མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ལགས་འཇམ་དབྱངས་ཆོས་གྲགས་འཇུས་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༦ ཡས་མས་སུ་རྒྱ་གཞུང་གིས་རྔ་བ་སྒོ་མང་དགོན་པའི་ཨ་ལགས་འཇམ་དབྱངས་ཆོས་གྲགས་ལགས་འཛིན་བཟུང་བྱས་ཡོད་འདུག

ལོ་སྔོན་མའི་ཕྱི་ཟླ་ ༣ པ་ནས་བཟུང་། རྒྱ་གཞུང་གིས་ཨ་ལགས་འཇམ་དབྱངས་ཆོས་གྲགས་ལགས་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་དང་བསྒྲགས་གཏམ་མང་བོ་སྤེལ་ཡོད་པར་མ་ཟད། ཁོང་རྩིས་སྤྲོད་བྱེད་མཁན་ཡོད་ན་རྔན་པ་སྤྲོད་རྒྱུ་ཡིན་ལུགས་སོགས་ཀྱི་གསལ་བསྒྲགས་ཀྱང་མང་བོ་བཀྲམས་ཡོད་འདུག
ཡིན་ནའང་། ཨ་ལགས་འཇམ་དབྱངས་ཆོས་གྲགས་ལགས་རྒྱ་གཞུང་གིས་ཉེས་མེད་ཁྲིམས་ཆད་དེར་གཡོལ་ཆེད་ལོ་སྔོན་མའི་གསུམ་པའི་འོས་ལངས་ཆེན་མོ་ནས་བཟུང་རི་སྒང་དང་ནགས་ཚལ་སོགས་སུ་གསང་ཉུལ་བྱས་ཏེ། ཕྱི་ཕྱོགས་སུ་འབྲོ་ཨེ་ཐུབ་ལ་ཐབས་ཤེས་མང་བོ་བྱས་ནས་བསྡད་ཀྱང་། རྒྱ་གཞུང་གིས་དམ་དྲག་འོག་ནས་ཐར་མ་ཐུབ་པར་བརྟེན། ཟླ་འདིའི་ཚེས་ ༦ ཡས་མས་སུ་ཁོང་རྔ་བ་རྫོང་ཉེན་རྟོག་ཁང་དུ་ཕྱིན་ནས་ཉེས་པ་ངོས་ལེན་བྱས་ཀྱང་། རྒྱ་གཞུང་གིས་ཁོང་ཐར་བར་མ་བཏང་བར་བཀག་ཉར་བྱས་ཡོད་འདུག 

བོད་ནང་ནས་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཨ་ལགས་འཇམ་དབྱངས་ཆོས་གྲགས་ལགས་ཉེ་ལམ་ཚེས་ ༦ ཡས་མས་སུ་རྔ་བ་རྫོང་ཉེན་རྟོག་ཁང་དུ་ཕེབས་ནས་ཉེས་པ་ངོས་ལེན་བྱས་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་ཐར་བར་མ་བཏང་བར་ད་སྐབས་རྔ་བ་ཁུལ་གྱི་ཁྲིམས་ཁང་ནང་ཁྲིད་ཡོད་པ་དང་། ཁོང་ལ་གཉེན་ཉེ་དང་ནང་མི་སོགས་མི་གཅིག་ཀྱང་ཐུག་འཕྲད་བྱེད་དུ་མི་འཇུག་པར་མ་ཟད། རྔ་བ་ཁུལ་གྱི་ཁྲིམས་ཁང་གིས་རིང་མིན་ཁྲིམས་ཐག་གཅོད་རྒྱུ་ཡིན་ལུགས་ཀྱང་བརྗོད་ཡོད་འདུག

ཨ་ལགས་འཇམ་དབྱངས་ཆོས་གྲགས་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱེད་རྐྱེན་གཙོ་བོ་ནི། ལོ་སྔོན་མར་རྔ་བ་ཁུལ་སྒོ་མང་དགོན་པའི་ནང་གྲྭ་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དེའི་མགོ་ཁྲིད་མཁན་ཁོང་ཡིན་པ་དང་། སྐབས་དེར་དྲག་ཆས་ཉེན་རྟོག་པ་ཡོང་ནས་ཁོང་གི་གྲྭ་ཤག་ནང་སྔོག་བཤེར་བྱེད་སྐབས། ཨ་ལགས་འཇམ་དབྱངས་ཆོས་གྲགས་ལགས་རྒྱ་གར་དུ་ཕེབས་ནས་༧གོང་ས་མཆོག་དང་མཉམ་དུ་སྐུ་པར་ཞིག་སྐྱོན་ཡོད་པ་དེའི་ནག་ཉེས་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག

ཨ་ལགས་འཇམ་དབྱངས་ཆོས་གྲགས་ལགས་ད་ལྟ་དགུང་ལོ་ ༢༨ ཡིན་ཞིང་། ཕ་ཡུལ་རྔ་བ་སྒོ་མང་མཐའ་བ་ནས་ཡིན་འདུག ཁོང་ཆུང་དུས་ནས་བཟུང་རྔ་བ་སྒོ་མང་དགོན་དུ་ཞུགས་ནས། ནང་ཆོས་དང་བོད་ཀྱི་ཐ་སྙད་རིག་གནས་སྐོར་ལ་སློབ་གཉེར་བྱས་ཡོད་པར་མ་ཟད། ལོ་འགའི་སྔོན་རྒྱ་གར་དུ་ཕེབས་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས་ཕྱིར་བོད་དུ་ཕེབས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 6

  1. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    ཞིང་མཆོག་ཐུགས་དམ་གནད་བསྐུལ།

    སྔོན་བསྟན་པ་སྔ་དར་དུས་སུ། །
    མགོན་ཨོ་རྒྱན་ཆེན་པོས་ཞལ་ནས། །
    བོད་རྒྱལ་བློན་རྗེ་འབངས་ཡོངས་ལ། །
    དུས་གཏན་དུ་སྐྱོང་ཞེས་གསུངས་པས། །

    དེང་སྙིགས་མ་ལྔ་བདོའི་གཤམ་འདིར། །
    རྒྱ་དམར་པོས་བོད་ཁམས་འཇོམས་ཤིང་། །
    གདོན་དམ་སྲིའི་བསྟན་པ་རྒྱས་པས། །
    བདུད་རྒྱལ་འགོངས་སྡེ་བཅས་ཆོམས་ཤིག།

    བོད་བསྟན་སྲིད་ཡོངས་ཀྱི་སྤྱི་དགྲ། །
    ལྷ་ཕྱག་ན་པདྨོའི་སྐུ་དགྲ། །
    དཔལ་ཞྭ་སེར་བསྟན་པའི་སྒོས་དགྲ། །
    བདུད་རྒྱལ་འགོངས་སྡེ་བཅས་ཆོམས་ཤིག

    Reply
  2. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    མདང་དགོང་མཚན་གུང་བོད་ནང་ནས་ཁ་པར་ཡོང་བ་ལྟར་ན།
    ཨ་ལགས་འཇམ་དབྱངས་ད་ལྟ་བར་དུ་སྦས་གསང་བྱས་པའི་མི་རྩད་གཅོད་ཀྱིན་འདུག་ཟེར།
    ད་དུང་ཁོང་ལ་ལོ་ག་ཚོད་ཀྱི་ཁྲིམས་ཐག་གཅོད་རྒྱུ་ཡིན་མིན་ཐད་ཁོང་གི་ནང་མི་དང་གཉེན་མི་དགོན་པའི་གྲྭ་བ་ཚང་མ་བློ་འཚབ་སྐྱེས་ཀྱིན་འདུག་ཟེར།

    Reply
  3. ཀ་ཉག་ཚེ་རིང་། says:
    ལོ་ 17 སྔོན།

    གཞུང་དང་སྒེར་ཚོགས་ཟེར་ནས་ཁག་གཞན་ཞིག་ལ་མ་དཀྲི། འགན་དེ་རང་ཉིད་ལ་ཡང་ཡོད་པས་ངས་ཅི་ཞིག་བསྒྲུབ་ཐུབ་ཀྱི་འདུག་གམ་སྙམ་ནས་དང་པོ་རང་ངོས་བསམ་བློ་གཏོང་རྒྱུ་གལ་མི་ཆེའམ།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གཅིག་ཚབ་གཉིས་ཚབ་གཅིག་གི་བྱེད་ཐུབ་ཀྱི་ཡོད་ན་ནི། སྡུག་པ་ལས་ཅུང་དྲགས་མོད། རེད་དེ། རྒྱའི་སྲིད་གཞུང་གི་བྱེད་སྟངས་ནི་དེ་འདྲ་ཞིག་གཏན་ནས་མ་ཡིན་པར། ཁོང་ཚོས་དགོས་མཁོ་དངོས་དེ་འགྲུབ་དགོས་ཀྱི་ཡོད་པ་ཡིན་དུས། ད་དུང་། འུ་ཅག་བྱེས་པ་དག་གིས་རིག་རྒྱུ་དང་གོ་རྒྱུ་ཇེ་མང་དུ་འགྲོ་ངེས་ཡིན་པ་ལས། ཇེ་ཉུང་དུ་གཏན་ནས་འགྲོ་མི་སྲིད་པ་དེའི་ཕྱོགས་སུ་བྱེས་སུ་ཡོད་པའི་འུ་ཅག་གི་གཞུང་དང་སྒེར་ཚོགས་དེ་དག་གིས་གང་ཞིག་བྱེད་དགོས་མིན་ཐད་དུ་སྐད་ཆ་རེ་གོ་རྒྱུ་མེད་པ་དེ་ནི་དེ་བས་ཀྱང་ཡ་ང་བ་ཞིག་འདུག

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    སྔར་ལོའི་ཞི་རྒོལ་སྐབས་རྔ་པ་སྒོ་མང་དགོན་པའི་དགེ་འདུན་པ་ཚོའི་སྣེ་འཁྲིད་མཁན་སུ་ཡིན་རུང་། སྐབས་དེར་ངོས་ལེན་བྱེད་མཁན་ནི་གྲྭ་བཀྲ་ཚེ་དང་ཆོས་སྐྱོང་གཉིས་ཡིན་ལ། ད་ནི་ཨ་ལགས་འཇམ་དབྱངས་ཆོས་གྲགས་ཀྱིས་སྐབས་དེའི་མགོ་འཁྲིད་མཁན་ཁོང་ཡིན་པར་ངོས་ལེན་བྱས་ཏེ། ཉེན་རྟོག་ལས་ཁུངས་སུ་ཕྱིན་པར་བརྟེན། དགེ་འདུན་པ་གཞན་པ་གཉིས་གློད་དེ། ཨ་ལགསའཇམ་དབྱངས་ཆོས་གྲགས་འཇུས་པ་ལྟར་སྣང་།

    Reply
  6. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    བཙན་བྱོལ་སང་གི་མར་མེ་འཕྲེང་སྐོར་རེ་ཡང་གོ་རྒྱུ་མི་འདུག་་་ཡ་་་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese