མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

གདོང་ཐོག་ཚེ་རིང་ལགས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དཔལ་འབྱོར་དང་། ནུས་ཁུངས། ཚོང་དོན་ལས་ཁུངས་ཀྱི་ཚོང་དོན་སྲིད་ཇུས་དང་གྲོས་མོལ་གྱི་དྲུང་གཞོན་ལས་རོགས་ཀྱི་འགན་འཁུར་བཞིན་ཡོད་འདུག

དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།

ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དཔལ་འབྱོར་དང་། ནུས་ཤུགས། ཚོང་དོན་ལས་ཁུངས་ཀྱི་ཚོང་དོན་སྲིད་ཇུས་དང་གྲོས་མོལ་གྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་ཡོད་ཅིང་། ཁོང་མོས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཕྱོགས་གཉིས་དང་ཕྱོགས་མང་པོའི་ཚོང་དོན་སྲིད་ཇུས་དང་། ཚོང་ལས་འཁོར་རྒྱུག་གི་འབྲེལ་ཐག དེ་བཞིན། རྒྱལ་སྤྱིའི་མཉམ་འབྲེལ་ཚོང་ལས་ཚོགས་པ་དང་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ (World Trade Organization) ཚུད་པའི་རྒྱལ་སྤྱིའི་དཔལ་འབྱོར་ཚོགས་པ་ཁག་ཅིག་གི་ནང་སྣེ་ཁྲིད་བྱེད་ཀྱི་ཡོད་པ་རེད།

ཁོང་གིས་ད་ལྟའི་ལས་གནས་མ་བླངས་གོང་དུ། ཚེ་རིང་ལགས་ཀྱིས་ཕོ་བྲང་དཀར་པོའི་ནང་རྒྱལ་ཁབ་དཔལ་འབྱོར་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་ཚོང་དོན་གྱི་བློ་འདོན་པ་མཐོ་ཤོས་དང་། རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་དོ་དམ་ཁང་གི་འགན་འཛིན་གྱི་ལས་འགན་བཞེས། ཚེ་རིང་ལགས་ནི་ཉམས་མྱོང་ཅན་གྱི་ཚོང་དོན་གྲོས་མོལ་བ་ཞིག་ཡིན་པའི་ཆ་ནས་ལོ་དགུའི་རིང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཚོང་དོན་ལས་ཁུངས་སུ་ཞབས་ཞུ་བསྒྲུབས་ཤིང་། དེའི་ནང་ནས་ཀྱང་རྒྱ་ནག་ལས་དོན་གྱི་འགན་འཁུར་བ་གཞོན་པ་གནང་།

འཛམ་གླིང་ཚོང་དོན་སྒྲིག་འཛུགས་དང་མང་ཚོགས་ཀྱི་ལས་དོན་ཁང་། ལྷོ་ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ཁང་། ཐའེ་ཝན་གྱི་ཨ་རིའི་ཚོང་ལས་ལས་ཁུངས་བཅས་ཀྱི་ལས་བྱེད་པ། དེ་བཞིན་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་ནག་མཐུན་སྦྱོར་ཁང་གི་བློ་འདོན་པ་མཐོ་ཤོས་དང་ཕྱི་འབྲེལ་ལས་དོན་གྱི་འགན་འཛིན་གྱི་ལས་འགན་ཁུར། ཨ་རིའི་གཞུང་གི་ནུས་པའི་ལས་དོན་ཚན་པའི་རྒྱལ་སྤྱིའི་ལས་དོན་ཁང་གི་རྒྱ་ནག་དང་། ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱི་ལས་བྱེད་པ་དང་། ཚོང་དོན་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཚོང་དོན་སློབ་སྟོན་པའི་ལས་ཁུངས་སོགས་སུ་ལས་ཀ་བྱས་མྱོང་། ཁོང་མོས་ཨ་རིའི་གཞུང་ཞབས་ནང་མ་ཞུགས་གོང་རྒྱལ་སྤྱིའི་ཁྲིམས་དང་སྲིད་གཞུང་གི་ལས་དོན་ནང་སྒེར་གཉེར་སྡེ་ཚན་དུ་ལས་ཀ་བྱས།

གདོང་ཐོག་ཚེ་རིང་ལགས་ནི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་སེ་ཡ་ཊལ་ (Seattle) གྲོང་ཁྱེར་ནས་ཡིན་ཞིང་། ཨ་རིའི་མི་སེར་ཡིན་པ་དང་། ཁོང་མོ་ཨེ་ཤ་ཡའི་ཁུལ་དུ་འགྲུལ་བཞུད་ཐེངས་མང་རིང་བྱས་ཤིང་དུས་ཡུན་གང་འཚམ་རིང་འཚོ་བའང་སྐྱེལ་མྱོང་ཡོད་ལ། ཁོང་གིས་བོད་སྐད་དང་རྒྱ་སྐད། དབྱིན་ཡིག་སོགས་ཤེས་ཀྱི་ཡོད་པ་རེད། ཁོང་མོས་ཨ་རིའི་ཝ་ཤིང་ཊོན་གཙུག་ལག་སློབ་གཉེར་ཁང་ (University of Washington) ནས་ཆབ་སྲིད་རིག་པ་དང་རྒྱལ་སྤྱིའི་ཞིབ་འཇུག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན་པ་དང་། ཁོ་ལོམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་ (Columbia University) ནས་རྒྱ་ནག་ཞིབ་འཇུག་ཐོག་གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན། དེ་ནས་མི་ཆི་གྷན་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ལུགས་སློབ་གྲྭ་ (University of Michigan Law School) ནས་ཁྲིམས་ལུགས་རིག་པའི་འབུམ་རམས་པའི་བསླབ་པ་མཐར་སོན་པ་དང་། སྐབས་དེར་ཁོང་མོར་གཞུང་ཞབས་ཀྱི་ཆེད་དུ་ཧྥི་སི་ཀེ་གཟེངས་རྟགས་ (Fiske Fellowship award) ཐོབ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

སྐར་མ ༥༠ སྔོན་ལ།
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

ཆུ་ཚོད་ ༡ སྔོན་ལ།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

༢༠༢༦/༠༦/༡༥
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

༢༠༢༦/༠༦/༡༥

མཆན། 1

  1. ཚེ་དཔག་རིག་འཛིན། says:
    ཟླ་བ། 3 སྔོན།

    གདོང་ཐོག་ཚེ་རིང་ལགས་ངས་ངོ་མི་ཤེས་ཀྱང་།. ཁོང་ལ་སྙིང་ཐག་པ་ནས་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད།. ང་ཚོ་བོད་པ་ཚང་ལ་མཚོན་ན།. ཁོང་ནི།. ངོ་མ་ང་ཚོས་སྤོབས་པ་སྐྱེད་དགོས་པ་དང་།. དགའ་བས་རྗེས་སུ་ཡི་རངས་ཞུ་འོས་པ་ཞིན་ཡིན།. ད་དུང་མ་འོངས་པར་མི་རབས་གསར་པའི་ནང་ནས། ཁོང་དང་ཁོང་འདྲ་དང་།. ཁོང་ལས་ལྷག་པའི་ཤེས་འཇོན་གཉིས་ལྡན་འཛམ་གླིང་ས་ཕྱོགས་གང་སར་གང་མང་ཐོན་ཡོང་བའི་རེ་སྨོན་ཡོད།. བོད་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་དང་ལར་རྒྱ་བསྲུང་སྐྱོབ་དགུང་ན་འདེགས་ཤིང་གསོན་པོར་གནས་ཐབས་ཀྱི་ལས་དོན་ངོ་མ་འདི་ཚོ་རེད་དོ།།. །།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese