མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་འབྲེལ་གསོལ་སྟོན་ཐོག་མ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

སྲིད་འཛིན་ཨོ་བྷ་མ་མཆོག་སྲིད་འཛིན་གྱི་ཁྲི་སྟེགས་ལ་ཕེབས་རྗེས་ཀྱི་ཕོ་བྲང་དཀར་པོའི་ནང་གི་གཞུང་འབྲེལ་དགུང་མོའི་གསོལ་སྟོན་ཐེངས་དང་པོའི་སྐུ་མགྲོན་དུ་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་མཆོག་ཕེབས་ཡོད་པ་རེད།

རེས་གཟའ་ཟླ་བའི་ཉིན་ཨ་རིས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་མཆོག་ཕོ་བྲང་དཀར་པོར་གདན་ཞུ་གནང་ཡོད་ལ། འདི་ནི་ཨོ་བྷ་མའི་སྲིད་འཛིན་གྱི་ལས་ཡུན་རིང་ཕྱིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཅིག་སྐུ་མགྲོན་དུ་གདན་འབོད་ཞུས་པ་ཐོག་མ་དེ་ཆགས་ཡོད་འདུག གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། སྲིད་འཛིན་ཨོ་བྷ་མས་སྲིད་བློན་མན་མོ་ཧན་སིན་མཆོག་ལ་ཁྱེད་ནི་ངའི་སྲིད་འཛིན་གྱི་ལས་ཡུན་རིང་རྒྱལ་དོན་འཚམས་གཟིགས་ལ་ཕེབས་མཁན་ཐོག་མ་དེ་ཡིན་ལ། སྲིད་འཛིན་ལས་ཡུན་རིང་གི་ཕོ་བྲང་དཀར་པོའི་གཞུང་འབྲེལ་དགུང་མོའི་གསོལ་སྟོན་གྱི་ཆེད་ཞུས་སྐུ་མགྲོན་ཡང་ཡིན། ཐེངས་འདིའི་གཟིགས་སྐོར་ནི་རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེ་དང་བརྩི་བཀུར་གྱི་ཆེད་དུ་ཡིན་ལ། གཙོ་བོ་ནི་ཁྱེད་རང་གནད་འགག་གི་དུས་སྐབས་ཤིག་ལ་ཨ་རིར་ཕེབས་ཏེ་ང་ཚོར་གོ་སྐབས་ཤིག་སྤྲད་པ་རེད་ལ། དུས་རབས་སྔ་མ་ནས་ད་ལྟའི་བར་ང་ཚོ་གཏན་འཇགས་ཀྱི་མཐུན་ཕྱོགས་ལས་རོགས་ཤིག་ཆགས་ཡོད་ཅེས་དང་། ཡང་ཁོང་གིས་གོ་ལའི་དཀའ་རྙོག་ལ་ཕན་ཚུན་མཉམ་རུབ་ཀྱིས་གདོང་ལེན་བྱ་དགོས་སྐོར་དང་། གནམ་གཤིས་འགྱུར་ལྡོག་དང་འཇིགས་སྐུལ་བའི་དྲག་སྤྱོད། དཔལ་འབྱོར་ཡར་རྒྱས་བཅས་ཀྱི་ཐད་མཉམ་ལས་བྱ་དགོས་པའི་རེ་བ་བཏོན་ཡོད་པ་རེད།

རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་མཆོག་གིས་ཨ་རི་དང་རྒྱ་གར་གཉིས་ནི་བར་ཐག་རིང་པོར་གནས་ཡོད་ཀྱང་ཐུན་མོང་གི་ཁེ་ཕན་ཐོག་ཕན་ཚུན་བར་འབྲེལ་བ་དམ་ཟབ་ཡོད་ཅེས་བརྗོད་ཡོད་འདུག་ལ། ཡང་ཁོང་གིས་ལོ་མང་པོའི་རིང་ང་ཚོས་ཐུན་མོང་གི་ཁེ་ཕན་གྱི་རྨང་གཞི་དང་དེའི་རྩ་དོན་གཞིར་བཟུང་སྟེ་ཕྱི་འབྲེལ་ཡར་རྒྱས་ཐད་གྲུབ་འབྲས་ཐོན་ཏེ་མཐུན་གྲོགས་སུ་གྱུར་ཡོད། ང་ཚོའི་བར་གྱི་འབྲེལ་བ་ནི་ནམ་ཡང་འགྱུར་བ་མེད་པར་མུ་མཐུད་ནས་ཡར་རྒྱས་སུ་འགྲོ་བཞིན་པ་ཞིག་ཡིན་པ་མ་ཟད། དེ་མིན་གྱི་མིའི་རིགས་ཀྱི་བྱ་འགུལ་གང་ལའང་མཉམ་ལས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག 

སྲིད་བློན་མན་མོ་ཧན་སིན་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་ཕྱོགས་ནས་གསུངས་དོན། རྒྱ་དཀར་ནག་གཉིས་ཀྱི་དཔལ་འབྱོར་གྱི་འཕེལ་རྒྱས་ཐད་ནས་བཤད་ན་རྒྱ་གར་གྱིས་རྒྱ་ནག་གི་རྗེས་ཟིན་གྱི་མེད་སྲིད། ཡིན་ཡང་། རིན་ཐང་གཞན་པའི་ཕྱོགས་ནས་གནས་ཚུལ་ཐ་དད་རེད། འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་། ཆོས་དད་རང་དབང་། རིག་གཞུང་དང་མི་རིགས་སྣ་འདུས་སོགས་ཀྱི་ཐད་ནས་རིན་ཐང་ཆེན་པོ་ཡོད་ལ། ང་ཚོས་རིན་ཐང་འདི་དག་ནི་དངུལ་སྒོར་ལ་བརྗེ་ཐུབ་གི་མ་རེད་ཅེས་རྒྱ་ནག་གི་ཞན་ཆའི་སྐོར་ཡང་གསུངས་ཡོད་པ་རེད།

རྗེས་སོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྩམ་ནན་སེ་པེ་ལོ་མཆོག་གིས་གྲོས་ཚོགས་ནང་དུ་སྲིད་བློན་མན་མོ་ཧན་སིན་ལ་རྒྱ་གར་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྣེ་ལེན་ཞབས་ཏོག་གང་ལེགས་ཞུ་བཞིན་པ་དེར་ཨ་རིའི་ངོས་ནས་ཐུགས་རྗེ་ཆེ་ཞུ་གིན་ཡོད་ཅེས་གསུངས་ཡོད་པ་རེད།

སྲིད་འཛིན་ཨོ་བྷ་མའི་གཞུང་འབྲེལ་གསོལ་སྟོན་ཐོག་མ་འདིའི་སྟེང་སྐུ་མགྲོན་ ༣༣༨ ཡོད་པ་དང་། ཅོག་ཙེ་སྒོར་མོ་རེའི་སྟེང་དུ་སྐུ་མགྲོན་བཅུ་རེ་བཞུགས་ཡོད་ལ། སྔར་དང་མི་འདྲ་བར་ཐེངས་འདིར་རྒྱ་གར་གྱི་ཟས་རིགས་མང་པོ་ཞིག་བཤམས་ཡོད་འདུག རྒུན་ཆང་ནི་ཨ་རིའི་རྒུན་ཆང་ཡིན་འདུག

 

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༤ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༧ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 7

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    http://www.voanews.com/tibetan/video.cfm སྤུན་ཟླ་ཚོ། འབྲེལ་ཐག་འདི་ལ་གཟིགས་རྒྱུ་མ་བརྗེད་ཅིག་ལགས།

    Reply
  2. སྨྱུག་རྒོད་གངས་བུ་དཔལ། says:
    ལོ་ 16 སྔོན།

    ཕོ་བྲོང་དཀར་པོ་དང་ནག་པོ་ག་པར་ཁ་ལག་ཟས་ནའང་ཁྱད་པར་གང་མི་འདུག དེ་ལས་ང་ཚོ་བོད་པ་ཚང་མི་ཚོའི་སྒོ་ཁྱི་མ་ཆགས་པ་ཞིག་བྱུང་ན།

    Reply
  3. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ལྩམ་ནན་སེ་པེ་ལོ་མཆོག་གིས་སྲིད་བློན་མན་མོ་ཧན་སིན་ལ་རྒྱ་གར་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྣེ་ལེན་ཞབས་ཏོག་གང་ལེགས་ཞུ་བཞིན་པ་དེར་ཨ་རིའི་ངོས་ནས་ཐུགས་རྗེ་ཆེ་ཞུ་གིན་ཡོད་ཅེས་གསུངས་ཡོད་པ་རེད། དེ་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་། མ་ཟད་གོང་ས་མཆོག་དང་བཙན་བཤོལ་བོད་ལ་ཡང་མ་འོངས་པར་རྒྱ་གར་ངོས་ནས་མཐོང་ཆེན་དང་རོགས་སྐྱོར་ཡང་རྒྱས་འགྲོ་བའི་བསྐུལ་མ་ཞིག་རེད།

    Reply
  4. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ལྩམ་ནན་སེ་པེ་ལོ་མཆོག་གིས་སྲིད་བློན་མན་མོ་ཧན་སིན་ལ་རྒྱ་གར་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྣེ་ལེན་ཞབས་ཏོག་གང་ལེགས་ཞུ་བཞིན་པ་དེར་ཨ་རིའི་ངོས་ནས་ཐུགས་རྗེ་ཆེ་ཞུ་གིན་ཡོད་ཅེས་གསུངས་ཡོད་པ་རེད། དེ་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་། མ་ཟད་གོང་ས་མཆོག་དང་བཙན་བཤོལ་བོད་ལ་ཡང་མ་འོངས་པར་རྒྱ་གར་ངོས་ནས་མཐོང་ཆེན་དང་རོགས་སྐྱོར་ཡང་རྒྱས་འགྲོ་བའི་བསྐུལ་མ་ཞིག་རེད།

    Reply
  5. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    རྒྱ་གར་རྒྱའུ་འདིས་རྒྱ་ནག་ལ་བརྡ་ཞིག་བཏང་འདུག

    ཡིན་ནའང་དངོས་སུ་རྒྱ་ནག་ནང་འགྲོ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སོགས་ཀྱི་གནས་སྟངས་སྐྱོ་པོ་འདུག་ཅེས་ཤོད་པར་འཇིགས་སྣང་ཞིག་ཡོད་པ་འདྲ།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    གསོལ་ཚིག་ལྷོད་ལྷོད་བཞེས།

    Reply
  7. མེ་སྟག says:
    ལོ་ 16 སྔོན།

    ༸གོང་ས་མཆོག་ལ་ཨ་བྷ་མའི་གསོལ་སྟོན་ཡང་ཉེ་བོ་ཡིན་རྒྱུ་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese