མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མིའི་སྐུ་ཚབ་ཚོ་གནམ་གཤིས་འགྱུར་ལྡོག་གི་འདུམ་སྒྲིག་པར་ཐུག་པ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁོ་པེན་ཧ་གྷན་དུ་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་སྟེང་ཞུགས་པའི་བོད་མིའི་སྐུ་ཚབ་རྣམས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མོལ་ཚོགས་ཆུང་ལ་ཐུག་འཕྲད་གནང་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་མིའི་སྐུ་ཚབ་རྣམས་ཀྱིས་ནེ་ཌར་ལན་ཌི་དང་། ཨོ་སི་ཊོ་རི་ཡ། ཁེ་ན་ཌ་བཅས་ནས་ཕེབས་པའི་གནམ་གཤིས་འགྱུར་ལྡོག་གི་སྐུ་ཚབ་རྣམས་ལ་བཀའ་མོལ་ཞུས་ཡོད་ལ། བཙན་བྱོལ་བོད་གཞུང་གི་ཁོར་ཡུག་སྡེ་ཚན་གྱི་ཉམས་ཞིབ་པ་བསྟན་འཛིན་ནོར་བུ་ལགས་ཀྱིས་བརྗོད་དོན། ད་ལྟའི་བར་དུ་ང་ཚོ་གནམ་གཤིས་འགྱུར་ལྡོག་གི་གྲོས་མོལ་ཚོགས་ཆུང་འགའ་རེར་མ་གཏོགས་ཐུག་མ་ཐུབ་ཀྱང་། ང་ཚོས་གློག་འཕྲིན་བརྒྱུད་ནས་གཞན་པ་རྣམས་ལ་ཐུག་འཕྲད་ཀྱི་དུས་ཚོད་བཟོས་ཡོད་ཟེར།

བསྟན་འཛིན་ནོར་བུ་ལགས་ཀྱིས་རྒྱ་ནག་གི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་ལི་གན་ཇི་ལ་ཐུག་འཕྲད་གནང་སྟེ། ཁ་བཏགས་ཡུག་གཅིག་དང་མཉམ་དུ། བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་ལས་ཁུངས་ཀྱིས་འགྲེམ་སྤེལ་བྱས་པའི་དཔེ་དེབ། མདོ་དབུས་མཐོ་སྒང་གི་གནམ་གཞིས་འགྱུར་ལྡོག་གི་ཤུགས་རྐྱེན། ཉེ་ཆར་གྱི་ཚན་རིག་དང་བོད་གནས་ཉམས་ཞིབ་ཀྱི་སྙན་ཐོ་ཕྱོགས་སྒྲིག་ཅེས་པ་ཞིག་ཕུལ་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་རྒྱལ་ཁབ་ ༡༦ ལྷག་གི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་དབུ་ཁྲིད་ཀྱི་མཚན་ཐོག་ལ་ཡི་གེ་ཞིག་ཕུལ་ཏེ། གནམ་གཤིས་འགྱུར་ལྡོག་གི་གྲོས་མོལ་གནང་མཁན་རྣམས་ཀྱིས་གོ་ལ་རང་བཞིན་གྱི་ངོ་བོར་འཕེལ་བཞིན་པའི་བོད་ནང་གི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐོག་འགན་བབ་ཡོད་པའི་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

ཡི་གེ་འདིའི་ནང་དུ། ཁོ་པེན་ཧ་གྷན་དུ་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་འཛམ་གླིང་གི་སྣེ་གསུམ་པ་དེར་གཟབ་ནན་གྱིས་དོ་སྣང་བྱ་རྒྱུའི་འབོད་སྐུལ་ཞུ་གིན་ཡོད། བོད་ནི་ཨར་ཁི་ཊེ་ཁུ་དང་ཨེ་ཊི་ལན་ཊི་ཀི་གཉིས་ཀྱི་ཕྱི་ནས་འཛམ་གླིང་གི་འཁྱགས་ཀླུང་ཆེ་ཤོས་དེ་ཡིན་ཅེས་བཤད་ཡོད་འདུག

གོང་གི་འཕྲིན་ཡིག་འདི་ནི་ཟླ་སྔོན་མར་རོམ་ནས་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་སྟེང་བཞག་པའི་བོད་ཐོག་སྤེལ་བའི་རོམ་གྱི་བསྒྲགས་གཏམ་ཞེས་པ་དེའི་ཆ་ཤས་ཤིག་ཡིན་འདུག

རོམ་གྱི་བསྒྲགས་གཏམ་དེའི་སྐབས་སུ་འཛམ་གླིང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མདོ་དབུས་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་ཚབས་ཆེའི་གནད་དོན་འདི་གླེང་ཡོད་ལ། དེར་རྒྱལ་ཁབ་ ༣༠ ཡི་གྲོས་ཚོགས་འཐུས་མི་རྣམས་འཛོམས་ཡོད་པ་རེད།

མཆན། 5

  1. ཨ་ལ་ལ says:
    ལོ་ 13 སྔོན།

    ཀོ་པན་ཧ་གན་དུ་འཇོག་བཞིན་པའི་གྲོས་ཆོད་དག་ཀྱང་སྔར་རྒྱལ་བོད་བར་ལ་བཞག་པའི་ཡིག་ཐོག་གི་གྲོས་ཆོད་ལག་ལེན་མེད་པ་དེ་འདྲ་ཤ་སྟག་ལས་དོན་འབྲས་ཡོད་པ་ཞིག་འབྱུང་བར་མཐོང་དཀའ།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 13 སྔོན།

    ཁོ་པེན་ཧ་གྷན་གྱི་ཚོགས་འདུ་འདི་མ་འཚོགས་པའི་གོང་ནས་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་གྲོས་ཆོད་ཅིག་བཞག་འདུག ད་རེབ་དོན་དག་ཐག་མ་ཆོད་ཚེ་གཙོ་བོ་རྒྱ་དཀར་ནག་གཉིས་ཀྱི་གྲོས་ཆོད་དེས་ཁྱུར་མིད་གཏོང་གི་རེད།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 13 སྔོན།

    ཁོ་པེན་ཧ་གྷན་གྱི་ཚོགས་ཆེན་འདིའི་མ་འོངས་ལུང་བསྟན་ཞིག་ནི། བོད་ཀྱི་དུས་བབ་གསར་ཤོག་འདོན་ཐེངས་སྔོན་མའི་མུ་འབྲེལ་རི་མོའི་ནང་ལྟ་རོགས། ༼ད་རེབ་ཐག་མ་ཆོད་པའི་རིགས་ཐེངས་རྗེས་མར་ཐག་གཅོད་ཆོག༽

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 13 སྔོན།

    དེ་རིང་བོད་མིའི་སྐུ་ཚབ་ཚོ་ཚོགས་ཁང་དུ་བཅར་བཅུག་མེད་སྐད་འདུག དེ་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདི་འདྲའི་ནང་གི་མི་སྒེར་བ་ཚོས་ངོ་རྒོལ་བྱས་པའི་སྟབས་ཀྱིས་ཡིན་ཚུལ་འདུག

    དེ་རིང་གི་གསར་འགྱུར་གལ་ཆེ་ཤོས་ཤིག་ནི། རྒྱ་ནག་གི་སྲིད་བློན་ཝུན་ཇ་པོ་ཁོ་པེན་ཧ་གྷན་ལ་འབྱོར་ཡོད་པ་དང་། སང་ཉིན་ནས་བཟུང་ཁོས་འཛམ་གླིང་གི་དབུ་ཁྲིད་ཚོའི་མཉམ་དུ་གནམ་གཤིས་འགྱུར་ལྡོག་གི་ཐག་གཅོད་སྐོར་ལ་སྐད་ཆ་བཤད་རྒྱུ་ཡིན་པ་འདྲ།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    བྱ་བ་ལེགས་པོ་ཞིག་ཡིན་ན་ཐུགས་རྗེ་ལེགས་སོ་ཞུས་པ་ཡིན།

    Reply

Leave a Reply to གཅན་བཟོད་རྒྱམ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist