷ་མ་བདུན་ཕྲག་འདིར་རྒྱ་ནག་ཏུ་གཞུང་འབྲེལ་གཟིགས་སྐོར་ཐེངས་དང་པོར་ཕེབས་སྐབས་ངེས་པར་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོ་བོ་རྣམས་ཡོངས་གྲགས་ཐོག་གླེང་དགོས་ཞེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འབོད་སྐུལ་ཡི་གེ་ཞིག་གི་ནང་དུ་ཞུས་ཡོད་པ་རེད།

སྲིད་འཛིན་ཨོ་བྷ་མ་མཆོག་གིས་འཛམ་གླིང་གང་དུའང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ཨེ་རྗིབ་དང་གྷ་ན། ཊར་ཀི། མཉམ་འབྲེལ་རྒྱལ་ཚོགས་བཅས་ནས་སྐད་ཤུགས་ཆེན་པོས་བསྒྲགས་པ་རེད། ད་ནི་འདུ་ཤེས་འདིའི་ཐོག་ལ་ཧ་ཅང་གདུག་རྩུབ་ཆེ་བའི་སྲིད་གཞུང་ཡོད་སའི་རྒྱལ་ཁབ་དེར་ཕེབས་སྐབས་ཁོང་གིས་གསུང་བ་བཞིན་སྒྲུབ་གིན་ཡོད་མེད་ཚོད་བྱེད་དགོས་པ་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་ཁེན་ནེ་ཐུ་རོ་ཐུ་ Kenneth Roth ཡིས་བཤད་ཡོད་པ་རེད།

འབོད་སྐུལ་ཡི་གེ་དེའི་ནང་དུ་གནད་དོན་ཆེན་པོ་གསུམ་གྱི་ཕྱོགས་ནས་གླེང་འདུག གནད་དོན་དང་པོ་ནི། སྨྲ་བརྗོད་རང་དབང་དང་། འདིའི་ནང་དུ་དྲ་ཐོག་གི་འགོག་སྡོམ་དང་། ཞི་བའི་སྒོ་ནས་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ཚུད་ཡོད་པ་རེད། གནད་དོན་གཉིས་པ་ནི། ཁྲིམས་ལུགས་ཀྱི་དབང་སྒྱུར་དང་། ལྷག་པར་དུ་རྒྱ་ནག་ནང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཁྲིམས་རྩོད་པ་དག་ལ་འགོག་སྡོམ་དང་ཉེས་འགེལ་བྱེད་པ་དེ་རེད། གནད་དོན་གསུམ་པ་ནི། བོད་དང་ཞིན་ཅང་གི་སྐོར་རེད། ལྷག་པར་དུ་ ༢༠༠༨ ལོར་ཞི་བའི་ངོ་རྒོལ་ནང་ཞུགས་མཁན་ཚོ་དང་ལོ་འདིའི་ཕྱི་ཟླ་དྲུག་པའི་ནང་གི་ཞིན་ཅང་ངོ་རྒོལ་བ་ཚོར་རྒྱ་ནག་གཞུང་གིས་སྲོག་ཁྲིམས་གཅོད་བཞིན་པའི་སྐོར་རེད། གནད་དོན་འདི་དག་ནི་སྲིད་འཛིན་ཨོ་བྷ་མས་ངེས་པར་དུ་རྒྱ་ནག་གི་དཔོན་རིགས་ཚོའི་མཉམ་དུ་ཡོངས་གྲགས་ཀྱིས་གླེང་དགོས་པར་བཤད་འདུག

ཡི་གེ་འདིའི་ནང་དུ་ཨ་རིའི་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་ལ་གོམ་པ་རེ་ཟུང་སྤོས་ཡོད་སྐོར་ལ་ངོས་ལེན་བྱས་ཡོད་ལ། དེ་ནི་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ ༢༠ འཁོར་བའི་དུས་དྲན་སྐབས་ཨ་རིའི་གཞུང་གིས་བསྒྲགས་གཏམ་སྤེལ་བ་དང་། མི་སྒེར་བ་འགའ་ཞིག་གི་གནད་དོན་གླེང་ཡོད་པ་དེ་ཡིན་འདུག ཡིན་ཡང་། ལག་ལེན་ཐོག་མཐོང་མི་ཐུབ་པ་དང་། འགྲོ་བ་མིའི་ཐོབ་ཐང་ཐད་རྒྱུན་མཐུད་ཀྱི་ལས་དོན་མེད་པ་སོགས། དཔེར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧ་ལེ་རི་ཁུ་ལེན་ཊོན་ལགས་ལོ་འདིའི་ཕྱི་ཟླ་ ༢ པའི་ནང་པེ་ཅིན་བརྒྱུད་ནས་ཕེབས་སྐབས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེས་ཨ་རྒྱ་གཉིས་བར་གྱི་འབྲེལ་བའི་གནད་དོན་གཞན་པའི་ནང་ཐེ་བྱུས་བྱ་རྒྱུ་མིན་པར་གསུངས་པ་དང་། དེ་བཞིན་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གི་དབུ་ཁྲིད་ཚོའི་མཉམ་དུ་མཇལ་འཕྲད་མ་གནང་བའི་སྔོན་ལ་༧ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་གནང་རྒྱུ་མིན་པའི་ཐག་གཅོད་བྱས་པ་ལྟ་བུ་ནི་སེམས་ཁུར་གྱི་གྲས་ཡིན་པར་བཤད་ལ། འདི་དག་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཐེངས་འདིར་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ལ་ཕེབས་སྐབས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་མིན་པའི་ཚོད་དཔག་བྱེད་མཁན་ཡོད། ཡིན་ཡང་། རྒྱ་ནག་གི་སྤྱི་ཚོགས་ལས་འགུལ་བ་དང་། ཁྲིམས་རྩོད་པ། ཞི་བའི་སྐྱོན་བརྗོད་པ་དག་གིས་ཐེངས་འདིར་སྲིད་འཛིན་ཨོ་བྷ་མས་གནད་དོན་འདི་དག་གླེང་ཡོང་བའི་རེ་བ་རྒྱག་གིན་ཡོད་པ་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་གྱིས་བཤད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 7

  1. ཨ་ཆོས་འཛིན། says:
    ལོ་ 17 སྔོན།

    xÛ-±ïÅ-19ZÛm-PôÅ-¼P-i-M-DP-ŸÛG-bà-º²¤-JÀÛP-GÛ-Gż-ºHã¼-¿e->ÀôG-‚ïh-Ç+zÅ-GŸïÅ-zŸÝG-Å-ˆÛ-IôGÅ-qô-ŸÛG-GÛÅ-P-¾-i-M-zMãh-mÅ-ºhÛ-¿e¼-JÀïP-ü P-±ôÅ-ºV¼-Tm-HÛ-¾Å-¼Û¤-¿e¼-xÛ-±ïÅ-18ZÛm-Í-¼ÛºÛ-zôh-ˆÛ-Gż-ºHã¼-zÅ-zô-¾-¿+ôG–¿e-‚Å-hï-Í-¼ÛºÛ-ÆÛh-º²Ûm-M-mG-bà-¿e-Ç+ô¼-Ç+zÅ-zôh-hôm-HÛ-GmÅ-±ß¾-GP-ºi-‚ãP-¤Ûm-HÛ-Ç+ô¼-MãÅ-¾ôm-‚-Ç+zÅ-hï-ZÛm-¹-dGÅ-hï-ºi-¤Û-z¸P-qÅ-Gż-qô-ŸÛG-Gô-dôGÅ-¤-‚ãP-zÅ-ühï-hG-zMãh-¼Û¤-GP-ºi-‚ãP-¤Ûm-Ç+ô¼-hï-GºÛ-¾ï-±m-G®ô-BôP-z-‚P-Vßz-Oô¾-¤-¾-iÛ-z-iÛÅ-ˆP-üÇ+zÅ-ºhÛ¼-zXôh-GŸÛ-hP-¤Û-ºƒï¾-zºÛ-XïÅ-ÅÞ-zÁh-VôG-ŸïÅ-¾m-zbz-¤ôhü ºôm-ˆP-P-±ô¼-‚ïÅ-ÅÞ-H¼-zºÛ-zôh-¤Û-¿e¼-¼P-hzP-¤ïh-D¼-hI-zôºÛ-¤ï-¤hºÛ-Åô-D-m-»ôh-qºÛ-¿e-VôG-VôG-ŸÛG-¤ïh-q-hï-hG-¾-zŤ-GŸÛGÅ-ˆÛÅ-XïÅ-ÅÞ-GŸÛÅ-zŸÝGÅ-zôh-¤Û-ÅÞ-ŸÛG-GÛÅ-Ç+zÅ-hôm-hP-ºƒï¾-¤Ûm-WÛ-¿e¼-»P-iÛ-z-¼ï-iÛÅ-±ï-¾m-Gž-zô-¼ï-ºhïzÅ-q¼-ljÛP-mÅ-¼ïüŸïÅ-„Àô-w¤-hP-¼ï-z-ŸÛG-GÛÅ-P-¾-ºhÛ-¿e¼-JÀïP-bï-i-¤±¤Å-zŸG-ÅôP-ü

    Reply
  2. རྐང་ལམ་པ། says:
    ལོ་ 17 སྔོན།

    ཨོ་བྷ་མར་ཞི་བདེ་གཟེངས་སྟེགས་རེག་པ་ཁོང་ལ་ཡང་བློ་བདེ་ཞིག་ཡོང་མེད་
    པ ་འདྲ། གང་ལྟར རྟོགས་པ་ལྷ་མཉམ་ཡང་སྤྱོད་པ་མི་དང་བསྟུན་ཤེས་པས་རེད།

    Reply
  3. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལས་བཤུས།
    ཨ་རིའི་སྲིད་འཛིན་ཨོ་པཱ་མས་མི་འགྱང་བར་ཀྲུང་གོར་ཐོག་དང་པོར་འཚམས་འདྲི་གནང་རྒྱུ་ཡིན་ཞིང་། ཉིན་འགའི་སྔོན་ལ་རང་དྲ་བའི་གསར་འགོད་པས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཁྲོད་ཀྱི་ཏཱ་ལའི་བླ་མ་དང་བོད་ལྗོངས་གནད་དོན་ཐད་ནས་སྐད་གྲགས་ཆོད་པའི་མཁས་པ་དང་། ཀྲུང་གོའི་མི་དམངས་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་གླིང་གཙོ་གཞོན་པ་དགེ་རྒན་ཆེན་མོ་ཅིན་ཚན་རོང་ལ་བཅར་འདྲི་གནང་བ་ཡིན། ཏཱ་ལའི་བླ་མ་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་། བོད་ལྗོངས་གནད་དོན་དེས་ཀྲུང་མེ་བར་ལ་རྣམ་པ་ཅི་འདྲ་ཞིག་བྱུང་བའི་སྐོར་གླེང་སྐབས། ཅིན་ཚན་རོང་གིས་འདི་སྐད་དུ། ཨ་མེ་རི་ཁ་ཡིན་ནའང་འདྲ་ཡུལ་གྱར་སྲིད་གཞུང་ཡིན་ནའང་འདྲ་མདུན་ལྗོངས་འདི་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན། དེ་བས་ཏཱ་ལའི་རུ་ཚོགས་ཀྱི་ཏཱ་ལའི་དུས་སྐབས་རྗེས་མའི་སྐབས་སུ་ཡུལ་གྱར་བྱེད་སྒོ་མཐའ་དག་ལ་ཉམས་ཞན་གྱི་རྣམ་པ་ཞིག་ཤར་ངེས་ཡིན་ཞེས་གསུངས་པ་རེད།
    མ་འོངས་པར་རྒྱ་ནག་གི་མཐོང་སྣང་།

    Reply
  4. ཨ་ལ་ལ says:
    ལོ་ 17 སྔོན།

    ཨོ་བྷ་མས་བོད་དོན་གླེང་ཕྱོགས་ལ་རིགས་གཉིས་ཡོད། གཅིག་ནི་དངོས་ཡོད་གནས་ཚུལ་དང་བོད་མིའི་བདེ་སྡུག་ཐད་ལ་འགྲོ་བ་མིའི་སེམས་ཁུར་བླངས་ནས་སྐད་ཆ་ངོ་མ་ཞིག་བཤད་རྒྱུ་དང་། གཅིག་ནི་སྲིད་དོན་པའི་འགྲོ་ཕྱོགས་དང་བསྟུན་ནས་ཆ་སྲིད་ཀྱི་དགོས་མཁོ་བསྐོང་ཆེད་བོད་དོན་གླེང་རྒྱུ་དེ་རེད། དང་པོ་དེའི་ཐད་ལ་དགོངས་པ་བཞེས་ཡོད་ན་ཁོང་གིས་ཨ་རིའི་སྲིད་འཛིན་གྱི་མཚན་གནས་ནུས་ཤུགས་ཅན་དེ་བེད་སྤྱོད་དོན་དང་ལྡན་པ་ཞིག་བྱེད་ཐུབ་ལ་མ་འོངས་པའི་སྲིད་འཛིན་འོས་ལངས་གཉིས་པའི་རྨང་གཞི་ཞིག་ཀྱང་བསྐྲུན་ཐུབ། གཉིས་པ་དེའི་ཐོག་ལ་འགྲོ་འདོད་པ་ཡིན་ན་བོད་པས་རེ་བ་ཅི་ཡང་རྒྱག་རྒྱུ་མེད་ལ། འཛམ་གླིང་མི་དམངས་ཀྱིས་ཀྱང་ཁོ་རང་དྲང་བདེན་དང་འགྲོ་བ་མིའི་བདེ་སྡུག་ལ་བརྩི་མཐོང་བྱེད་མཁན་ཞིག་ཡིན་པའི་ཆ་འཇོག་མི་བྱེད་པ་དང་། དེ་ལ་བརྟེན་ནས་དྲང་བདེན་གྱིས་ཕོངས་པའི་ཤུགས་རྐྱེན་འོག་མ་འོངས་པའི་སྲིད་འཛིན་གྱི་རེ་བ་མེད་པ་ཆོས་ཉིད་ཀྱིས་བདེན་དཔངས་བྱེད་པ་གདོན་མི་ཟ།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འཛམ་གླིང་འདི་ནི་ཁ་གསོས་རྒྱུ་མེད་པ་དང་གནམ་བླངས་རྒྱུ་མེད་པའི་རྒྱལ་ཁབ་དག་གི་སྲིད་འཛིན་པ་མང་འཁུར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདིས། ལོ་ངོ་བརྒྱ་ཕྲག་གཅིག་མ་འགོར་བར་འཛམ་གླིང་འདི་རེ་བ་བྱེད་ས་མེད་པའི་འཕྲུལ་ཆས་ཀྱི་འཇིག་རྟེན་ཞིག་དུ་བསྐྲུན་རྩིས་ཡོད་པ་ལས། འགྲོ་བ་མིའི་ཆེས་ཁྱད་དུ་འཕགས་པའི་ངལ་གསོ་བྱེད་སའི་གནས་ཤིག་བྱེད་རྩིས་མེད་པ་ཐག་གིས་ཆོད་པ་ལྟ་བུ་ཞིག་རེད། དེ་ཡིན་དུས་མིང་བྱང་བརྫིག་པོ་འཁུར་བའི་ཨ་རིའི་སྲིད་འཛིན་འདིས་ཀྱང་། འཛུགས་བསྐྲུན་དང་དཔལ་འབྱོར་ཉམས་གནས་སོགས་ཁ་རུ་འཁྱེར་ནས་འགྲོ་བ་མིའི་ཐོབ་ཐང་ཟེར་ནས་སྐད་ཆ་སྙན་པོ་ཞིག་རྒྱའི་སྲིད་གཞུང་གི་དཔོན་ངན་དེ་དག་གི་འགྲམ་ནས་ཡིན་འདོག་འདོག་གི་ཚིག་འགའ་བཤད་སྲིད་ཀྱང་། དེའི་ཉམ་ཐག་གི་འཚོ་བའི་ཁྲོད་དུ་རང་ཉིད་ཀྱི་ཚེ་སྲོག་སྲུང་བའི་ཐོབ་ཐང་ཡང་མེད་པའི་མི་དག་ལ་འགྱུར་བ་ཞིག་གཏོང་རྒྱུར་རེ་བ་བྱེད་རྒྱུ་མེད་པ་ནི་བདག་གིས་སེམས་ཐག་བཅད་དེ་བཤད་ཐུབ་ཀྱི་འདུག དེ་ལས་རང་དོན་རང་གིས་སྒྲུབ་ན་ཚེ་འདི་ཕྱི་གཉིས་ལ་ཡོད་ནོ་ཟེར་ན་མི་ཤེས་ཀྱང་། ཚེ་འདི་ལ་མིག་གི་རིག་རྒྱུ་ཞིག་ཡོད་པ་ནི་གདོན་མི་ཟ་བ་ཡིན།

    Reply
  6. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    ཐེངས་འདིར་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ལ་ཕེབས་སྐབས་རྒྱ་ནག་གི་དཔོན་རིགས་ཚོ་ལ་འགྲོ་བ་མིའི་ཐོབ་དང་། དམངས་གཙོ། མ་ཟད་བོད་དང་ཞིན་ཅང་གི་སྐོར་གླེང་སྲིད། ཡིན་ནའང་གཞི་རྩའི་གྲོལ་མོལ་དེ་ནི། ཨ་རི་དང་རྒྱ་ནང་བར་གྱི་དཔལ་འབྱོར་གྱི་ཐད་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་འབྲེལ་ལམ་སྐོར་ཡིན་པ་རེད། ང་རང་གི་བསམ་ཚུལ་ལ་ཐེང་འདིར་ཨོ་བྷ་མ་ནས་བོད་དོན་ལ་ཕན་ཐོག་ཐུབ་པའི་ནུས་ཤུགས་བྱུང་རྒྱུ་མིན་པ་འདྲ།

    Reply
  7. ཐུབ་བསྟན། says:
    ལོ་ 17 སྔོན།

    ཨོ་བྷ་མས་མགོ་བདེ་སེ་ཞིག་བྱེད་འཆར་ཡོད་པ་རེད།

    ཨོ་བྷ་མ་ལས་བྷུ་ཤི་ཡག་པོ་དང་སེམས་ཐག་ཆོད་པོ་རེད།
    ཨོ་བྷ་མས་ཞི་བདེའི་གཟེངས་རྟགས་རེག་པ་དེ་དངོས་གནས་བྱས་ན་བྷུ་ཤི་བཀའ་དྲིན་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese