མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ང་ལ་སྙིང་རྗེ་མེད་ཉིན་ནས། {ཁ་བ་དཀར་པོ་ཚང་ནས་བྲིས།}

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ང་ལ་སྙིང་རྗེ་མེད་པའི་ཉིན་ནས་བཟུང་
ངས་འཛམ་གླིང་གི་ཕྱུག་བདག་ཚོར་ཁྲིམས་ཁང་དུ་བསྐྱེལ་འདོད
ང་ཡི་སྙིང་རྗེ་ཟེར་བའི་མིང་དེ་སེམས་གཏིང་ནས་བོར་སོང་ན
ངས་འཛམ་གླིང་སྟེང་གི་སྲིད་དོན་པ་གཡོ་སྒྱུ་དེ་ཚོ་བྲན་གཡོག་བྱེད་འདོད
ང་ལ་སྙིང་རྗེ་ཟེར་བའི་ཚོར་བ་བརླག་པ་ཡིན་ན
ངས་མི་ཡུལ་གྱི་མགོ་གཏིང་ལོག་ནས་ལྷ་ཀླུ་མི་གསུམ་འདྲ་མཉམ་བཟོ་འདོད
ང་ལ་སྙིང་རྗེ་ཟེར་བའི་བསམ་བློ་ཞིག་མེད་པ་ཡིན་ན
ངས་རང་རྒྱལ་གཞན་ཕམ་གྱི་གཡུལ་ས་ཞིག་ནས་རང་དོན་ཁོ་ན་སྒྲུབ་འདོད
ང་ལ་སྙིང་རྗེ་ཟེར་བའི་ཤེས་པ་དེ་མེད་པ་ཡིན་ན
ངས་མི་རིགས་བར་གྱི་དབྱེ་འབྱེད་ཀྱི་ལྟ་ཚུལ་ཡོད་མཁན་ཚོ་ཚེ་བཙོན་ལ་འཇུག་འདོད
ང་ལ་སྙིང་རྗེ་ཟེར་བའི་རེག་བྱ་ཞིག་མེད་ན
ངས་ལྕགས་ལྟར་སྲ་བའི་མི་རྒོད་དེ་དག་བཙོ་ན་འདོད

ཨ་ལ་ དཀོན་མཁྱེན  སྙིང་རྗེ་ལགས  དོ་ནུབ་ང་ལ་ག་རེ་བྱུང་བ་རེད
མཐོལ་ལོ་གཤེགས  ང་ཤི་རང་ཆོག  རེད་དེ སྙིང་རྗེའི་ས་བོན
ཆུ་ཐིགས་ཙམ་ཞིག་ཡོད་པ་འདི  འགྲོ་བ་མིའི་རིགས་ལ་སྤྱིན་ཐུབ་པར་ཤོག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 16

  1. sha tak ri sim says:
    ལོ་ 14 སྔོན།

    གཅན་བཟོད་རྒྱམ་ལགས། ཉིད་ཀྱིས་ང་རང་གི་ཆང་མི་འཐུང་བ་ག་འདྲའི་བྱས་དེ་ཤེས་སོང་། དྲ་ཐོག་ནས་སྣོམ་ཐུབ་ཀྱི་འདུག་གམ། ཧཧཧཧ

    Reply
  2. chentsasopa says:
    ལོ་ 14 སྔོན།

    ཁྱོད་ཁོག་རྒྱ་ཆེ་ནོ་རིག་ནས་སེམས་བདེ་གི་ར། ཡིག་ནོར་མང་ནོར་བལྟས་ནས་ཞེ་སྨྲེང་གི་ཡ། ཧཧཧཧ།
    ཧ་བཟང་གི་བུ་ཟེར་ནོ་འདི། ཆང་མ་འཐུང་རུང་། གཏམ་ཁ་ལྕེ་ཟེར་ནོ་གློག་ཞགས་ཀི་མྱུར་ཡིན་ནོ་ཨེ་རིག་གི
    གཏམ་ཁ་ལྕེ་མེད་ན་སྤྱང་ལྟོགས་ངུས་འདྲ་ར། ཇ་འོ་མ་མེད་ན་ཆུ་ནག་འཐུང་འདྲ་ཟེར་ནི་རེད་ཡ་ཁོ་རེ། ཧཧཧ

    Reply
  3. sha tak ri sim says:
    ལོ་ 14 སྔོན།

    རང་གིས་རང་ལ་ཞེ་ས་ཡིན་ན་ཞིག་བརྒྱབ་དེ། ཁྱེད་ཀྱིས་བཞེས་ང་ཡི་ཟ། ང་ལ་ག་རེ་གསུངས་ཀྱང་ཆོག དངོས་ནས་དྲང་གནས་ཀྱི་སེམས་ལ་གནོད་ཀྱི་མི་འདུག་ལགས། མི་ངན་ལ་ཡར་རྒྱས་མེད་ཟེར་བ་ཅི་མ་བདེན། སྤུན་ཟླ་ཁྱེད་རང་ལྟ་བུ་མི་ཉུང་བ་ཞིག་གིས་སེམས་པ་དཀར་པོའི་ཁ་བརྡ་དང་སློབ་གསོ་བྱས། ལམ་སྟོན་གནང་ན་ཡང་། ང་རང་ད་དུང་སྔོན་ཆད་ལྟར། སྐབས་རེར་སྐུ་ཉིད་ཐང་ཆད་སྲིད། དེ་དུས་སླར་ཡང་སེམས་ཤུགས་རེ་འཕར་ནས་ཕྱིར་ང་རང་གི་ཁྲིམ་གཞིས་འདིར་ཕེབས་རྒྱུ་བརྗེད་མི་ཉན།

    Reply
  4. chentsasopa says:
    ལོ་ 14 སྔོན།

    བཀའ་བཀྱོན་བྱས་སོང་མ་བསམ་རོགས། ཤ་ཚ་བའི་གཏམ་ལ་སྙན་མོ་མེད་ཟེར་བ་རེད། འདི་ཡང་གཏམ་དཔེ་རེད།

    Reply
  5. chentsasopa says:
    ལོ་ 14 སྔོན།

    ད་དུང་ཁྱོད་ཀྱི་དག་ཆ་དེ་ཚོར་གཟབ་དགོས་ཞེས་ཐེངས་མ་ག་ཚོད་ལ་བཤད་མྱོང་། རྣ་མི་ན་རུང་ཁ་ན་བའི་ཚོད་རེད་ཡ་ཨ་ཤ་ཁྲག་རུས་གསུམ། བྱེད་སྒྲ་དགོས་སར་བྱེད་སྒྲ་མི་འབྲི། མི་དགོས་སར་བྱེད་སྒྲ་འབྲི། ཚིག་ཕྲད་ཟེར་ལ་བ་དེ་འདྲའི་རང་དབང་ཞིག་སུ་ཡིས་སྤྲད་སོང་།
    ཚིག་ཕྲད་ཚང་མ་རང་དབང་ཅན་རྐྱང་རེད་འདུག
    དྲ་གྲོགས་ཚོས་ཁྱོད་ལ་ལན་བརྒྱ་སྟོང་ལྷག་པ་བཤད་མྱོང་ཡོད་པ་རེད། ཁྭ་ཏའི་རྒྱུ་ཇེ་རྡུགས། སྐྱ་ཀའི་རྒྱུ་ཇེ་བཟང་ཟེར་བའི་ཁ་དཔེ་ཞིག་ཀྱང་ཡོད་ཡོད་ནི་རེད། འདི་ཚོ་ངས་ཁ་སྔོན་བཤད་ལའི་ལེགས་བཤད་དེ་འདྲ་མ་ཡིན་པར། ཁ་དཔེ་ཟེར་བ་དེ་རེད། སེམས་ལ་ཞོགས་ཤིག་ཐུགས་རྗེ་ཆེ། དགེ་བ་ཡོང་།

    Reply
  6. chentsasopa says:
    ལོ་ 14 སྔོན།

    སྐྱབས་མགོན་མཁྱེན། དེང་སང་གི་བྱ་ཡེ་འདི་ཚོས་བརྡ་དང་ཐ་སྙད་བེད་སྦྱོད་བྱེད་སྟངས་ལ་གཅིག་ལྟོས་དང། འདི་ལྟར་བྲིས་ན་རེ་བ་མེད་པ་འདྲ་ཞིག་ཀྱང་མཐོང་ཡོང་གི སྙིང་རྗེ་སྐམ་པོ་ཟེར་ན་ཅི་རེད། མཁས་པ་རྒན་པ་ཚོས་མཐོང་ན་ངོ་རེ་ཚ། ཡིད་རེ་ཆད། ཞེ་རེ་སྨོང་། རྗེས་མ་འདི་འདྲ་བ་མི་འབྲི་རྒྱུར་འབད་བརྩོན་བྱ་རོགས། ཐུགས་རྗེ་གཟིགས།

    Reply
  7. sha tak ri sim says:
    ལོ་ 14 སྔོན།

    སྤོབས་པ་མཐའ་ཡས་ལགས། ཉིད་ཀྱིས་དུས་བབ་ཚང་གི་འཕྱ་ཁྲལ་མ་འགྲུབ་པའི་ནག་ཉེས་ངོས་ལེན་གྱི་སྙན་ཞུ་ཞིག་དུས་བབ་ཚང་གི་རྩོམ་སྒྲིག་པའི་མཚན་ཐོག་ལ་བསྐུར་ན་རེད། ཁོང་གིས་སྐུ་ཉིད་ལ་ཉེས་པ་ཡང་མོ་ཞིག་ལས་མི་གཅོད་ཁོ་ཐག་ཡིན། དེ་སྐུ་ཉིད་ཀྱིས་ཀྱང་འཁུར་ཐུབ་ནི་རེད་ལགས།

    བྲག་འགོ་དཀོན་མཆོག་དར་རྒྱས་ལགས། སྙིང་རྗེ་སྐམ་པོ་ཞིག་ལས་མེད་པའི་འུ་ཅག་བོད་པ་ཚོ་ཡང་། དངོས་ནས་ཐབས་སྐྱོ་བོ་ཞིག་གི་ཚད་དུ་སླེབས་འདུག་ན། སྙིང་རྗེ་ལ་རྣ་བ་གཏོད་མ་མྱོང་བའི་མི་རིགས་དེ་དག་ལ་ཅི་ཁག་སྙམ།

    གཅན་བཟོད་རྒྱམ་གྱིས་སྐད་ཆ་དེ་ཚོ་བདེན་ནི་རེད།

    Reply
  8. chentsasopa says:
    ལོ་ 14 སྔོན།

    དྲ་གྲོགས་སྤོབས་པ་མཐའ་ཡས་ཀྱིས་ཁོང་གི་ཟིན་བྲིས་དང་ཁ་བརྡ་དྲ་སྣེ་སོགས་སུ་རྩོམ་ཡིག་རིན་ཐང་ཅན། ཀློག་རིན་ཡོད་པ་རེ་བྲིས་མྱོང་བས་དྲ་དཔོན་ལགས་ཀྱིས་བསྐྱར་དུ་ཁོང་གི་རང་དབང་ལུང་བར་རང་དབང་ཞིག་སྤྲོད་རྒྱུར་ཐུགས་བསམ་གནང་རོགས་ཞུ།

    Reply
  9. Dre Sha Zen says:
    ལོ་ 14 སྔོན།

    སྙིང་རྗེ་མེད་པའི་ཉིན་དེ་ནས་འཇིག་རྟེན་ནི་སྐྱི་གཡའ་བའི་གནས་སུ་ལྷུང་འགྲོ་ལ། སྙིང་རྗེ་མེད་པའི་ཀླ་ཀློ་ཞིག་གི་མི་ཡུལ་འདིར་ཐོན་པ་ནས་བོད་རིགས་འདི་འཛམ་གླིང་གི་འཐོ་སྒང་རྩ་མེད་གཏོང་ལ་ཉེ།

    Reply
  10. Pobpathaye says:
    ལོ་ 14 སྔོན།

    ངས་དུས་བབ་ཚང་ལ་ཟླ་བ་རེ་ཟུང་གི་རྩོམ་ཁྲལ་མ་འཕྲོད་སྟབས་དྲྭ་བདག་གིས་ངའི་རང་དབང་ལུང་པ་ཟེར་བའིི་ཁྱིམ་གཞིས་དྲོན་པོ་དེ་རྩ་གཏོར་བཏང་ཚར་འདུག

    Reply
  11. sha tak ri sim says:
    ལོ་ 14 སྔོན།

    མི་རྐྱང་སྨྱོན་པའི་སེམས་སུ་སྙིང་རྗེ་ཞིག་སྐྱེ་བར་ཤོག དེ་ནས་སེམས་ཅན་ལ་བདེ་སྐྱིད་སྤྲོད་ས་རེད།

    Reply
  12. wanderer1958 says:
    ལོ་ 14 སྔོན།

    ང་ལ་སྙིང་རྗེ་འདི་ཡོད་པའི་ཉིན་ནས་བཟུང་། གཡོ་སྒྱུ་དང་ལྐོག་ཟ་ལ་གོམས་པའི་མི་དཔོན་རྣམས་དག་གཙང་བྱས་ན་འདོད། རུལ་སུངས་སུ་གྱུར་བའི་སེམས་པ་དག་རྩ་མེད་དུ་གཏོང་ན་བསམ། ངན་རེངས་སུ་སོང་བའི་བྱ་སྤྱོད་དེ་རྣམས་རྒྱང་ཕུད་བྱས་ན་སྙམ། སྙིང་རྗེ་འདིའི་དབང་གིས་ཚང་མས་འདྲ་མཉམ་གྱི་ལོངས་སྤྱོད་ཅིག་རོལ་ན་འདོད། དག་གཙང་གི་འཇིག་རྟེན་འདི་སྔར་བཞིན་དྭངས་གཙང་ཞིག་ཡིན་ན་བསམ།

    Reply
  13. sha tak ri sim says:
    ལོ་ 14 སྔོན།

    བོན་རྒྱ་བཙན་རྒོལ་རིན་པོ་ཆེ་ལགས། གལ་སྲིད་ང་རང་ཨ་ཁུ་ཆོས་རྒྱལ་འདྲ་ཞིག་ཆགས་པ་ཡིན་ན་ཡང་། འཛམ་གླིང་གི་ཕྱུག་བདག་དེ་ཚོ་དང་སྲིད་དོན་པ་གཡོ་སྒྱུ་ཅན་དེ་ཚོ་ཐུབ་རྒྱུ་དཀའ་ས་རེད་ཀོ ཁྱེད་ཚང་གི་ཕྱག་མོ་ཞིག་གཟིགས་རོགས་ཞུ། དེ་ཐུབ་ཀྱི་འདུག་ན། ང་རང་གཤིན་རྗེ་ཆོས་རྒྱལ་གསོན་པོ་ཞིག་གི་སྐྱེ་བ་ལེན་ཨེ་ཐུབ་ལྟ་ཆོག

    ཁྲ་གླག་སྤྱང་གསུམ་ལགས། ང་རང་ཕྱུག་པོ་ཆགས་འདོད་མི་འདུག་མོད། འཛམ་གླིང་འདི་འདྲ་མཉམ་ཞིག་བཟོས་རྗེས། ངས་ཁྱེད་རང་ལ་གོ་གནས་དེ་སྤྲོད་ཆོག བདག་པོ་ཡག་པོ་རྒྱོབས། ཤུལ་རྗེས་མ་ནོར་བ་བྱོས། ང་རང་ས་ཁུལ་ཀུ་ཡངས་ས་ཞིག་ནས་རང་གི་ཁ་ལྟོ་འགྲིག་ཙམ་ཞིག་བྱས་དེ་་བསྡོད་ཆོག

    Reply
  14. sherabt says:
    ལོ་ 14 སྔོན།

    གཞན་རྣམས་ལ་མོས་འཐུས་ཡོད་ཀྱང༌། འཛམ་གླིང་གི་ཕྱུག་བདག་ཚོ་ཁྲིམས་ཁང་དུ་བསྐྱེལ་ན་ཁོང་ཚོའི་རྒྱུ་ནོར་སུ་ལ་རག་པ་དེ་ཡང་ཕྱུག་བདག་འགྱུར་ཞིང༌། དེ་དག་རེ་བཞིན་བཙོན་ཁང་ནང་བཅུག་དགོས་ན་མཐའ་མ་རང་ཉིད་གཅིག་པུར་ལྷག་ཅིང༌། འཛམ་གླིང་གི་རྒྱུ་ནོར་ཀུན་གྱི་བདག་པོ་ཆགས་རྒྱུ་ཡིན་པས་དེ་ནི་འདོད་རྔམས་ཚ་དྲགས་པ་མ་རེད་དམ།
    དེ་བཞིན་ལྷ་ཀླུ་མི་གསུམ་འདྲ་མཉམ་ཞིག་སྟོབས་ཆེན་ཨོ་རུ་སུ་དང་རྒྱ་ནག་གིས་ཀྱང་ཐུབ་མེད་པས་ཁག་པོ་ཡིན་འགྲོ། རྩེད་མོ་ཡིན།

    Reply
  15. kangwod says:
    ལོ་ 14 སྔོན།

    ཁྱོད་ལ་སྙིང་རྗེ་མེད་པའི་ཉིན་དེ་ནི་ཨ་ཁུ་ཆོས་རྒྱལ་གསོན་པར་བཞེངས་ནས་འཇིག་རྟེན་ལ་ཕེབས་པའི་ཉིན་དེ་ཡིན་པ་འདྲ།

    Reply
  16. sha tak ri sim says:
    ལོ་ 14 སྔོན།

    ཁ་བ་དཀར་པོ་ལགས་ཀྱིས་ངའི་རྒྱུད་ལ་སྙིང་རྗེ་རེ་སྐྱེས་པའི་དུས་སུ་ཞེས་པའི་རྩོམ་ཡིག་དེ་ཀློག་རྗེས་སུ་ཁོ་ཚང་ནས་ཤར་མར་བྲིས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist