མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་གི་ལག་ཁྱེར་ཁ་པར།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་ཁུལ་གྱི་ལྷོ་ནུབ་མི་རིགས་སློབ་ཆེན་དང་པེ་ཅིན་གྱི་འཕྲིན་གཏོང་ཚན་རྩལ་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ། བོད་ཡིག་འབྲི་ཐུབ་པའི་ལག་ཁྱེར་ཁ་པར་ཞིག་ཉེ་ཆར་དངོས་སུ་བཟོ་སྐྲུན་ལེགས་འགྲུབ་བྱུང་ཡོད་འདུག

ཉེ་ཆར་བོད་ཀྱི་རིག་གནས་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༢ ཉིན་ལྷོ་ནུབ་མི་རིགས་སློབ་ཆེན་དང་པེ་ཅིན་དྲ་ལམ་འཕྲིན་གཏོང་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིབ་འཇུག་བྱས་ཏེ་ཐོན་པའི་བོད་ཡིག་འབྲི་ཐུབ་པའི་ལག་ཁྱེར་ཁ་པར་དེ་ད་ལྟ་དངོས་སུ་བཏོན་ཡོད་འདུག་ལ། བོད་ཡིག་འབྲི་ཐུབ་པའི་ལག་ཁྱེར་ཁ་པར་དེར GSM དང་ CDMA ཅེས་པའི་ལག་ཁྱེར་ཁ་པར་རིགས་གཉིས་ཡོད་པ་དང་། ཁ་པར་དེའི་ནང་བོད་ཡིག་གི་འཕྲིན་ཐུང་དང་ཚོན་འཕྲིན། བོད་ལུགས་པར་རིས་སོགས་མཁོ་གཏོང་བྱེད་ཐུབ་པ་མ་ཟད། བོད་ཡིག་གློག་རྡུལ་ཡིག་རིགས་སོགས་ལ་ལྟ་ཐུབ་པ་སོགས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང།  ཡི་གེ་འབྲི་ཐུབ་པ་ཁོ་ན་མིན་པར་ལག་ཁྱེར་ཁ་པར་གཞན་ལ་ཡོད་པའི་ནུས་པ་ཆ་ཚང་བེད་སྤྱོད་གཏོང་བ་དང་ཁ་པར་གྱི་ཐོག་ནས་རང་གིས་རྒྱུས་མངའ་ཡོད་པའི་ཡིག་རིགས་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་རེད།

ལག་ཁྱེར་ཁ་པར་འདི་ ༡༩༩༨ ལོར་ཐོག་མར་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་བོད་སྐད་ཡིག་གི་རྩིས་འཁོར་མ་ལག་ཐོག་ཞིབ་འཇུག་བྱས་ཡོད་པ་དང་། རྨང་གཞི་དེའི་ཐོག་སློབ་ཆེན་དེའི་མི་རིགས་སྐད་ཡིག་ཆ་འཕྲིན་བཅོས་སྒྲིག་ཞིབ་འཇུག་ཁང་གིས་བོད་ཡིག་འབྲི་ཐུབ་པའི་ལག་ཁྱེར་ཁ་པར་ཐོག་བོད་ཡིག་གི་ཡིག་གཟུགས་ནང་འཇུག་བྱེད་ཐབས་དང། བོད་ཡིག་ཚིག་མཛོད་སྐོར་གྱི་ཞིབ་འཇུག་ཚོགས་པ་བཙུགས་ཏེ། ཉེ་ཆར་ཚོགས་པ་དེས་ཁ་པར་སྟེང་ཡིག་གཟུགས་མི་འདྲ་བ་ ༡༦༢༥༠ འཚོལ་སྡུད་དང་། སྟར་ཆགས ༢༤ ལྡན་པའི་བོད་ཡིག་སྟར་ཆགས་ཀྱི་ཡིག་མཛོད་གསར་གཏོད་བྱས་ཡོད་འདུག་ལ། ལག་བྲིས་བོད་ཡིག་ལག་ཁྱེར་ཁ་པར་གྱི་ཐ་སྙད་ ༥༠༠༠ ཙམ་ཡིག་སྒྱུར་བྱས་ཡོད་པ་རེད། 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༤ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༥ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 12

  1. getse ngodup from .be says:
    ལོ་ 16 སྔོན།

    ཨོ་ སྤྱི་ཆོ༹གས་ཡར་རྒྱས་འགྲོ་གི་འདུག།

    Reply
  2. ཨ་ལ་ལ says:
    ལོ་ 16 སྔོན།

    ངས་ཉེ་ཆར་ཀོ་རི་ཡའི་ལྟད་མོ་ཞིག་ཨམ་སྐད་ནང་སྟོན་བཞིན་པ་ཞིག་མཐོང་བ་ཡིན་མོད། དེའི་ནང་དུ་ལག་ཁྱེར་ཁ་པར་ཟེར་བ་འདི་ལ་ལག་འཕྲིན་ཞེས་འབོད་ཀྱི་འདུག་པས་ཁོང་ཚོས་བཤད་པ་བཞིན་ང་ཚོས་ཀྱང་ལག་འཕྲིན་ཞེས་ལབ་ན་གང་འདྲ་འདུག

    Reply
  3. ར་ས་ཕོ་ཉ། says:
    ལོ་ 16 སྔོན།

    ཁ་བྱང་ལ་ལག་ཁྱེར་ཁ་པར་ཞེས་པ་དེ་ཐ་སྙད་འཐད་ཀྱི་མི་འདུག དུས་རྒྱུན་ལག་ཁྱེར་ནི་པ་སེ་ལ་གོ་རྒྱུ་ཡིན་ན། པ་སེ་དང་ཁ་པར་གྱི་གཞི་མཐུན་ཞིག་བྱུང་ན་ལག་ཁྱེར་ཁ་པར་ལབ་དགོས།

    Reply
  4. བློ་བཟང་། says:
    ལོ་ 16 སྔོན།

    འདི་ངོ་ནས་གཏམ་བཟང་རེད། མ་གཞི་ནས་ལས་འགན་འདི་དག་བོད་ཤེས་རིག་ལས་ཁུངས་ཀྱིས་འཁུར་དགོས་པ་ཡིན་མོད་ཁོང་ཚོ་ནམ་གཞན་གྱི་ལས་དོན་ལ་གཞོལ་དྲག་པས་འདི་དག་མིག་འོག་ཏུ་མི་ཐོག

    Reply
  5. འབྲོག་ཁྱི། says:
    ལོ་ 16 སྔོན།

    ཨོ་་་་་་་་བོད་ཡིག་འབྲི་གཏོང་ཐུབ་པའི་ཁ་པར་ཞིག་བྱུང་བ་དེ་ཡག་པོ་བྱུང་འདུག་མགྱོགས་ཙམ་བོད་ལ་ཁ་པར་གཏོང་ནས་དེ་འདྲ་ཞིག་རེག་ཐབས་བྱེད་ཀྱིས་ཡིན་ད། དེ་བད་སྤྱོད་ང་ཚོས་མ་བྱས་ན་སུས་བྱེད་ཨ་མ་རེད་བས།

    Reply
  6. གངས་མྱུག says:
    ལོ་ 16 སྔོན།

    བཙན་བྱོལ་དུ་སློབ་ཆེན་སློབ་མ་དང་གློག་ཀླད་ཆེད་མཁས་པ་རིགས་གཅིག་རྐང་འཛིན་པ་སོགས་མིང་རྫིག་པའི་རྣམ་གྲངས་མང་ལ། དེང་རབས་ཀྱི་འཕྲུལ་རིག་སྤྱད་དེ་བོད་ཀྱི་རིག་གནས་ཡར་རྒྱས་ལ་གསར་གཏོད་བླ་མེད་མཛད་མཁན་ནི། གྼ་སར་བཞུགས་པའི་གྲྭ་རྐྱང་དཀྱུས་མ་སྨོན་གཅིག་བུ་ལས་མཛུབ་མོ་འཛུགས་ས་མེད་པ་ནི་ང་ཚོ་བཙན་བྱོལ་བ་ཚོས་ངོ་ཚ་ཞིག་རེད།

    Reply
  7. གཉན་མདང་ཕོ་ཉ། says:
    ལོ་ 16 སྔོན།

    ལྷོ་ནུབ་མི་རིགས་སློབ་ཆེན་དང་པེ་ཅིན་དྲ་ལམ་འཕྲིན་གཏོང་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་གཉིས་ལ་རང་དབང་ཡོད་པའི་ས་མཐའ་ནས་རང་གཞུང་ཡོད་པའི་འབངས་མི་ཞིག་གིས་ཐུགས་རྗེ་ཆེ་ཞཱུ།
    འཛུགས་བསྐྲུན་འདི་འདྲ་བས་བོད་ཡིག་ལ་ཉམས་གསོ་དང་དོ་སྣང་ཡོང་བར་བྱེད་རྒྱུར་དོན་ཕན་ལྡན་པའི་ཕན་ནུས་ཡོད་པ་དངོས་བདེན་ལགས་ཀྱང་
    བཙན་བྱོལ་ཁྲོད་ནས་སྡུག་སྐད་འདོན་པ་ཙམ་ལས་
    ལག་པ་འཆང་མཁན་མེད་པ་ཡིད་སྐྱོའི་གནས་ཚུལ་ད་རུང་ལྷག་བསྡད་ཡོད།

    Reply
  8. ཨ་ལ་ལ says:
    ལོ་ 16 སྔོན།

    བོད་ཀྱི་མཁས་པ་ཚན་རྩལ་ཅན་འདི་དག་གི་སྐུ་དྲིན་ནི་བསྟོད་བསྔགས་བྱས་པ་ཁོ་ནས་རྫོགས་ཐུབ་པ་ཞིག་མ་རེད། དངོས་ཤུགས་བརྒྱུད་གསུམ་ནས་འདི་དག་གི་ཐུགས་རེ་འགྲུབ་ཐུབ་ཐབས་བྱེད་དགོས་པ་དང་ཁོང་རྣམ་པའི་སེམས་ཤུགས་མ་ཆག་པར་གནས་ཐབས་བྱེད་རྒྱུ་གལ་ཆེན་པོ་རེད།

    Reply
  9. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    ཡིན་ནའང་བཟོད་རྒྱམ་ལགས་ཁྱེད་རང་གི་བོད་ཡིག་གི་ཚིག་སྦྱོར་ལ་ཅུང་གཟབ་ན་མི་བཟང་ངམ། ཐུགས་རྒྱལ་བཞེངས་མི་ཉན། སྤུན་ཟླ་ཞིག་གི་རེ་བསྐུལ་ཙམ་ཡིན། ཁ་དྲོ་བཀྲ་ཤིས།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཨོ་ཨོ་ད་ཧྲ་གི་ཡ། ད་བསྡད་ཀིན་བསྡད་ཀིན་ངའི་དབྱིན་འཁྱོག་ཆ་བོ་བེད་སྤྱོད་གཏོང་དགོས་རྒྱུ་མ་རེད་ཡ། དགེ་བ་བྱོས་དང་ནི་རེད། སྤྱིར་དབྱིན་ཡིག་ལ་མི་དགའ་བའི་སྟེང་ལ་ཅང་མི་ཤེས་ནི་རེད་མོ། ད་ཤེས་མི་ཤེས་བྱེད་དགོས་རྒྱུ་མ་རེད་ཡ། ན་ནིངས་ཞིག་ནས་བོད་ཡིག་གི་ལམ་ནས་མྱུར་འཕྲིན་སོགས་གཏོང་རྒྱུ་ཡོད་པ་ནས་བཟུང་ངས་ཤེས་པའི་དབྱིན་འཁྱོག་ཆ་བོའི་བེད་སྤྱོད་རང་བཞིན་གྱིས་ཇེ་ཉུང་དུ་དགའ་རབ་ཅིག་བུད་ཐལ། ད་དངོས་གནས་བེད་མེད་རང་དུ་འགྱུར་རྒྱུ་རེད། བོད་ཡིག་གློག་རྡུལ་གྱི་ལམ་དུ་འཇུག་མཁན་ཚམ་རིག་ལག་རྩལ་མཁས་པ་ཚོར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
    དགའ་བ་ལ་དང་སྐྱིད་པ་ལ། །
    བོད་ཡིག་དར་རྒྱས་ཇེ་མགྱོགས་རེད།།
    བོད་ཡིག་དར་ཁྱབ་ཇེ་ཆེ་རེད།།
    བོད་མིའི་རིག་གནས་རྒྱས་པའི་རྟགས།།

    དགའ་བ་ལ་དང་སྐྱིད་པ་ལ།།
    ལ་ལ་ལ་ལ་ལ་ལ་ལ་ལ་ལ།།།།

    Reply
  11. ངྷ་སའི་ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ།

    Reply
  12. ནད་པ says:
    ལོ་ 16 སྔོན།

    དུས་རབས་དང་མཚམས་པར་ང་ཚོ་ཡང་གོམ་གང་མདུན་སྤོས་ཤིག་བྱེད་དགོས་སྟབས་དོན་དངོས་ཐོག་དངོས་འབྲེལ་གྱི་བྱས་རྗེས་ཆེན་པོ་རེད། སྙིང་ནས་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese