མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏང་ལ་རྩོད་པ་བརྒྱབས་པའི་ལོ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

ནམ་རྒྱུན་ལོ་མཇུག་ལ་སླེབས་དུས་ང་ལ་བརྒྱུད་མ་ཐག་པའི་ལོ་དེར་ཕྱིར་ལྟ་རེ་བྱེད་རྒྱུའི་གོམས་སྲོལ་ཞིག་འཇགས་ཡོད། དེའི་རྣམ་པ་ནི་སོ་སོ་འགག་འཕྲང་བཙན་པོ་ཞིག་ནས་ཐར་ཙམ་བྱུང་རྗེས་འགག་དེའི་ཉེན་ཁའི་ཆེ་ཆུང་བློ་ལ་ངེས་ཆེད་དུ་ཕྱིར་བལྟ་རེ་བྱེད་པ་དང་མཚུངས།

༢༠༠༩ ལོ་འདི་ཡང་ ༢༠༠༨ ལོ་ནང་བཞིན་དཀའ་ཁག་དང་འཇིགས་སྣང་མང་སྟབས་འཁྱོལ་ཁག་པོ་བྱུང་། ཉིན་རེ་བཞིན་འཛིན་བཟུང་དང་ཁྲིམས་གཅོད། བཙོན་འཇུག བསད་རྨས་བཅས་ནི་རྒྱུན་ཆགས་ཀྱི་གསར་འགྱུར་མགོ་བརྗོད་དག་རེད། དེ་ལས་ཀྱང་གསལ་བོ་བྱུང་བ་ཞིག་ལ། ལོ་འདི་ནི་བོད་མི་ཚོས་ཏང་ལ་རྩོད་པ་བརྒྱབས་པའི་ལོ་ལྟ་བུ་ཞིག་ཏུ་གྱུར། འདིའི་གོ་དོན་ནི་ལོ་འདིར་རྒྱ་གཞུང་གིས་སྔར་ལོའི་ཞི་རྒོལ་ཆེན་མོ་དང་འབྲེལ་བའི་བོད་མི་ཚོར་ཁྲིམས་ཐག་བཅད་ཡོད་ལ། མང་པོ་ཞིག་ནི་སྔར་ལོའི་ཞི་རྒོལ་དང་འབྲེལ་ནས་གསར་དུ་བཟུང་སྟེ། ཁྲིམས་ཁང་ལ་ཁྲིད་ཅིང་བཙོན་ཁང་ལ་བཅུག་ཡོད། མི་རྣམས་ཀྱི་བསམ་ཚུལ་ལ། ཁྲིམས་ཁང་ཟེར་དུས་བཤད་ས་དང་གཏུགས་ས་ཞིག་ཡོད་པ། དཀར་ནག་གི་དབྱེ་བ་བཀར་ཏེ་ཐག་གཅོད་ས་ཞིག་ཡིན་པར་འདོད་ཀྱང་། རྒྱ་ནག་ལ་མཚོན་ན་དེ་ནི་མིང་བརྗེ་བ་ཙམ་མ་གཏོགས་དོན་དངོས་སུ་གུང་ཁྲན་ཏང་དང་དེའི་ཁ་གཏད་དུ་ལངས་པའི་མི་སྒེར་བ་དེ་གཉིས་ཀྱི་སུ་དཀར་པོ་དང་སུ་ནག་པོ་ཡིན་མིན་ལ་རྩོད་པ་རྒྱག་པ་ལྟ་བུ་ཞིག་ཡིན། དེར་བརྟེན་ལོ་འདིར་བོད་མི་ཚོས་སྔར་ལོའི་ཞི་རྒོལ་དང་འབྲེལ་བའི་གྱོད་དོན་རྣམས་ཏང་ལ་རྩོད་པ་བརྒྱབས་པའི་གོ་རིམ་ཁྲོད་བོད་མི་སུ་གཅིག་ཀྱང་དཀར་པོ་ཆགས་ཐུབ་མེད་ལ། ད་དུང་མང་པོ་ཞིག་གིས་རྩོད་པ་རྒྱག་རྒྱུར་བསྒུག་བསྡད་ཡོད། དཔེར་ན། ད་ལོར་བཙན་བྱོལ་བོད་མི་ཚོས་རྒྱབ་སྐྱོར་གྱི་སྐད་འབོད་དང་ལས་འགུལ་སྤེལ་བའི་དོན་གྲུབ་དབང་ཆེན་གྱི་ཁྲིམས་བཤེར་ལྟ་བུ་རེད། ཁོང་ནང་བཞིན་གྱི་ཆབ་སྲིད་བཙོན་པ་མང་པོ་ཞིག་ལ་ད་དུང་ཁྲིམས་བཤེར་ཙམ་ཡང་མེད་པར་བཙོན་ཁང་ཁག་གི་ནང་རྫོག་ནས་བཞག་ཡོད།

ལོ་འདི་ནི་རྒྱ་ནག་ལ་མཚོན་ན་ཆབ་སྲིད་ཀྱི་ཚོར་ཤུགས་རྣོ་བའི་དུས་དྲན་མང་བའི་ལོ་དེ་ཡིན་སྟབས། སྤྱི་ཡོངས་ཀྱི་ཆ་ནས་དམ་དྲག་ཀྱང་ཧ་ཆང་ཆེ་བའི་ལོ་དང་། བོད་མི་ལམ་འགྲོ་བ་རྣམས་ལའང་དོན་མེད་འདྲི་བརྩད་མང་ཞིང་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཆེ་བའི་ལོ་ཞིག་ཆགས་ཡོད། དེར་བརྟེན་ཁྲིམས་ཁང་དང་བཙོན་ཁང་མིན་པའི་ལམ་མདོ་དང་སྒར་གྲོང་སོགས་སུའང་བོད་མི་ཚོས་ཉིན་རེའི་འཚོ་བའི་ཁྲོད་རང་ཉིད་ལ་སྲུང་སྐྱོབ་དང་འབྲེལ་ཏེ་རིམ་པ་སྣ་ཚོགས་ནས་ཏང་ལ་ཁ་རྩོད་བརྒྱབས་ཡོད།

འདི་ལྟར་སྤྱིའི་ཆ་ནས་ལོ་འདིར་བོད་རིགས་ཆབ་སྲིད་བཙོན་པ་རྣམས་ལ་ཁྲིམས་ཆད་བཏང་ཞིང་། བོད་མི་ཚོའི་ཕྱོགས་ནས་དྲང་བདེན་གྱི་ཁྲིམས་བཤེར་རེ་ཡོང་རྒྱུའི་རེ་བ་བརྒྱབས་ཀྱང་། གྱོད་དོན་གཏུགས་བཤེར་སྐབས་བོད་རིགས་སུ་གཅིག་ལའང་དྲང་བདེན་གྱི་རྒྱལ་ཁ་ཐོབ་མེད་ལ། མདོ་དོན་རྒྱ་ནག་གི་ཁྲིམས་ཁང་ཞིག་ལ་ཕྱིན་ནས་ཁྲིམས་རྩོད་རྒྱག་པ་ནི་གུང་ཁྲན་ཏང་གི་ལས་ཁུངས་ཤིག་ལ་ཕྱིན་ནས་རྩོད་པ་རྒྱག་པ་དང་གཅིག་མཚུངས་ཡིན་ནོ།།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

༢༠༢༦/༡༠/༢༡
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

༢༠༢༦/༡༠/༢༡
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

༢༠༢༦/༡༠/༢༡
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠

མཆན། 1

  1. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    རེད་རེད་བདེན་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese