མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བཀྲ་ཚེ་བཙོན་གྲོལ་ཐོབ་པ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་རྔ་བ་སྒོ་མང་དགོན་པའི་དགེ་འདུན་པ་བཀྲ་ཚེའམ་འཇིགས་མེད་དགེ་འདུན་ལགས་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནས་བཙོན་གྲོལ་བཏང་ཡོད་འདུག

དགེ་འདུན་པ་བཀྲ་ཚེའམ་འཇིགས་མེད་དགེ་འདུན་ལགས། རྒྱ་གཞུང་གིས་བཙོན་འཇུག་བྱེད་རྐྱེན་ནི། ལོ་སྔོན་མར་རྔ་བ་ཁུལ་དུ་བོད་པ་སྐྱ་སེར་མང་བོས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་གྱི་འཇིགས་སྣང་འོག ཐེངས་འདིའི་ཞི་རྒོལ་མགོ་ཁྲིད་མཁན་སུ་ཡིན་མིན་དང་། སུས་སྐུལ་སློང་བྱས་པ་ཡིན་མིན། གལ་སྲིད་མགོ་ཁྲིད་མཁན་གྱིས་ལམ་སེང་ཁས་ལེན་མ་བྱས་ན་མི་མང་ལ་ཉེས་རྡུང་ཚད་མེད་གཏོང་གི་ཡིན་པར་མ་ཟད། མི་མང་བཙོན་འཇུག་དང་དམར་གསོད་ཀྱང་གཏོང་རྒྱུ་ཡིན་པའི་ཉེན་བརྡ་ཚབས་ཆེན་བཏང་མཐར། དགེ་འདུན་པ་བཀྲ་ཚེའམ་འཇིགས་མེད་དགེ་འདུན་དང་། ཆོས་སྐྱོང་གཉིས་ཀྱིས་དང་བླངས་བྱས་ནས་མི་མང་གི་ཚབ་ཏུ་ཁོང་གཉིས་བཙོན་ཁང་ལ་འགྲོ་དགོས་པ་དང་། ཡང་ན། དམར་གསོད་གཏོང་དགོས་ཀྱང་ཁོང་གཉིས་འགྲོ་རྒྱུ་ཡིན་ཞེས་དང་བླངས་བྱས་མ་ཐག རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་ཉེས་རྡུང་གཏོང་ཞོར་བཙོན་ཁང་དུ་ཁྲིད་ནས། ལོ་གཅིག་དང་ཟླ་བ་དགུ་ཙམ་ལ་མུན་ནག་གི་བཙོན་ཁང་ནང་བཅུག་སྟེ་ཉེས་རྡུང་ཡང་ཚད་མེད་བཏང་མཐར། ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནས་ཁོང་བཙོན་གྲོལ་བཏང་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་གྱི་ཞོགས་པར་ཁོང་གི་ནང་མི་དང་གཉེན་ཉེ་འགའ་ཁོང་བསུ་རུ་ཁྲིན་ཏུའུ་དུ་ཕེབས་ནས་ཁོང་ཁྲིད་དེ་ཐོག་མར་ཁོང་གི་ཕ་ཡུལ་དུ་ཕེབས་ཡོད་པ་དང་། ཕ་ཡུལ་རྔ་སྟོད་ཀྱི་ཕྱོགས་བཞིའི་སྡེ་བའི་མི་མང་གིས་ཁོང་ལ་དགའ་བསུ་དང་ཁ་བཏགས་འཐེན་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་གྱི་ཕྱི་དྲོ་བོད་ནང་གི་དུས་ཚོད་ ༦ པ་ཙམ་ལ་ཁོང་རྔ་བ་སྒོ་མང་དགོན་པའི་ནང་ཕེབས་ཡོད་པ་དང་། སྒོ་མང་དགོན་པའི་དགེ་འདུན་པ་མང་བོས་དགོན་པའི་མཐའ་སྲུང་ཉེན་རྟོག་དམག་མིའི་དྲག་སྤྱོད་དང་ཉེན་བརྡ་ལ་མ་ལྟོས་པར། དགེ་འདུན་པ་བཀྲ་ཚེའམ་དགེ་འདུན་འཇིགས་མེད་ལགས་བཙོན་གྲོལ་ཐོབ་པར་རྟེན་འབྲེལ་མཚོན་ཆེད་དུ་ཁ་བཏགས་འཐེན་པ་དང་། དགོན་པའི་སྒོ་ཆེན་ཁར་མེ་ཏོག་སྣ་ཚོགས་འཕྲོ་བའི་ཤོག་སྦག་བཀད་པ། དགའ་བསུའི་ཀི་སྒྲ་སྒྲོག་པ་སོགས་སྔར་ལས་ལྷག་པའི་དགའ་བསུ་ཞུས་ཡོད་པར་མ་ཟད། ཁོང་གི་འཛིན་གྲྭའི་ནང་ཁུལ་ནས་གསོལ་སྟོན་ཡང་བཤམས་ཡོད་འདུག

དགེ་འདུན་པ་བཀྲ་ཚེའམ་འཇིགས་མེད་དགེ་འདུན་ལགས་ནི་མདོ་སྨད་རྔ་སྟོད་སྡེ་བ་ནས་འཁྲུངས་ཤིང་། ཆུང་དུས་ནས་བཟུང་རྔ་བ་སྒོ་མང་དགོན་དུ་ནང་ཆོས་ལ་སློབ་གཉེར་བྱེད་མཁན་ཞིག་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 10

  1. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 17 སྔོན།

    བློ་བཟང་ཐུབ་བསྟན་ཁྱེད་ཀྱིས་སྙིང་སྟོབས་ལ་མངོན་པར་བསྟོད་དོ།

    Reply
  2. བློ་བཟང་ཐུབ་བསྟན་ says:
    ལོ་ 17 སྔོན།

    ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།གཞན་ལ་ལྟ་བའི་མིག་ཡོད་ན་ཡང་།རང་ལ་ལྟ་བའི་མེ་ལོང་མི་འདུག་།ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་

    Reply
  3. བྱམས་རྒྱལ། says:
    ལོ་ 17 སྔོན།

    གངས་ཕྲུག་བློ་བཟང་ངག་དབང་དང་གཡང་མདའ་ལགས་གཉིས་ཀྱིས་བཀའ་སློབ་གནང་བར་ཐུགས་རྗེ་ཆེ།
    ཁོ་བོས་རེ་སྐུལ་ཞིག་ལ་ཁྱེད་གཉིས་ཀྱིས་དྲ་གྲོགས་བསེ་རུ་ལྟར་ཁ་མིག་ཡར་ལྟ་ཐོག་སྐྱོན་འཛུགས་ཙམ་མ་ཡིན་པ་དག་བཅོས་ཀྱང་གནང་རོགས་ཞུ། དེ་ནི་ལྷག་བསམ་ངོ་མ་རེད་།

    གཡང་མདའ་ལགས་ཀྱི་མཆན་ལ་དག་བཅོས་ཞུ་བརྒྱི་ཡིན།
    བཀྲ་ཚེ་ལགས་བཙོན་གྲོལ་ཐོབ་པ་ལ་ཕྱི་སྡོད་བོད་མི་ཡོངས་གྱི་ཚབ་བྱས་ཏེ་དགའ་བསུ་གྲངས་མེད་ཡོད། བྱམས་རྒྱལ་དང་བློ་བཟང་ཐུབ་བསྟན་གཉིས་གྱི་ཡིག་ནོར་ལ་ལྟོས་ན་སེམས་ཕངས་བ་ལ།
    དག་བཅོས་་་་་བཀྲ་ཚེ་ལགས་བཙོན་གྲོལ་ཐོབ་པ་ལ་ཕྱི་སྡོད་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་དགའ་བསུ་གྲངས་མེད་ཡོད། བྱམས་རྒྱལ་དང་བློ་བཟང་ཐུབ་བསྟན་གཉིས་ཀྱི་ཡིག་ནོར་ལ་ལྟོས་ན་སེམས་ཕངས་བ་ལ།

    གཞན་སྐྱོན་ལྟ་བའི་མིག་ཡོད་ཀྱང་། །རང་སྐྱོན་ལྟ་བའི་མེ་ལོང་དགོས། །བྱེད་འབྲེལ་གཉིས་ལ་བློ་རྨོངས་ཏེ། གཞན་སྐྱོན་འབྱིན་འདི་སེམས་ཕམས་དངོས།

    གངས་ཕྲུག་བློ་བཟང་ངག་དབང་ལགས་ཀྱི་མཆན་ལ་དག་བཅོས་ཞུ་ཆོག་པ་མཁྱེན།
    གཡང་མདའ་ལགས་ཀྱི་གསུངས་པ་བདེན་པ་རེད།་་བྱམས་རྒྱལ་དང་བློ་བཟང་ཐུབ་བསྟན་གཉིས་ཀྱི་ཡིག་ནོར་མང་པོ་བྲིས་འདུག་དེ་བནི་དངོས་གནས་བྱིས་པ་དག་ཡིག་ཁ་ནས་སྐྱོར་མ་དག་ཡི་གེ་ལག་པས་བྲིས་ཞེས་དངོས་འབྲེལ་རེད་འདུག་ཡི་གེར་དག་ཆ་མེད་ན་ཚིག་དོན་གོ་དཀའ་བས་རྗེས་སུ་ཡི་གེའི་དག་ཆར་དོ་སྣང་གནང་རོགས་གནང་།་ཁྱེད་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡིད་རང་ཡོད།་ཐུགས་རྗེ་ཆེ།

    དག་བཅོས་་་་་་་་ གཡང་མདའ་ལགས་ཀྱིས་གསུངས་པ་བདེན་པ་རེད།་་བྱམས་རྒྱལ་དང་བློ་བཟང་ཐུབ་བསྟན་གཉིས་ཀྱིས་ཡིག་ནོར་མང་པོ་བྲིས་འདུག་དེ་ནི་དངོས་གནས་བྱིས་པ་དག་ཡིག་ཁ་ནས་སྐྱོར་མ་དག་ཡི་གེ་ལག་པས་བྲིས་ཞེས་དངོས་འབྲེལ་རེད་འདུག་ཡི་གེར་དག་ཆ་མེད་ན་ཚིག་དོན་གོ་དཀའ་བས་རྗེས་སུ་ཡི་གེའི་དག་ཆར་དོ་སྣང་གནང་རོགས་གནང་།་ཁྱེད་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡིད་རང་ཡོད།་ཐུགས་རྗེ་ཆེ།

    བྱིས་པ་དག་ཡིག་སྐྱོར་ཞོར་དུ་། །སུམ་ཅུ་པ་ལ་དག་སྣང་མཛོད་། ཕྲད་དང་རྣམ་དབྱེ་མ་ཤེས་ན། །དོན་ལ་དངོས་སུ་རྨོངས་པར་འགྱུར།

    བློ་བཟང་ཐུབ་བསྟན་ལགས་ཁྱེད་ཀྱང་སེམས་ཤུགས་ཆག་མི་ཉན་ཧུར་བརྕོན་གནང་རོགས་ཞུ།

    Reply
  4. བློ་བཟང་ཐུབ་བསྟན་ says:
    ལོ་ 17 སྔོན།

    གངས་ཕྲུག་བློ་བཟང་ངག་དབང་དང་གཡང་མངའ་ལགས་གཉིས་ཐུགས་རྗེ་ཆེ་།ཁྱེད་གཉིས་ཀྱི་གསུང་པ་དངོས་གནས་
    བདེན་པ་རེད་།ངས་ཞིབ་ཕྲ་ལྟས་པ་ཡིན་མང་པོ་ནོར་ཡོད་ས་རེད་ཐོག་མར་ངོ་ཚ་བྱུང་ལ་སེམས་ཤུགས་ཡང་ཆག་བྱུང་ཡིན་ན་ཡང་ངས་བསམ་བློ་ཞིག་བཏང་པ་ཡིན་།
    ཐོགས་མར་ནས་བོད་ཡག་པོ་ཤེས་ཁན་སུ་ཡོད་ད་ལྟ་རང་ཉིད་བོད་ལས་དང་པོ་བ་ཞིག་ཡིན་བསམ་བྱུང་།ཁྱེད་རྣམས་གཉིག་ཀྱི་གསུང་པ་ལ་རྟེན་ནསབོད་ཡིག་ཡག་
    པོ་མ་སྦྱང་ན་ཡོངས་ཐབས་མི་འདུག་བསམ་པའི་སྙིང་བསྟོབ་སྐྱེ་བྱུང་ཁྱེད་རྣམས་པ་གཉིས་བཀའ་དྲིན་ཆེན་པོ་ཡིན།་རྗེས་སུ་ཡང་གུས་ལས་དང་པོ་ལ་
    བཀའ་སློབ་གནང་རོགས་།གུས་པ་འདི་ནང་འཛུལ་དོན་ཡང་འཛམ་གླིང་གི་གནས་ཚུལ་ལ་མི་རྨོངས་བའི་ཆེད་དང་བྱེ་དྲག་རང་ཉིད་བོད་ཡིག་ཡར་རྒྱས་ཡོངས་བའི་ཆེད་
    དུ་ཡིན་།བྱམས་རྒྱལ་ལགས་།ཁྱེད་ཀྱང་སེམས་ཤུགས་མ་ཆག་པར་ཤུགས་གནོན་རྒྱབ་རོགས་

    Reply
  5. ཨ་གངས་ཞེན། says:
    ལོ་ 17 སྔོན།

    གྲྭ་བཀྲ་ཚེ་བཙོན་གྲོལ་ཐོབ་པར་རྟེན་འབྲེལ་ཞུ།

    Reply
  6. གངས་ཕྲུག་བློ་བཟང་ངག་དབང་ says:
    ལོ་ 17 སྔོན།

    གཡང་མདའ་ལགས་ཀྱི་གསུངས་པ་བདེན་པ་རེད།་་བྱམས་རྒྱལ་དང་བློ་བཟང་ཐུབ་བསྟན་གཉིས་ཀྱི་ཡིག་ནོར་མང་པོ་བྲིས་འདུག་དེ་བནི་དངོས་གནས་བྱིས་པ་དག་ཡིག་ཁ་ནས་སྐྱོར་མ་དག་ཡི་གེ་ལག་པས་བྲིས་ཞེས་དངོས་འབྲེལ་རེད་འདུག་ཡི་གེར་དག་ཆ་མེད་ན་ཚིག་དོན་གོ་དཀའ་བས་རྗེས་སུ་ཡི་གེའི་དག་ཆར་དོ་སྣང་གནང་རོགས་གནང་།་ཁྱེད་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡིད་རང་ཡོད།་ཐུགས་རྗེ་ཆེ།

    Reply
  7. yak says:
    ལོ་ 17 སྔོན།

    happy tsashi

    Reply
  8. གཡང་མདའ། says:
    ལོ་ 17 སྔོན།

    བཀྲ་ཚེ་ལགས་བཙོན་གྲོལ་ཐོབ་པ་ལ་ཕྱི་སྡོད་བོད་མི་ཡོངས་གྱི་ཚབ་བྱས་ཏེ་དགའ་བསུ་གྲངས་མེད་ཡོད། བྱམས་རྒྱལ་དང་བློ་བཟང་ཐུབ་བསྟན་གཉིས་གྱི་ཡིག་ནོར་ལ་ལྟོས་ན་སེམས་ཕངས་བ་ལ།

    Reply
  9. བློ་བཟང་ཐུབ་བསྟན་ says:
    ལོ་ 17 སྔོན།

    བྱམས་རྒྱལ་བསྐྱར་དུ་འཇུ་བའི་ཉེན་ཁ་ཨེ་ཡོད་།ཁོང་ཉེས་པ་དག་ནས་བརྩོན་གྲོལ་
    ཐོད་པ་རེད་བ་།ཡིན་ན་ཡང་རྒྱ་མི་དཔོན་ངན་རྣམས་ལ་ལྟ་རྒུ་ཡོད་མ་རེད་།ངས་སྐབས་རེ་རྒྱ་མི་དཔོན་ངན་རྣམས་ཤེས་ཡོན་མེད་པའི་ལྐུགས་ཞིག་མཐོང་གི་གང་ཡིན་ཟེར་ཁོང་ཚོས་ཕྲུ་གུ་ལེ་ཀ་འདྲ་པོ་མང་པོ་བྱེད་གི་འདུག་།རྒྱ་ཁབ་ཡར་རྒྱས་འགྲོ་བཏང་ལ་ལྟས་ན་ཤེས་ཡོན་ལྡན་པ་ཞིག་ཡིན་ས་རེད་བསམ་གི་འདུག་།རྒེན་བཀྲ་ཚེ་ལགས་དངོས་གནས་སྙིང་བསྟོད་ཆེ་་བ་ལ་ཕལ་ཆེར་ཁཽང་བྱང་ཆུབ་སེམས་པའི་སྤྲུལ་པ་ཞིག་ཡིན་ས་རེད་།རང་ཡ་བར་དོར་
    གཞན་བཅས་པར་འཛི་པའི་བྱ་བ་དེ་བྱང་ཆུབ་སེམས་སྤྱོད་པ་རེད་བ།

    Reply
  10. བྱམས་རྒྱལ། says:
    ལོ་ 17 སྔོན།

    བརྩོན་གྲོལ་ཐོབ་པར་དགའ་གསུ་ཞུ་། གཟབ་གཟབ་མ་བྱས་ན་བསྐྱར་དུ་འཇུ་ཡའི་ཉེན་ཁ་ཡོད་རེད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese