མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཕོད་སྐུ་གྲོངས་སོང་།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལས་འཛིན་པ་གཞོན་པ་དང་། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལྷན་ཚོགས་ཞེས་པའི་ཚོགས་གཙོ། བོད་རིགས་རྒན་རབས་པ་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུའི་སྙུང་གཞི་ཞིག་གི་དབང་གིས་དེ་རིང་ཕྱི་དྲོའི་པེ་ཅིན་གྱི་ཆུ་ཚོད་ ༤ དང་སྐར་མ་ ༥༠ སྟེང་རྒྱ་ནག་པེ་ཅིན་ནས་སྐུ་གྲོངས་ཡོད་ཅིང་། ད་ལོ་ཁོང་དགུང་གྲངས་ ༡༠༠ ལ་སླེབས་ཡོད་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ སྟེང་རྒྱ་ནག་དབུས་གསར་འགྱུར་མཉམ་སྒྲོག་ལས་ཁུངས་ནས་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་གྲོངས་པའི་སྐོར་གསལ་བསྒྲགས་བྱས་པ་དང་ལྷན་དུ་ཁོང་གི་འདས་པའི་ལས་གནས་རགས་ཟིན་ཞིག་བཀོད་པའི་ནང་། རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ། སྤྱི་ཚོགས་བྱེད་སྒོ་པ་གྲགས་ཅན། བོད་རིགས་མི་དམངས་ཀྱི་སྐྱེས་བུ་ཕུལ་དུ་བྱུང་བ། རང་རྒྱལ་མི་རིགས་ལས་དོན་གྱི་དབུ་ཁྲིད་མཆོག་ཏུ་གྱུར་པ། ཀྲུང་གོ་གུང་ཁྲན་ཏང་གི་སྙིང་ཉེ་བའི་གྲོགས་པོ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་གསུམ་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་ལགས་སྙུང་གཞི་བཞེས་ནས་ ༢༠༠༩ ལོའི་ཟླ་བ་ ༡༢ པའི་ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་སྐར་མ་ལྔ་བཅུ་ལ་པེ་ཅིན་དུ་སྐུ་གཤེགས་ཤིང་། དགུང་ལོ་བརྒྱ་ཐམ་པར་འཚོ་བཞེས་གནང་ཡོད་པ་རེད། ཅེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

CTA celebrated the 79th Indian Independence day with a note of gratitude and good wishes. Photo; tibetimes 2025/8/15
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཆེ་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཞི་ཅིན་ཕིན་གྱི་པེ་ཏེ་ཧིའི་དུས་སྐབས།

ཆུ་ཚོད་ ༡༠ སྔོན་ལ།
Former Miss Tibet Tenzin Paldon in an undated photo (Photo/Instagram)
Mobile App

བོད་ནང་ཆོས་ལུགས་དད་མོས་དང་གསར་འགོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

༢༠༢༥/༠༨/༡༤
སྲིད་སྐྱོང་མཆོག་གིས་ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་སློབ་གྲྭའི་གཟིགས་སྐོར་གནང་། ༢༠༢༥།༠༨།༡༣ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ལྡི་ལི་བསམ་ཡས་གླིང་གི་བོད་མི་ཚོས་ས་ཆ་རྣམས་ཁྲིམས་མཐུན་དེབ་སྐྱེལ་ཚགས་ཚུད་གནང་དགོས་སྐོར་ལམ་སྟོན་གནང་།

༢༠༢༥/༠༨/༡༤
Mobile App

༸རྒྱལ་བའི་ཡང་སྲིད།

༢༠༢༥/༠༨/༡༣
Election Commission's announcement on the upcoming election of Sikyong and Member of Parliament in Exile. Photo: Edited by tibettimes
Mobile App

ཕྱི་ཟླ་ ༡༠ ཚེས་ ༡ ནས་བཟུང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་འདུག

༢༠༢༥/༠༨/༡༣

མཆན། 203

  1. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    རང་ཉིད་ཀྱི་ཚེ་སྲོག་བོད་དོན་ཆེད་གཏོང་མ་ཐུབ་པར་ཡོད་ཚད་མགོ་འབུལ་བྱས་པས་སྤུན་ཟླ་མི་ཉུང་བ་ཞིག་རྐྱེན་འདས་བཏང་ཡོད་པ་ཁོང་གི་བྱས་རྗེས་ཆེན་པོ་རེད། ཡིན་ནའང་རང་ཉིད་བློས་གཏོང་མ་ཐུབ་ན་མི་ཡིན་ཡང་འདི་འདྲ་ཡིན་པར་འདོད་པས་ལེ་བདའ་ཡང་འདེད་རྒྱུ་མེད། དེར་བརྟེན་བོད་མི་རྒན་རབས་ཤིག་འདས་སོང་བའི་ཆེད་དུ་མྱ་ངན་ཞིག་ཞུ་རྒྱུ་ལས་ཅི་ཞིག་ཡོད།
    ཁོང་འཆི་ཁར་བོད་དོན་གླེང་མི་སྲིད་་་གང་ཞེ་ན་བུ་ཕྲུག་ཚོའི་མདུན་ལམ་ལ་བསམ་བློ་གཏོང་ལོས་དགོས།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ང་ཕོད་འདི་སྙིང་རེ་རྗེ།

    དགའ་དུས་མཛུབ་མོ་བཙུགས་ནས་སྐྱོན་བརྗོད་བྱེད།།
    སྡུག་དུས་མིག་ཆུ་བཏོན་ནས་ཞུ་བ་བྱེད།།
    དགའ་སྐྱོ་འདྲེས་མའི་འོག་གི་མི་ཚེ་མཐར།།
    འདོད་དང་མི་འདོད་རང་དབང་མེད་པ་ནི།།
    འཆི་བདག་བཙན་པོ་ཟེར་སའི་འབོད་མཁན་ཞིག།
    ལོ་ཡི་ཁྱད་པར་མེད་པར་འཁྲིད་དེ་འགྲོ།
    དེ་རིང་འུ་ཚང་བོད་ཀྱི་རིགས་རུས་ཅན།།
    ང་ཕོད་ཚེ་ལས་འདས་པའི་ཉིན་མོ་ལ།།
    བཟང་ན་བཟང་རབས་མང་བོ་ག་ལེར་འོང་།།
    ངན་ན་ངན་རབས་གཏམ་རྒྱུད་ག་ལེར་རྟོགས།།
    དེ་ལས་ཁོང་གི་སྐུ་ཚེ་རྫོགས་པ་དེར།།
    མི་རིགས་གཅིག་པའི་འདུ་ཤེས་ཟབ་མོའི་འོག།
    མ་ཎི་རྐང་གཅིག་ཡིན་ཡང་བཏོན་ན་རེད།།
    དྲ་ཐོག་འདི་ཡི་སྤུན་ཟླ་རྣམ་པ་ཚོ།།
    རིགས་ཞེན་ཆེ་བ་སེམས་ཀྱི་དགའ་བཞིན་ཡོད།།
    ཞིབ་དཔྱོད་ནན་ཏན་མེད་པ་སྐྱོ་གནས་ཡོད།།
    གང་ལྟར་འདས་པོ་འདི་ཡི་རྣམ་ཤེས་དེ།།
    ད་ལྟ་གར་འགྲོ་གར་འདུག་གནས་མེད་པར།།
    འཛམ་གླིང་མི་ཡུལ་གྲལ་དུ་འཁྱམ་ཡོད་དུས།།
    ཚང་མས་ཡག་ཉེས་གླེང་རྒྱུར་རེ་ཞིག་བཞོག།
    འདི་ནི་བདག་གི་སེམས་ཀྱི་རེ་སྐུལ་ཡིན།།
    སྤུན་ཟླ་རེ་ཟུང་ཁྲོ་ན་འཐོལ་ལོ་གཤེགས།།
    སྡུག་དམོད་བྱེད་རྩིས་ཡོད་ན་རྗེས་སུ་བྱོས།།
    བཟང་བསྟོད་བྱེད་འདོད་ཡོད་ན་ང་མི་མཁོ།།
    ཡོད་ཚད་བོད་ཀྱི་མི་ལོ་བརྒྱ་ལོན་པའི།།
    ང་ཕོད་འདས་པོ་དེ་ཉིད་སྙིང་རེ་རྗེ།།

    Reply
  3. ནད་པ says:
    ལོ་ 16 སྔོན།

    ང་ཕོད་ངག་དབང་འཇིགས་མེད་མཆོག་ནི་བོད་སྡེ་པ་གཞུང་ཆོས་སྲིད་གཉིས་ལྡན་གྱི་དུས་སྐབས་སུ་སྐུ་ན་ཕྲ་བའི་གཞུང་གི་སྲི་ཞུར་གཏོགས་པའི་ནང་བློན་དང་། གྲོས་མཐུན་དོན་ཚན་བཅུ་བདུན་ཐོག་མིང་རྟགས་བཀོད་མཁན་གྱི་གནད་ཡོད་མི་སྣ་ཞིག ད་དུང་རྒྱ་དམག་ཆབ་མདོར་འབྱོར་དུས་མདོ་སྤྱིའི་སྤྱི་ཁྱབ་ཆེན་པོར་ཆེད་དུ་བསྐོ་བཞག་གནང་བའི་བོད་ཀྱི་ལོ་རྒྱུས་དཀྱོག་མཚམས་ཁྲོད་དུ་གལ་གནད་ཅན་གྱི་མི་སྣ་ཞིག་ཆགས་ཡོད།

    ལྡོག་ཏུ་མེད་པའི་དུས་རབས་ཀྱི་ཆོས་ཉིད་ཡོ་ལངས་དྲག་ཆར་རླུང་རྩུབ་ཅན་གྱི་ཁྲོད་དུ་ཁོང་གིས་ཆབ་སྲིད་ཐད་ལ་གལ་ཆེའི་འཐབ་ཇུས་ཀྱི་རང་བཞིན་བེད་སྤྱད་དེ་གུང་ཁྲན་ཏང་གི་ནང་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་དང་། ཆབ་སྲིད་གྲོས་ཚོགས། བོད་ལྗོངས་རིག་གནས་སྲུང་སྐྱོབ་ཀྱི་ཚོགས་གཙོ་སོགས་ཀྱི་ཐུགས་འགན་བཞེས་ཏེ་དུས་ཀྱི་སྔ་ཕྱིར་ཁོང་གི་ཆབ་སྲིད་ཁྲོད་དུ་གལ་ཆེའི་རྣམ་དཔྱོད་དང་། ཆབ་སྲིད། འཐབ་བྱུས་སྣ་ཚོགས་ཤིག་བེད་སྤྱད་དེ་ཁོང་གིས་སྐུ་ཚེ་ཧྲིལ་པོར་རྒྱལ་ཁ་བསླངས་ཡོད།

    དུས་ཀྱི་སྔ་ཕྱིར་ཁོང་གིས་བོད་ལྗོངས་ཀྱི་ས་གནས་སུ་་ཆོས་དང་། སྲིད་དང་། དཔལ་འབྱོར། རིག་གཞུང་སོགས་གང་སྤྱིའི་ཐད་ལ་འཐབ་བྱུས་དང་བྱེད་ནུས་གལ་ཆེ་ཞིག་བཏོན་ཡོད་སྟབས་ཁོང་གི་སྐུ་ཚེ་ཧྲིལ་པོར་བལྟས་ནས་ཞིབ་འཇུག་ཞིག་བྱས་ན་དོན་དངོས་ཐོག་ཁོང་ནི་བོད་མི་རིགས་ཀྱི་ལས་དབང་ཁྲོད་དུ་བྱས་རྗེས་ཅན་ཞིག་དང་། རླབས་ཆེན་གྱི་བོད་རིགས་ཆབ་སྲིད་མཁས་ཅན་ཞིག་ཡིན།

    དྲ་ཚིགས་སྟེང་དུ་དྲ་གྲོགས་མང་པོ་ཞིག་གིས་དོན་དངོས་ཀྱི་གནད་ལུགས་ལ་རྒྱུས་མངའ་དང་། ཞིབ་དཔྱོད་ཉུང་བའི་རྐྱེན་བྱས་ཏེ་བོད་རིགས་ཀྱི་རླབས་ཆེན་ཆབ་སྲིད་མཁན་གྱི་མི་སྣ་ཆེན་པོ་ཁོང་ཉིད་སྐུ་གཤེགས་ཀྱི་དུས་སུ་མྱ་ངན་གྱི་སྨྲེ་ངག་འདོན་པའི་ཚབ་ཏུ་ཡིད་མ་རངས་བའི་གསུང་ངག་མང་དག་ཅིག་གི་ཆན་བཀོད་གནང་བ་འདིར་ཞིབ་ཏུ་བསམས་ན་ད་དུང་བསམ་བློའི་རང་བཞིན་གནད་དུ་སྨིན་མ་ཐུབ་པ་ཞིག་ཏུ་འགྱུར་ཡོད།

    Reply
  4. གནམ་ལྕགས། says:
    ལོ་ 16 སྔོན།

    ག་རེ་ག་རེ།ངས་མགོ་ཞེ་དྲག་མ་ཚེས་ཐལ།གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་ལུང་འདྲ་ཞིག་འཁུར་འོང་ནས་ཨུ་ཚུགས་རྒྱག་སྟངས་འདི་ག་རེ་རེད།དགེ་བཤེས་བསྟན་བཀྲས་བཤད་པ་བཞིན་འདི་ལ་ཁུངས་མེད་པར་ང་ཕོད་རེད་ཟེར་ན་ཅི་རེད།ཨོ་ན་དེ་ཁྱོད་ལ་ཟེར་བ་རེད་ཅེས་ན་ཁྱོད་ཀྱིས་མིན་པའི་རྟགས་ཅི་ཞིག་ཡོད།དེ་འདྲ་མ་གནང་།བོད་མི་མང་གི་སྤྱི་འཐུས་ཤིག་ཡིན་པའི་ཁུལ་རེད་པཱ།

    ཁ་ཤས་ཀྱིས་ཡག་རབས་དང་ཁ་ཤས་ཀྱིས་སྡུག་རབས་བཤད་ཀྱང་།གཙོ་བོ་དངོས་ཡོད་ཀྱི་ལོ་རྒྱུས་ལ་བསྟུན་དགོས་པ་རེད།གལ་སྲིད་ང་ཕོད་ཟེར་རྒྱུའི་མི་ཞིག་བོད་ལ་མ་སྐྱེས་པ་ཡིན་ན།ཨོ་ན་བོད་རང་བཙན་མི་ཤོར་བ་ཨེ་རེད།

    བོད་རང་བཙན་ང་ཕོད་ཀྱིས་བཙོང་བ་རེད་ཟེར་ན།ང་ཚོས་ད་བར་དུ་མེ་མདའི་ཁ་ནས་བཞག་པར་སྒྲོག་པ་དེ་ལ་རང་བཞིན་གྱིས་འཁོར་གསུམ་ཞིག་འཁོར་བ་མ་རེད་དམ།

    མདོ་དོན་ང་ཕོད་ཟེར་བའི་མི་རྒན་འདི་བཟང་རུང་ངན་རུང་བོད་གསར་རྙིང་དང་ཕྱི་ནང་གཉིས་ལ་རྒྱུས་མངའ་ཡོད་མཁན་དང་།བོད་ཤོར་སྐབས་ཀྱི་གནད་ཡོད་མི་སྣ་ཞིག་ཡིན་སྟབས།ཁོང་ནི་ལོ་རྒྱུས་ཀྱི་གླེགས་བམ་མེད་པ་ཆགས་པར་ངོས་འཛིན་བྱེད་ཆོག་པར་འདོད།ཁོང་འཇིག་རྟེན་དཀར་ངོགས་ན་ཡོད་དུས་ཁ་ནས་ཅི་ཞིག་ཐོན་ཡོད་མེད་ད་དུང་ང་ཚོར་རྒྱུས་མེད་ཡིན་ཨང་།

    ང་ཚོས་ང་ཕོད་ལ་ལོས་བདའ་བྱས་པ་དང་དམའ་འབེབས་བྱས་པ་ནི་དོན་དུ་རང་ཉིད་ལ་དམའ་འབེབས་བྱེད་ཀྱིན་པ་དེའོ།།འདི་ལ་རྒྱུ་མཚན་ཡོད་དེ།ཁོང་གིས་མི་ལོ་ལྔ་བཅུའི་རིང་ལ་དགྱ་ནག་ལ་ཁ་གཡར་ནས་བོད་རང་གི་རིག་གཞུང་དང་ཆོས་ལུགས་ལ་བྱས་རྗེས་བཞག་ཡོད་པར་འདོད།སྔར་ཁོང་ཉིད་དགྱ་ནག་དབུས་ཆོས་དོན་གྱི་ཚོགས་གཙོ་ཡིན་དུས་ཇི་ལྟར་གཡུགས་ཚུལ་དང་ལྷག་པར་དུ་ཁ་ཆེའི་ཆོས་དཔོན་ཆོས་ཁོང་ལ་བསམ་འཆར་ཅི་ཞིག་ཕུལ་བའི་སྐོར་ཡོངས་གྲགས་ལྟ་བུ་ཞིག་ཡིན་ཨང་།

    གང་ལྟར་ཁོས་དགྱ་ནག་ལ་ཁ་ཡག་ངོ་བསྟོད་ཙམ་བྱས་ཡོད་སྲིད།དེ་ཙམ་ནི་ང་ཚོའི་བློ་ངོར་མི་ཤོང་བ་ཅི་ཞིག་ཡོད།ཁོང་སྐུ་གྲོངས་པའི་སྐོར་ཙམ་ཐོས་མ་ཐག་ང་ཚོའི་ཅོལ་ཆུང་བ་ཁ་ཤད་རྡོ་ཚ་བོའི་སྟེང་གི་གྲོག་མར་གྱུར་བ་ནི་དངོས་གནས་ངོ་ཚ་དགོས་པ་རང་རེད།

    གལ་སྲིད་ཁྱོད་ཚོས་ཁོང་གིས་༨༩ལོའི་དགྱ་གཞུང་གི་དཔོན་ངན་ཚོར་བོད་མི་རིགས་དང་ལྷག་དོན་བཙན་བྱོལ་གཞུང་གི་ཆེད་དུ་ཕུལ་སྙན་ཞུ་དེར་ཐེངས་གཅིག་ལྟོས་དང་།དེས་ཁྱོད་ཚོར་ཁོང་གི་སེམས་ཁོང་གི་ན་ཟུག་གསོན་པོ་མཐོང་དུ་འཇུག་ངེས།

    དེ་མིན་ང་ཕོད་ཀྱི་མཛད་རྗེས་ཤེས་འདོད་ན་ཆུང་ཚེ་རིང་གི་《བོད་མི་མང་སྒྲོག་བྱེད་ཀྱི་ལྕགས་སྒྲོག》ཅེས་པའི་ཆེད་རྩོམ་ལ་ལྟོས་དང་ཧ་གོ་ངེས།

    ཨ་གསར་ཅན་གྱི་གསར་བུ་ཚོ།གཞན་གྱི་མདུན་ནས་ངོ་ཚ་ཉོ་བཞིན་པ་ཤེས་ན་ལེགས།ཁ་སང་དགྱ་ནག་རྒྱལ་ཡོངས་ལ་ཁོང་སྐུ་གཤེགས་ཚུལ་སྒྲོགས་ཙམ་མ་གཏོགས་འདས་མཆོད་ཇི་ལྟར་བྱེད་ཀྱིན་ཡོད་མེད་དེར་བསམ་བློ་ཞིག་ཐོངས་དང་།གཞན་དཔོན་ཕྲན་ཐེབས་ཆག་ཅིག་ལ་དགྱ་གཞུང་ཅི་ལྟར་བྱེད་ཀྱིན་འདུགདེ་ནི་དགྱ་ནག་ཁོ་རང་ཚང་གི་ཁོག་གི་སྐྲན་ཞིག་ཡིན་པ་གསལ་བོ་ཡིན་མ་ཡིན་ནམ།

    རང་དགར་མི་ལ་དམའ་འབེབས་པ་ནི་ཧ་ཅང་གི་ཅོལ་ཆུང་ངོ་།།

    Reply
  5. འཆམ་ར་དྲི་མེད་རྒྱལ་མཚན། says:
    ལོ་ 16 སྔོན།

    བཤད་རྒྱུ་མ་མང་
    དང་པོ་ཆ་རྒྱུས་ལོན་པ་གྱིས།
    སུས་མ་བྲིས་ན་མི་འགྲིག་པའི་བཙན་བཀའ་གཏོང་གི་མི་འདུག་ག

    Reply
  6. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། ང་ཕོད་ཤི་ཚར་སོང་། ཚེ་བརྟན་སྒྲོལ་མས་མྱ་ངན་གྱིས་གླུ་གཞས་ཤིག་འབུལ་རྒྱུ་རེད་ཟེར།

    Reply
  7. རྒྱལ་ཐང་ཡོན་ཏན says:
    ལོ་ 16 སྔོན།

    ང་ཕོད་ངར་ནས་ཐོན་སོང་། ཆབ་མདོ་བསྐྱལ་ནས་བྲོས་སོང་།

    Reply
  8. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་གྲོགས་བསེ་རུ་ལགས། གོང་གི་གསར་འགྱུར་དེ་སྔར་ནུབ་ཆུ་ཚོད་ ༨ དང་སྐར་མ་ ༢༥ སྟེངས་སྤེལ་བ་ཡིན། སྐབས་དེར་དྲ་རྒྱ་དོ་དམ་པ་ང་གཅིག་པུ་ཡིན། ངས་མུ་མཐུད་ལས་ཀ་བྱས་ཏེ་མདང་ནུབ་ཆུ་ཚོད་ ༣ དང་ཕྱེད་ཀའི་བར་བསྡད་པ་ཡིན། དེའི་བར་དུ་གསར་འགྱུར་དེ་ཀློག་གྲངས་ ༣༠༠ དང་མཆན་བུ་ ༤༠ ཙམ་ལ་སླེབས་སོང་མོད། སྐུ་ཉིད་ཀྱི་མཆན་བུ་ཞིག་མཐོང་མ་སོང་། མདང་ནུབ་འཕྱི་དྲགས་པའི་རྐྱེན་གྱིས་དེ་རིང་ཞོགས་པ་ལས་ཁུངས་སུ་བཅར་སྐབས་ཆུ་ཚོད་ ༡༠ དང་ཕྱེད་ཀ་རེད། སྐབས་དེར་ཀློག་གྲངས་ ༡༤༡༩ དང་། མཆན་བུ་ ༨༠ ལ་སླེབས་འདུག སྔར་ནུབ་ཆུ་ཚོད་ ༩ ནས་ད་ལྟའི་ཆུ་ཚོད་ ༡༢ བར་དུ་མཆན་བུ་གཅིག་ཀྱང་གསུབ་རྒྱུ་མ་བྱུང་། ཡང་གཅིག་བཤད་ན། དྲ་ཚིགས་སུ་ནང་འཛུལ་བྱས་ཏེ། སྡོད་ཡུན་རིང་དྲགས་ན་རང་འགུལ་གྱིས་ཕྱིར་འཕུད་བྱེད་སྟབས། ཉིད་ཀྱིས་མཆན་བུ་ཡར་སྤྲོད་བྱས་པ་འཐུས་ཚང་མ་ཆགས་པ་མིན་ནམ་སྙམ།

    Reply
  9. Dhonling Bhu says:
    ལོ་ 16 སྔོན།

    དེ་རིང་ཞོགས་པ་ང་རང་རྒྱུན་གཏན་ལྟར་ཡིག་ཚང་དུ་སླེབས་ནས་རང་ཉིད་ཀྱི་གློག་ཀླད་དེ་བཞིན་སྒོ་འབྱེད་ཀྱིན་དཔེ་དེབ་ཞིག་ལག་ཏུ་བླངས་ནས་བལྟ་བཞིན་ཡོད་པའི་སྐབས་དེར། ངའི་ལས་རོགས་གཉིས་ཀྱི་སྐད་ཆ་གསལ་ལ་མི་གསལ་ཞིག་གློ་བུར་དུ་ངས་ཐོས་བྱུང། དེ་ཡང་གཅིག་གིས་ང་ཕོད་ངག་དབང་འཇིགས་མེད་གྲོངས་འདུག་ ཡང་གཅིག་ཤོས་དེས་ད་ང་ཚོ་སྡུག་དགོས་ཀྱི་ཡོད་ན་དགའ་དགོས་ཀྱི་ཡོད་ན་བཤད་བཞིན་ཡིག་ཚང་དུ་འཛུལ་སླེབས་བྱུང། ངས་ལམ་སེང་རྒན་ལགས། དེ་ངོ་མ་རེད་པས་ཞེས་དྲིས་ཀྱང། རྒན་ལགས་ཀྱང་གདེངས་འཁེལ་བ་ཞིག་གསུང་རྒྱུ་མི་འདུག་པས་ལམ་སེང་གྲགས་ཆེ་བའི་ཕ་ཡུལ་གྱི་དྲ་རྒྱ་དང། དེ་བཞིན་དུས་བབ་ཀྱི་དྲ་རྒྱ་བསྔོགས་ནས་གནས་ཚུལ་ར་འཕྲོད་གསལ་བོ་བྱུང། གནས་ཚུལ་དེ་དངོས་བདེན་ཡིན་པ་ཤེས་རྗེས་ངའི་སེམས་ལ་སྨག་རུམ་གྱི་མུན་པ་འཐིབས་ཅིང། ཕངས་སེམས་ཀྱི་གཡང་གཟར་ལྷུང་སོང། གང་ལ་ཞེ་ན། ཁོང་ལྟ་བུ་བོད་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་ནང་གྲགས་ཆེ་བའི་མི་སྣ་གལ་ཆེན་ཞིག་ཡིན་ལ། ཉེ་རབས་ཀྱི་ལོ་རྒྱུས་གཅིག་གཅིག་གཉིས་གཉིས་རྒྱུས་ལོན་ཡོད་པའི་སྐུ་ངོ་ཞིག་ཀྱང་རེད། སྤྱིར་འཆི་བ་ནི་འགོག་ཐབས་མེད་པ་ཞིག་ཡིན་ཡང། ཁོང་ལྟ་བུ་ལོ་རྒྱུས་ཀྱི་མི་སྣ་གཅིག་འདས་གྲོངས་སུ་འགྱུར་ཡོད་པ་དེར་ངའི་སེམས་ལ་སྐྱོ་སྣང་ཞིག་དང་ཕངས་སེམས་ཞིག་སྐྱེས་བྱུང། གང་ལྟར་འདས་པོ་ཁོང་གི་རྣམ་ཤེས་ཀྱི་ཆེད་བསྔོ་བ་སྨོན་ལམ་རྒྱབ་རོགས་ཞུ་རྒྱུ་ཡིན།
    ཕངས་པ་ལ། སླར་ཡང་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་ངེད་ཚོ་དང་བྲལ་ནས་ཕེབས་སོང།

    Reply
  10. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    བོད་སྡེ་བ་གཞུང་རྒྱ་མི་གུང་ཁྲན་ལ་རྩིས་སྤྲད་པའི་ནག་ཉེས་ང་ཕོད་གཅིག་པོ་མ་རེད། སྐབས་དེའི་སྡེ་བ་གཞུང་གི་སྐུ་དྲག་ཚོ་རེད། དོན་ཚན་བཅུ་བདུན་ཅན་ཡང་སྐབས་དེའི་བོད་གཞུང་གིས་མ་འཇོན་པ་རེད་མ་གཏོགས་ང་ཕོད་གཅིག་པོ་བདུད་རྒན་རེད་དང་ཡང་ན་རྒྱུག་ཁྱི་རེད་ཟེར་ན་ལོ་རྒྱུལ་འཁྱོག་བཤད་ཁོ་ན་རེད། ང་ཕོད་རྒྱལ་ཚོང་བ་དང་རྒྱུག་ཁྱི་ཡིན་ན་སྐབས་དེའི་སྐུ་དྲག་ཚང་མ་རྒྱལ་ཚོང་བ་དང་རྒྱུག་ཁྱི་རེད་འདོད་བྱུང་།

    Reply
  11. འདན་ཕྲུག་བློ་བཟང་ says:
    ལོ་ 16 སྔོན།

    དང་ཐོག་ངས་གནས་ཚུལ་འདི་ཐོས་མ་ཐག་སྐྱོ་གདུང་གི་མིག་ཆུ་མ་འབབ་ཀྱང་
    དམིགས་གསལ་གྱི་ཚོར་བ་རྣོ་མོ་ཞིག་གིས་མ་བདེ་བར་བྱས་སོང་།
    དེ་ནི་བོད་མི་རྒན་པ་ཞིག་གྲོངས་སོང་པས་ཡིན་པ་འདྲ།
    ད་ལྟ་ངས་བསྟོད་སྨད་ཀྱི་སྐད་ཆ་གང་ཡང་བཤད་ཀྱིས་མིན་ལ་
    གང་གི་བསམ་འཆར་བ་ཡོངས་ལ་རྒྱབ་སྐྱོབ་དང་ངོ་རྒོལ་གཉིས་ཀ་གང་ཡང་བྱེད་ཀྱི་མིན་

    Reply
  12. འདན་ཕྲུག་བློ་བཟང་ says:
    ལོ་ 16 སྔོན།

    དང་ཐོག་ངས་གནས་ཚུལ་འདི་ཐོས་མ་ཐག་སྐྱོ་གདུང་གི་མིག་ཆུ་མ་འབབ་ཀྱང་
    དམིགས་གསལ་གྱི་ཚོར་བ་རྣོ་མོ་ཞིག་གིས་མ་བདེ་བར་བྱས་སོང་།
    དེ་ནི་བོད་མི་རྒན་པ་ཞིག་གྲོངས་སོང་པས་ཡིན་པ་འདྲ།
    ད་ལྟ་ངས་བསྟོད་སྨད་ཀྱི་སྐད་ཆ་གང་ཡང་བཤད་ཀྱིས་མིན་ལ་
    གང་གི་བསམ་འཆར་བ་ཡོངས་ལ་རྒྱབ་སྐྱོབ་དང་ངོ་རྒོལ་གཉིས་ཀ་གང་ཡང་བྱེད་ཀྱི་མིན་

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དྲ་གྲོགས་གཡག་ལྡོམ་ལགས། དྲ་གྲོགས་བདེ་བ་ཅན་དང་རྨེ་རུ། དབུས་ཕྲུག་སོགས་ཀྱིས་བཤད་པའི་རྒྱུ་མཚན་ལ་གཅིག་གཟིགས་དང་། ཡང་ཁྱོད་རང་གིས་བྲིས་པའི་མཆན་བུ་༼བདེ་བཅན་ལགས་ཁྱོད་ངོ་མ་བཤད་ན་ར་འཕྲོད་རྒྱུ་མེད་མཁན་ཞིག་རེད་ཡ།ཁྱོད་ཀྱི་བྱ་རོག་སོ་བཙུགས་ལྟ་བུའི་སྨྱོསགཏམ་མ་གསུངས་ན་ཆོག་གམ།
    ང་ཕོད་བོད་ཀྱི་དཔའ་བོར་སྒྲུབ་ན་བོད་ཟེར་བ་འདི་བཟང་ངན་ཕྱེ་མི་ཤེས་མཁན་བླུན་པོ་ཞིག་ཏུ་འགྱུར་རྒྱུ་ཉག་གཅིག་རེད། སྔོན་གཤེགས་ཀྱི་དཔའ་བོ་ཚོའི་རྣམ་ཤེས་ཀྱིས་གཟིགས་ན་སེམས་སྐྱོ་ཡ་རེད༽འདི་ཚོར་གཅིག་སོམས་དང་། རྒྱུ་མཆན་ལས་ཚོར་བ་ཤུགས་ཆེ་བ་མི་འདུག་གམ། ང་ཕོད་ཀྱིས་ན་ནིང་གི་སྐད་ཆ་དེར་ཁྱོད་མ་དགོས་བོད་མི་ཡོད་དོ་ཅོག་ལ་ཁག་མི་འདུག གཅིག་ནས་འོན་ཀྱང་རྒྱའི་སྲིད་འོག་དང་ཡང་སྒོས་རྒྱའོ་སྲིད་འོག་གི་བོད་མི་མགི་ཁྲིད་ཅིག་ཡིན་པས་ཆ་ནས་སྐད་ཆ་བཤད་སྟངས་ལ་ཚད་ཡོད་པ་བཤད་ཅི་ལ་དགོས། ངས་བསམ་ན་ང་ཚོས་འདས་བོ་ང་ཕོད་ལ་ཨ་ཟེར་རྒྱུ་སྔ་དྲག་མེད་དམ་སྙམ་གི རྗེས་སུ་ག་ལེར་རླབས་ཆེན་གྱི་བྱས་རྗེས་འདྲ་མཐོང་སྲིད་པ། གཞན་ང་ལྟ་བུར་ཅི་བཤད་ཀྱང་རང་འདོད་ཀྱིས་ཤིག

    Reply
  14. བདེ་བ་ཅན། says:
    ལོ་ 16 སྔོན།

    དྲ་གྲོགས་གཡག་སྡོམ་ལགས། ངེད་གཉིས་དབར་ལ་ར་འཕྲོད་རྒྱུ་ མེད་པ་འདི་ཁྱེད་ནས་རྦད་དེ་ཕྱོགས་ཞེན་གྱི་བསམ་བློ་བཏང་སྟེ་དགག་པ་རྒྱག་ཀྱང་བྱས་པ་དེ་ལས་བྱུང་བ་ རེད། ཁྱེད་ནས་གཡག་ཞར་བས་རྩ་ཟ་བ་ལྟར་གྱི་བྱེད་སྟངས་དེ་ཚོ་དོར་དགོས་ཀྱི་འདུག ང་ཕོད་དཔའ་བོ་བརྩི་དགོས་བཤད་མཁན་སུ་ཡང་མི་འདུག གང་ལྟར་དྲང་པོ་དང་བདེན་པའི་སྐད་ཆ་བཤད་སྟེ་ང་ པོད་ལ་ཡོད་པའི་བཟང་དགེ་སྐྱོན་ཆ་ཚང་མ་མཐོང་དགོས་ཀྱི་འདུག བཟང་ངན་ཕྱེ་ཤེས་ཀྱི་ཡོད་ན་ལས་རྒྱུ་འབྲས་ཀྱང་ཁས་བླངས་དགོས་ཀྱི་འདུག མི་ཞིག་གིས་ནོར་འཁྲུལ་ཤོར་ཡོད་ཚེ་ནོར་འཁྲུལ་དེ་དག་ལ་སྐྱོན་བརྗོད་དང་དགེ་མཚན་དེ་དག་བགྲང་དགོས་པ་ལས། བོད་མ་ིརིགས་དེ་ཁྱེད་ལྟ་བུ་ཚང་མ་ཕྱོགས་གཅིག་མ་གཏོགས་མ་མཐོང་མཁན་ཞིག་ཡིན་ཚེ་ཏན་ཏན་བཟང་ངན་མ་ཤེས་པའི་བླུན་པོ་འབའ་ཞིག་ཏུ་བརྩི་སྲིད་པ་རེད། སྔོན་གཤེགས་དཔའ་བོ་ཚོའི་རྣམ་ཤེས་ཀྱིས་ནམ་ཡིན་ཡང་བྱ་བ་དངོས་སུ་ལག་ལེན་བསྟར་ཏེ་ལས་དོན་གྲུབ་མཁན་ཞིག་ལ་རེ་བ་བྱེད་སྲིད་པ་ལས། ཁ་མཁས་པོས་གཞན་ལ་ཟུར་ཟ་ཁོ་ན་བྱས་ཏེ་རང་ཉིད་བགྲོད་པ་བགྲང་ཙམ་འཚོ་སྡོད་བྱེད་མཁན་དེ་ཚོ་མཐོང་དུས་ཁོང་ཚོས་སེམས་གཏིང་ནས་སྨྲེ་ངག་དང་ཡིད་སྐྱོ་སྲིད་པ་རེད། དེ་འདྲ་སོང་ཙང་སྔོན་གཤེགས་དཔའ་བོ་དེ་ཚོ་བཟང་ངན་དབྱེ་འབྱེད་ཤེས་མཁན་ཤ་སྟག་ཡིིན་སྟབས་ཁོང་ཚོས་གནས་ཚུལ་དངོས་ལ་ཞིབ་འཇུག་བྱས་རྗེས་བརྡ་ལན་བྱ་སྲིད་པ་རེད༎

    Reply
  15. རྨེ་རུ། says:
    ལོ་ 16 སྔོན།

    འབྲོང་རྒོད་དག་ལགས་ངག་ཕོད་ངག་དབང་འཇིགས་མེད་མཆོག་གིས་བོད་དེ་རྒྱ་ལག་ཏུ་སྤྲད་པའི་ཚད་ལྡན་གྱི་ལོ་རྒྱུས་ཤིག་གང་དུ་འདུག་གམ།ཁོང་གིས་བོད་རྒྱ་ལག་འཇོག་པའི་གན་རྒྱ་ག་དུས་བཞགས་པ་རེད་དམ།དམངས་ཁྲོད་དུ་ཁྱབ་པའི་དཀྲོག་གཏམ་གཅིག་པུ་ལ་ཉན་ན་ཏོག་ཙམ་མི་འགྲིགས་སྙམ།
    དེར་བརྟེན་ཁྱེད་ཀྱིས་ལོ་རྒྱུས་ལོ་རྒྱུས་སུ་གསུངས་ན་ཕལ་ཆེར་ལེགས་སྙམ།

    Reply
  16. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དྲ་གྲོགས་བདེ་བ་ཅན་ལགས། མི་སྤྲོ་ལང་ཡོད་དུས་གསལ་བཤད་བྱས་པས་གོ་རྒྱུ་ཡོད་ནི་མ་རེད། དྲ་གྲོགས་གཡག་ལྡོམ་ལགས་ཚོད་ཚོད་ལ་ངར་བཞིན་པ་མ་གཏོགས་བསམ་བློ་གཞན་གཏོང་གིན་མི་འདུག་གཱ།
    གསེར་རྟ་ཚུལ་ཁྲིམས་ལ་ཁ་ཆེའི་ཨ་ལ་ལྟ་བུའི་ལུང་བསྟན་འདི་མོ་འདི་བཤད་རྒྱུ་མང་ནི་རེད། ༸གོང་ས་མཆོག་གི་དབུ་མའི་ལམ་དེ་ཡང་སློབ་དཔོན་པད་མའི་ལུང་བསྟན་ཡིན་ཚུལ་ལ་སོགས་མང་ནི་རེད། ཀརྨ་པའི་གསུང་དེ་ཡང་ང་ཕོད་ཡིན་ལ་གཅིག་སྒྲུབས་དང་།
    གནད་ཀྱི་དོན་པོ་བཤད་སྐབས་རང་གི་ཚོར་བའི་དབང་དུ་སོང་བ་ཡིན་ན་མ་རིག་རྨོངས་པས་སྒྲིབ་ཅེས་པ་དེ་རེད།
    ད་ཅང་བཤད་ན་མི་འདོད་ཀི

    Reply
  17. གཡག་ལྡོམ says:
    ལོ་ 16 སྔོན།

    [ཧི་གཟུགས་ཟིན་བྲིས་ནང་དུ]

    ང་ཕོད་པ་

    ངོ་མ་སྐྱོ་གདུང་སྐྱེས་དགོས་པ་ཞིག་རེད་འདུག།

    ཁྱེད་མི་ཚེའི་བགྲང་བྱ་བརྒྱ་གྲངས་ཙམ་འདུག་ཀྱང།

    ཁྱེད་ལ་བཀུར་བསྟི་བྱེད་མཁན་དཀོན།

    ཁྱེད་ལ་སྤྱི་ཚོགས་འདིས་གོ་ས་འབོར་ཆེན་བསྐོས་རུང།

    དོན་ཆེན་ཐག་བཅོད་དབང་མེད་ལ།

    དོན་ཆུང་ཁྱེད་ལ་ཞུ་བསྐལ་མེད།

    མི་ཚོས་ཁྱེད་ནི་སྐྱིད་པའི་ཚེ་བཙོན་ལ་བཅུགས་པ་ཟེར་བཞིན།

    ཁྱེད་ཀྱིས་བོད་དམངས་རྒྱ་ལ་བཙོངས་སོང་ཟེར།

    འོན་ཀྱང་

    ཁོ་བོར་མི་རིག་གཅིག་འདུག་སྟེ།

    ཁྱེད་ངོ་མ་མི་རིགས་འདིས་དོར་བྱུང་ངམ།

    ཡང་ན་དངོས་གནས་ཁྱེད་ཀྱིས་མི་རིགས་འདི་དོར་བ་ཡིན།

    གལ་སྲིད་

    ཁྱེད་ལ་མི་སེམས་འགུགས་པར་བྱེད་པའི་གཏམ་ཚིག་རེ་གཉིས་ཡོད་ཚེ།

    ཁོ་བོར་གསུངས་རོགས།

    ཁོ་བོས་ཁྱེད་ཀྱི་གཏམ་ཕ་ཡུལ་གངས་ལྗོངས་ནས་བསྒུགས་ནས་ཡོད།

    ཁོ་བོར་གསུངས་རོགས།

    ཁོ་བོ་ནམ་ཡང་ཁྱེད་ཀྱི་གཏམ་དེ་བསྒུགས་བཞིན་ཡོད།

    ང་ཕོད་རིན་པོ་ཆེར་དྲན་རྟེན་དུ་

    ༢༠༠༩ལོའི་ཟླ་༡༢པར་

    Reply
  18. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    ཡ་ཡ། དྲ་གྲོགས་ཚོ། ལ་ལས་ཆེས་དམའ་འབེབས་པ་དང་། རེ་འགས་ཆེས་བསྟོད་པ་གཉིས། ང་ཕོད་ངག་དབང་འཇིགས་མེད་ཀྱི་མི་ཚེའི་ལོ་རྒྱུས་ནང་བྱུང་ཡོད་པའི་གནས་ཚུལ་ཞིག་རེད། ཁོང་ལ་ཆབ་སྲིད་ཐོག་གི་ནོར་འཁྲུལ་ཡོད་ལ། བོད་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐད་འགྲུབ་འབྲས་ཀྱང་ཡོད། དེ་ནི་གོང་དུ་དྲ་གྲོགས་རྨེ་རུ་ལགས་ཀྱིས་གསུངས་པ་ལྟར། ཀུན་གཟིགས་མཆོག་གི་ལོ་རྒྱུས་ཞིབ་པར་བཀླགས་ན་ཤེས་ངེས་རེད། ཁོང་གི་རླབས་ཆེན་གྱི་གསུང་ཚིག་དེ་འདྲ་ཡོད་རབས་འདུག གཅིག་བྱས་ན་རྗེས་སོར་མཐོང་ངེས་རེད། ད་ལྟ་ཐག་གཅོད་སྔ་དྲག་རྒྱུ་མེད། མ་ཐར་ཡང་བོད་མི་ཞིག་དགྲོངས་པར་མྱ་ངན་ཞུ།

    Reply
  19. གཡག་ལྡོམ says:
    ལོ་ 16 སྔོན།

    བདེ་བཅན་ལགས་ཁྱོད་ངོ་མ་བཤད་ན་ར་འཕྲོད་རྒྱུ་མེད་མཁན་ཞིག་རེད་ཡ།
    ཁྱོད་ཀྱི་བྱ་རོག་སོ་བཙུགས་ལྟ་བུའི་སྨྱོསགཏམ་མ་གསུངས་ན་ཆོག་གམ།
    ང་ཕོད་བོད་ཀྱི་དཔའ་བོར་སྒྲུབ་ན་བོད་ཟེར་བ་འདི་བཟང་ངན་ཕྱེ་མི་ཤེས་མཁན་བླུན་པོ་ཞིག་ཏུ་
    འགྱུར་རྒྱུ་ཉག་གཅིག་རེད། སྔོན་གཤེགས་ཀྱི་དཔའ་བོ་ཚོའི་རྣམ་ཤེས་ཀྱིས་གཟིགས་ན་སེམས་སྐྱོ་ཡ་རེད

    Reply
  20. རྨེ་རུ། says:
    ལོ་ 16 སྔོན།

    བདེ་བ་ཅན་ལགས་ཀྱིས་གསུངས་པར་རྒྱུ་མཚན་དང་གནད་ལུགས་འདུག་ཁྱེད་ཀྱིས་ལོ་རྒྱུས་རིག་པའི་དཔྱད་ཞིབ་ཐོག་ནས་གསུངས་པར་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

    Reply
  21. བདེ་བ་ཅན། says:
    ལོ་ 16 སྔོན།

    ཁོང་དང་ཤེས་ཡོན་ཅན་ཤར་ལྷོ་ཚེ་བརྟན་དབང་ཕྱུག་ཅེས་བཅོས་རོགས

    Reply
  22. བདེ་བ་ཅན། says:
    ལོ་ 16 སྔོན།

    དེ་མིན་ཁོང་གི་བུ་ང་ཕོད་འཇིགས་མེད་གང་འདྲ་ཡིན་མིན་བརྗོད་མི་ཤེས་ཀྱང་། ཁོང་ཡང་བོད་ནས་ཡོང་སྟེ་རིམ་པས་རང་དབང་ལུང་པར་གནས་སྡོད་བྱ་མཁན་གྱི་བོད་རིགས་ཤེས་ཡོན་ཅན་པའི་གྲས་ནས་རང་དབང་ལུང་པའི་ནང་ལས་ཀ་བྱ་འདོད་ཡོད་པའི་མི་སྣའི་གྲས་ཤིག་ཡིན་པ་གསལ་པོ་རེད། དོན་དངོས་སུ་ལས་ཀ་གང་ཞིག་བྱ་གི་ཡོད་མེད་ལ་མ་ལྟོས་པར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་རེད། རླུང་འཕྲིན་དེས་སྔ་ལོའི་ཞི་རྒོལ་ཆེ་མོའི་རིང་གནས་ཚུལ་རྒྱུས་ལོན་བྱ་རྒྱུར་ནུས་པ་ཤུགས་ཆེ་ཐོན་པ་སོགས་ཁོང་གི་བྱས་རྗེས་སུ་མེད་ན། དེའི་ནང་ནོར་འཁྲུལ་བྱུང་བའི་རིགས་ཁོང་གི་སྐྱོན་དུ་སྤུངས་ཚེ་དེ་ནི་དྲང་བདེན་ཞིག་རྩ་བ་ནས་མ་རེད། བཙན་བྱོལ་ནང་ཁོང་ལ་ཤེས་ཡོན་ཅན་ཤར་ལྷོ་ཚེ་བརྟན་དབང་ཕྱུག་སོགས་ནས་རྒྱ་ཡིག་ཐོག་རྩོམ་ཡིག་དང་གསར་འགྱུར་ཐོག་མ་སྤེལ་བ་སོགས་ལས་དོན་ཁག་ཅིག་བྱས་ཡོད་པ་དེ་དག་ཀྱང་ལོ་རྒྱུས་སྟེང་ནས་བསུབ་ན་རྩ་བ་ནས་ཡོང་ཐབས་མེད། དེང་སྐབས་བོད་ནས་ཤེས་ཡོན་ཏོག་ཙམ་ཡོད་མཁན་མང་དག་ཞིག་ཡོད་བཞིན་ནའང་རང་ཉིད་ཀྱི་འདོད་བློ་མི་ཁེངས་པའི་དུས་གང་སར་འབྲེལ་བ་བྱས་ཏེ་རྒྱ་མི་དམར་པོའི་ལག་ཆར་གྱུར་ཏེ་བཙན་བྱོལ་བོད་གཞུང་ལ་དམའ་འབེབས་བྱེད་པའི་གཏམ་བརྗོད་དེ་འདྲ་ཁོང་ནས་སྤེལ་བ་ངས་མཐོང་མ་མྱོང་། གང་ལྟར་མྱུལ་མ་ཡིན་ཚེ་གང་ཞིག་བྱ་གི་ཡོད་མེད་གསལ་པོ་བཟོ་དགོས་ཀྱི་འདུག ང་ཕོད་གྲོངས་ཟིན་ཡང་། ང་ཕོད་ཀྱི་བུ་ཕྲུག་ང་ཕོད་ཚེ་བརྟན་སྒྲོལ་དཀར་དང༌། ང་ཕོད་མཐུ་སྟོབས་མཐུ་སྟོབས་རྡོ་རྗེ་སོགས་བོད་ནང་ད་དུང་ཡང་མཐོ་རིམ་མི་སྣའི་རྐུབ་སྟེགས་སྟེང་བསྡད་དེ་ནུས་པ་བཏོན་མཁན་ཡོད་འདུག་པས་དེ་དག་སེམས་ཤུགས་མ་ཆགས་པའི་ཆེད་བདེན་པ་བདེན་པར་བཞག་དགོས་པ་ལས་གང་ཟག་ལ་བལྟས་ཏེ་ཕྱོགས་ཞེན་ཁོ་ནས་སྐྱོན་འཛུགས་བྱས་ཚེ་དེ་ནི་དྲང་ བདེན་གྱི་བྱེད་སྟངས་ཤིག་རྩ་བ་ནས་མ་རེད༎

    Reply
  23. འབྲོང་རྒོད་དར་མ། says:
    ལོ་ 16 སྔོན།

    ཧཧཧཧཧཧཧཧཧཧཧཧཧཧཧཧ ང་ཕོད་ནམ་ཡང་ནག་པོ་རེད།ནག་གསུབ་གཏང་དགོས་པ་མི་འདུག

    ཁ་ཡིས་འཆི་དབུགས་མཐར་བོད་དེ་རྒྱ་ལག་ཏུ་སྤྲོད་པའི་གན་རྒྱ་འཇོག་པ་རེད།མ་འོངས་པར་འདི་བོད་རྒྱ་ཁོངས་ཡིན་པའི་ལོ་རྒྱུས་ཀྱི་དཔང་པོར་ཆགས་པ་རེད། ཁོས་རྣམ་ཀུན་རྒྱ་ཡི་ཕྱོགས་ལངས་རྐཡང་བྱས་སྟབས་དཀའ་ངལ་ཅུང་ཙམ་འཕོག་མེད།

    Reply
  24. མེ་སྟག says:
    ལོ་ 16 སྔོན།

    དྲ་གྲོགས་རྣམས་ཀྱིས་བསྟོད་སྨད་ལབ་ལྡུར་མང་བོ་ཞིག་བྱས་འདུག
    རེད་དེ་ང་ཚོ་སུས་ཀྱང་ང་ཕོད་ངག་དབང་འཇིགས་མེད་མི་ཅི་འདྲ་ཡིན་མིན་ཁུང་འཆོལ་བའི་ཚོད་དཔག་ཞིག་བྱེད་ཐུབ་ཀྱི་མ་རེད། དེ་ནི་ཁོང་གིས་ཁ་གསལ་བའི་ལོ་རྒྱུས་མ་བཤད་པས་རེད་ལ། དེ་ནི་གནད་དོན་ཞིག་ཀྱང་རེད་སྙམ་བཞིན་ཡོད།

    Reply
  25. བདེ་བ་ཅན། says:
    ལོ་ 16 སྔོན།

    དྲ་གྲོགས་གཡག་སྡོམ་ལགས། ཁྱེད་ཀྱིས་ང་ཕོད་ཀྱིས་བོད་བཙོངས་ཟེར་བའི་རྒྱུ་མཚན་དེ་གཅིག་པུ་ཡིན་ན་གྲོས་མཐུན་དོན་ཚན་བཅུ་བདུན་མ་བཞག་པའི་སྔོན་ཏེ་ 1949་ ་ལོ་ཙམ་ནས་བོད་སྨད་ཕྱོགས་ཀྱི་ས་ཁོངས་ཁག་ཅིག་ནང་རྒྱ་མིས་དངོས་སུ་བཙན་འཛུལ་གྱིས་འདྲེ་ལག་བརྐྱངས་ཟིན་པ་མ་རེད་དམ། དེ་དུས་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་རྒྱུ་མ་རེད་དམ། དེ་མིན་པཎ་ཆེན་རིན་པོ་ཆེ་བཞུགས་རིང་རེ་བ་ཡོད་པ་མཐོང་བ་དང་། དེ་རྗེས་མ་ཞུགས་པའི་དུས་སུ་རེ་བ་མེད་པར་མཐོང་ནས་རྒྱ་མིའི་རྗེས་ལ་རྒྱུགས་པ་ཟེར་བ་དེ་ལའང་རྒྱུ་མཚན་ཆ་ཚང་མི་འདུག པཎ་ཆེན་རིན་པོ་ཆེ་མ་ཞུགས་པའི་སྐབས་སུའང་བོད་ས་སྟོད་སྨད་གང་སར་ང་ཕོད་དང་འདྲ་བའི་མཐོ་རིམ་མི་སྣ་མང་དག་ཞིག་ཡོད་པ་དེ་ཚོས་ས་གནས་སོ་སོའི་ཆབ་སྲིད་གྲོས་ཚོགས་དང་དགོན་སྡེ་ཁག་གི་ཆོས་དོན་ལས་ཁུངས་ནང་བཞུགས་གྲལ་དུ་འཁོད་ནས་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་འཛིན་ཏེ་དམངས་ཁྲོད་དུ་འགན་ལེན་མི་བྱེད་པའི་མི་སྣ་མཐོ་གྲས་དེ་དག་ཀྱང་བདུད་དུ་བརྩི་རྒྱུ་ཡིན་ནམ། ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་སུ་ཞིག་གིས་སྤྱི་པའི་དོན་དུ་ལས་དོན་བྱས་པའམ་ལས་དོན་བྱས་པ་ལམ་ལྷོངས་མ་བྱུང་ཚེ་མི་དེའི་ནོར་འཁྲུལ་ཁོ་ན་ལས་སྒྲུགས་ཏེ་སྐྱོན་འཛུགས་བྱ་རྒྱུ་དེ་མི་ཁག་ཅིག་གི་ཡོན་ཏན་དུ་གྱུར་བཞིན་ཡོད། བྱེད་སྟངས་དེ་ཚོ་ནི་རྦད་དེ་ཐལ་དྲག་པ་ཞིག་རེད། དེ་བས་ཀྱང་གང་ཟག་སྒེར་པ་དེ་སུ་ཡིན་མིན་ལ་བལྟས་ཏེ་ཕྱོགས་ཞེན་གྱི་བསམ་བློ་འཁུར་ནས་དམའ་འབེབས་གཏོང་རེས་བྱེད་པ་འདི་ནི་ཤིན་ཏུ་ཐབས་སྐྱོ་བའི་བྱེད་སྟངས་ཤིག་མཐོང་གི་འདུག གང་ལྟར་ཁྱེད་ཚོའི་མི་ཎི་བགྲང་མིན་ལ་མ་ལྟོས་པ་ང་ཚོ་བུས་ཏན་ཏན་ཁོང་སེམས་ནང་ནས་བརྗེད་སྲིད་ཀྱི་མ་རེད་ལ། ང་ཚོས་ལོ་རྒྱུས་ཀྱི་ཁྲོད་དུ་ཁོང་ག་དུས་ཡིན་ནའང་ནག་བསུབ་ཏུ་གཏོང་བཅུག་གི་མིན། ལྷག་པར་བོད་ཀྱི་སྐད་ཡིག་ལ་སེམས་གཏིང་ནས་ཞེན་པ་དཀར་བའི་མི་ཞིག་ཡིན་ཕྱིན་ཁོང་གི་བཀའ་དྲིན་ལ་ག་དུས་ཡིན་ནའང་བསམ་ཤེས་བྱེད་སྲིད་པ་ཞིག་ཆགས་ཡོད་པར་ང་ཚོས་ཡིད་ཆེས་ཞུ་གི་ཡོད༎

    Reply
  26. འབྲོང་རྒོད་དར་མ། says:
    ལོ་ 16 སྔོན།

    རེད་རེད གཡག་སྡོམ་ལགས ངོ་མ་རེད ཁོ་ཡི་ཡོད་ཚད་ནི་རང་ཉིད་ཀྱི་ཆེད་དུ་རེད། ད་དུང་རང་གི་བུ་དེ་བཙན་བལྱོ་དུ་གསང་མྱུལ་གཏོང་ཡོད་སྐད

    ད་དུང་དོགས་ཟོན་བྱ་དགོས།

    Reply
  27. གཡག་ལྡོམ says:
    ལོ་ 16 སྔོན།

    ཁོས་བོད་བཙོངས་སྟངས་བཤད་ན་དང་པོ་རྒྱ་དང་མགོ་བཏགས་དེ་ནས་དོན་བཅུ་བདུན་ཟེར་བ་ཅིག་བཞག་དེ་ནས་ཁོ་རང་གོ་གནས་ཞིག་རགས་ཐབས་སུ་པཎ་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་དཔའ་བོ་རྣམས་ལ་དམྱལ་བ་མི་ཡུལ་དུ་མྱོང་དགོས་པའི་ཞྭ་མོ་རེ་རེ་གཡུགས།དུས་དེ་ནས་མ་ཤི་བར་
    ལུས་ངག་ཡིད་གསུམ་རྒྱ་མི་གུང་ཁྲིན་ཕུལ། བཙོངས་མདོར་བསྡུས་ན་དེ་ཙམ་ཞིག དེ་ནི་བོད་རིགས་ནང་ཁུལ་གྱི་ཕྱོགས་རེས་དབང་གི་མིན་ལ་
    དོན་དངོས་ཐོགས་རྭ་སྤྲོད་དམ་ལུང་རིགས་གཉིས་ཀྱིས་བསྒྲུབས་པར་བྱས་ནས་ང་ཕོད་འདི་བོད་མི་རིགས་ཀྱི་དགྲ་བོ་ངོ་ཡིན་པར་ཤེས་པ་གལ་ཆེ།
    སྡིག་ཅན་འདི་ལ་གོ་ཡང་གཏོང་མི་ཉན་ལ་ཁོ་ད་བར་ཁྱི་ཞིག་གི་རྣམ་པའི་ཤ་ག་ཡོད་དང་ལྟོ་གང་རགས་རྒྱུགས་སྡོད་མཁན་ཞིག་ཡིན་པར་གསལ། དེ་ཡང་བོད་མིར་སོ་རྒྱབ་མཁན་གྱི་རྒྱ་ཁྱི་ཞིག་ཡིན་པས་ང་ཚོས་ཁོ་ལ་སྡིགས་པ་ནི་འོས་ཤིང་འཚམས་པ་རེད།

    Reply
  28. འབྲོང་རྒོད་དར་མ། says:
    ལོ་ 16 སྔོན།

    ཧོ དགེ་བཤེས་ལགས ཁྱེད་ཀྱིས་གསུང་པ་ལྟར་འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་མ་ཎི་འདོན་འོས་པ་ལས་རྒྱ་གཅེས་པ་དང་རླབས་ཆེན་གྱི་མི་སྣ་ཡིན་པའི་ཆ་ནས་ཅི་ཡང་བྱ་རྒྱུ་མེད།

    Reply
  29. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 16 སྔོན།

    བཀུར་འོས་གསེར་རྟ་ལགས་ཀྱིས་ལུང་འདྲེན་གནང་བ་དེ།་ང་ཕོད་ལ་ལུང་བསྟན་པ་ཡིན་པའི་ཁུངས་གསལ་བོ་ཞིག་ཡོད་ན་ལེགས།

    Reply
  30. འབྲོང་རྒོད་དར་མ། says:
    ལོ་ 16 སྔོན།

    རྨི་རུ་་་་་་་་་་
    ་སྙིབ་སྟོབས་མེད་པ་ཁོ་་་་་་་་་་་་་་་་་་་་རྒྱ་མགོ་མཐོ་དུས་དང་བོད་མགོ་མཐོ་དུས་བོད་རེད། པཎ་ཆེན་བཞུགས་དུས་བོད་ལ་རེ་ཅུང་ཡོད་པ་རེད།དེ་དུས་བོད་ཕྱོགས་ལངས།ད་ལྟ་བོད་ལ་རེ་བ་མེད་པར་འྲ་མཐོང་དུ་རྒྱ་ཕྱོགས་ལངས།ནམ་ཡང་གཡོ་ཅན་དང་རྒལ་ཚིགས་མེ་པའི་མི་ཞིག་རེད།

    Reply
  31. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 16 སྔོན།

    རྒྱ་བོད་གཉིས་ཀྱི་དཔོན་ས་མཐོ་ཤོས་ལ་སླེབས་མྱོང་བའི་ང་ཕོད་ལོ་བརྒྱ་ཐམ་པའི་ཐོག་འཇིག་རྟེན་ཕྱི་མར་ཕྱིན་པ་རེད། ད་གང་ལྟར་བོད་མི་ཡིན་པ་། མི་ཡིན་པ། འགྲོ་བ་སེམས་ཅན་ཞིག་ཡིན་པ་གཅིག་པའི་ཆ་ནས་་་་་་ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply
  32. བདེ་བ་ཅན། says:
    ལོ་ 16 སྔོན།

    གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས། ལུང་བསྟན་འདི་འདྲ་ཞིག་གནང་ཡོད་ཚེ་ཏན་ཏན་མཐུ་དང་ནུས་པས་བསམ་གྱི་མི་ཁྱབ་པ་ཡོད་སྲིད་པས་མཐུ་ད་ནུས་པས་བདུད་འགོག་ཐབས་མ་གནང་བར་གང་དགའ་གང་འདོད་བྱ་བཅུག་དགོས་དོན་གང་ཡིན་ནམ། དེ་འདྲ་ཡིན་ཚེ་ལྷ་དང་བླ་མ་ཚོས་དད་ལྡན་མང་ཚོགས་ལ་ལུང་བསྟན་དང་བཀའ་ལུང་བསྐྱོན་ཏེ་དཔོན་དང་དམངས་དབར་ཡུན་རིང་ཞེ་འཁོན་སློང་བ་ལས་བྱང་ཆུབ་ཀྱིས་སེམས་སྒོམས་ཏེ་སྙིང་རྗེའི་ཐོག་ནས་བདུད་བརྟུལ་བའི་མཐུ
    ་མ་བཏང་བ་དེ་ལན་པ་སུ་ལ་བཙུགས་དགོས་པ་རེད་དམ།

    Reply
  33. རྨེ་རུ། says:
    ལོ་ 16 སྔོན།

    འབྲོང་རྒོད་དར་མ་ལགས་ངག་ཕོད་ཀྱིས་བོད་མི་རིགས་ལ་ཕན་པའི་བྱ་བ་གང་བྱས་ཡོད་མེད་དེ་ཁྱེད་ཀྱིས་ཎན་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྣམ་དག་ཞིབ་ཚགས་བཀླགས་ན་མཁྱེན་ཐུབ།

    Reply
  34. བདེ་བ་ཅན། says:
    ལོ་ 16 སྔོན།

    གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱི་གཙོས་པའི་དྲ་གྲོགས་ཁག་ཅིག་ལ། ཁྱེད་ཚོས་ང་ཕོད་ས་དབང་ཆེན་མོས་བོད་བཙོངས་པའི་བརྒྱུད་རིམ་དེ་དག་རེ་རེ་བཞིན་འདིར་བགྲང་དང་། ང་ཚོས་གང་འདྲ་བྱས་ཏེ་བཙོངས་མེད་དེ་ཤེས་འདོད་འདུག གལ་སྲིད་ཆིངས་ཡིག་དོན་ཚན་བཅུ་བདུན་འདི་བཞག་སྟེ་བོད་བཙོངས་པ་རེད་ཟེར་ན་སྐབས་དེ་དུས་ཆིངས་ཡིག་དོན་ཚན་བཅུ་བདུན་འདི་མ་བཞག་པར་གཞན་པའི་ཐབས་ལམ་གང་ཞིག་བཏོན་ན་བོད་མ་ཤོར་བར་ལྷག་གི་རེད་དམ།

    Reply
  35. འབྲོང་རྒོད་དར་མ། says:
    ལོ་ 16 སྔོན།

    ཁོ་ཤི་བ་དེ་བོད་མི་རིགས་ཕན་ཡོད།གལ་ཏེ་ཁོ་འདིར་འཚོ་བའི་དབང་དུ་བཏང་ན་མུ་མཐུད་ནས་ཁ་བྲལ་དང་ལོག་སྤྱོད་ཟེར་ནས་བོད་མི་རིགས་ཀྱི་གཉའ་བར་གནོན་པ་དང་རང་དབང་འཕྲོག་ངེས་རེད།ཁོ་ཤི་བ་ིནི་བོད་ལ་བདེ་སྐྱིད་ཐོབ་པའི་སྔ་ལྟས་ཡིནཛ

    Reply
  36. འབྲོང་རྒོད་དར་མ། says:
    ལོ་ 16 སྔོན།

    གཡག་ལྡོམ་གྱིས་གང་བཤད་དངོས་པོའི་གནས་ལུགས་དང་མཐུན་པས་ངས་རྒྱབ་སྐྱོར་ཡོད།

    Reply
  37. རྨེ་རུ། says:
    ལོ་ 16 སྔོན།

    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ

    Reply
  38. འབྲོང་རྒོད་དར་མ། says:
    ལོ་ 16 སྔོན།

    རྨེ་རུ་ ཁྱེད་ཀྱིས་ང་ཕོད་ཀྱི་བོད་ལ་ཕན་པའི་ལས་ཀ་གང་བྱས་གྲངས་ཀ་ཞིག་རྒྱག་དང་

    Reply
  39. འབྲོང་རྒོད་དར་མ། says:
    ལོ་ 16 སྔོན།

    ར་ས་ཟེར་བ་འདི་ཕྱོགས་རི་ཅན་ཞིག་རེདང་ཕོད་ཀྱི་རྒླ་ཁབ་ཙོང་པ་དེ་ཁྱེད་ཀྱིས་གསོན་འགེབས་བྱ་ཐུབ་ནི་མ་རེད།

    ཕྱོགས་རིས་ཅན་གྱིས་སྲིད་དབང་བཟུང་ནས་རང་བཙན་ཤོར་ཚར་ནི་རེད།

    Reply
  40. གཡག་ལྡོམ says:
    ལོ་ 16 སྔོན།

    བཀུར་འོས་གསར་རྟ་ཚུལ་ཁིམས་འོད་ཟེར་མཆོག་ནས་ལུང་འདི་དྲ་ཐོགས་སུ་དྲངས་པར་བཀའ་ཆེ།
    དེ་མིན་བོད་མི་བླུན་པོ་རེ་ཟུང་གིས་རྒྱ་མིའི་ཁ་ལ་བདེན་པར་བཟུང་ནས་བདུད་རྒན་དེ་ལ་སྟོད་པ་བྱས་ཀྱིས་འདུག
    དགྲ་བོར་སྟོད་པ་དང་དཔའ་བོ་ལ་སྨད་པ་འདི་བོད་མི་རིགས་ཀྱིས་ནམ་ཡང་བཟོད་ཐབས་མེད། རེད་པ།

    Reply
  41. རྨེ་རུ། says:
    ལོ་ 16 སྔོན།

    ངག་ཕོད་ངག་དབང་འཇིགས་མེད་མཆོག་འདས་གྲོངས་སུ་ཕྱིན་པར་མྱ་ངན་ཞུ།
    ང་ཕོད་ངག་དབང་འཇིགས་མཆོག་གི་སྐུ་ཚེའི་ནང་ལ་བོད་མི་རིགས་ལ་ཕན་པའི་བྱ་བ་དང་གནོད་པའི་བྱ་བ་གཉིས་ཀ་ཡོད་སྲིད།དེར་བརྟེན་ང་ཚོས་ཕན་པ་དང་གནོད་པ་གཉིས་ལ་དཔྱད་པ་ཞིབ་ཚགས་བྱས་ནས་ཐག་གཅོད་དགོས་པ་ལས་བརྟག་དཔྱད་མ་བྱས་པར་རྒྱ་མིའི་རྒྱུག་ཁྱི་རེད་ཞེས་བརྗོད་ན་མི་འགྲིགས་སྙམ།
    ད་བར་བརྒྱ་ཆ་བརྒྱ་ཐམ་པ་ངག་ཕོད་ལ་ཡག་སྡུག་གང་ཡིན་ཐག་གཅོད་ཐུབ་མཁན་བྱུང་མེད།དེར་བརྟེན་རྒྱ་མི་འི་རྒྱུག་ཁྱི་རེད་ཞེས་ལབ་ན་ཏོག་ཙམ་སྔ་དྲགས་པ་མིན་ནམ་སྙམ།

    Reply
  42. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 16 སྔོན།

    བཀུར་འོས་སྤྱི་འཐུསམཆོ་གིས་གསུང་བ་ལས་ལྷག་པར་ང་ལ་ཞུ་རྒྱུཅང་མེད།འོན་ཀྱང་ད་བར་ང་ཕོད་མི་ཚེའི་རྒྱུད་རིམ་ནང་ཕྱིར་བལྟས་ཤིག་བྱེད་ན་བོད་རྒྱལ་ཁབ་ཚོང་པའི་ལས་ཀ་མ་གཏོགས་ཅང་བྱས་མེད། གལ་ཏེ་ཆོས་ལྡན་རྒྱལ་ཁབ་དེ་སྔར་བཞིན་ཡོད་ན་ཁོ་པ་ཚེ་ཁྲིམས་འགྲོ་དགོས་་པའི་ཉེས་པ་བསཻགས་ཡོད།

    Reply
  43. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ཀརྨ་པ་དེ་བཞིན་གཤེགས་པའི་ལུང་བསྟན་དུ།

    བདུད་སྤྲུལ་བློན་པོ་ཀོང་ནས་འབྱུང།།
    དབུས་དཀྲུགས་དབུས་ཀྱི་ཆབ་སྲིད་འཇིག།

    ཅེས་ལུང་གིས་བསྟན་ཡོད་འདུག །

    Reply
  44. བདེ་བ་ཅན། says:
    ལོ་ 16 སྔོན།

    བསེ་རུ་ལགས། ཁྱེད་ཀྱི་མཎི་བཀོད་པའང་བསུབ་ཀྱི་ཡོད་ཚེ་དེ་ནི་ཐབས་སྐྱོ་བའི་བྱ་སྟངས་ཞིག་མ་རེད་དམ། ང་ཚོས་བཙན་བྱོལ་སྤྱི་ཚོགས་ནང་ལས་ཀ་ཚང་མ་གང་ཟག་ལ་དམིགས་ཏེ་བྱེད་དགོས་པ་རེད་དམ། ག་དུས་ཡིན་ནའང་ཕྱོགས་ཞེན་གྱི་བསམ་བློ་འཁུར་ཏེ་མགོ་བོ་གནོན་གང་ཐུབ་བྱས་ཚེ་དེ་ནི་ཤེས་ཡོན་ལྡན་པའི་བྱ་སྟངས་ཤིག་མ་རེད། བོད་ཀྱི་བཀའ་ཟུར་ང་ཕོད་ངག་དབང་འཇིགས་མེད་ལ་བོད་མི་རིགས་ཐོག་བྱས་རྗེས་གང་ཡང་མེད་པའི་བདུད་དུ་བརྩི་བ་དང་མྱ་ངན་རྩ་བ་ནས་བྱ་རིན་མེད་པ་ཞིག་རེད་དམ། ཁོང་གི་འདས་ཟིན་པའི་ལོ་རྒྱུས་ལ་དཔྱད་ཞིབ་ནན་ཏན་བྱ་དགོས་ལ། ཁོང་ནས་ཕྱི་ལོ་བརྒྱད་བཅུའི་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ལྷན་དུ་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་ཐད་ནུས་པ་གང་འདྲ་ཞིག་བཏོན་ཡོད་མེད་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་སློབ་ལའང་ཚད་འཛིན་བྱ་མི་འོས་པ་དེ་འདྲ་ཨེ་ཡོད། གོང་དེར་དྲ་གྲོགས་གཅན་བཟོད་རྒྱམ་ལགས་ནས་གསུངས་པ་ལྟར་ལོ་རྒྱུས་ཀྱི་གལ་ཆེའི་གནས་ཚུལ་འགའ་རེར་ཐབས་མཁས་པོའི་ཐོག་ནས་དྲང་པོའི་གཞུང་བསྲངས་ཡོད་ལ། ང་ཚོས་འཛམ་གླིང་ཐོག་དུས་གཏན་དུ་ངོམས་བཞིན་པའི་ཕོ་བྲང་པོ་ཏཱ་ལའི་ཉམས་ཆགས་འཛུགས་སྐྲུན་སོགས་ཀྱི་ཐད་ཞལ་གསངས་པོའི་ཐོག་ནས་གླེང་སསློང་གནང་བ་སོགས་གང་ལྟར་ཁོང་གི་ལོ་རྒྱུས་ཞིབ་ལྟ་བྱས་ཚེ་དེ་ལྟ་བུའི་སྨྲས་ར་ཟུར་ཟ་བྱ་དགོས་པ་ཞིག་མཐོང་གི་མེད། ང་ཚོས་ལོ་གཉིས་ཙམ་གོང་དུ་བོད་མི་གསར་བརྗེ་བ་འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་ལོ་རྒྱུས་དེབ་འདི་བོད་ཡིག་ནང་མ་མཐོང་གོང་བོད་མི་ཚོས་ཁོང་ལ་གདེངས་འཇོག་གང་འདྲ་ཞིག་ཡོད་པ་རེད་དམ། ཁོང་བོད་མི་གུང་ཁྲན་ཏང་ཡོན་ཞིག་ཡིན་པར་ངོས་འཛིན་བྱ་གི་ཡོད་པ་རེད་དམ། རྒྱ་མི་གུང་ཁྲན་གྱི་ལམ་སྣེ་འཁྲིད་དེ་བོད་དུ་བཙན་འཛུལ་བར་གདན་འདྲེན་མཁན་ཞིག་ཏུ་ངོས་འཛིན་བྱ་གི་ཡོད་པ་མ་རེད་དམ། །ཁོང་གི་དེབ་བོད་ཡིག་ཐོག་ཐོན་རྗེས་ཁོང་ལ་འཛིན་པའི་ལྟ་སྟངས་ལ་འགྱུར་བ་གང་འདྲ་ཞིག་ཕྱིན་མ་སོང་ངམ། ང་ཕོད་ངག་དབང་འཇིགས་མེད་ལའང་ད་ེལྟ་བུའི་ལོ་རྒྱུས་ཀྱི་གྲུབ་ཆ་ཞིག་མེད་པ་རེད་དམ། ཁོང་གི་མི་ལོ་བརྒྱའི་རིང་གི་དར་མའི་དུས་ཚོད་འདི་བོད་གཞུང་གི་ཞབས་སྟེགས་ཐོག་ཞུགས་ཏེ་གཞུང་གི་ཞབས་ཞུ་གྲུབ་ཡོད་པ་དང་། ཁྱིམ་མཚེས་རྒྱ་ མི་དམར་པོས་དྲག་གནོན་བཙན་ཤུགས་བྱས་རྗེས་མཐོ་རིམ་མི་སྣ་སྤྱི་མཚུངས་དང་འདྲ་བར་གཞན་དབང་སྟབས་བསྟུན་གྱི་ལོ་ཟླའི་ནང་ཁོང་ནས་རང་ཉིད་ནས་ཐུབ་ཚོད་ཀྱིས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་ཐད་གལ་ཆེའི་ནུས་པ་བཏོན་ཡོད་པ་དེ་དག་ནག་བསུབ་ཏུ་བཏང་ན་རྩ་བ་ནས་མི་འགྲིག་པ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོས་ཁོང་གི་ཆེད་དུ་མྱ་ངན་ཞུ་དགོས་ལ། མ་ཎིའང་འདོན་དགོས་ངེས་རེད། དེ་བས་ཀྱང་ཁོང་ནས་དེ་སྔའི་སྐུ་ཚབ་ཚོགས་པ་བོད་དུ་ཕེབས་སྐབས་སོགས་སུ་འབྲེལ་བ་བྱུང་མེད་པ་དང་བསམ་འཆར་ཕུལ་ཡོད་མ་རེད་ཅེས་སུས་ཧམ་བཤད་བྱ་ཐུབ་ཀྱི་རེད་དམ།

    Reply
  45. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ཀརྨ་པ་དེ་བཞིན་བཞིགས་པའི་ལུང་བསྟན་དུ།

    བདུད་སྤྲུལ་བློན་པོ་ཀོང་ནས་འབྱུང།།
    དབུས་དཀྲུགས་དབུས་ཀྱི་ཆབ་སྲིད་འཇིག།
    ཅེས་གསུངས་ཡོད་འདུག །

    Reply
  46. གཡག་ལྡོམ says:
    ལོ་ 16 སྔོན།

    དེའི་དོན་ནི། ང་ཕོད་ལ་སྟོད་པས་མའོ་ལ་སྟོད་པ་ཤུགས་ཀྱིས་བསྒྲུབ་པ་ཡིན་མ་གོ་ཐལ།

    Reply
  47. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    བཀུར་འོས་དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུ།
    ང་ཕོད་བདུད་ཀྱི་སྤྲུལ་བར་ལུང་གིས་བསྟན་ཡོད། ཅེས་ངའི་གྲོགས་པོ་ཞིག་གིས་གསུངས་པའི་ལུང་དེ་ད་ལྟ་ངས་རེག་སོང་བས་ལྷན་རྒྱས་ཚོར་སྤྱན་འབུལ་ཞུ་རྒྱུ་ཡིན།
    དེ་ཡང་རྒྱལ་བ་ཀརྨ་མ་པ་སྐུ་འཕྲེང་ལྔ་བ་ཀརྨ་དེ་བཞིན་གཤེགས་པའི་ལུང་བསྟན་དུ།
    བདུད་སྤུལ་བླུན་པོ་ཀོང་ནས་འབྱུང། །
    དབུས་དཀྲུགས་དབུས་ཀྱི་ཆབ་སྲིད་འཇིག།
    ཅེས་གསུངས་ཡོད་འདུག
    ཀོང་ཞེས་པ་དེ་ཀོང་པོའི་ཡུལ་ནས་འབྱུང་བར་ལུང་བསྟན་པ་རེད། ཟེར།

    གང་ལྟར་ང་ཕོད་ལྷ་འདྲེ་གང་ཡིན་ཡང་གོང་དུ་དྲ་གྲོགས་ཚོས་གསུངས་པ་ལྟར་ཆིངས་ཡིག་དོན་ཚན་༡༧སོགས་དང་འབྲེལ་བ་ཡོད་པའི་མི་སྣ་རྒན་རིམ་པ་ཞིག་ཡིན་ཕྱིར་དེ་འགྲེལ་བཤད་ཁ་གསལ་ཞིག་གནང་ཡོང་གི་རེད་ལ་དེ་དགོས་ངེས་ཀྱང་རེད་སྙམ་ང་ཚོ་ཚང་མས་རེ་བ་བརྒྱབ་པ་རེད། དེ་ལྟར་མ་བྱུང་བར་མ་ཟད་ས་བྱི་ཞི་རྒོལ་ཆེན་མོ་སོགས་ལ་སྐྱོན་འཛུགས་བྱས་པ་དེ་དངོས་ཡོད་གནས་ཚུལ་རེད། དེར་བརྟེན་ང་ཚོའི་རེ་བ་དོན་སྨིན་མ་བྱུང་བ་རེད་ལ་དེ་ནི་བོད་རེ་བས་ཕོངས་ཟེར་བ་དེ་རང་མ་རེད་དམ།

    Reply
  48. གཡག་ལྡོམ says:
    ལོ་ 16 སྔོན།

    ལོ་རྒྱུས་ལོ་རྒྱུས་། ལོ་རྒྱུས་ཀྱིས་ཁྱོད་དང་ང་ཕོད་ལ་ཁ་གྲགས་ནས་ཤི་ནས་ཀྱང་བོད་མི་རིགས་ཀྱི་དགྲ་བོར་གྱུར་བ་རེད།

    Reply
  49. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    (དྲ་གྲོགས་གཅན་བཟོད་རྒྱམ་ལགས་ཁྱོད་མའོ་དང་ང་ཕོད་ལ་རླབས་ཆེན་གྱི་མཛད་པ་ཡོད་ལུགས་སྨྱོ་གཏམ་བཤད་ནས་མ་བསྡད་རོགས།
    )
    སྐད་ཆ་འདིའི་དོན་ཅི་ཡིན་ནམ། གཅན་བཟོད་རྒྱམ་གྱི་ཚིག་གི་སྔ་ཕྱི་གང་ན་ཡང་ཚིག་དོན་འདི་འདྲ་ཞིག་མེད་པར་སྙམ།
    མའོ་ནི་མའོ་རང་རེད། ངས་ང་ཕོད་དང་མའོ་གཉིས་བསྡུར་ས་མི་འགྲོ་གི་ཞེས་པ་དེ་ཡིན།

    Reply
  50. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཆིངས་དོན་ལ་མཚན་རྟགས་མི་རྒྱག་རང་རྒྱག་བྱས་པ་ཡང་ང་ཕོད་ལན་པས་རེད་དམ། ཆིངས་ཡིག་དོན་ཚན་བཅུ་བདུན་དེ་ལ་ང་ཚོས་ཡོངས་གྲགས་ཀྱིས་”མེ་མདའི་ཁ་ནས་བཞག་པ་”ཟེར་གྱི་ཡོད་པ་མ་རེད་དམ། འདི་ཡང་ང་ཕོད་ཀྱིས་བཀོད་སྒྲིག་དང་ང་ཕོད་ཀྱི་མེ་མདའི་ཁ་ནས་བཞག་པ་རེད་དམ།

    Reply
རྩོམ་ཡིག་སྔ་མ།
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese