རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལས་འཛིན་པ་གཞོན་པ་དང་། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལྷན་ཚོགས་ཞེས་པའི་ཚོགས་གཙོ། བོད་རིགས་རྒན་རབས་པ་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུའི་སྙུང་གཞི་ཞིག་གི་དབང་གིས་དེ་རིང་ཕྱི་དྲོའི་པེ་ཅིན་གྱི་ཆུ་ཚོད་ ༤ དང་སྐར་མ་ ༥༠ སྟེང་རྒྱ་ནག་པེ་ཅིན་ནས་སྐུ་གྲོངས་ཡོད་ཅིང་། ད་ལོ་ཁོང་དགུང་གྲངས་ ༡༠༠ ལ་སླེབས་ཡོད་འདུག
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ སྟེང་རྒྱ་ནག་དབུས་གསར་འགྱུར་མཉམ་སྒྲོག་ལས་ཁུངས་ནས་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་གྲོངས་པའི་སྐོར་གསལ་བསྒྲགས་བྱས་པ་དང་ལྷན་དུ་ཁོང་གི་འདས་པའི་ལས་གནས་རགས་ཟིན་ཞིག་བཀོད་པའི་ནང་། རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ། སྤྱི་ཚོགས་བྱེད་སྒོ་པ་གྲགས་ཅན། བོད་རིགས་མི་དམངས་ཀྱི་སྐྱེས་བུ་ཕུལ་དུ་བྱུང་བ། རང་རྒྱལ་མི་རིགས་ལས་དོན་གྱི་དབུ་ཁྲིད་མཆོག་ཏུ་གྱུར་པ། ཀྲུང་གོ་གུང་ཁྲན་ཏང་གི་སྙིང་ཉེ་བའི་གྲོགས་པོ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་གསུམ་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་ལགས་སྙུང་གཞི་བཞེས་ནས་ ༢༠༠༩ ལོའི་ཟླ་བ་ ༡༢ པའི་ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་སྐར་མ་ལྔ་བཅུ་ལ་པེ་ཅིན་དུ་སྐུ་གཤེགས་ཤིང་། དགུང་ལོ་བརྒྱ་ཐམ་པར་འཚོ་བཞེས་གནང་ཡོད་པ་རེད། ཅེས་བཀོད་འདུག
ཁྱོད་ལ་ཡང་བཤད་སྟངས་ཡག་པོ་ཞིག་ལོབ་གྲབ་འདུག་དཱ། ཤུགས་རྒྱོབས་དང་། བོད་གཞིས་བྱེས་གཉིས་ཀྱི་དགྲ་ཡིན་མིན་ཁྱོད་ཀྱི་ཁ་ལ་མི་འཛའ་བ་ཞིག་རེད་སྙམ་གི རེད་ཡ། ཁྱོད་ལ་བྱས་རྗེས་ཅུང་ཙམ་ཡོད་ཐང་མོད། ལོ་རྒྱུས་ལ་ལོ་རྒྱུས་ཀྱི་ངོས་ནས་ལྟོས་དང་། མདའ་ཚན་པའི་སྐད་ཆ་སྣང་འགྲོ་འདྲ་བཤད་མི་འདུག་གམ། གྱ་དགུ་ལོའི་བོད་ནང་གི་དམར་བསད་དྲག་གནོན་དང་པན་ཆེན་ཡང་སྲིད་ཀྱི་སྐོར། སྔ་ལོའི་དོན་རྐྱེན་གྱི་སྐོར་སོགས་ལ་སྐད་ཆ་འདྲ་མིན་མི་བཤད་ཐབས་མེད་ཀྱིས་བཤད་མྱོང་མཁན་མང་ནི་རེད་ཡ། ད་དུང་བོད་རྒྱ་ལ་ཤོར་བ་ང་ཕོད་གཅིག་པུ་ཨེ་རེད།
བསེ་རུ་ལགས། ད་སྙོག་དྲ་མ་བྱེད། དེ་ལས་བསམ་ཚུལ་འདྲ་ཡོད་ན་གསུང་དང་།
མདང་ནུབ་གསར་འགྱུར་འདི་ཐོས་མ་ཐག ངས་མཆན་བུ་གསུམ་པར་མ་ཎི་གསུམ་བཀོད་དེ་བཞག་ཡོད་ཀྱང་། དེ་ནི་དྲ་རྒྱ་དོ་དམ་པས་བསུབས་ཚར་འདུག
དེ་རིང་ང་ལ་སླར་ཡང་དོགས་གཞི་ཞིག་བསླེབས་བྱུང་།
ཁོང་འདས་གྲོངས་སུ་གྱུར་པར་མ་ཎི་འདོན་མི་ཆོག་ཟེར་བ་ཡིན་ནམ།
དྲ་གྲོགས་མདའ་ཚན་ལགས་ཀྱི་ཁ་བརྡར་མཆན་བུ་བཏབ་འདིར་དྲངས་པར་དགོངས་འཁྲོལ་ཞུ།
(ང་ཕོད་ཀྱིས་གནད་འགག་ ཆེ་བའི་བཙན་རྫོང་ཞིག་གཏོར་ཡོད་པ་རེད། དེ་ནི་ཉེ་བའི་ལོ་རྒྱུས་ནང་བོད་རྒྱ་ཁོངས་ཡིན་པར་རྒྱ་ནག་ལ་སྒྲུབ་བྱེད་ཡོད་པ་ མ་རེད་སྙམ། དེ་བས་སྐུ་ཕྲེང་བཅུ་བཞི་བའི་གསེ་ཁྲི་མངའ་གསོལ་གྱི་མཛད་སྒོ་རྒྱ་མིས་གཙོ་ སྐྱོང་བྱས་པ་ཡིན་ཟེར་ནས་གོ་མིན་ཏང་གི་རྗེས་སུ་གུང་ཁྲན་ཏང་འབྲངས་ཏེ་བོད་རང་ བཙན་མིན་པའི་སྒྲུབ་བྱེད་གཙོ་བོ་ཞིག་ལ་བརྩི་གི་ཡོད་པ་རེད། ང་ཕོད་ཀྱིས་སྒྲུབ་བྱེད་དེ་ཐབས་མཁས་པོའི་ཐོག་ནས་ཡོངས་སུ་གཏོར་ནས་ཡང་སྐྱར་དེ་ ལ་ལག་པ་འཆང་རྒྱུ་མེད་པ་ཞིག་བཟོས་པ་རེད། དེ་ཡང་གནད་འགག་ཅིག་རེད་སྙམ།
རྩ་བའི་སྲིད་དོན་གྱི་ལོ་ རྒྱུས་འདི་ཚོ་གནད་འགག་ཆེན་པོ་ལོས་ཡིན་ཏེ་དེ་ལས་ཀྱང་གལ་ཆེ་བ་ནི་བོད་མི་སྤྱི་ བོ་གནམ་བསྟན་ཡོངས་ལ་ཡོད་པའི་གཅིག་གྱུར་གྱི་རིག་གཞུང་འདི་རེད། མཁས་དབང་ཟླ་བ་ནོར་བུས་ཀྱང། བོད་ཀྱི་རིག་གཞུང་འདི་སྲིད་དོན་ལས་གལ་ཆེ་བ་ཡིན་པ་ལྟ་བུ་ཞིག་གསུངས་ཡོད་པ་ རེད།
ལོ་རྒྱུས་ནང་སྲིད་དོན་ གྱི་ཁྱབ་ཁོངས་ལ་འགྱུར་བ་མང་པོ་ཞིག་ཕྱིན་ཡོད་པ་རེད། སྐབས་རེར་གཅིག་གྱུར། སྐབས་རེར་ཁ་ཐོར། སྐབས་རེར་ཆེ་བ། སྐབས་རེར་ཆུང་བ་སོགས། ཡིན་ནའང་བོད་ཀྱི་རིག་གཞུང་གི་ཁྱབ་ཁོངས་དང་། རིག་གཞུང་གི་ལོ་རྒྱུས་ལ་འགྱུར་བ་ཕྱིན་ཡོད་པ་མ་རེད་སྙམ།
དེ་ལྟར་རང་ལ་རང་གི་ལོ་རྒྱུས་དང་རིག་གཞུང་། སྐད་དང་ཡི་གེ་ཡོད་པའི་མི་རིགས་ཤིག་ཡིན་ཕྱིན་རྒྱལ་སྤྱིའི་ཐོག་
དེ་ལ་རང་ཐག་རང་གཅོད་ཀྱི་ ཐོབ་ཐང་ཞིག་ཡོད་པ་དང་། མར་ཁེ་སི་དང་ལེ་ཉིན་གྱི་མི་རིགས་ལྟ་བའི་ནང་ཡང་། མི་རིགས་གང་ཞིག་མི་རིགས་སམ་རྒྱལ་ཁབ་ཅིག་ནང་བསྡད་ན་འདྲ་ཡང་ན་ལོགས་སུ་ཐོན་ འདོད་ཡོད་ན་འདྲ་དེ་ལ་དེ་ལྟ་བྱེད་པའི་ཐོབ་ཐང་ཡོད་པ་མཁས་པ་མང་པོ་ཞིག་གིས་ དྲངས་ཡོང་གི་ཡོད་པ་འདི་ཚོ་དངོས་གནས་གནད་འགག་ཆེན་པོ་ཞིག་རེད་འདོད།
རང་བཙན་ཡིན་མིན་ཡང་ག་ཚོད་ སྒྲུབ་ཐུབ་ན་ཡག་པོ་ལོས་ཡིན་ཀྱང་། རང་ཉིད་ལ་ཡོད་པའི་ཁྲིམས་ཐོག་གི་ཐོབ་ཐང་དེ་ཚོ་ཡག་པོ་ངོས་ཟིན་ནས་དེ་ལོན་ཐུབ་ ལ་འབད་པ་ཡིན་ན་སྔོན་མ་རང་བཙན་མིན་ཡང་རྗེས་སུ་རང་བཙན་ཡོང་བའི་ལམ་ཁ་ཞིག་ཡོད་ པ་རེད།
ཁྱེད་ཚོ་མཆོད་མེ་དྲ་ རྒྱའི་ནང་རྒྱུགས་དང་། ཕུན་དབང་གིས་མར་ཁེ་སི་ལེ་ཉིན་གྱི་མི་རིགས་ཀྱི་བདག་དབང་དང་འདྲ་མཉམ་སོགས་ལས་ འཕྲོས་ཏེ་གཞུང་ལུགས་ཀྱི་རྒྱབ་རྩ་མཐུག་ཅིང་རྒྱུ་མཚན་དང་གནས་ལུགས་རྡོ་སྒྲིག་ སྒྲིག་བྱས་ཡོད་པའི་རྩོམ་ཡིད་དབང་གཡོ་བར་བྱེད་པ་ཞིག་བྲིས་འདུག ད་མཁས་པ་ཟེར་ནས་མིང་གིས་འབོད་ས་ཞིག་ཡོད་ན་ཁོང་ལྟ་བུ་ལ་དེ་ལྟར་འབོད་འོས་སུ་ མཐོང་། ད་གཞན་མི་ཤེས། ངོ་མ་དད་པ་འདྲ་ཟིག་སྐྱེ་གི་འདུག
དེ་ནས་སེང་རྡོར་གྱི་དྲ་ རྒྱའི་ནང་། སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་བོད་ཀྱི་ས་ཁོངས་ཚང་མ་གཅིག་གྱུར་བྱེད་དགོས་ པའི་སྐོར་ལ་བསམ་འཆར་དོན་ཚན་གསུམ་བཀོད་འདུག་པ་དེའང་བསྔག་པར་འོས་པ་ཞིག་རེད།)
འདི་ཚོར་གཅིག་གཟིགས་དང་།
སྐད་ཆ་དེ་ཚོ་བྱིས་པ་ཆུང་ཆུང་ཟིག་གིས་སྙིང་ནད་སངས་བྱེད་དུ་བཤད་པའི་སྐད་ཆ་འདྲ་ཞིག་མི་འདུག་གམ།
མཁས་པའམ་དགེ་བཤེས། ཡོན་ཏན་ཅན་ཞིག་གི་སྐད་ཆ་རེད་དམ། མི་ཤི་བའི་ཐོག་ལ་སྤྲོ་སྐྱིད་གཏོང་མཁན་ཞིག་ད་ཨེ་ཡོད་ན། ཧེ་ཐྲི་ལར་དང་མའོ་ནི་མ་རེད་པ། ས་ཏམ་ཧོ་སན་ནི་མ་རེད་པ།
སྐབས་དེའི་ལོ་རྒྱུས་ཀྱི་ངོས་ཐད་ནས་བལྟ་ཐུབ་ན་ལས་གང་བྱུང་སེམས་ཚོར་གྱི་དབང་དུ་སོང་སྟེ་ཚིག་ངན་བྱུང་རྒྱལ་དུ་སྨྲས་ན་ཡག་པོ་རང་ད་ཨེ་ཡོད་ན། ནམ་ཞིག་ང་ཕོད་ཀྱི་རླབས་ཆེན་གྱི་བྱས་རྗེས་འདྲ་རྗེས་ན་ཡོད་སྲིད་ཐང་། སུས་ཤེས། རྒྱ་ཕྱོགས་ནས་ཀྱང་མྱ་ངན་སྟབས་བདེ་ཞིག་ལས་བྱས་མི་འདུག་གཱ། ཞིབ་དཔྱོད་གནང་དགོས་གལ་ཆེན་དུ་མཐོང་། དྲ་གྲོགས་ཚོ་དགོངས་པ་མ་ཚོམས་ལགས།
ད་ཐེངས་སྒོམ་སྡེ་ལགས་ཀྱི་སྐད་ཆ་དེ་ཚོར་ཅུང་རུལ་དྲི་ཁ་ཡི་འདུག གཡག་ལྡོམ་ལགས་ཀྱང་དེ་དེ་བཞིན་ནོ།།
ངེད་བོད་ས་ཡོངས་ལ་བཙན་འཛིན་དང་དམར་བསོད་འཕྲོག་བཅོམ་བྱེད་མཁན་ཚང་མ་ང་ཕོད་ནི་མ་རེད། ཡང་ཚོང་པ་རྒྱགས་པ་དང་དགེ་ཆོས་འཆལ་བོ་རྒྱོ་འཁྱམས་ཟེར་བ་སོགས་ནི་ཡུལ་དུས་བྱེ་བྲག་པ་ཞིག་གི་སྐད་ཆ་རེད། ང་དགུའི་ལོར་ང་ཕོད་མེད་ཀྱང་རྒྱས་བོད་ལ་དམར་བསོད་སྟོར་གཤིག་འཕྲོག་བཅོམ། བཙན་གཡེམ་སོགས་བྱེད་རྒྱུ་ཡིན་པ་གཏན་འཁེལ་བ་ཞིག་མ་རེད་དམ། དེ་ཁས་མི་ལེན་ན་རྒྱ་དམག་ཆབ་མདོར་མ་འབྱོར་གོང་གི་མདོ་ཁམས་ཕྱོགས་ཀྱི་དམར་བསད་སྟོར་གཤིག་འཕྲོག་བཅོམ་བཙན་གཡེམ་ལ་སོགས་པའི་སྐོར་ནགས་ཚང་ཞི་ལིའི་སྐྱིད་སྡུག་དང་ཨ་མ་ཨ་བདེ་ཡི་མི་ཚེ་ལོ་རྒྱུས། ཨ་ལགས་ཙ་ཡས་ཀྱི་ལོ་རྒྱུས་དེ་ཚོར་བཤད་པ་ཚང་མ་གང་ལ་བརྩི་རྒྱུ་ཡིན་ནམ། ང་ཕོད་མེད་ཀྱང་རྒྱས་བོད་ལ་བཙན་འཛིན་བྱེད་རྒྱུ་དེ་གཡོལ་ཐབས་མེད་པ་ཞིག་མ་རེད་དམ། ང་ཕོད་ཀྱིས་ཆབ་མདོ་ནས་ལྷ་སར་དམག་རོགས་ཞུས་སྐབས། སྐུ་ངོ་ཚོས་”ཐུགས་སྤྲོ”དཀྲོགས་ཡོང་གིས་གསང་བ་བྱས་ཚུལ་ཡང་ཡོངས་གྲགས་ཀྱི་ལོ་རྒྱུ་ཞིག་ཡིན་ན། ཕྱོགས་ཡོངས་ནས་བལྟ་དགོས་པ་རེད་དྲ་གྲོགས། སྐབས་དེའི་འཛམ་གླིང་སྤྱི་དང་བོད་རྒྱ་གཉིས་ཀྱི་དཔུང་སྟོབས་ཆེ་ཆུང་དང་དམག་རྒྱག་ཇུས་ཕྲ་སོགས། ཕྱོགས་ཡོངས་ལ་བསམས་ཏེ་སྐད་ཆ་བཤད་རོགས།
བཀའ་ཟུར་འདས་པོ་ཁོང་གི་འདས་པའི་ལོ་རྒྱུས་སོགས་སུ་བལྟས་ནས་ཡོང་ན།༨༩ལོའི་ཁོང་གི་སྙན་ཞུ་ཞིག་ཏུ་རང་སྲོག་འབེན་ལ་བཙུགས་ནས་རང་གི་མི་རིགས་ཀྱི་དོན་དུ་ལས་དོན་བྱས་པ་དེ་སྔ་མོ་ཞིག་ལ་མཐོང་མྱོང་ཡང་ད་ལྟ་མི་དྲན།རྗེས་སུ་ལག་ཏུ་སོན་ན་དྲ་གྲོགས་རྣམས་ལ་མཁོ་སྤྲོད་བྱ་ཆོག
དེ་མིན་སྒོམ་སྡེ་ལྷ་རམས་པ་ཟེར་བའི་མིང་འདི་དང་ཤི་ན་སྤྲོ་སྐྱིད་གཏོང་དགོས་པ་རེད་ཅེས་པའི་སྐད་ཆ་གཉིས་འགལ་བ་ལྟག་སྤྲོད་མ་རེད་དམ།བཟང་རུང་ངན་རུང་ལོ་རྒན་བརྒྱ་ལ་བསགས་པའི་ལོ་རྒྱུས་ཀྱི་ཆུ་ཐིགས་རེ་རེ་འདུས་པའི་བདེན་པའི་དཔང་བོ་ཞིག་མེད་པ་ཆགས་སོང་བ་རེད།དེ་ནི་ང་ཚོའི་གྱོང་གུད་ཅིག་ལས་གཞན་མིན་པར་སེམས།
གལ་སྲིད་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་སྐབས་སུ་ང་ཕོད་ཀྱིས་སྲོག་བཏང་ཡོད་ནའང་།བོད་རང་བཙན་ཤོར་ཡོད་ངེས་པ་སུས་ཀྱང་ཁས་མི་ལེན་ཐབས་མེད་ཡིན་ལ།དེ་ཡིན་དུས་ང་ཕོད་ལ་སྡིག་པ་ནི་ཅོལ་ཆུང་གི་རྟགས་ཙམ་ལས་ཅི་ཡང་མིན་ཞུ་རྒྱུ་ཡིན།
གོང་དུ་མགོ་མ་ཚེས་པ་ཁ་ཤས་ཀྱིས་ཅི་དགར་སྡིགས་པ་ལས་འདས་པོ་ཁོང་གི་ལོ་རྒྱུས་གསལ་གསལ་ཐང་ཐིང་ཞིག་སྔོག་ཐུབ་ན་དེ་ལས་དགའ་ཞིག་མེད།
ངག་ཕོད་ཁྱི་རྒན་ཁོ་སྔ་སེ་ནས་སྡུག་ཤི་མ་བརྒྱབ་པར་བོད་མིར་གྱུང་གུན་ཆེན་པོ་ཞིག་རེད།་ཁྱི་རྒན་ཁོ་འདྲ་པོར་བོད་དོན་གྱི་རེ་བ་བྱས་ན་སྨྱོན་པ་རང་རེད།་་་ཁོ་སྡུག་ཤི་བརྒྱབ་པར་དགའ་བསུ་གྲངས་མེད་ཞུ་རྒྱུ་ཡིན།་་ཁོ་ལ་མྱ་ངན་ཞུ་མཁན་སུ་བྱུང་དེ་ནི་རྒྱ་མའི་ཕོགས་ཟས་ཡིན་པ་གསལ་པོ་རེད།
དྲ་གྲོགས་སྒོམ་སྡེ་ལྷ་རམས་པས་གསུངས་པ་ལྟར་འོ་ཚོ་བོད་མི་ཡོངས་ཀྱིས་བཟང་པོ་བཅུ་འཛོམས་ཉིན་གྱི་སྐབས་དང་རྟུནསྤྲོ་སྐྱེད་གཏོང་ཡོད།
རྒྱ་ལག ནོར་བཅོས།
བོད་རྒྱལ་ལག་ཏུ་སྤྲོད་མཁན་རྒྱ་མིའི་རྒྱུག་ཁྱི་ཁྱི་རྒན་ཁོ་ཤི་བ་ལ། མྱ་ངན་ལྟ་ཞོག་སྤྲོ་སྐྱིད་གཏོང་དགོས་པ་ཞིག་འདུག
ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། སྐྱེ་བ་སྔོན་ལས་ཀྱི་དབང་གིས་བོད་མི་ཞིག་ལ་སྐྱེ། དེའི་ནང་གི་བོད་ཀྱི་མི་གོ་མིང་ཡོད་མཁན་ཞིག་ལ་སྐྱེ། ཐ་མ་དེར་གང་ཡང་མེད་པར་རང་གི་མི་རིགས་ཀྱིས་ཀྱང་རིག་ས་མེད་པར་ཤི་དགོས་བྱུང་བ་དེར་སྙིང་རེ་རྗེ།
THANK YOU JAMGAL
དེ་རིང་གི་དཔའ་བོ་གཡག་ལྡོམ་ལགས་དགྲ་དམར་པོ་རྒྱུག་ཁྱི་ཡིན་པ་ཤེས་ན་ཤི་ཚར་ཡང་རོ་ལ་རྡོ་གི་རྒྱག་དགོས། ངས་ང་ཕོད་ཟེར་བ་འདི་མ་ཤི་བར་དུ་རྒྱ་ནག་གི་ལྟོ་ཕོགས་ཟ་མཁན་ཞིག་ཡིན་པ་དེ་ལས་ཅང་མི་ཤེས།
ཡིན་ཡང་དགྲ་དམར་པོའི་རྒྱུག་ཁྱི་རྣམས་ལ་བོད་མི་རིགས་ལ་ཞེན་པ་དཀར་བའི་བོད་མི་རྣམས་ཀྱིས་དཔང་སྒྲིག་ནས་དགག་པ་དགོས།
གཅིག་རྗེས་གཉིས་མཐུད་ནས་དགྲ་དམར་པོའི་རྒྱུག་ཁྱི་ཚང་མ་མགྱོགས་པོ་ཤི་བ་ཤོག་ཞེས་སྨོན་ལམ་རྒྱག་གི་ཡིན་ཧཧཧཧཧཧ
Tashis ཐུགས་རྗེ་ཆེའོ།
yak dom’s blog in english
Ngapoi – Ngawang Jigme
Xinhua Beijing March 23 (Xinhua Tian) vice chairman of CPPCC National Committee, Ngapoi Ngawang Jigme 23 interview with Xinhua on the recent vandalism took place in Lhasa, burning a statement of serious violent crime. Statement reads as follows:
Lhasa, Tibet Autonomous Region took place recently in the burning of serious violent crime vandalism incidents to the local people’s life and property caused by the heavy losses, and the people lead a happy life and social order were severely damaged.
Tibetan few places in other similar incidents also took place, even in foreign countries almost simultaneously, the impact of violence against the Chinese diplomatic institutions of molecular events. This is clearly the Dalai clique collusion organized, premeditated, carefully planned and directed. Dalai clique’s attempt to use China will soon host the 2008 Olympic Games the occasion to make trouble, to create a momentum in the international arena in order to achieve the split Tibet from the motherland purposes. A small number of rioters in Lhasa barbaric act aroused strong indignation among the Tibetan community, and severely condemned. In order to safeguard the dignity of law and safeguarding the fundamental interests of the overwhelming majority of the people, safeguard social stability in Tibet, the relevant departments to take effective measures to properly dispose of according to law is a very timely and absolutely necessary.
Tibet is an inalienable part of China. From ancient times to the world, any country, no government neither admitted “Tibet independence.” Is in the late Qing, the KMT’s reign, the country poor and weak, but also faced with imperialist aggression, in such circumstances, attempting to split Tibet’s dream, has not succeeded. Tibet’s peaceful liberation, a handful of people, ignoring the historical facts, regardless of the wishes of broad masses of Tibetan people in an attempt to split Tibet from the motherland’s activities have never stopped. In 1959, the support of hostile foreign forces, and planning, launched an armed rebellion attempting to achieve “Tibet independence.” Shortly after the founding of new China at that time, the people’s democratic dictatorship, not yet fully consolidated, the old Tibetan local government and the old system still exists, even in such a case, not only failed rebellion in 1959, but also accelerated the advent of democratic reforms. People getting emancipated, and became masters headed. 80s of last century separatist forces both inside and outside to stir up unrest in Lhasa last Youyi failed. All this fully proves that engaging in “Tibet independence” is contrary to the wishes of the Tibetan people, is unpopular. The Lhasa incident is a separatist and anti-separatist struggle, as long as we unite as one, relying on the masses, in the Tibet Autonomous Region Party Committee and government, under the correct leadership, will achieve the final victory of the struggle against separatism.
I have witnessed the change of centuries-old Tibetan who is also experienced in Tibet witness to two different social systems. As long as have the social system in Tibet under the new and the old two people who have lived, whether it is the upper class or the grass-roots people, as long as he stood an objective and just position, as long as he respects the history, face up to reality, will arrive at a consensus, it is Only the Tibetan people under the leadership of the Communist Party of China road of socialism with Chinese characteristics can really be their own masters. The People’s Republic of China in Tibet only in this family, the community will progress the development of the Tibetan people be happy and healthy. For more than fifty years the peaceful liberation of Tibet, earth-shaking changes in a strong proof of this assertion. Separatism and anti-separatism struggle is long and complex. We should be mentally prepared. Regardless of the manner in which the separatist forces, which means an attempt to sabotage the motherland’s unification, national unity, social stability, are bound to fail.
I sincerely hope that the masses of all circles in Tibet, in China under the leadership of the Communist Party, in order to safeguard national unification, ethnic unity, in order to build a well-off Tibet, Tibet, peace and harmony in Tibet and make due contributions.
ར་ས་ཕོ་ཉ་ལགས་ཁྱོད་ཀྱིས་དེ་འདྲ་རང་གསུངས་རྒྱུར་ཨ་ཡོད་ན། གཞོན་ནུ་སོགས་བོད་རང་བཙན་གྱི་ལངས་ཕྱོགས་བཟུང་མཁན་གྱི་ཚོགས་པ་དག་གིས་བོད་སྤྱི་པའི་དོན་དུ་རང་སྲོག་བློས་གཏོང་ཐོགས་
ལས་དོན་ཧ་ལས་དགོས་པ་བསྒྲུབས་ཟིན་པ་མཁྱེན་གསལ་རེད། ཁྱོད་ཀྱིས་དེ་འདྲ་གསུངས་ན་ལས་འབྲས་ལ་མི་རུང་།
ར་ས་ཕོ་ཉ་ལགས།
ང་ཕོད་ནི་སྐུ་འོས་བོད་མང་སྤྱི་འཐུས་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་གསུངས་པ་བཞིན་གུང་ཁྲིན་ཏང་གི་ཁྱི་རྒན་ངོ་མ་དེ་རེད། འོན་ཀྱང་རིན་པོ་ཆེའི་མིང་ཅན་ཁྱོད་རང་ང་ཕོད་ལ་མི་དགའ་བ་ཡིན་རྒྱུ་མ་རེད། གལ་ཏེ་མ་དགའ་བ་དེ་འདྲ་གནང་ན་ལས་རྒྱུ་འབྲས་ལ་འགྲོ་གི་མ་རེད་པ། དེ་མཚུང་ཁྱེད་རང་དངོས་གནས་ཡིན་སྙིང་ཆུང་མ་བྱེད། སོ་སོ་སུ་ཡིན་པ་ཤེས་ན་ངས་འགྲེལ་བཤད་རྒྱབ་དགོས་དོན་མི་འདུག་ལག། ད་བར་ངས་ཁྱེད་ལ་བཤད་འདོད་པ་དེ་ནི་ཁྱད་རང་ང་ཕོད་རྒྱུད་རྒྱ་ནག་གི་བོད་བཙན་བྱོར་ནང་བཏང་པའི་འཇབ་དམག་ཞིག་རེད། དེ་ཡང་དགོས་དབང་ཡོད་ན་ལོ་རྒྱུས་ཁ་གསལ་ཞུས་ཆོག་རིན་པོ་ཆེ་མིང་ཅན་ལགས།
ཁོའི་སྐད་ཆ་དང་པོ་དེ་བདེན་པ་རེད་པ། གཞོན་ནུ་སོགས་ཚོགས་པ་མང་པོས་བོད་རང་བཙན་ལབ་བཞིན་ཡོད། གཉིས་པ་དེ་ཆོ་མེད་པ་རེད། དུས་དེང་སང་ཞིང་བྲན་ལམ་ལུགས་བསྐྱར་ཡོང་ཐབས་གཏན་ནས་ཡོད་མ་རེད་པ། གཡག་སྡོམ་ལགས། མི་ཡག་ངན་གང་ཡིན་ངས་མི་ཤེས། དེ་ལོ་རྒྱུས་མཁན་ཚོས་གསུངས་ཀྱི་རེད།
མི་ཚེ་མཐའ་མའི་གཏམ་བཤད་ནི་ཏཱ་ལའི་རུ་ཚོགས་ཀྱིས་དུས་ནམ་ཡང་བོད་འདི་མེས་རྒྱལ་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པ་དང༌། བོད་རང་བཙན་ནི་བོད་ཀྱི་ལོག་སྤྱོད་རུ་ཁག་གིས་བོད་འདིར་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱེད་པའི་དམིགས་ཡུལ་ཞིག་ཡིན་པ་བཅས་གླེང་ཡོད། འདི་ནི་ཁོ་རང་མི་ལོ་བརྒྱ་ཐམ་པར་འཚོ་གཞེས་རིང་གི་གླེང་གཏམ་མཐའ་མའི་ལག་རྗེ་རེད། རྒྱ་ཆེ་བའི་དྲ་གྲོགས་རྣམ་དཔྱོད་ཅན་ཚོས་དགོངས་པ་བཞེས་དང་། མི་འདྲ་ཅིག་ལ་ང་ཚོས་མྱ་ངན་དང་སྨེ་ངག་འདོན་དགོས་དོན་ཨེ་ཡོད???????????????????
ང་ཕོད་དེ་འགྲོ་བ་ཞིག་ཡིན་པ་དང་མ་ཚད་བོད་མི་ཞིག་ཡིན་པའི་ངོས་ནས་མྱ་ངན་ཡོད་ལ་བསྔོ་སྨོན་ཀྱང་ཡོད་།
ཆིངས་ཡིག་དོན་ཚན་བཅུ་བདུན་ཅན་དེར་མེ་མདའི་ཁ་འོག་ནས་ས་རྟགས་བརྒྱབས་པ་རེད་། དེ་ལའང་འཁང་ར་མེད་
ཡིན་ནའང་ཁོང་ཤེས་ཡོན་ཅན་ཞིག་དང་སྔར་སྡེ་པ་གཞུང་གི་བློན་པོ་ བོད་ཀྱི་བདེ་སྡུག་ཚང་མ་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་གསལ་ཐིང་ཐིང་དུ་ཡོད་པའི་མི་ཁོང་ལ་ཡིད་ཆེད་ཨོ་ཙམ་བྱས་པ་ཡིན། རྒད་པོ་ཤི་གོ་ཆོད་པ་གཅིག་བྱས་ཡོང་བསམ་པ་ཞིག་ཡོད་ཀྱང་དེ་ལྟར་མ་བྱུང་བ་རེད་། ཏོག་ཙམ་ཏོག་ཙམ་འགྲོ་ལུགས་ལྟར་གནང་ཡོད་ཀྱི་རེད་དེ་འདོད་པ་ཁེངས་པ་གང་ཡང་གནང་མི་འདུག་བསམ་གྱི་འདུག་ལགས། དེ་ང་ཚོའི་ལས་རེད་འདུག་ལགས།
གྲ་གྲོགས་ཚོ་གོང་གི་གཡག་ལྡོམ་ལགས་ཀྱི་རྒྱ་གཟུགས་དེ་བོད་གཟུགས་སུ་བསྒྱུར་ཐུབ་ན་སྒྱུར་རོགས།
ངས་ང་ཕོད་ལ་བསྟོད་ར་བྱེད་ཀྱི་མེད། འོན་ཀྱང་མི་མང་པོ་ཞིག་གིས་ཟེར་ཡག་ལ་ང་ཕོད་ཀྱིས་༸གོང་ས་མཆོག་ལ་ད་ལྟའི་བོད་གཞུང་བཙུགས་ཕྱོགས་དགོངས་འཆར་ཕུལ་བ་རེད་ཟེར་གྱི་འདུག་པ་དང་། ལར་ནས་བོད་མི་ཞིག་ཡིན་པས་ངོ་ནས་ཨ་ཁ་ཞེས་སྨེ་ངག་འདོན་གྱི་ཡོད།
ཨོ་དེ་ག་རང་རེད། མ་ཟད་ར་ས་ཕོ་ཉ་ཟེར་བ་འདི་ག་ཡིན་འདི་ཡིན་མེད་པར་ཁྱི་རྒན་ཞིག་ལ་སྟོད་ར་གཏོང་གིན་འདུག
ཕལ་ཆེལ་ཁོ་རང་གི་ཟིན་བྲིས་སུ་པར་རིས་ཁྱི་རྒན་ཅིག་དང་ལག་པ་གཏོང་རེས་བྱས་པ་བཞག་པའང་མཚོན་དོན་མི་འདྲ་བ་ཞིག་ཡིན་ས་རེད།
དྲ་གྲོགས་ཚོ་བསྟན་ཚེའི་ཟིན་བྲིས་སུ་ཕེབས་པར་འཚལ།
རྒྱལ་རོང་ལྷག་སོང་།
གོང་ཏུ་དྲ་གྲོགས་རྣམས་ནས་གསུངས་བ་བཞིན་གུང་ཁྲིན་ཏང་གི་ཁྱི་རྒན་ང་ཕོད་ལ་མྱ་ངན་ཞུ་དགོས་དོན་མེད། འོན་ཀྱང་ཁོའི་ཚེ་མཇུག་ལ་བོད་དོན་སྐོར་སྐད་ཆ་ཞིག་བཤད་རྒྱུ་རེད་སྙམ་ནས་ངང་སྒུག་བྱས་ཡང་། ཁོས་བོད་དོན་སྐོར་སྐད་ཆ་ཚིག་གཅིག་མ་གླེང་པར་གྲོངས་པ་དེ་ནི་ཡིད་ཕམ་དགོས་པ་ཞིག་རེད་སྙམ། ད་དུང་ཁོའི་རྗེས་སུ་འགྲོ་མཁན་དབུས་པའི་སྙིང་ཆུང་དང་ཨ་མདོའི་རྩོམ་པ་པོ། ཁམས་པའི་ཇག་པ། སོགས་ལ་དེ་བཞིན་མྱ་ངན་ཞུ་དགོས་དོན་མེད།
དེ་དག་ནི་ང་ཕོད་ཀྱིས་ཁོ་རང་བཙན་འོག་ཏུ་ཡོད་པ་མཚོན་བྱེད་དུ་བཞག་པ་མིན་འགྲོ།
ཨོྂ་མ་ཎྀ་པདྨེ་ཧུྃ།།
མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་བཀླགས་སྐབས་ཀྱི་ཚོར་སྣང་མ་བརྗེད་པ་ཞིག་ལ། ནོར་གླིང་མི་དམངས་གིས་བསྐོར་ནས་གོང་ས་མཆོག་རྒྱའི་དམག་སྒར་དུ་ཕེབས་པར་འགོག་སྲུང་ནན་པོ་ཡོད་སྐབས་སུ་ང་ཕོད་ཀྱིས་གོང་ས་མཆོག་གི་བཞུགས་གནས་གསལ་བའི་ས་ཁྲ་ཞིག་མཁོ་སྤྲོད་ཡོང་བའི་རེ་བ་ཞིག་རྒྱའི་དམག་སྒར་ནས་ཞུས་འདུག་་་་་་་་བཤད་སྟངས་ལ་རྒྱ་དམག་གིས་མེ་སྒྱོག་བརྒྱག་སྲིད་པས་གོང་ས་མཆོག་གི་སྐུ་ཤའི་སྲུང་སྐྱོབ་ཆེད་ཡིན་སྐོར་གྱི་རྣམ་འགྱུར་བསྟན་འདུག་སྙམ།
སྐབས་འདིར་བྱས་རྗེས་སམ་བྱས་ཉེས་གང་ཡིན་ན་ཁ་གསལ་བྱུང་ན་ལེགས།
ང་ཕོད་ཀྱི་མི་རབས་སུ་རང་རིགས་དཔའ་བོ་ཕོ་མོ་ས་ཡ་ལས་བརྒལ་བའི་གཅེས་པའི་ཚེ་སྲོག་བློས་གཏོང་གནང་ཟིན། འོན་ཀྱང་ཁོང་གི་གསུང་རྩོམ་མི་ཉུང་བ་ཞིག་བོད་ལྗོངས་ཞིབ་འཇུག་དུས་དེབ་ནས་བཀླགས་ཟིན་ཡང་རང་རིགས་ཀྱི་བདག་དབང་གི་ཁ་གཏད་དུ་གྱུར་པ་ལས་ཨ་ཕའི་ཚིག་ཏུ་གཏོགས་པ་འབྲུ་གཅིག་ཀྱང་མཐོང་མ་སོང་།
སྙིང་རྗེ། ང་ཕོད་རྒད་པོ་ཤ་ཚ།
མི་ལ་བློ་ཁོག་མེད་ན་འདི་འདྲ་ལས་ཡོང་རྒྱུ་ཅི་ཡོད། འཆི་རན་ཁར་ཞབས་འདྲེན་འདི་འདྲ་ལས་ཅི་དགོས།
ཁོའི་ཁ་ཆེམས་ནི་༢༠༠༨ལོའི་ཞི་རྒོལ་འདི་ནི་ཕྱི་རྒྱལ་ནཡོད་པའི་ཁ་བྲལ་རིང་ལུགས་པ་ཏྭ་ལི་རུ་ཚཆགས་ཀྱིས་ངན་སྐུལ་ཁོ་ན་ཡིན་རབས་དེ་རེད།
ཅི་ཡིན་མིན་ཆ་མ་འཚལ།འོན་ཀྱང་ད་བར་བོད་ཀྱི་སྡུག་སྐོར་སྦྲང་མ་སྐད་ཙམ་ཡང་རྒྱག་རབས་མི་འདུག ཁོ་ནི་ལོ་རྒྱུས་ཀྱི་དཔང་པོ་ཡིན་པ་ནི་དངོས་གསལ་རེད།དྲང་བདེན་ཕྱོགས་སུ་ལངས་པའི་བློ་སྟོབས་མེད་ན་འཚོ་བ་ལས་ཤི་ན་ཡག་ཤོས་རེད།
གྲོགས་པོ་གཡག་སྡོམ་ལགས།
གོང་གི་གཏམ་དེའི་ཡིག་གཟུགས་སླེབས་མི་འདུག་པས་སླར་ཡང་གསལ་བོ་བཟོ་རོགས་གནང་།
ཡིན་གྱི་རེད། བདུད་རྒན་དེས་ཡག་པོ་ཞིག་བཤད་པ་ཧ་ཅང་དཀོན་སེ་ཆགས་ཡོད།
དེར་བརྟེན། མཁས་དབང་ཧོར་གཙང་འཇིགས་མེད་མཆོག་གིས་ཀྱང།
ས་སྐྱོང་བློན་ཆེན་སྡར་མ་ང་ཕོད་ལ།།
ས་ཡ་དྲུག་གིས་བསྡིགས་ཀྱང་འོས་འཚམས་ཡིན།།
ཞེས་གསུངས་ཡོད།
ཐེངས་འདིར་ཅུང་ཡིད་མ་ཆེས་པ་ཞིག་བྱུང་སོང་། དེ་ནི་འཆི་བདག་ངོ་མ་ཤེས་པ་དང་། དགུང་གྲངས་བློར་མ་ཟིན་པ་དེ་འདྲ་མིན་མོད། ད་བར་ང་ཕོད་ངག་དབང་འཇིགས་མེད་མཆོག་ལ་ཚོད་དཔག་ཁ་གསལ་བོ་ཞིག་དང་། སྡོམ་ཚིག་དོན་ལ་གནས་པ་ཞིག་སུས་ཀྱང་འཇོག་ཐུབ་མེད་ལ། ༢༠༠༧ ལོར་རྒྱ་ཡིག་ཐོག་འདས་པའི་བྱུང་རབས་དང་བརྩམས་ཆོས་སྐོར་གྱི་དེབ་མཐུག་པོ་སྟོད་སྨད་གཉིས་བྲིས་ཡོད་ལ། མང་པོ་ཞིག་གིས་ད་དུང་ང་ཕོད་ཀྱིས་ཚེ་མཇུག་གི་དྲང་གཏམ་ཞིག་བཤད་རྒྱུར་རེ་བ་བརྒྱབས་ཡོད། ང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་ལ། མི་གཞན་དང་ང་ཕོད་སྐོར་ལ་རྩོད་གླེང་བྱེད་སྐབས་ཀྱང་། དེ་ལྟར་ཨུ་ཚུགས་བརྒྱབས་མྱོང་།
ངོ་མ་བཤད་ན་ང་ཕོད་ཇི་ལྟ་བུ་ཞིག་ཡིན་པ་སུས་ཀྱང་རྟོགས་དཀའ་བ་ཞིག་ཀྱང་རེད་སྙམ། ༧གོང་ས་མཆོག་གི་རྣམ་ཐར་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ལ་བལྟས་ན་སྐབས་རེར་ཁོ་ལ་ཁག་མེད་ཡོག་མེད་བྱུང་བ་ཡིན་པའི་ཚོར་སྣང་ཞིག་ཀྱང་སྟོན་གྱིན་འདུག་སྙམ། དེས་ན་གང་ལྟར་ཡང་ད་རེས་བོད་མི་ཞིག་ཡིན་པའི་ངོས་ནས་ཁོང་ལ་མྱ་ངན་ཞུ།
གཅན་བཟོད་རྒྱམ་ལགས། ཚེ་མཇུག་ལ་ཁོང་གིས་བོད་དོན་སྐོར་སྐད་ཆ་ཞིག་བཤད་རྒྱུ་རེད་སྙམ་ནས་ངང་སྒུག་བྱས་པ་ཡིན་དང༌། ཁོས་བོད་དོན་སྐོར་སྐད་ཆ་ཚིག་གཅིག་མ་གླེང་བས་ད་གྲོངས་ན་ཡག་ཤོས་རེད།
གོང་གིས་གཏམ་དེ་ནི་ང་ཕོད་ཀྱིས་བཞག་པའི་ཞལ་་ཆེམས་རེད
ང་པོད་ཀྱིས་ག་རེ་བྱས་མིན་རྣམ་དཔྱོད་ཅུང་ཟད་ཡོད་པའི་བོད་མི་ཚང་མས་མཁྱེན་གསལ་རེད།འོན་ཀྱང་བོད་དོན་ལ་རྩ་བ་ནས་ལྷག་བསམ་ཡོད་པ་མ་རེད། ཅེས་ཞུ་ཐུབ་མ་སོང་ཡང་ཁོང་མི་སྙིང་ཆུང་ཞིག་ཡིན་པ་ཡོངས་གྲགས་རེད།
གང་ལྟར་ང་པོད་འདི་བདུད་ཀྱི་སྤྲུལ་བ་ཞིག་ཡིན་པ་དང། དེ་ལ་བརྟེན་ནས་དབུས་ཀྱི་ཆབ་སྲིད་འཇིག་འགྲོ་བར་ལུང་གི་བསྟན་ཡོད་ཅེས་ངའི་གྲོགས་པོ་ཞིག་གིས་ང་ལ་བཤད་བྱུང། སང་ཉིན་ཕྲན་གྱིས་དའི་ལུང་དེ་དྲ་གྲོགས་ཚོར་ཕུལ་ཐུབ་པ་ཞུ་ངེས་ཡིན།
དེའི་ཕྱིར་བདུད་རྒན་ཞིག་དེ་རིང་ཤི་བ་རེད། དེ་ལ་ཕྲན་གྱིས་མྱ་ངན་ཞུ་གི་མིན།
阿沛-阿旺晋美
新华网北京3月23日电(记者田雨)全国政协副主席阿沛·阿旺晋美23日约见新华社记者,就近日发生在拉萨的打砸抢烧严重暴力犯罪事件发表谈话。谈话全文如下:
近日在西藏自治区拉萨市发生的打砸抢烧严重暴力犯罪事件,给当地人民群众生命财产造成重大损失,人民安居乐业的生活和社会秩序受到严重破坏。
在其他藏区少数地方也发生了类似事件,甚至在国外多个国家几乎同时发生暴力分子冲击中国驻外机构的事件。这显然是达赖集团内外勾结有组织、有预谋、精心策划和指挥的。达赖集团企图借我国即将举办2008年奥运会之际闹事,在国际上制造声势,以达到将西藏从祖国分裂出去的目的。拉萨少数暴徒的野蛮行径,激起了西藏社会各界的强烈愤慨和严厉谴责。为了维护法律尊严、维护最广大人民的根本利益、维护西藏社会稳定,有关部门依法采取有效措施妥善处置是非常及时的,完全必要的。
西藏是中国不可分割的领土。从古至今,世界上任何一个国家,任何一届政府都未承认过“西藏独立”。就是在清朝末年、国民党统治时期,国家积贫积弱,还面临帝国主义的侵略,在这样的形势下,企图将西藏分裂出去的梦想,都没能得逞。西藏和平解放后,极少数人不顾历史事实、不顾广大藏族群众意愿,企图把西藏从祖国分裂出去的活动从未间断过。1959年,在国外敌对势力的支持和策划下,发动了武装叛乱妄图实现“西藏独立”。当时新中国成立不久,人民民主专政还不完全巩固,西藏旧地方政府和旧制度仍然存在,即使在这样一个情况下,1959年叛乱不但没有得逞,而且加速了民主改革的到来。人民翻身得解放,当家做了主人。上世纪80年代境内外分裂势力再次挑起拉萨骚乱,最后又以失败告终。这一切充分证明,搞“西藏独立”是违背西藏人民意愿的,是不得人心的。这次拉萨发生的事件是一场分裂与反分裂的斗争,只要我们团结一心,依靠群众,在西藏自治区党委和政府的正确领导下,一定会取得反分裂斗争的最后胜利。
我是西藏百年历史变迁的目睹者,也是亲身经历了西藏两种不同社会制度的见证人。只要曾经在西藏新旧两个社会制度下生活过的人,不管是上层人士还是基层群众,只要他站在客观、公正的立场上,只要他尊重历史,正视现实,都会得出一个共识,那就是西藏人民只有在中国共产党的领导下走中国特色社会主义道路才能真正当家作主。西藏只有在中华人民共和国这个大家庭中,社会才会进步发展,西藏人民才会幸福安康。和平解放五十年多来,西藏翻天覆地的变化有力地证明了这一论断。分裂与反分裂的斗争是长期的、复杂的。我们要有足够的思想准备。不管分裂势力用何种方式、何种手段,企图破坏祖国统一、民族团结、社会稳定,都必将遭到失败。
我衷心希望西藏各族各界群众,在中国共产党的领导下,为维护祖国统一、民族团结,为建设小康西藏、平安西藏、和谐西藏做出应有的贡献。
ང་ཕོད་གྲོངས་སོང་། ཞེས་པའི་གསར་འགྱུར་འདི་ནི་ཕྱི་ནང་གི་བོད་རིགས་དྲ་དམངས་ལ་གླེང་རིན་ཡོད་པ་དང་། གླེང་གལ་ཆེ་བའི་གནས་ཚུལ་ཞིག་རེད་སྙམ། གང་ཞེས་ན། ང་ཕོད་ངག་དབང་འཇིགས་མེད་ནི། དུས་རབས་གཉིས་ཀྱི་ལོ་རྒྱུས་ཀྱི་གླེགས་བམ་ཡིན་ལ། མི་རབས་གཉིས་ཀྱི་ཉམས་མྱོང་གི་རྒན་པོ་ཡིན། ཁོང་སྔར་བོད་སྡེ་བ་གཞུང་གི་ནང་བློན་གྲགས་ཅན་དང་། དེང་གི་ཀྲུང་གོའི་ཕྱི་བློན་གལ་ཆེན་ཞིག་ཡིན།
དྲ་གྲོགས་གཡག་ལྡོམ་ལགས། དེ་སྐད་མ་ཟེར་ཅིག ཆིངས་ཡིག་དོན་ཚན་བཅུ་བདུན་ཅན་དེ་ཁས་ལེན་ན་མི་འདོད་ན་ང་ཕོད་ལ་སྙིང་ལང་དགོས་དོན་མེད་ཀི་འདོད་ཀི ཆིངས་ཡིག་དེ་བཙན་པོ་དབང་ཡོད་དང་དྲག་པོའི་མེ་མདའི་ཁ་ནས་བཞག་པར་ང་ཚོས་རྒྱུན་དུ་བཤད་བཞིན་པ་མིན་ནམ། དེས་ན་ང་ཕོད་ལ་དེ་འདྲ་རང་མི་བཤད་པར་ལོ་རྒྱུས་ལ་བལྟ་དགོས་པ་རེད་སྙམ།
རྒྱའི་དཔོན་སྣེ་ཁུར་བར་བལྟ་སྟངས་འདྲ་མིན་བཟུང་དགོས་ཚེ་བོད་བཞུགས་བླ་སྤྲུལ་དང་ཤེས་ལྡན་མི་སྣ་མཐོ་གྲོས། དཔོན་པོ་མཐོ་གྲོས་ཚང་མ་འདས་རྗེས་ང་ཚོ་དགའ་དགོས་པ་ཞིག་རེད་པས་དེ་ལྟར་བྱེད་ག་ན་ཐུབ་ཅིང་། བྱེད་ཀྱང་ག་ན་རུང་།
གུང་ཁྲིན་ཏང་གི་ཁྱི་རྒན་ཞིག་ལ་མྱ་ངན་ཞུ་དགོས་དོན་མེད།
སེམས་གཏིང་ནས་མྱ་ངན་ཞུ།
ཁྱེད་ཀྱི་ངོ་སྤྲོད་བཟོ་བཅོས་རྒྱག་པ། ཞེས་པ་དེར་ཕེབས་ནས་ཉིད་ཀྱི་མཚན་བོད་ཡིག་ནང་བཟོ་རོགས།
ངེད་ཅག་བོད་པ་ཚོའི་རྒན་རབས་པ་ལྷན་རྒྱས་འདི་ལྟར་ཕེབས་བཞིན་ཡོད།
ད་ནི་ང་ཚོ་ཕྱི་རབས་པ་ཚོས་རང་ཉིད་ཤེས་འཇོན་ལྷག་བསམ་གྱི་ཕྱུག་པའི་སྐྱེ་བོ་ཞིག་ཏུ་སྐྱེ་སྲིང་བྱེད་
ངེད་ཅག་བོད་པ་ཚོའི་རྒན་རབས་པ་ལྷན་རྒྱས་འདི་ལྟར་ཕེབས་བཞིན་ཡོད།
ད་ནི་ང་ཚོ་ཕྱི་རབས་པ་ཚོས་རང་ཉིད་ཤེས་འཇོན་ལྷག་བསམ་གྱི་ཕྱུག་པའི་སྐྱེ་བོ་ཞིག་ཏུ
གདོང་ལ་བལྟས་ན་རྒྱ་མི་གསོན་པོ་རེད་འདུག འོན་ཀྱང་དོན་དངོས་བོད་མི་ཞིག་ཡིན་པ་དང་། བོད་མི་རིགས་ལ་ཞེན་པ་ཞིག་ཡིན་དུས་མྱང་ངན་ཞུ་གི་ཡིན།
ངེད་ཅག་བོད་པ་ཚོའི་རྒན་རབས་པ་ལྷན་རྒྱས་འདི་ལྟར་ཕེབས་བཞིན་ཡོད།
ད་ནི་ང་ཚོ་ཕྱི་རབས་པ་ཚོས་རང་ཉིད་ཤེས་འཇོན་ལྷག་བསམ་གྱི་ཕྱུག་པའི་སྐྱེ་བོ་ཞིག་ཏུ་སྐྱེ་སྲིང་བྱེད་ནི་འོས་འགན་གཡོལ་དུ་མེད་པ་ཞིག་ཡིན།།།
ཡིད་སྐྱོ་བའི་གནས་ཚུལ་འདི་ངས་གློ་བུར་དུ་གོ་དུས་རང་དབང་མེད་པར་སེམས་དབུས་ནས་སྐྱོ་སྣང་ཞིག་བྱུང་། གང་ཡིན་ཟེར་ན་ཁོང་ནི་ནམ་ཡང་ངེད་ཅག་བོད་པ་ཚོའི་རླབས་ཆེན་གྱི་སྐྱེ་བོ་ཞིག་ཡིན། འདས་ཟིན་པའི་ལོ་རྒྱུད་ནང་ཁོང་གི་འཚོ་བའི་ཁྲོད་དུ་སྐུ་ངལ་སྣེ་མང་ཞིག་ཕྲད་ཀྱང་མི་རིགས་ཀྱི་ལ་རྒྱ་ནི་ཁོང་གིས་མིག་འབྲས་བཞིན་གཅེས་འཛིན་གནང་ཡོད།།།།
མ་གཞི། ཁོ་བོས་ང་ཕོད་ལ་བཅང་བའི་རེ་བ་ནི། ཆང་ཡིག་དོན་ཚན་བཅུ་བདུན་ཅན་དེའི་བྱུང་བ་དངོས་ཡོད་གནས་ལུགས་དང་མཐུན་པའི་ལྗགས་འགྲེལ་ལམ་རྩོམ་རེ་འབྲི་གནང་བ་དེ་ཡིན་ཡང་། བདག་གི་འགྱོད་སེམས་ཀྱི་ཀློང་ནས་སྐུ་ངོ་ཉིད་འདི་ལྟར་ཕེབས་སོང་།