མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཁྱག་རོམ་གྱི་ཆིངས་ཡིག རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁོ་པེན་ཧ་གྷན་གྱི་ཚོགས་ཆེན་འདི་ལམ་ལྷོང་ཡོང་མིན་ནི་རྒྱ་ནག་ལ་ཐུག་འདུག རྒྱ་ནག་གིས་འཛམ་གླིང་གི་སྣེ་གསུམ་པ་སྟེ། བོད་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་འཁྱག་རོམ་སྲུང་སྐྱོབ་ཀྱི་ཐད་འགན་ལེན་ཅི་ཙམ་བྱེད་མིན་ལ་ཐུག་ཡོད།

འགྲོ་བ་མིའི་ལོ་རྒྱུས་སྟེང་གལ་ཆེ་ཤོས་སུ་གྱུར་བའི་ཚོགས་ཆེན་འདིའི་སྟེང་དུ་གཙོ་བོ་ཁར་བྷོན་དུད་རླངས་རྩ་མེད་བཟོ་རྒྱུའི་དུས་བཅད་འཆར་འགོད་དང་ལས་རིམ་སོགས་སྒྲིག་རྒྱུ་ཡིན་སྐད། འོན་ཀྱང་། བོད་གངས་ཅན་གྱི་ཡུལ་ལ་མཚོན་ན་རྩ་བའི་སྲིད་བྱུས་ཤིག་འདིང་དགོས་ཀྱིན་ཡོད། དཔེར་ན། རྒྱ་ནག་གིས་བོད་མི་རིགས་ཀྱི་གདོད་མའི་འཚོ་བའི་ལམ་ལུགས་ལ་འགྱུར་བ་བཏང་བ་དང་། མེ་འཁོར་ལྕགས་ལམ་དང་གནམ་ཐང་། གཞུང་ལམ་སྣ་ཚོགས་འཐེན་ཏེ་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་ལ་གཏོར་སྐྱོན་བཏང་ཡོད་པ་མ་ཟད། རྡུལ་ཕྲན་མཚོན་ཆ་སོགས་གོ་མཚོན་གྱི་སྙིགས་རོ་རྣམས་བོད་ས་ཁུལ་དུ་གཡུག་གིན་ཡོད། ༢༠༠༧ ལོར་རྒྱ་ནག་གི་མེ་འཁོར་ཐོག་དང་པོར་ལྷ་སར་འཛུལ་ཞིང་། ལོ་དེར་རི་བོ་ཇོ་མོ་གླང་མའི་ངོས་ནས་འཁྱག་རོམ་ཆེན་པོ་ཞིག་མར་འགྱེལ་ཡོད། འདི་གཉིས་ལ་ཁ་ཐུག་གི་འབྲེལ་བ་མེད་ཀྱང་། རྒྱ་ནག་གི་སྲིད་བྱུས་དང་རང་བྱུང་ཁམས་ཀྱི་ཆག་འཇིག་གི་རྣམ་འགྱུར་གསལ་བོ་གཉིས་ཡིན།

བོད་ཀྱི་འཁྱག་རོམ་ཆེན་པོ་ ༤༠༠༠༠ ལྷག་ནི་ཨེ་ཤ་ཡའི་གཙང་བོ་ཆེན་པོ་དགུའི་མགོ་ཁུངས་ཡིན་ལ། ཨེ་ཤ་ཡ་མི་གྲངས་དུང་ཕྱུར་ ༡།༣ ཀྱི་ཚེ་སྲོག་གི་རྒྱུན་ཐག་ཡིན། ད་དུང་སྲོག་ཆགས་དེ་ལས་མང་བ་ཞིག་ཀྱང་ཐད་ཀར་དུ་འཁྱག་རོམ་འདི་དག་ལ་བསྟེན་ཡོད།

ཚན་རིག་པ་དག་གིས་བོད་ཀྱི་འཁྱག་རོམ་འདི་དག་ལོ་ ༤༠ རྗེས་ནས་རྫོགས་རྒྱུ་ཡིན་པར་སྔོན་དཔག་བྱས་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་བགྲོ་གླེང་ཞིག་གི་སྟེང་དུ་ཧི་མ་ལ་ཡ་རི་བརྒྱུད་ཀྱི་འཁྱག་རོམ་མཐའ་དག་ ༢༠༣༥ ལོར་ཞུས་ཚར་རྒྱུ་རེད་ཟེར།

དེ་བས་ཁོ་པེན་ཧ་གྷན་གྱི་ཚོགས་ཆེན་འདིའི་སྟེང་ནས་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་ལ་བསྟུན་པའི་སྲིད་བྱུས་ཤིག་འདོན་རྒྱུ་གལ་ཆེ་ལ། མ་མཐར་ཡང་རྒྱ་དཀར་ནག་གཉིས་གཙོ་བྱས་པའི་ཨེ་ཤ་ཡའི་རྒྱལ་ཁབ་དག་གིས་ཚོགས་ཆེན་འདི་དང་ཡང་ན་གཞན་ཞིག་ནས་བོད་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་འཁྱག་རོམ་སྲུང་སྐྱོབ་ཀྱི་ཆིངས་ཡིག་ཅིག་འཇོག་རྒྱུ་ནི་གལ་ཆེན་དུ་གྱུར་ཡོད་པར་འདོད།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 26

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། ཉིན་ཤས་རིང་དྲ་ངོས་སུ་ཡོང་མ་ཐུབ་སྟབས་ཁྱེད་རྣམ་པར་ལན་འབུལ་ཐུབ་མ་སོང་། ཁོམ་སྐབས་དང་བསྟུན་ནས་བགྲོ་གླེང་བྱ་ཆོག དེ་རིང་བྲེལ་བའི་སྒང་ཡིན།

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    རང་ཁ་གསེར་གྱི་སྒོ་མོ། །རང་སྲོག་གཅོད་པའི་སྟ་རེ། །

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གསུངས་དང

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཅོག་རི་ལགས། དེང་སང་དངུལ་ལྐོག་ཟ་བྱེད་མཁན་ཚབ་ཆེ་ཤོས་དེ་ཚོ་གཞུང་འབྲེལ་མིན་པའི་ཚོགས་པ་དེ་འདྲའི་ནང་ནས་སྡུག་ཤོས་ཡོང་གིན་ཡོད་པ་འདྲ།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས།
    ཁྱེད་བདེན་ངོ་ཚ་མེད་པའི་བོད་མི་འགའ་ཞིག་གིས་གཞུང་དངུལ་ཟ་གང་ཐོབ་དང་སོ་སོའི་གོ་གནས་ཐོག་ནས་རང་དོན་སྒྲུབ་གང་ཐུབ་བྱས་པ་དེ་ཚོ་དངོས་ཡོད་གནས་སྟངས་རེད། དུས་ཚོད་འདི་འདྲ་ལ་བོད་གཞུང་ལ་དངུལ་ཡར་ཕུལ་རྒྱུ་ཕར་ཞོགས་གཞུང་དངུལ་སྒོས་ཟ་ཡིས་ཆེད་དུ་གཅིག་རྒྱབ་གཅིག་ལང་དང་དཔོན་ངན་དཔང་སྒྲིག་བྱས་ནས་གཞུང་དངུལ་ཧམ་ཟ་བྱེད་བཞིན་པ་འདི་ནི་ང་རང་ཚོ་བོད་མི་
    རིགས་འདི་དཔལ་འབྱོར་གྱི་ཆ་ནས་རང་ཉིད་རང་རྐང་སྟེང་དུ་ལང་མི་ཐུབ་བ་བཟོ་བའི་རྒྱུ་རྐྱེན་གཙོ་བོ་དེ་རེད།
    ཨ་རི་ལ་ཆ་བཞག་ན་བོད་མི་མང་པོ་ཞིག་སྔོན་མ་བོད་གཞུང་གི་ལས་བྱེད་པ་བྱས་མྱོང་བ་མ་ཟད་གཞུང་དངུལ་ལྐོག་ཟ་བྱས་མྱོང་བ་རྣམས་དེང་སང་ཨ་རི་མི་སེར་ཆ་ནས་རང་བཙན་ལག་དེབ་ཀྱི་བཅའ་ཁྲལ་ཡང་མི་སྤྲད་པ་ད་དུང་
    སྤོབས་པ་མཐོ་པོའི་ཐོག་ནས་བོད་མི་ཡིན་ཁུལ་དང་བོད་དོན་ལ་སེམས་ཤུགས་ཡོད་མདོག་བྱས་ནས་ང་ཚོའི་མིག་གི་མདུན་དུ་མཐོང་བཞིན་པ་འདི་ཚོ་ནི་བོད་མི་རིགས་ཀྱི་དགྲ་བོ་ཡིན་པའི་མཐའ་གཅིག་ཏུ་དགག་པ་རྒྱག་དགོས།
    ཡིན་ཡང་བོད་གཞུང་ལ་དངུལ་མེད་ན་ལས་དོན་སྒྲུབ་མི་ཐུབ་པ་དེ་ཡང་དངོས་ཡོད་གནས་སྟངས་ཞིག་དང་དངུལ་བཟོ་ཐུབ་ཡང་གཞུང་ལ་མི་ཕུན་པ་དཔོན་ངན་རྣམས་ཀྱིས་ཟ་འགྲོ་བའི་དཀའ་ངལ་འདི་ཐག་བཅད་མ་ཐུབ་བར་དུ་བོད་མི་རིགས་འདིར་དུས་ནམ་ཡང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་མི་ཐུབ།
    དེ་འདྲ་ཡིན་དུས་དང་པོ་དངུལ་བཟོ་ཐུབ་པ་དང་གཉིས་པ་དངུལ་དེ་མི་ངན་དཔོན་ངན་རྣམས་ཀྱིས་ཟ་མི་ཐུབ་པའི་ཐབས་ཤེས་ཅི་ཞིག་ཡོད་དམ།
    མ་ཟད་དྲ་གྲོགས་ཁྱི་འདྲ་བ་རྩོམ་སྒྲིག་པ་འགའ་རེ་ཀྱང་སྤྱི་དངུལ་ལྐོག་ཟ་བྱས་ཀྱི་ཡོད་རེད་ཞེས་དུས་བབ་དྲ་ཐོག་ན་སྐད་ཆ་མང་པོ་ཞིག་འདུག།
    དེ་ཚོ་ཡང་བདེན་པ་ཡིན་ནམ། ཡིན་ནམ།
    བྱམ་རྒྱལ་ལགས་ཐུགས་སེམས་མ་ཕམ་བོད་མི་ཟེར་བ་དེ་འདི་འདྲ་ཞིག་མ་གཏོགས་མེད་པས་རྒྱུ་མཚན་གྱིས་བོད་མི་ཡོད་ཚད་ཐམས་ཅད་སྡུག་ངལ་མྱོང་བཞིན་ཡོད་རེད།
    སངས་རྒྱས་ཀྱི་གསུངས་ལས།
    སེམས་ཅད་ལས་ཀྱི་མནར་བ་ལ་ཀུན་དགའ་བོ་མྱ་ངན་མ་བྱས་ཨ་ཞེས་གསུངས་པ་དང་གཅིག་པ་རེད་དོ།

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    བོད་མི་ལ་རེ་བ་མི་འདུག། སྔོན་མ་བོད་མི་གཅིག་སྟོང་ཨ་རིར་གཏོང་སྐབས་ལམ་གྲོན་གཡར་བ་དེ་ལ་ལས་ད་དུང་ཚུར་མ་སྤྲད་པར་རང་གཞུང་ལ་འོ་བརྒྱལ་ག་ཚོད་སྤྲད་བྱུང་། བོད་མི་ཕྱི་རྒྱལ་དུ་སོང་མཁན་སུས་བོད་གཞུང་ཕན་སོང་།

    Reply
  7. བྱམས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་ཅོ་རི་དང་ངེད་གཉིས་ཀྱི་བསམ་ཚུལ་མཐུན་པ་དེ་ང་ཡང་ཤིན་ཏུ་དགའ་བྱུང་།
    འོན་ཏེ་ཡིད་སྐྱོ་དགོས་པ་ཞིག་ལ་དྲ་གྲོགས་ཚོ་ལ་བསམ་ཚུལ་གནང་་རོགས་ཞེས་ངེད་གཉིས་ཀས་རེ་བ་ཞུས་ཡོད་ཀྱང་རེ་བ་དེ་འཇའ་མཚོན་གྱི་དཔེ་རུ་སོང་བ་འདྲ་ ད་དུང་ཁྱེད་ཀྱིས་གསར་འགོད་པ་ལ་་དེ་བསམ་ཚུལ་དྲ་མིག་ནང་འགོད་རོགས་ཞེས་ཞུས་སོང་ཡང་རེ་སྟོང་དུ་གྱུར་སོང་།
    གཤེ་རེས་ དང་ ཟུར་ཟ་ སྡིགས་ར་ བཅས་ཀྱི་བསམ་ཚུལ་རིགས་ལ་གསར་འགོད་པ་དང་ དྲ་གྲོགས་ཚོས་མིག་རིལ་རིལ་བྱེད་ནས་ལྟ་གྱིན་འདུག་།
    དོན་དངོས་ཐོག་རྩ་དོན་ལ་ཕན་པའི་ཁ་ཚ་དགོས་ངཏུགས་ཀྱི་བསམ་ཚུལ་རིགས་ལ་སྣང་མེད་དུ་འཇོག་གི་ཡོད་པའི་བཟོ་འདྲ་ཞིག་མཐོང་བྱུང་ལགསས།
    ང་ཚོ་གཞུང་དང་སྤྱི་ཚོགས་གཉིས་ཀས་དངུལ་གསོག་དགོས་ཡ་དེ་གལ་ཆེན་པོ་རེད་འདུག་།
    ནུབ་ཕྱོགས་ལ་བོད་རིགས་ག་ཚད་མང་དུ་འགྲོ་ཐུབ་ན་རེ་བ་རྒྱག་ས་ཞིག་ཆགས་ཀྱི་རེད་བསམ་པ་སྔར་ནས་དྲན་གྱི་ཡོད་།
    དཔེར་ན་ཏ་མིལ་གྱི་མི་རིགས་ཕོན་ཆེ་ཤོས་དེ་ཕ་རན་སི་ལ་ཡོད་པ་རེད་ ཁོང་ཚོས་དངུལ་བསྡུ་རུབ་ཀྱིས་ཤི་རི་ལང་ཀར་ཏ་མིལ་ལས་འགུལ་བ་ཚོར་གཏོང་གི་ཡོད་པ་རེད་། ཁོང་ཚོ་ནི་དྲག་སྤྱོད་དང་ ང་ཚོ་ནི་འཚེ་མེད་ཡིན་པས་ལྟ་བ་ཁག་ཁག་ཡིན་ཀྱང་དངུལ་སྡུ་སྟངས་དེ་མིག་དཔེ་ལྟ་ཆོག་པ་ཞིག་རེད་།
    གང་ལྟར་ངེད་གཉིས་སེམས་ཤུགས་མི་ཆགས་པ་དངུལ་བསྡུ་ཐབས་ཀྱི་བསམ་ཚུལ་འདི་དུས་བབ་ཀྱི་བསམ་ཚུལ་དྲ་མིག་ནང་དུ་འཇོག་ཐུབ་པའི་རེ་སྨོན་མཆིས། རྗེས་སུ་མཇལ་ཡོང་།།
    ཀློག་མཁན་ཚོར་ཞུ་རྒྱུ་ལ་བརྗོད་གཞི་ངོ་མ་འཁྱགས་རོམ་གྱི་གནད་དོན་དང་འབྲེལ་བ་མེད་པས་དགོངས་དག་ཞུ།།

    Reply
  8. ནད་པ says:
    ལོ་ 15 སྔོན།

    ཆིངས་ཡིག་ཟེར་བ་དེ་མི་ལ་མགོ་བསྐོར་གཏོང་རྒྱུའི་ལག་ཆ་ཞིག་ཡིན་པ་ལས་དེར་དོན་དངོས་ཀྱི་ནུས་པ་གང་ཡང་མེད།

    དོན་དམ་ནི་ཆབ་སྲིད་ཀྱི་སྟོབས་ཤུགས་དང་། དམག་དོན་གྱི་སྟོབས་ཤུགས་དང་། མི་འབོར་གྱི་སྟོབས་ཤུགས། དཔལ་འབྱོར་གྱི་སྟོབས་ཤུགས་བཅས་ལ་རག་ལུས་ཡོད།

    Reply
  9. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 15 སྔོན།

    རེ་་་་་་་་་་་ཞེས་པ་ལྷག་པའི་སྐྱོན

    Reply
  10. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལུང་རིགས་ལགས། ཉེ་སྔོན་བཀའ་མོད་བྱུང་བ་བཞིན་ཟིན་བྲིས་ལ་སྡེ་ཚན་ཁ་ཤས་གནང་ཐུབ་ན་ལེགས་པ་མ་ཟད། ལོ་རེའི་ནང་སྤྱི་ཚོགས་ལ་ཕན་རླབས་ཆེ་ཤོས་དང་རྩོམ་ཡིག་ལེགས་ཤོས་རེ་གསུམ་ཙམ་ལ་བོད་ཀྱི་དུས་བབ་རྩོམ་སྒྲིག་ཁང་ནས་དམིགས་བསལ་བཟང་བསྟོད་བྱ་དགའ་རེ་རྣམ་པ་འདྲ་མིན་གྱི་སྒོ་ནས་འབུལ་ཐུབ་ན་སྤྱི་ཚོགས་ཁྱོན་ཡོངས་ལ་རྩོམ་ཡིག་གིས་བསྐུལ་འདེད་དང་རྩོམ་ཡིག་ལ་སྤྱི་ཚོགས་ཀྱིས་བསྐུལ་འདེད་བྱེད་པའི་ལམ་སྲོལ་བཟང་པོ་ཞིག་ཆགས་མི་སྲིད་པ་མིན་པར་སྙམ་པས་དེ་དོན་ལ་དགོངས་འཇགས་འཚལ

    Reply
  11. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 15 སྔོན།

    བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་སྟངས་ནི་རྨོངས་དད་མིན།
    དེང་སྐབས་ཁོར་ཡུག་དང་གནམ་གཤིས་ཐོག་ལ་འཛམ་གླིང་ཁྱོན་ཡོངས་ནས་སེམས་འཁུར་བྱེད་བཞིན་ཡོད་ལ། ལྷག་པར་ཁ་སང་ དེ་རིང་འཁྱག་རོམ་ཉེན་ཁའི་སྐོར་ལ་རྒྱལ་སྤྱིའི་ཚོགས་ཆེན་ཞིག་(ཁོ་པན་ཧ་གན་)འཚོགས་བཞིན་པའི་སྒང་རེད།
    ཚོགས་འདུ་དེའི་དམིགས་ཡུལ་འཛམ་གླིང་གི་འཁྱག་རོམ་བརྟན་འཇགས་ཡོང་ཐབས་ཡིན་པ་འདྲ། ཚོགས་འདུ་འདི་ཚོགས་བཞིན་པའི་སྐབས་ཕྲན་གྱིས་རང་ཉིད་ལོ་ན་ཆུང་བའི་སྐབས་ཀྱི་ཕ་མའི་བསླབ་བྱ་ཁག་དང་སྲོལ་རྒྱུན་ཆོས་ལུགས་ཀྱི་བྱེད་སྒོ་འགའ་དྲན་གསོས་སོང། དེ་དུས་གུས་པས་བསླབ་བྱ་དང་ཆོས་ལུགས་ཀྱི་བྱེད་སྒོ་དེའི་ནང་དོན་
    གསལ་བོར་ཤེས་རྒྱུ་མེད་ཀྱང་ཕྱིས་སུ་བསམ་ཞིབ་བྱས་དུས་དེ་དག་ནི་
    རྨོངས་དད་ཙམ་མ་ཡིན་པར་དོན་དངོས་ཁོར་ཡུག་སྲུང་སྐྱོབ་ལ་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད་འདུག།
    དེ་ཡང་ང་ལ་ཕ་མས་རྒྱུན་དུ་བཤད་མྱོང་བ་ཞིག་ལ། གང་བྱུང་དུ་ས་རྐོ་རྡོ་སློག་མ་བྱེད། དོན་མེད་རྩི་ཤིང་གཅོད་འབྲེག་མ་བྱེད། ཆུ་དང་མཚོའུའི་ནང་དུ་གཅིན་སྐྱག་གཏོང་མི་རུང།ས་བདག་གནས་
    བདག་ཁྲོས་ནས་ཚུར་གནོད་ཡོང་གི་རེད་ཅེས་ཞེ་སྣང་སློང་གི་ཡོད། དེ་དུས་ངའི་བསམ་པར་ས་བདག་གནས་བདག་ཟེར་བ་དེ་ཚོ་གང་ཟག་
    འཇིགས་སུ་རུང་བ་ཞིག་དང། ས་རྐོ་རྡོ་སློག་སོགས་བྱས་ན་ཁོང་ཚོ་ཁྲོས་ནས་རང་ཉིད་ལ་ནད་ཚ་གཏོང་བ་དང་ཡང་ན་སྲོག་ཀྱང་འཕྲོག་སྲིད་པའི་ཚོར་སྣང་གིས་བསླབ་བྱ་དེ་དག་ལ་ཡིད་གཟབ་གང་ཐུབ་བྱས་པ་ཡིན། བསླབ་བྱ་འདི་དག་ནི་ངའི་ཕ་མ་གཅིག་བུས་བཤད་པ་ཞིག་མ་ཡིན་པར་རྒན་པ་ཚང་མའི་ངག་རྒྱུན་ཞིག་ཡིན་ལ། ཕལ་ཆེར་བོད་རིགས་ཡོངས་ཀྱིས་གོ་མྱོང་བའི་བསླབ་བྱ་ཞིག་ཡིན་པ་མ་ཟད་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་ཁྲིམས་ལྟ་བུ་ཞིག་ཀྱང་ཡིན་འདུག
    ཕྱིས་སུ་ཆོས་ལུགས་ཀྱི་ཆོ་ག་ཞིག་གི་ནང་ས་གཉན་རྐོ་མི་རུང་བ་དང་། ཆུ་གཉན་དཀྲུག་མི་རུང་བ། ཤིང་གཉན་གཅོད་མི་རུང་ཞེས་སོགས་འཁོད་པ་ཞིག་མཐོང་དུས་ཕ་མའི་བསླབ་བྱ་དེ་དག་ལ་སྔར་ལས་ཡིད་ཆེས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གྱུར་མ་
    ཟད།
    ཕ་མའི་རྒྱུན་ཏུ་བཤད་མྱོང་བའི་བསླབ་བྱ་དེ་དག་གི་འབྱུང་ཁུངས་ཡང་
    ཆོ་ག་འདི་ལ་གཏུག་འདུག་སྙམ་པའི་ཤེས་རྟོགས་གསལ་བོ་བྱུང། ད་དུང་ཆོས་ལུགས་ཀྱི་ཆོ་ག་ཞིག་གི་ནང་ས་རྐོ་རྡོ་སློག་དང།ཤིང་ནགས་གཅོད་འབྲེག་བྱས་ན་ས་བཅུད་ཉམས་པ་དང་ཆར་ཆུ་དུས་མི་འབབ་པ།
    ལོ་ཕྱུག་རྟག་ཏུ་མི་འཕེལ་ཞེས་སོགས་འཁོད་པ་མཐོང་མྱོང་ལ། བོད་མི་ཚོས་ས་གཞིའི་བཅུད་མི་ཉམས་པ་དང་ཉམས་པ་སླར་
    གསོ་བའི་ཆེད་ས་གཏེར་ཆུ་གཏེར་འཇོག་པ་དང།་ས་བསྟོད་ཆུ་བསྟོད་ཀྱི་ལ་རྩེ་རྩིགས་པ་མ་ཟད། ཉེས་མེད་རི་སྐྱེས་མི་གསོད་པར་དམ་བཅས་ཏེ་མེ་མདའ་སོགས་མཚོན་ཆ་དགོན་པའི་བརྩན་ཁང་དུ་འཇོག་པ། གཞན་གྱིས་ཤིང་ནགས་མི་གཅོད་པའི་ཆེད་ཁ་བཏགས་དང་རས་ཡུག། དར་མཚོན་དང་བལ་སོགས་ཡལ་གར་བཏགས་ཏེ་ཚེ་ཐར་གཏོང་བ་
    སོགས་ཀྱི་བྱེད་སྒོ་མང་པོ་ཞིག་དངོས་སུ་ལག་ལེན་བྱེད་ཀྱི་ཡོད་པ་མཐོང་མྱོང་།དེ་དག་ལ་དེང་སྐབས་ཞིབ་ཏུ་དཔྱད་སྐབས་ཕྱི་ཚུལ་ལ་རྨོངས་དད་ལྟ་བུ་ཞིག་ཏུ་མངོན་ཡང་ནང་དོན་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་བསླབ་བྱ་ཡང་དག་ཅིག་ཡིན་པ་ཤེས་རྟོགས་བྱུང། དེ་ཡང་མང་ཚོགས་སྤྱི་ཡོངས་ནས་ས་རྐོ་སོགས་ཀྱིས་ཁོར་ཡུག་ལ་གནོད་པ་བརྒྱུད་རང་ཉིད་ལ་རིམ་གྱིས་གནོད་པའི་རྟེན་འབྱུང་གི་རྣམ་གཞག་ཞིབ་ཕྲ་ཤེས་ཀྱི་མེད་
    སྟབས་ཐད་གར་རང་ཉིད་ལ་ལྷ་དང་ཀླུས་གནོད་ཀྱི་རེད་ཅེས་ཞེ་སྣང་དང་སྦྲགས་པའི་བཤད་ཚུལ་དེ་ནི་དོན་དངོས་ཁོར་ཡུག་གཙང་ཉར་ཡོང་བའི་བྱེད་ཐབས་བླ་མེད་ཅིག་ཡིན་པ་ཤེས་ཐུབ་ལ། དེ་ནི་ལྟོས་འཇོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཐོག་མ་ཡིན་
    ཞེས་བཤད་ཆོག།
    དེས་ན་ཕྱི་ལོ་༡༩༥༩་བར་དུ་བོད་ཀྱི་ཡུལ་ལུང་ཐམས་ཅད་ཆོས་ལུགས་ཀྱི་བྱེད་སྒོ་དེ་དག་གི་བཀག་རྒྱའི་འོག་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་གང་ཡང་བྱེད་མྱོང་མེད་ཀྱང། བོད་ས་ཡོངས་རྫོགས་རྒྱ་དམར་གུང་ཁྲན་ཏང་གིས་བཙན་འཛུལ་བྱས་པ་ནས་བོད་ཀྱི་ཁོར་ཡུག་ལ་ཆེས་ཡ་ང་བའི་གནོད་སྐྱོན་ཆེན་པོ་བཏང་བའི་ལོ་རྒྱུས་ནི་ཉམས་ཞིབ་པ་མང་པོས་བཏོན་པའི་སྙན་ཐོ་ཁག་ཏུ་གསལ་བས་འདིར་བསྐྱར་བཟླས་བྱ་རྒྱུ་མིན།
    དེས་ན་ཁོར་ཡུག་ཉམས་ཆག་གི་གནད་དོན་དེའི་རྒྱུ་རྐྱེན་ནི། མདོར་བསྡུས་ན་འགྲོ་བ་མིའི་རང་རྒྱལ་གཞན་ཕམ་གྱི་འདོད་རྔམ་ཆེས་ཆེར་བདོ་བའི་དབང་གིས་ཚན་རིག་འཕྲུལ་ལས་ཀྱིས་བསྐྲུན་པའི་རྡུལ་ཕྲན་མཚོན་ཆ་དང།
    རྫས་སྦྱོར་འདྲ་མིན་དང་དུག་རླངས་ཅན་གྱི་བཟོ་ལས་སོགས་ལ་བརྟེན་
    ནས་རང་བྱུང་ཁོར་ཡུག་དང་།རང་བྱུང་གནམ་གཤིས་བཅས་ལ་གནོད་
    འཚབ་ཆེན་པོ་ཕོག་སྟེ་རང་ཉིད་ཀྱི་རྟེན་གཞིའམ་འཚོ་སྡོད་བྱེད་སའི་
    འཛམ་གླིང་འདི་གང་མྱུར་འཇིག་ཉེན་གྱི་སྣང་ཚུལ་མངོན་བཞིན་ཡོད་པ་རེད།
    དེའི་ཕྱིར་ང་ཚོས་རང་ཉིད་འཚོ་གནས་བྱེད་སའི་ཁོར་ཡུག་ལ་དོན་དམ་གྱིས་སྲུང་སྐྱོབ་བྱེད་དགོས་ན་བོད་ཀྱི་སྲོལ་རྒྱུན་བྱེད་སྒོའི་ནང་ལག་ལེན་བསྟར་མྱོང་བའི་རྣམ་གཞག་དེ་དག་ལ་བརྩི་བཀུར་བྱེད་དགོས་པའི་ཐོག་ད་ལྟའི་ཁོར་ཡུག་ལ་གནོད་འཚབ་ཆེ་བའི་བཟོ་གྲྭ་ཡོད་ཚད་འཕྲལ་དུ་སྒོ་རྒྱག་དགོས་པ་ལས་བྱེད་ཐབས་གང་ཡང་མེད་པར་སྙམ།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བྱམས་རྒྱལ་ལགས།
    བསམ་ཚུལ་གསུངས་པ་མ་ཟད་བསམ་ཚུལ་མཐུན་པ་ཧ་ཅང་དགའ་པོ་བྱུང་ཐུགས་རྗེ་ཆེ་ཞུ།
    དངུལ་འཚོལ་ཐབས་གསུངས་པ་དེར་དེ་ལས་ཀྱང་སྣང་བ་འགྲོ་བོ་ཞིག་དང་དངོས་ཡོད་གནས་སྟངས་གསུངས་པ་རྗེས་སུ་ཡིད་རང་ཡོད།

    Reply
  13. བྱམས་རྒྱལ། says:
    ལོ་ 15 སྔོན།

    བསམ་ཚུལ་ ཞེས་བཅོས་རོགས་

    Reply
  14. བྱམས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས། ཁྱེད་རྗིས་ནི་བའི་མཚོ་རླུང་གྲང་མོ་ལ་མ་འཛེམས་པ་རང་རེའི་རྩ་དོན་གྱི་ཆེད་ འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐད་འབོད་ཀྱི་ལས་འགུལ་ནང་ཞུགས་པ་གུས་བྱམས་རྒྱལ་གྱིས་བོད་གཞིས་བྱེས་པ་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ད་དུང་ཚོར་སྣང་གང་བྱུང་བ་རྣམས་ཀློག་པ་པོ་ཡོངས་ཀྱི་སྤྱན་སྔར་འབུལ་བ་ལའང་ ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    སྐད་འབོད་སྐབས་མི་མང་བཞི་རྒྱལ་ཙམ་འདུ་འཛོམས་བྱུང་ཐུབ་པ་ནི་སུད་སའི་བོད་རིགས་སྤུན་ཟླ་རྣམས་ཀྱི་སེམས་ཤུགས་མཚོན་པ་རེད་། འོན་ཀྱངའགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཀྱི་སྒེའུ་ཁུང་སྒོ་བརྒྱབས་པ་དེ་སེམས་སྐྱོ་ལྷང་ལྷང་བྱུང་།
    སྐབས་དེར་པ་རི་སི་ལ་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་འཁྲིས་སུ་ང་ཚོས་ཀྱང་སྡུག་འབོད་རྒྱག་པ་ཡིན། ཡིན་ཡང་དེ་ནི་རྒྱུན་ལྡན་ལས་ཀྱང་ཞན་པ་བྱུང་སོང་གཞིས་ལུས་བོད་མི་རྣམས་ཀྱི་སྲོག་སྐྱབས་ཐུབ་པའི་ལས་དོན་གཡུག་ཞོག་།
    རྒྱ་ནག་གཞུང་ཚབ་ཁང་གི་ཧ་ཀྱང་གོ་ཨེ་ཡོད་བསམ་པ་བྱུང་ གང་ཡིན་ཞེ་ན། ན་ནིང་བོད་ནང་དོན་རྐྱེན་སྐབས་ ང་ཚོའི་སྐད་འབོད་སྐབས་ཨ་མདོ་ཕོ་གསར་ཞིག་གིས་རྒྱ་ནག་གི་དར་ཆ་མར་ཕབ་སྟེ་བོད་ཀྱི་རྒྱལ་དར་བཙུགས་པར་བརྟེན་དེ་ནས་བཟུང་ང་ཚོས་གཞུང་ཚབ་ཁང་གི་ཉེ་འཁྲིས་སུ་མ་གཏོགས་མདུན་དུ་སྐད་འབོད་རྒྱག་ཆོག་གི་མེད་།
    སྐབས་དེར་བོད་རིགས་དང་ འེ་ཏེ་ནམ། སྦར་མ། རྒྱ་ནག་མང་གཙོ་དོན་གཉེར་བ་སོགས་ཕེབས་འདུག་།
    བོད་རིགས་མང་ཆེའི་ལག་ཏུ་རྒྱ་དར་ཡང་མི་འདུག་ རྒྱལ་དར་རིང་པོ་ཞིག་གནམ་དུ་འཁྱར་མཁན་ཕ་རན་སིའི་མི་གཅིག་རང་འདུག་། བོད་ཚོགས་ཀྱི་ངོས་ནས་གྲ་སྒྲིག་གང་ཡང་མི་འདུག་། ངོ་ཚ་དགོས་པ་འདུག་། བོད་ཚོགས་ནང་ལ་རྒྱུན་ལས་མི་༡༢ ཡོད་རེད་ དོན་ངོ་མ་མི་༤ སླེབས་འདུག་།
    ཨ་ཧོ་ཕན་ཐོགས་མེད་པའི་ངའི་སྐད་ཆ་གཡུགས་ཞོག་

    གལ་ཆེ་ཤོས་དངུལ་གསོག་ཡ་དེའི་བསམ་ཚོལ་འདི་ལྟར་ཡིན་ བོད་ཀྱི་རྩ་དོན་སྒྲུབ་པར་དངུལ་དགོས་ཡ་དེ་ངས་སྔར་ས་ནས་དྲན་གྱི་ཡོད་ དེ ཡོངས་བར་ བོད་གཞུང་ནས་དམིགས་བསལ་གྱི་ཐབས་ལམ་འཚོལ་ནས་བོད་མི་མང་པོ་ནུབ་ཕྱོགས་སུ་བསྐྱབ་བཅོལ་ལ་བཏང་ནས་དེ ཚོ་ས་ནས་ཁྲལ་དང་ཞབས་འདེབས་བསྡུ་གསོག་བྱེད་ཡ་དེ་རེད་ དེ་ ཐབས་ལམ་ཡག་ཤོས་དེ་རེད་།། དེ་བོད་མི་ན་གཞོན་རྣམས་ལ་ཁྲིམ་རྩོད་པའི་གོ་ས་ཐོབ་ཐབས་ལ་འགྲོ་སོང་བཏང་ནས་ ཁྲིམ་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་ལ་ཤུགས་རྒྱག་དགོས་རེད་བསམ་གྱི་འདུག་། ད་ལན་ཅོ་རིའི་བསམ་ཚུལ་འདི་ལ་གནད་འགག་འདུག་པས་དྲ་གྲོགས་ཚོས་བསམ་ཚུལ་འདོན་རོགས་ཞུའོ།།

    Reply
  15. བྱམས་རྒྱལ། says:

  16. བྱམས་རྒྱལ། says:

  17. བྱམས་རྒྱལ། says:

  18. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལུང་རིག་ལགས་
    ངས་རེ་བ་ལ་མཆན་འདི་བསམ་ཚུལ་ནང་དུ་བཀོད་ཐུབ་ན་དྲ་གྲོགས་ཚོས་ང་ལ་བསླབ་བྱ་གནང་གི་རེད་བསམ་གྱིན་འདུག

    Reply
  19. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དངུལ་མེད་ན་ཁྲིམས་ལུགས་མི་དྲང་ཁུ།
    དངུལ་མེད་ན་འགོ་དཔོན་མི་དགའ་ཁུ།
    དངུལ་མེད་ན་ཐོབ་ཐང་མི་ལེན་ཁུ།
    དངུལ་མེད་ན་ལས་དོན་མི་འགྲུབ་ཁུ།
    ད་ང་ཚོས་དངུལ་ཞིག་ཐོབ་ཐབས་ཅི་ཞིག་ཡོད་ནི་རེད་དྲ་གྲོགས་ལོ་ལོ་ཚོ།

    Reply
  20. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དེ་རིང་དྲ་གྲོགས་རྣམས་ལ་བསམ་ཚུལ་ཞུ་འདོད་པ་ནི་ང་རང་དེ་རིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐད་འབོད་ཕྱིན་པ་ཡིན་དེར་དུས་ང་རང་ལ་ཚོར་སྣང་བྱུང་བ་རྣམས་ཞུ་རྒྱུ་ཡིན།
    དང་པོ།
    ས་གནས་སུད་སི་བོད་རིགས་མི་མང་བཞི་རྒྱལ་ཙམ་གྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་ཁ་ནས་སྡུག་འབོད་རྒྱག་པ་ཡིན། ཡིན་ཡང་དེ་ནི་རྒྱུན་ལྡན་གྱི་ལས་ཀ་འདྲ་བ་ཙམ་མ་གཏོགས་གཞན་བོད་ལ་ཡོད་པའི་བོད་མི་རྣམས་ཀྱི་སྲོག་སྐྱབས་ཐུབ་པའི་ལས་དོན་གཅིག་མཐོང་མ་སོང། ཇི་ཡིན་ཞེ་ན། དང་པོ་ང་ཚོང་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཀྱི་མདུན་དུ་སྐད་འབོད་རྒྱག་སྐོར་རུ་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཀྱི་སྒེའུ་ཁུང་གཅིག་སྒོ་ཕྱེ་འདུག་དེ་ནས་ང་ཚོས་ཚང་མས་སྐད་འབོད་ཤུགས་ཆེན་པོ་རྒྱག་དུས་སྒེའུ་ཁུང་དེ་སྒོ་རྒྱག་སོང། དེར་དུས་ངའི་སེམས་ལ་ཨོ་ལས་ཁུངས་ནང་གི་ལས་མི་དེ་ཚོས་བོད་མི་ཉམ་ཐག་རྣམས་ཀྱི་དཀའ་ངལ་ཉན་འདོད་མེད་ནས་སྒེའུ་རྒྱག་སོང་བ་བསམ་པ་མ་ཟད་ཁྲིམས་ལུགས་ལ་སྐྱབས་བཅོལ་ས་ཞིག་ཡོད་པ་དེ་ཡང་འདི་འདྲ་ཞིག་མ་གཏོགས་དོན་དངོས་ཐོག་དབང་མེད་དུ་ཤེས་དགོས་པ་ཞིག་ཆགས་སོང།
    དེ་ནས་ང་ཚོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐད་འབོད་རྒྱག་མཁན་ཕྱིན་པ་ཡིན་དེར་དུས་རྒྱལ་ཁབ་གཞན་གྱི་མི་རིགས་ཁ་ཅིག་གིས་ཡང་སྐད་འབོད་རྒྱག་བཞིན་པ་རེད་འདུག་ང་ཚོ་སླེབས་དུས་ཁོ་ཚོ་འགྲོ་སོང་དེ་ནས་ང་ཚོ་ཁ་ཡར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་ལ་འཁོར་ནས་སྡུག་འབོད་བྱས་པ་ཡིན།
    དེར་དུ་ངས་མཐོང་བ་ཞིག་ལ་འཛམ་བུ་གླིང་གི་རྒྱལ་ཁབ་ཚོའི་རྒྱལ་དར་རྣམས་རི་སྒྲིག་ནས་བཙུགས་འདུག་པ་དང་རྒྱལ་ཁབ་སོ་སོའི་རྒྱལ་དར་རྣམས་རྗིས་ནི་བའི་མཚོ་རླུང་གྲང་མོས་དགུང་དུ་གཡོ་བཞིན་འདུག་ང་རང་ཚོའི་རྒྱལ་དར་སེངྒ་ཁ་སྤྲད་དེ་ནི་ང་ཚོ་བོད་མི་ཉམ་ཐག་ཚོས་ལག་ན་འདུག་མ་གཏོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་དར་རི་སྒྲིག་ནང་དུ་མཐོང་ཡ་མེད།
    དེར་དུས་མཚོ་རླུང་གི་གྲང་ངར་ཆེ་བ་དང་སེམས་པར་སྡུག་ངལ་ཆེ་བ་རང་མི་སྲོག་འགོ་མ་ཐོན་པའི་གནས་ཚུལ་རྣམས་དྲན་དུས་རང་དབང་མེད་པ་མིག་ཆུ་སེམས་ལ་ལྷུང་ཡོང་བ་ཞིག་དང་ང་ཚོའི་རྒྱལ་དར་འདི་རི་སྒྲིག་འདིའི་ནང་ཇི་འདྲ་འཛུགས་ཐུབ་པ་བྱ་དགོས་བསམ་པའི་བསམ་བློ་ཞིག་སླེབས་ཡོང་བ་དེ་ནི་རང་གཅེས་འཛིན་གྱིས་འདུན་པ་ཞིག་ཡིན་པ་འདྲ།
    དེ་ནས་རིམ་བཞིན་ས་གནས་བོད་ཀྱི་འགོ་པ་ཚོས་བཀའ་སློབ་གནང་སོང་དེར་དུས་ང་ཚོ་ལ་སྲུང་སྐྱོབ་དམག་མི་ཞིག་གིས་བརྡ་གཏོང་ཡ་ལ་ཁྱེད་ཚོའི་དུས་ཚོད་རྫོགས་སོང་ད་ཕེབས་ན་མ་གཏོགས་རྒྱལ་ཁབ་གཞན་དག་གིས་སྐད་འབོད་རྒྱག་དགོས་ཀྱི་རེད་ལབ་སོང།
    དེར་དུས་ས་གནས་སུད་སི་བོད་ཀྱི་འགོ་བ་ཚོས་ད་ང་ཚོ་མགྱོགས་ཙམ་བྱེད་ནས་འགྲོ་ན་མ་གཏོགས་ང་ཚོའི་དུས་ཚོད་རྫོགས་ཟིན་པ་རེད་ཞེས་གསུངས་པ་དང་དེ་ནས་མི་སོ་སོར་ཕྱིན་སོང།
    སྤྱི་སྟངས་སྐད་འབོད་དང་ཞི་རྒོལ་བྱས་པ་དེ་ཕུན་ནུས་ཡོད་པ་ཞིག་ཡིན་གྱི་རེད་ཡིན་ཡང་འདི་ནི་ངས་མཐོང་སྟངས་ལ་སྤྱི་སྟངས་ཀྱི་འགྲོ་ལུགས་ཙམ་མ་གཏོགས་བོད་ལ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་སྲོག་སྐྱོབ་ཐུབ་པས་རེ་བ་མེད་པ་ཞིག་རེད་འདུག་སྙམ།
    བོད་ལ་ཡོད་པའི་བོད་མི་རྣམས་ཀྱིས་སེམས་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་རྒྱ་ནག་དམར་པོས་བོད་མི་ལ་མནར་གཅོད་བྱས་པ་ཤེས་ན་བོད་མི་ཉམ་ཐག་ལ་རྒྱབ་སྐྱོབ་ཡོད་རེད་བསམ་པ་དེ་ནོར་ཡོད་པ་ཤེས་པ་བྱ་ཀྱིས་གལ་ཆེ་པོ་རེད་དྲན་གྱིན་འདུག
    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་གྱི་ཐང་ཆེན་དུ་ཤིང་གི་རྐུབ་ཀྱག་ཆེན་པོ་ཁྲི་ཙི་30ཙམ་ཡོད་པ་ཞིག་ཁ་ཡར་མཉམ་འབྲེལ་རྒྱལ་ཚོགས་ལ་སྐོར་ནས་གཞག་འདུག་ཡིན་ཡང་རྐུབ་ཀྱག་དེར་རྐང་པ་གསུམ་མ་གཏོགས་མི་འདུག་རྐང་པ་གཅིག་ཆག་ཚར་བ་ཞིག་འདུག
    དེ་འདྲ་ཡིན་དུས་ང་རང་ཚོས་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་པ་དེ་ཚོ་རྐུབ་ཀྱག་ཆག་རོ་སྟེང་གི་དཔོན་པོ་ཞིག་ཡིན་པ་ངོ་ཤེས་པ་དགོས་ཀྱི་རེད་དྲན་གྱིན་འདུག
    རྐུབ་ཀྱག་ཆག་བསྐྱོགས་སྟེང་གི་དཔོན་པོ་ཚོས་མི་རིགས་ཉམ་ཐག་རྣམས་ཀྱི་ཚེ་སྲོག་བཅད་མ་ཡོང་ན་ཡང་ཚེ་སྲོག་སྐྱོབ་མི་ཐུབ་པ་དེ་དངོས་ཡོད་ཀྱི་གནས་སྟངས་ཞིག་རེད་དྲན་གྱིན་འདུག
    ང་རང་ཚོར་དགོས་པ་ནི་དཔལ་འབྱོར་རེད་མ་གཏོགས་དཔལ་འབྱོར་མེད་ན་འཛམ་གླིང་འདིར་ཅི་ཡང་བྱེད་མི་ཐུབ་པ་ཁྲིམས་ལུགས་ལ་ཡང་སྐྱབས་བཅོལ་ཐུབ་ས་མ་རེད་དྲན་གྱིན་འདུག
    ང་རང་ཚོ་བོད་མི་རྣམས་ལ་འཛམ་གླིང་འདིའི་སྟེང་དུ་སྐྱབས་བཅོལ་ས་ཞིག་ཡོད་པ་ནི་ཁྲིམས་ལུགས་ཡིན་ཡང་ཁྲིམས་ལུགས་ལ་སྐྱབས་བཅོལ་བ་ལ་ཡང་ན་རང་གིས་ཁྲིམས་རྩོད་ཐུབ་པ་དེ་མིན་ན་ཁྲིམས་རྩོད་པ་དངུལ་གྱིས་ཉོ་ཐུབ་པ་དེ་གཉིས་གང་ཡང་མེད་ན་འཛམ་གླིང་འདིར་ཁྲིམས་ཞིག་མི་འདུག་སྙམ།

    Reply
  21. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་དང་རྩོམ་སྒྲིག་པ་མི་ཉག་ལུང་རིག་དང་བྱམས་རྒྱལ་ལགས་ཁྱེད་རྣམས་ལ་ངས་བསམ་ཚུལ་ཞུ་འདོད་ནས་འདི་ནང་བཆན་ཞིག་འབྲི་དགོས་ཐུག་སོང། གོང་གི་བརྗོད་གཞི་དང་འབྲེལ་བ་མེད་པ་དགོངས་དག་ཞུ་ཡིན།

    Reply
  22. བྱམས་རྒྱལ། says:
    ལོ་ 15 སྔོན།

    བོད་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་འཁྱག་རོམ་སྲུང་སྐྱོབ་ཀྱི་ཆིངས་ཡིག་འཇོག་རྒྱུའི་དགོངས་ཚུལ་རྩོམ་སྒྲིག་པས་ཡག་པོ་གསུངས་འདུག། དེ་གནས་ཚང་རྒྱ་གར་ལ་འགན་ཡོད་རེད་བསམ་གྱི་འདུག་།

    Reply
  23. ཨ་ཆགས་ཚེ་རྡོར།་ says:
    ལོ་ 15 སྔོན།

    དེང་གི་འཛམ་གླིང་ཁྱོན་ཡོངས་ལ་གཾནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པར་ཨ་རིས་རང་ཉིད་འཛམ་གླིང་གི་རྩེ་མོ་གཅིག་གི་བདག་པོ་བྱ་སླད་སྲིད་བྱུས་འདིར་གཙོ་འགན་འཁུར་ངེས་ཡིན་ཀྱང།་རྒྱ་ནག་གི་འབྱུང་འགྱུར་རང་ཉིད་འཛམ་གླིང་གི་རྩེ་མོ་འཛེགས་པའི་དམིགས་ཡུལ་ཡོད་སྟབས།་སྲིད་བྱུས་འདིར་རྒྱབ་སྐྱོར་དང་ངོས་ལེན་བྱ་རྒྱུ་ཁག་པོ་རེད།

    Reply
  24. ཨ་ཆགས་ཚེ་རྡོར།་ says:

  25. ཨ་ཆགས་ཚེ་རྡོར།་ says:

  26. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    འཁྱག་རོམ་ཞི་བ་མ་ཟད་ས་རྡོ་ཞི་གི་འདུག་ཟེར་རུང་རྒྱ་ནག་གིས་ཉན་རྒྱུ་མ་རེད་ཡ། ཁ་ལ་མི་ཉན་པའི་མི་ཞིག་ལ་རེ་བ་བཅོལ་བ་དང་གཅིག་མཚུངས་རེད།
    དེ་གང་ལྟར་སྣོད་བཅུད་གཉིས་ཀ་སྟོང་ལ་འདུག་སྐད་ཅིག་བརྒྱབ་རུང་དེ་ཙམ་རེད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese