མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གར་ནི་ངའི་ནང་འདྲ་བོ་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྡོ་རྗེ་གདན་དུ་འགྲེམས་སྟོན་ཁང་ཞིག་དབུ་འབྱེད་སྐབས་ཁོང་གིས་རྒྱ་གར་ནི་ངའི་ཡུལ་འདྲ་བོ་ཡིན་ཞེས་གསར་འགོད་པར་གསུངས་ཡོད་འདུག

ཕྱི་ཚེས་ ༥ ཉིན་ ANI  དྲ་ཚིགས་ཐོག་གནས་ཚུལ་ཐོན་གསལ་ལྟར་ན། གོང་ཚེས་ཉིན་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་འགྲེམས་སྟོན་ཁང་ཞིག་དབུ་འབྱེད་སྐབས་ཁོང་གིས་ངོས་རང་རྒྱ་གར་གྱི་ཁྱིམ་ཚང་རྒྱལ་ཁབ་འདིའི་ནང་སྔར་བཞིན་སྤྲོ་བོ་འདུག་ཅེས་གསུངས་ཡོད་ལ། ཡུལ་འདིར་ཆོས་ལུགས་ཕན་ཚུན་བར་འཆམ་མཐུན་ཡོད་པ་དེ་ནི་རྒྱ་གར་གྱིས་ངོམ་ཆོག་པའི་རྒྱན་ཆ་ཞིག་རེད། ངོས་རང་རླབས་ཆེ་བའི་རྒྱལ་ཁབ་འདིའི་ཞི་བདེ་དང་འཚེ་མེད་ཞི་བའི་བརྡ་ལན་སྐྱེལ་མཁན་ཞིག་ཡིན་ལ། ངོས་རང་ཉིད་ལ་རྒྱ་གར་གྱི་བུ་ཞིག་ཡིན་པའི་ཚོར་སྣང་ཡོང་གིན་འདུག་ཅེས་གསར་འགོད་པར་གསུངས་ཡོད་འདུག

དེ་བཞིན་༧གོང་ས་མཆོག་གིས། ཤིན་ཏུ་རྙོག་འཛིང་ཆེ་བའི་དེང་དུས་ཀྱི་སྤྱི་ཚོགས་ནང་དུ་ནང་ཆོས་ཀྱིས་ཞི་བདེའི་ཕོ་ཉ་བྱ་ཐུབ་ཀྱི་ཡོད་ལ། ཆོས་ལུགས་ཕན་ཚུན་འཆམ་མཐུན་ཡོང་བར་རྒྱ་གར་གྱིས་དམིགས་བསལ་གྱི་འགན་བཞེས་ཏེ་འཛམ་གླིང་ནང་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་དགོས་ཀྱི་འདུག་ཅེས་དང་། ཐེངས་འདིའི་རྡོར་གདན་གྱི་གཟིགས་སྐོར་དང་འབྲེལ་བའི་ཐད་ནས་གསུངས་དོན་དུ། ནང་པའི་གྲྭ་བ་ཞིག་ཡིན་པའི་ཆ་ནས་སངས་རྒྱས་ལ་གུས་བ་མཚོན་ཆེད་དུ་གོ་སྐབས་ནམ་བྱུང་ལ་ངོས་རང་འདིར་ཡོང་ནས་གསོལ་བ་སྨོན་ལམ་འདེབས་ཀྱིན་ཡོད་ཅེས་བཀའ་གནང་འདུག

མཆན། 4

  1. ནད་པ says:
    ལོ་ 12 སྔོན།

    རྒྱ་གར་ནི་ལོ་ངོ་ཁྲི་ཡི་གནའ་བོའི་ཧིན་རྡུའི་ཆོས་ལུགས་རྙིང་ཤོས་ཀྱི་རིག་གཞུང་དང་མི་ལོ་༢༥༥༠ སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་ཡོད་པའི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན།

    གནའ་བོའི་ཆོས་དང་། རིག་གཞུང་། སྐད་ཡིག ཆབ་སྲིད། མི་གཤིས། ཀུན་སྤྱོད། ཞི་བདེའི་འཚོ་གནས་སོགས་ཕྱོགས་ཡོངས་ལ་ཞིབ་ཏུ་དཔྱད་ན་རྒྱ་གར་དང་བོད་གཉིས་ནི་ཕ་བུའི་འདུ་ཤེས་སམ་ཡང་ན་དགེ་སློབ་གཉིས་ཀྱི་འབྲེལ་ལམ་ལྟ་བུ་ཞིག་ཆགས་ཡོད།

    དེར་བརྟེན་༸ གོང་ས་མཆོག་གི་གསུངས་པ་ལྟར་རྒྱ་གར་གྱི་ལུང་པ་འདི་ང་ཚོ་བོད་རིགས་ཚོར་མཚོན་ན་སོ་སོའི་བུ་སྤུན་ཞིགགི་ནང་ལ་བསྡད་པ་དང་གཅིག་མཚུངས་ཡིན།

    རྒྱལ་ཁབ་འདི་གཉིས་ཀྱི་འབྲེལ་ལམ་ནི་གཙོ་བོ་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ལ་གཏིང་གཟབ་པའི་འབྲེལ་བ་དམ་པོ་ཞིག་ཡོད་ལ་ལར་ནས་ཞི་བདེ་དང་། དྲང་བདེན། བཟང་སྤྱོད་ཀྱི་འབྲེལ་ལམ་ཞིག་ཡིན་སྟབས་ཕྱོགས་ཕན་ཚུན་སུ་ལ་དཀའ་ངལ་འཕྲད་མིན་ལ་མ་ལྟོས་པར་བསྐལ་པ་ཇི་སྲིད་ཀྱི་བར་ལའང་རྒྱ་གར་དང་བོད་གཉིས་ཀྱི་མཐུན་སྒྲིལ་ནི་བུ་སྤུན་ལྟ་བུར་གནས་ངེས་ཡིན།

    ༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་གཅིག་ཡིན་པ་མ་ཟད་རྒྱ་གར་རྒྱལ་ཁབ་ཆེནཔོའི་ཆོས་ལུགས་ཀྱི་དབུ་འཁྲིད་དམ་པ་ཞིག་སྒོས་སུ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་བཅས་ཡིན་སྟབས་ང་ཚོས་༸ གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་ལམ་ཅི་མི་འདེབས

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 12 སྔོན།

    བོད་ཀྱི་གནས་སྟངས་འདི་ལ་ཡར་རྒྱས་ཀྱི་འགྱུར་བ་རེ་མ་སོང་ན་ངས་ཀྱང་རང་གི་ཚེ་མཇུག་དེ་རྒྱ་གར་དུ་སྐྱེལ་རྩིས་ཡིན། རྒྱ་གར་གྱི་ཡུལ་འདིར་ག་ཚོད་ཡུན་རིང་པོར་བསྡད་པ་དེ་ཙམ་གྱིས་སྐྱིད་སྣང་ཞིག་སྐྱེས་ཡོང་གིན་འདུག

    Reply
  3. བསྟན་འཛིན་ཤེས་རབ། says:
    ལོ་ 12 སྔོན།

    སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པར་ཤོག

    Reply
  4. ཁུ་སིམ་མེར། says:
    ལོ་ 12 སྔོན།

    སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist