མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་དང་ཁྱེད་རང་གཅིག་པ་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྟེང་ན་ཉེས་པ་ཅན་གྱི་ང་ཞིག་ཡོད།།
བར་ན་ཤེས་རབ་མེད་པའི་ང་ཞིག་ཡོད།།
གཞུག་ན་གང་ཡང་མི་འཇོན་ང་ཞིག་ཡོད།།
ང་འདི་ང་རང་ཡིན་པས་ཁྱེད་རང་མིན།།

ང་ཡིས་ཁྱེད་ལ་བརྟག་ནས་སྐྱོན་མི་འདྲི།།
ང་ཡིས་ཁྱེད་རང་མཇལ་དུས་ཁྲོ་མི་སློང་།།
ང་ཡིས་ཁྱེད་རང་འགྲོག་དུས་གཡོ་མི་བྱེད།།
ང་འདི་ང་རང་ཡིན་པས་ཁྱེད་རང་མིན།།

ཁྱེད་ལ་ཁྱེད་ཀྱི་རྣམ་དཔྱོད་ཐུར་མེད་ཅིག།
ཁྱེད་ལ་ཁྱེད་ཀྱི་རང་གཤིས་བརྟན་པོ་ཞིག།
ཁྱེད་ལ་ཀུན་གྱིས་དགའ་བའི་སྤྱོད་པ་ཞིག།
ཁྱེད་འདི་ཁྱེད་རང་ཡིན་པས་ང་རང་མིན།།

ཡིན་ཡང་ཁྱེད་དང་ང་ཡི་བར་ཐག་ན།།
འགྲོ་བ་མི་ཞེས་ཟེར་བའི་ཐ་སྙད་ཅིག།
ནང་དགོས་བོད་པ་ཟེར་བའི་རིགས་ཞེན་ཞིག།
དེ་ཉིད་བསམ་ན་འུ་གཉིས་གཅིག་པ་ཡིན།།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 12

  1. sha tak ri sim says:
    ལོ་ 17 སྔོན།

    གཅན་བཟོད་རྒྱམ་ལགས། གཉང་ནད་ཐེངས་ཤིག་གིས་གཉང་ཡིག་ཡིད་དུ་བརྟན་པོར་བཟུང་འདུག་པ་དེ་ཡང་དག་ཆ་ཞིག་གི་ཡར་རྒྱས་རེད་ལགས། རྗེས་ཕྱོགས་ངས་ཀྱང་གཉང་ཡིག་འདི་མི་ནོར་ཁོ་ཐག་ཡིན།

    ཁྲ་མོ་གླིང་གི་ཡུལ་ནས་ཁྱེད་འཁྲུངས་པ།།
    གླག་རྒོད་བཞིན་དུ་འཕུར་ནས་ཁྱེད་ཡོང་དུས།།
    སྤྱང་གྲང་འཛོམ་པའི་རིགས་པའི་བརྡ་དག་འདི།།
    གསུམ་ལ་གུས་པའི་འབངས་ཤིག་ཡིན་པར་མཐོང་།།

    Reply
  2. sherabt says:
    ལོ་ 17 སྔོན།

    ནོར་བཅོས། ཡིད། ཡོད། ཡོད།

    Reply
  3. sherabt says:
    ལོ་ 17 སྔོན།

    སྟེང་ན་གདོད་ནས་དག་པའི་ང་ཞིག་ཡིད༎
    བར་ན་ཐམས་ཅད་མཁྱེན་པའི་ང་ཞིག་ཡིད༎
    གཞུག་ན་འབད་མེད་ལྷུན་གྲུབ་ང་ཞིག་ཡོད༎
    ང་འདི་ཚང་མ་ང་ཚོ་བོད་ལ་ཡོད༎

    Reply
  4. chentsasopa says:
    ལོ་ 17 སྔོན།

    གཉང་གི་ཡི་གེ་འདི་རེད།”གཉང་” ང་ཁ་སྔོན་ཁོག་པ་མ་བདེ་བར་གཉང་ཤུར་བརྒྱབས་པས་ལས་ཁུངས་ལ་ནད་དགོངས་བཏང་དགོས་བྱུང་སོང་། དགོངས་ཞུ་ཡི་གེ་ནང་དུ་གཉང་ཤུར་ཇི་ལྟར་རྒྱག་བཞིན་པའི་སྐོར་ཁ་གསལ་དུ་བཀོད་ཡོད་པས་དགོངས་འཁྲོལ་གནང་རྒྱུར་སྟབས་བདེ་བྱུང་སོང་། དེ་ནས་བཟུང་གཉང་གི་ཡི་གེ་འདི་ཡང་་གང་ཡིན་གསལ་བོ་ཤེས་སོང་།

    Reply
  5. sha tak ri sim says:
    ལོ་ 17 སྔོན།

    ད་ནི་དངོས་ནས་སྐུ་ཉིད་ལ་ཞུ་རྒྱུ་གང་ཞིག་ཡིན་འགྲོ གཅན་བཟོད་རྒྱམ་ལགས། ང་རང་ལ་བསྟོད་པ་བྱེད་མི་དགོས་ལགས། བསྟོད་རྒྱུ་མང་དྲགས་ན་སྨྱང་ཡོང་། ཧཧཧཧཧཧ-

    Reply
  6. chentsasopa says:
    ལོ་ 17 སྔོན།

    ཚིག་དོན་གོ་བརྡ་མ་འཕྲོད་ན་འདི་འདྲ་རེད། ཕར་ལ་སྟོང་ཉིད་འདྲ་འདྲ་ཟེར་དུས་ཚུར་ལ་སྟོང་བཤད་རྒྱག་གི་ཟེར། སྟོང་ཉིད་འདྲ་འདྲ་ཟེར་བ་སྟོང་བཤད་ལ་ཇི་ལྟར་འགྱུར་སོང་བ་ཡིན་ནམ། ད་འོ་ན་ཁྱོད་ཀྱིས་བྲིས་པ་ཧ་ཅང་བཟང་གི མུ་མཐུད་ནས་ཤུགས་རྒྱོབས་ཟེར་དགོས་ནི་ལོས་ཡིན། ཧ་ཧ་ཧ།

    Reply
  7. sha tak ri sim says:
    ལོ་ 17 སྔོན།

    སྐར་ཁྲི་བཙན་ལགས།
    དེ་རིང་ཁྱེད་རང་བལ་ཡུལ་གྲོང་ན་ཡོད།།
    ང་རང་ཕྱི་ཡུལ་གཞན་གྱི་རི་ན་ཡོད།།
    འདུག་ས་མི་གཅིག་རང་ཡུལ་དེ་བས་མིན།།
    ནམ་ཞིག་ཁ་བའི་ལྗོངས་སུ་འཛོམ་པར་སྨོན།།

    གཅན་བཟོད་རྒྱམ་ལགས།
    སྟོང་བཤད་རྒྱག་པར་བདག་གིས་འབད་ཀྱི་མེད།།
    རེ་བཞག་བོར་བའི་རང་གི་ཕྱི་ནང་ཀུན།།
    བསྔོག་བཞིན་བསྔོག་བཞིན་ཟིན་བྲིས་སྤེལ་བ་འདིས།།
    སྐུ་ཉིད་མགོ་འཐོམ་བཟོས་པ་ཡིད་རེ་སྐྱོ།།

    གནམ་ལྕགས་ལགས།
    ཁྱེད་ནི་མ་འོངས་བོད་ཀྱི་རྡོ་རིང་ཡིན།།
    ང་ནི་མ་འོངས་བོད་ཀྱི་ཞབས་འདྲེན་ཡིན།།
    འུ་གཉིས་སོང་བའི་ལམ་ཕྲན་མི་གཅིག་རང་།།
    ཕན་ཚུན་བཅིངས་པའི་བརྩེ་འདང་ཟབ་མོ་ཡིན།།

    Reply
  8. kkalsang says:
    ལོ་ 17 སྔོན།

    ང་ནི་གཤོག་པ་ཐོགས་པའི་སྒྱུ་འཕྲུལ་གྱི་ཁྱེའུ།།
    ཁྱོད་ནི་ལྷ་དང་ལྷ་མོའི་ལུང་བསྟན་གྱི་བུ་ཆུང་།།
    འུ་གཉིས་ལས་ཀྱིས་བསྐོས་པའི་ལམ་ཁ་ནས་འཕྲད་ཀྱང་།།
    ཐོད་པའི་ཁ་ཡིག་རྒྱང་རིང་སོ་སོ་རུ་གྱེས་ཡོད།།

    Reply
  9. chentsasopa says:
    ལོ་ 17 སྔོན།

    སྐར་ཁྲི་བཙན་ཡིན་ན་འདིས་བོད་མིན་རྒྱ་ཡིན་དང་། བསམ་བློ་དང་འདོད་པ་མི་གཅིག་པ་ཡིན་མདོག་མདོག་འདྲ་ཞིག་བཤད་འདུག་ནོ། དེ་རིང་ད་ཁྱོད་ར་བཟི་བསྡད་ཡོད་ཀི་པ།

    ཤ་ཁྲག་གི་རྩོམ་བཀླགས་ཟིན། ད་ཁྱོས་ར་བསྡད་ཀིན་བསྡད་ཀིན། ཨ་ཁུ་ཁ་བའི་སྙན་ངག་འདྲ་འདྲ། སྟོང་ཉིད་འདྲ་འདྲ། རྟེན་འབྱུང་འདྲ་འདྲ། ང་འདྲ་བ་ཚོས་ཀློག་ཤེས་ཀྱང་དོན་ཤེས་རྒྱུ་མ་རེད་ཀོ།

    Reply
  10. Baichung says:
    ལོ་ 17 སྔོན།

    ཁྱེད་ནི་བཟང་སྤྱོད་ཀུན་ལྡན་མི་བུ་ཞིག།
    ང་ནི་ངན་དགུ་ཚང་བའི་ཁྲེལ་མེད་ཅིག།
    འུ་གཉིས་རིགས་རྒྱུད་གཅིག་ལས་ཆད་ན་ཡང་།།
    མི་ཚེའི་ལྟ་བ་མི་གཅིག་སོ་སོ་ཉིད།།

    ཁྱོད་ནི་བོད་ལ་དགའ་བའི་བོད་ཕྲུག་ཅིག།།
    ང་ནི་རྒྱ་ལ་འཁོར་་བའི་ཁྱི་་ཕྲུག་ཅིག
    འུ་གཉིས་ལུང་བ་གཅིག་ནས་འཚར་ན་ཡང་།།
    མི་ཚེའི་བགྲོད་ལམ་མི་གཅིག་ཁ་ཁ་ཡིན།།

    ཁྱོད་ནི་་དམ་ཚིག་གཙང་བའི་དད་ལྡན་ཞིག།
    ང་ནི་གཡོ་སྒྱུའི་འབགས་པའི་རུལ་སུངས་ཤིག།
    འུ་གཉིས་ཁ་ནས་བཤད་སྟངས་མཚུངས་ན་ཡང་།།
    དོན་ལ་ཁོག་གི་འཆར་སྒོ་ལོག་ཁ་ཡིན།།

    Reply
  11. sha tak ri sim says:
    ལོ་ 17 སྔོན།

    ཁ་བ་ནག་པོ་ལགས། འདང་རྒྱག་ནང་དུ་གཡུགས་ཐང་ཐལ། ད་མ་འགྲིག་ནི་རེད། ཧཧཧ

    Reply
  12. kawakarpo says:
    ལོ་ 17 སྔོན།

    དགའ་བསུ་ཞུ། སྙན་མོ་ཞིག་དང་འདང་རྒྱག་དགོས་པ་ཞིག་བྲིས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese