མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་ཐིགས་ཤིག་གིས་རྡོ་ལ་ཨི་ཁུང་འབིགས་ཐུབ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

རོམ་གྲོང་ཁྱེར་དུ་འཚོགས་པའི་ཉིན་གཉིས་རིང་གི་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་དེ་ཕྱི་ཚེས་ ༡༩ ཉིན་མཇུག་སྒྲིལ་ཡོད་ལ། ཐེངས་འདིར་རྒྱལ་ཁབ་ ༢༩ ནས་གྲོས་ཚོགས་འཐུས་མི་ ༢༠༠ ཚོགས་ཞུགས་བྱས་འདུག

ཚོགས་ཆེན་འདི་གོ་སྒྲིག་གནང་མཁན་ནི་ཨི་ཊ་ལི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་པ་དང་། ཚོགས་ཆེན་མགོ་འཛུགས་ཀྱི་ཉིན་མོར་ཨི་ཊ་ལིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཊོ་མ་ཁ་སི་མཆོག་གིས་གསུང་བཤད་གནང་དོན། ཨི་ཊ་ལི་ཡི་བཤད་རྒྱུན་ལ། སྡུག་རུས་དང་རྒྱུན་འཁྱོངས་ཡོད་ན། ཆུ་ཐིགས་པ་གཅིག་གིས་རྡོ་ལ་ཨི་ཁུང་འབིགས་ཟེར་སྲོལ་ཡོད། ང་ཚོས་སྔོན་མ་ནས་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ལ་རྒྱབ་སྐྱོར་གཙང་མ་ཡོད་སྟབས་དེ་རིང་གི་ཚོགས་ཆེན་འདི་བསྡུས་པ་ཡིན། འགྲོ་བ་མིའི་ཐོབ་ཐང་ནི་མི་སུ་ལའང་མེད་ཐབས་མེད་པ་ཞིག་ཡིན་ཅེས་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་གྱི་མཛད་སྒོའི་སྟེང་གསུང་བཤད་གནང་ཡོད། ཅེས་གསུངས་ཡོད།
བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་དོན། ཚོགས་ཆེན་འདིའི་སྟེང་དུ་ཨི་ཊ་ལི་ཡི་གྲོས་ཚོགས་འཐུས་མི་ཚུད་པའི་རྒྱལ་ཁབ་ ༢༩ ནས་ཕེབས་པའི་ཚོགས་ཞུགས་པ་ ༢༠༠ འདུག ངས་ཚོགས་ཞུགས་ཀྱི་གྲངས་འབོར་འདི་འཕར་བཞིན་པ་མཐོང་གི་འདུག རྒྱ་ནག་གཞུང་གིས་འཛམ་གླིང་གི་གྲོས་ཚོགས་འཐུས་མི་རེ་རེར་གནོན་ཤུགས་སྤྲད་དེ་ཚོགས་ཆེན་འདིར་ཞུགས་པར་དགག་པ་རྒྱག་གིན་ཡོད་པ་རེད། འདི་ནི་རྒྱ་ནག་ལ་རྒོལ་བའི་ཚོགས་འདུ་མ་རེད། བོད་དོན་འདི་ཞི་བདེའི་སྒོ་ནས་ཇི་ལྟར་སེལ་ཕྱོགས་ཀྱི་ཚོགས་འདུ་རེད། ང་ཚོས་ལག་ལེན་དངོས་ལ་བསྟུན་པའི་ཚོགས་འདུ་ཞིག་ལ་རེ་བ་རྒྱག་གི་ཡོད་ཅེས་གསུངས་ཡོད་པ་རེད།
དེ་བཞིན་དུ་༧གོང་ས་མཆོག་གིས་ཚོགས་ཆེན་སྟེང་གསུངས་དོན། ང་ཚོས་དཀའ་ཁག་གི་དུས་རིམ་ཞིག་བརྒྱུད་བཞིན་པའི་སྐབས་འདིར། མི་མང་པོ་ཞིག་གིས་ང་ཚོར་སེམས་ཁུར་བྱེད་པ་དང་རོགས་རམ་བྱེད་རྒྱུའི་འདོད་པ་བསྟན་ཡོང་གི་འདུག ངོས་ནས་དེ་རིང་འདིར་འཛོམས་ཏེ་བོད་དོན་འདི་སེལ་ཕྱོགས་ལ་ཅི་དགའ་གང་ལེགས་ཀྱི་གོ་བསྡུར་གནང་བར་ཕེབས་མཁན་ཁྱེད་ཅག་ཚང་མ་ལ་རྗེས་སུ་ཡི་རངས་ཞུ་གིན་ཡོད། ཁ་སང་ངོས་ནས་ཨི་ཊ་ལི་ནང་གི་རང་སྐྱོང་མངའ་ཁུལ་གཉིས་ནང་ལྟ་སྐོར་བྱས་པ་ཡིན། རང་སྐྱོང་ཁུལ་འདི་གཉིས་ལར་རང་དབང་གཙང་མ་འདུག ཡིན་ཡང་ཨི་ཊ་ལིའི་མངའ་འོག་ན་འདུག རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་དུ་རང་དབང་གང་འཚམ་བཀོད་ཡོད་པ་རེད། གལ་སྲིད་རང་དབང་འདི་དག་ཡང་དག་པ་ཞིག་ལག་ལེན་བསྟར་བ་ཡིན་ན་གནས་སྟངས་ཚང་མ་ཡར་རྒྱས་ཡོང་གི་རེད། ཅེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

ཆུ་ཚོད་ ༢༤ སྔོན་ལ།
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

མཆན། 12

  1. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དྲ་གྲོགས་རྨོག་རིའི་སྐད་ཆ་དེས་ཏག་ཏག་བཙན་བྱོལ་ཚང་གི་གླུ་གཞས་ཤིག་དྲན་སོས་བྱུང་། སེམས་ཤུགས་མ་ཆགས་ཟེར་བའི་གཞས་འདི་མི་ལོ་ལྔ་བཅུར་བཏང་བ་དང་། འདི་ལྟ་བུའི་སློབ་གསོ་ཡང་མི་ལོ་ལྔ་བཅུར་མྱངས་པ་རེད། ད་ནས་བཟུང་མི་ལོ་ལྔ་བཅུའི་རྗེས་སུ་ང་ཤི་འགྲོ་གི་རེད་ལ། བཙན་བྱོལ་བོད་མི་ཟེར་བ་ཞིག་ཀྱང་ཡོད་མེད་སུས་བཤད་ཐུབ། དེ་བས་སེམས་ཤུགས་ཆགས་དང་མི་ཆགས་ཀྱི་དཔེ་ལ་རྡོ་ལ་ཨུ་ཁུང་གི་དཔེ་འདི་ང་ལ་མཚོན་ན་ཆེས་མི་འོས་པ་ཞིག་རེད་ཡཱ།
    ལུང་རིགས་ལགས། གསར་འགྱུརསྒྱུར་བཞིན་པ་དེ་མགྱོགས་པོར་དྲ་ཐོག་ཏུ་འཇོག་རྒྱུར་སྒུག་ནས་ཡོད།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    གྲོགས་པོ་ཚོ། འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་སྟེང་གི་བསྒྲགས་གཏམ་དེ་དེ་རིང་ཞོགས་པར་དབྱིན་ཡིག་ནང་སྤེལ་འདུག འདི་གའི་གསར་འགོད་པས་བོད་ཡིག་ནང་བསྒྱུར་བཞིན་ཡོད་པས་གང་མྱུར་དྲ་ཐོག་ཏུ་འཇོག་ངེས་ཡིན།

    Reply
  3. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    ཨ་གངས་ཞེན་ལགས།་སྐུ་ཉིད་ལ་འཚམས་འདྲི་ཡོད།་་བོད་དོན་གྱི་ཚོགས་ཆེན་འདིའི་སྟེང་ང་ཚོའི་གྲོས་ཚོགས་ཀྱི་འཐུས་ཁ་ཤས་ཤིག་ཕེབས་སོང་།་་གཅིག་བྱས་ན་ཁོང་ཚོ་ཕྱིར་ཕེབས་པ་དང་གཏམ་བཟང་རེ་ཡང་ཡོད་སྲིད་པ་རེད།་་ང་ཚོས་རེ་སྒུག་བྱས་ཆོག

    བློ་བྷེ་ལགས།་་བཀྲ་ཤིས་བདེ་ལེགས་ཞུ།་་་སེམས་ཤུགས་མ་ཆགས།་་༸གོང་ས་མཆོག་དགུང་གྲངས་བདུན་ཅུ་དོན་བཞི་རེད།་ད་དུང་འང་ཉིན་ལ་མཚན་སྦྲེལ་ཏེ་མཛད་འཕྲིན་ཇི་ལྟར་སྐྱོང་གིན་འདུག་་གཞིས་ལུས་རྒྱ་ཆེའི་མི་མང་ཚོས་རེ་བ་དང་ཡིད་ཆེས་ག་ཚོད་ཅིག་ང་ཚོར་གནང་གིན་ཡོད་རེད།་་་འདི་ཚང་མར་བསམ་བློ་རེ་ཐོངས་དང་འཁྱག་ས་ནས་འཕག་འཚག་རྒྱག་ན་འདོད་པའི་སེམས་ཤུགས་སྐྱེས་ཀྱིན་རེད།་་

    ཁྲིམས་དཔོན་བཟོད་རྒྱམ་ལགས།་་་བཀྲིས་བདེ་ལེགས་ཞུ།
    ཆུ་ཐིགས་ཀྱིས་རྡོ་ལ་ཨི་ཁུང་འབིགས་པ་ནི་སེམས་ཤུགས་ཀྱི་དཔེ་མཚོན་ཙམ་རེད།་་ངོ་མ་ང་ཚོ་བོད་མི་མི་རེ་ངོ་རེ་ནས་དོན་དག་གང་ལ་ཐུག་ཀྱང་རྒྱལ་ཞེན་དང་ལ་རྒྱ་མི་འདོར་བའི་བསམ་བློ་རེ་གཏོང་ཐུབ་ན་རྡོ་ལ་ཨི་ཁུང་འབིགས་མ་ཐུབ་ཀྱང་རྡོ་བ་རློམ་པ་བཟོ་ཐུབ་ངེས་རེད།་་་

    Reply
  4. བློ་བྷེ། says:
    ལོ་ 16 སྔོན།

    སུ་ལའང་གཏམ་བཤད་ན་མི་འདོད་ཀི འཁྱག་ནི་ཟིག་གིས

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཆུ་ཐིགས་ཤིག་གིས་རྡོ་ལ་ཨུ་ཁུང་ཕུག་དགོས་ན་རྫོགས་ཐབས་མེད་པའི་ཆུ་ཐིགས་ཤིག་དང་ཟད་ཐབས་མེད་པའི་དུས་ཚོད་ཅིག་དགོས་པ་རེད། དེ་མིན་ན་ཆུ་ཆཏིགས་ཤིག་གིས་རྡོ་ལ་ཨུ་ཁུང་ཕུག་ཟེར་བ་ནི་གཏམ་དཔེ་ཙམ་ལས། དྲ་གྲོགས་ཚོས་སོམས་དང་། ཆུ་ཐིགས་ཤིག་གིས་རྡོ་ལ་ཨུ་ཁུང་བརྟོལ་དགོས་ན། དུས་ཡུན་ག་ཙམ་ཞིག་དགོས་ནི་རེད། བོད་མི་རིགས་འདི་ཚར་ས་རེད་འདོད་ཀི

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཆུ་ཐིགས་ཤིག་གིས་རྡོ་ལ་ཨུ་ཁུང་ཕུག་ཐུབ་མིན་དེ་ང་ཚོ་བོད་རྒྱའི་གནད་དོན་ལ་སྦྱར་ནས་འདུག་རྒྱུ་ཡིན་ས་རེད། ཕྱོགས་གཅིག་ནས་འདུག་ཁོམ་མེད་ཀི བོད་མི་རིགས་རིག་གཞུང་དང་བཅས་པ་རྒྱ་ལ་བསྒྱུར་བཞིན་པར་བློ་འཚབ་ཡོད་པ་དང་། ཡང་ཕྱོགས་གཅིག་ནས་བཟོད་སྒོམ་དང་ངང་རྒྱུན་རིང་དགོས་པ་ཆུ་ཐིགས་ཤིག་གིས་རྡོ་ལ་ཨུ་ཁུང་ཕུག་ཐུབ་ཀི་རེད་ཟེར་པ་སོགས་དཔེ་དྲངས་ཏེ་བཤད་ཀིན་འདུག ད་ང་འདྲ་བླུན་དྲག་པས་ཡིན་ནམ། གང་ལྟར་གོ་བ་མི་ལོན་གི སྒུག་དགོས་ན་སྒུག་དགོས་ཞེས་ཀ་གསལ་ན་ཡག་གི་རེད། བོད་ནང་གི་མནར་གཅོད་ལའང་བསམ་བློ་ཞིག་གཏོང་ལོས་དགོས། རྒྱ་ནག་གིས་བོད་མིར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པར་སྒུག་དང་ཟེར་བ་སོགས་གཡོལ་ས་ཡོད་ནི་མ་རེད། དེ་མཚམས་མ་བཞག་ན་ང་ཚོས་འདི་ནས་སྒུག་དགོས་མིན་དང་ངང་རྒྱུན་རིང་དགོས་སྐོར་རྐྱང་བཤད་ཀྱང་ཕན་མི་ཐོགས་པ་མིག་མཐོང་ལག་ཟིན་རེད།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རང་མ་འགུལ་ན་གཞན་ལ་རེ་བ་བྱེད་པ་དེ་ནི་ནམ་ཡང་རང་ཤི་རྒྱག་པའི་སྔ་རྟས་ལས་གང་ཡང་མེད་པ་ཡིན་དུས། བོད་ནས་འགུལ་བསྐྱོད་བྱས་པ་མང་མེད་ན་ཉུང་མེད་ལ། བྱེས་སུ་བཤད་རྒྱུ་མང་མེད་ན་ཉུང་མེད།

    Reply
  8. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    སྔོན་ཆད་ང་རང་བོད་ནས་གསར་དུ་འབྱོར་ཞིང་གསར་འབྱོར་སློབ་གྲར་ཡུན་ཙམ་བསྡད་མྱོང་། སྐབས་དེར་ང་རང་གསར་འབྱོར་སློབ་གྲའི་ཉེ་འཁོར་གྱི་ཤིང་སྡོང་རིང་པོ་ཞིག་གི་འོག་ཏུ་བསམ་བློ་ཞིག་གཏོང་ནས་སྡོད་སྐབས་ཤིང་སྡོང་རྩེ་ནས་བྱིའུ་ཞིག་གིས་ངའི་མགོ་ལ་སྐྱག་པ་ཞིག་བཏང་མྱོང་། ངའི་བསམས་པར་རྒྱ་གར་གྱི་བྱ་དང་བྱིའུ་ཚོས་ཀྱང་མི་ཉམ་ཆུང་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱིན་འདུག་བསམས་མྱོང་། དེ་བཞིན་སྟོབས་ཆེན་རྒྱལ་ཁབ་ཚོས་བོད་དོན་དེ་བཞིན་རྒྱ་ནག་གིས་སྟོབས་འབྱོར་དང་དབང་ཤུགས་ཁོ་ནའི་གཞན་དབང་སྟབས་སྟུན་གྱིས་བོད་རིགས་ཉམ་ཆུང་ཚོ་ཁོང་ཚོའི་རྐང་རྩེད་སྤོ་ལོ་རང་རེད། ད་ནི་ང་ཚོ་ང་རང་ཚོར་སྙིང་རྗེ་བྱེད་རན་འདུག ང་ཚོ་ང་རང་ཚོར་བྱམས་པ་སྒོམ་རན་འདུག ང་ཚོ་ང་རང་ཚོ་འགུལ་རན་འདུག

    Reply
  9. ཨ་གངས་ཞེན། says:
    ལོ་ 16 སྔོན།

    ྐྱ བོད་དོན་རྒྱབ་སྒྱོར་བ་རྣམས་ལ་སེམས་གཏང་ནས་ཐུགས་རྗེས་ཆེ་ཞུ། ང་ཚོའི་སྤྱི་མཐུས་ཚོ་གྲགས་འགུལ་ཅི་ཡང་མི་འདུག་ག་རེ་ཡིན་ན། ཁ་སང་ཨོ་བྷ་མའི་བོད་རྒྱ་ནག་གི་ཆ་ཤེས་ཡིན་ཞེས་ཁས་བླངས་དུས་འུ་ཚོའི་སྤྱི་མཐུས་ཚོ་ལབ་ཡ་གླེང་ཡ་གང་ཡང་མི་འདུག ། གཉིད་ཁུག་སོང་བ་ཡིན་ནམ།

    Reply
  10. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    བོད་དོན་རྒྱབ་སྐྱོ་ཚོགས་པའི་ཚོགས་གཙོ་ཁོང་ལ་སྙིང་དབུས་ནས་འཚམས་འདྲི་
    ཡོད། མ་འོངས་པ་མུ་ཐུད་རྒྱབ་སྐྐྱོ་གནང་རྒྱུ་རེ་བ་ཡོད།

    Reply
  11. བོད། says:
    ལོ་ 16 སྔོན།

    ཆུ་ཐིགས་ཤིག་གིས་རྡོ་ལ་ཨི་ཁུང་འབིགས་ཐུབཅེས་གསུངས་པནི་བདནེརེད།

    Reply
  12. བོད། says:
    ལོ་ 16 སྔོན།

    (- ,A$?- >A$- $A?- hR- =- AA- #%- :2A$?- 9J<- 2- /A- 2.J/- 0-

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese