མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བྱིས་པ་ཚོ་བོད་ཡིག་སྦྱོང་གི་ཤོག

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཆོས་ཡག་པོ་ཞིག་ཤེས་པ་ལ་བོད་ཡིག་དེ་མེད་དུ་མི་རུང་བས། མ་འོངས་པར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁུལ་གྱི་སློབ་གྲྭའི་ནང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བོད་ཡིག་སྦྱོང་མཁན་རྣམས་འཛུལ་ཞུགས་ཀྱི་གོ་སྐབས་སྤྲད་དེ་མཐུན་རྐྱེན་སྤྲད་ཆོག་གི་རེད་ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

ཕྱི་ཚེས་ ༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ བའི་སྟེང་༧གོང་ས་མཆོག་རྡོར་གདན་གསུང་ཆོས་རྭ་བར་ཞབས་སོར་བཀོད་དེ་ཐོག་མར་རྒྱལ་ཁབ་འདྲ་མིན་གྱི་སྐད་རིགས་ཐོག་ཤེས་རབ་སྙིང་པོའི་མདོའི་བཀའ་ཆོས་སྒྲོག་སྦྱོང་གནང་རྗེས། ༧གོང་ས་མཆོག་གིས་རྗེ་ཙོང་ཁ་བས་མཛད་པའི་ལམ་རིམ་བསྡུས་དོན་གསུང་ཆོས་གནང་མགོ་བརྩམས་པ་དང་། གསུང་ཆོས་མ་གནང་གོང་༧གོང་ས་མཆོག་གིས་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་ནང་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དམིགས་བསལ་གྱིས་བཀའ་སློབ་གནང་ཡོད། ༧གོང་ས་མཆོག་གིས་གསུངས་དོན། འདིར་ཧི་མ་ལ་ཡའི་རི་བརྒྱུད་ནས་ཡོང་བསྡད་མཁན་ཁྱེད་རང་ཚོ་ང་ཚོ་བོད་གངས་ཅན་གྱི་ལྗོངས་དང་འབྲེལ་བ་ཡོད་ལ། སྔར་དུས་རབས་བདུན་པ་ནས་བཟུང་རྒྱ་གར་ནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། རིམ་གྱིས་བོད་ནས་ཧི་མ་ལ་ཡའི་རི་བརྒྱུད་ལ་ཚུར་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་བྱུང་བ་རེད། སྐད་རིགས་གང་འདྲ་ཞིག་ཡོད་ཀྱང་དོན་གྱི་སྙིང་བོ་བཀའ་འགྱུར་དང་བསྟན་འགྱུར་ཡོད་པའི་ཡི་གེ་དེ་རེད།  ང་ཚོ་ཆོས་ལུགས་དང་རིག་གནས་གཅིག་མཚུངས་ཆགས་ཡོད་པ་རེད། འདས་པའི་དུས་ནས་བཟུང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ལ་དྭགས་དང་མོན་རྟ་དབང་། དེ་བཞིན་བལ་ཡུལ་གྱི་ཤར་པ་དང་རྟ་མང་བཅས་ནང་པའི་མི་རིགས་ཚོ་རིམ་གྱིས་ཆོས་ཀྱི་སློབ་སྦྱོང་ཐོག་དོ་སྣང་གསར་བ་ཡོང་གི་ཡོད་པ་རེད། ཁྱེད་རང་ཚོས་ཆོས་ལ་སློབ་སྦྱོང་བྱས་པ་དེ་ཧ་ཅང་ཡག་པོ་རེད་ལ། མ་འོངས་པར་ཁྱེད་རང་ཚོས་ངེས་པར་དུ་སློབ་སྦྱོང་ཐོག་འབད་བརྩོན་གནང་དགོས་ཞེས་གསུངས།
 
ཡང་༧གོང་ས་མཆོག་གིས་ཧི་མ་ལ་ཡའི་རི་བརྒྱུད་ཤིང་ནགས་སྟུག་པོ་ཡོད་སྟབས། ཁོར་ཡུག་ཐོག་སྲུང་སྐྱོབ་ལ་དོ་སྣང་བྱ་དགོས་པའི་འབོད་སྐུལ་གནང་བར་མ་ཟད། བོད་གངས་ཅན་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་ཉག་ཕྲ་བའི་དུས་སྐབས་སུ་སླེབས་ཡོད་པ་དང། གལ་སྲིད་མུ་མཐུད་ཉམ་ཆགས་སུ་ཕྱིན་པ་ཡིན་ན། འཛམ་གླིང་འདིའི་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ཆ་ཚང་བ་སྤུས་དག་ཤོས་ཤིག་ཡོད་བསྡད་པ་དེ་བརྒྱུད་འཛིན་བྱ་མཁན་དེ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཁྱེད་རང་ཚོ་ཆགས་ཡོད་པ་རེད། སངས་རྒྱས་ཀྱི་ཆོས་ཡག་པོ་ཞིག་ཤེས་པ་ལ་བོད་ཡིག་དེ་མེད་དུ་མི་རུང་བ་ཆགས་ཡོད་སྟབས། མ་འོངས་པར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁུལ་གྱི་སློབ་གྲྭའི་ནང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བོད་ཡིག་སྦྱོང་མཁན་རྣམས་འཛུལ་ཞུགས་ཀྱི་གོ་སྐབས་སྤྲད་དེ་མཐུན་རྐྱེན་སྤྲད་ཆོག་གི་རེད་ཅེས་གསུངས་ཡོད།

གསུང་ཆོས་ཀྱི་ཉིན་གསུམ་པའི་སྟེང་༧གོང་ས་མཆོག་གིས་དེར་ཡོད་དད་ལྡན་པ་བཞི་ཁྲི་ ༤༠༠༠༠ བརྒལ་བར་གསུང་ཆོས་གནང་རྗེས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཕེབས་པའི་རྒྱ་རིགས་དད་ལྡན་པ་ ༤༠༠ ལྷག་ལ་དམིགས་བསལ་མཇལ་འཕྲད་ཀྱིས་བཀའ་སློབ་གནང་ཡོད་པར་མ་ཟད།  སྔར་ལོའི་ཞི་རྒོལ་གྱི་ལས་འགུལ་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམས་ལ་བསྔོ་སྨོན་གསོལ་འདེབས་གནང་ཡོད་པ་དང་། དེ་བཞིན། ཐེངས་འདིའི་གསུང་ཆོས་ཀྱི་གོ་སྐབས་དང་སྟབས་བསྟུན་ཏེ་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གིས་དམར་ཟས་མཚམས་འཇོག་གྱི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང། དེའི་སྟེང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆར་ཌི་གྷིར་ལགས་ཀྱིས་རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་མི་ཚོར་མཐུན་རྐྱེན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་གསོལ་ཞུས་པའི་གཏམ་བཤད་སྤེལ་བ་དང་།  བོད་རང་དབང་གི་གཞོན་སྐྱེས་དང་བླངས་པ་ Youth Volunteer For Free Tibet ཞེས་པའི་ཚོགས་པས་ལོ་སྔོན་མའི་ཕྱི་ཚེས་ ༣༡ ནས་བདུན་ཕྲག་གཅིག་རིང་པན་ཆེན་ཆུང་སྲིད་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་གློད་གྲོལ་ཐད་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༦ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 27

  1. karma dorje says:
    ལོ་ 15 སྔོན།

    ཧི་མ་ལ་ཡ་དྲན་གླུ

    དུས་གསུམ་འདས་པའི་དུས་སྨད་ལ། །
    དགུན་གསུམ་གར་ཞའི་ཡུལ་དུ་བསྡད། །
    དབྱར་གསུམ་གནས་སྐོར་ཐག་ཉེ་འཁོར། །
    ལོ་གསུམ་སྡོད་ཐག་ཐུང་ལགས་སམ། །

    བོད་སེམས་བསྟན་དད་འབར་འགྱུར་ཅིག །

    Reply
  2. karma dorje says:
    ལོ་ 15 སྔོན།

    རི་མཐོར་༼བོད་སྐད༽སྐད་བྱང་༼ནང་ཆོས༽ཆོས་དར་ཤོག །

    Reply
  3. འཆི་བདག་ནག་པོ says:
    ལོ་ 15 སྔོན།

    ནོར་བ་་་་་་་་་་་་་སྔར་ལྟེ་་་་་་་་་་་སྔ་ལྟས་

    Reply
  4. འཆི་བདག་ནག་པོ says:
    ལོ་ 15 སྔོན།

    ང་ཚོ་མས་པོའི་བརྒྱུད་པ་ཡང་དག་ཧི་མ་ལ་ཡའི་མི་རིགས་ཀྱི།།
    གཞོན་སྐྱེས་བྱིས་པ་ལོ་ཆུང་དག་གི་རང་གི་སྐད་ཡིག་སྤྱང་བ་འདི།།
    བོད་ཀྱི་བསྟན་པ་ཕྱོགས་དུས་ཀུན་དུ་དར་ཞིང་རྒྱས་པའི་སྔར་ལྟེ་དང་།།
    མི་ལོ་ལྔ་བཅུའི་ཞེ་འཁོན་སྐྱུར་མོ་མྱུར་དུ་མཐའ་ནས་སངས་རྟགས་ཡིན།།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༡༩༩༨ལོ་ནས་འགོ་འཛུགས་ནས་༢༠༡༠་བར་དུ་བོད་ཀྱི་སྐད་ཡིག་ནང་ནད་འབུ་བཏང་དང་གཏོང་བཞིན་པ་རེད། ཡིན་ཡང་ནད་འབུ་འདི་ཚོ་ཡོང་ཁུངས་ངོ་མ་དེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་རེད། དཔེ་ན་༢༠༠༩་ཕྱི་ཟླ་༡་ཚེས་༥ཉིན་ཉིན་གཅིག་གི་གསར་འགྱུར་ནང་བཀོད་པ་རྣམས་འདིར་གཟིགས།
    ཨི་ཇིཕ་རའིལ། ཤོན་མེཀ་ཀོར་མེཀ ཨེ་འུརྡ་ཨོལ་མརཊི། ཤིལྦ་སེ་ནེའུ། སུ་རེཤ་པ་ར་སྦུ།
    ཨ་ཨེཕ་པི། སྦུཤི། ཆེ་རའེ་སེ། ཨེ་སེ་རའིལ། ཤིལྦ་ཤང་ཀར་མེ་ནན། ཨཇ་མལ་ཀ་སབ།
    ཨན་དར་པར་དེཤ། པི་ཀྲི་ཨའེ།
    ཉིན་གཅིག་གི་གསར་འགྱུར་ནང་དུ་ནད་འབུ་འདི་འདྲ་སླེབས་པ་ཡིན་ན་མི་རིང་བ་བོད་ཀྱི་སྐད་ཡིག་འདི་ཤི་ངེས་ཡིན་པས་དྲ་གྲོགས་ཚང་མས་ཐུགས་ལ་ཞོགས།
    མ་ཟད་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་དང་སིད་སུ་ས་གནས་མི་དམངས་ཀྱི་སྒྲིག་གཞི་དང་མཐུན་པའི་ཐོག་ནས་ཁྲིམས་གཏུག་བྱེད་ཆོག་པ་ཞིག་རེད་དྲིན་གྱིན་འདུག

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དེང་སང་ང་རང་ཚོར་ཡོད་བཞིན་པའི་བོད་ཡིག་རྣམས་མི་ཤེས་ནས་དཀའ་ངལ་ག་ཚོད་མི་འདུག་གམ། དེའི་སྟེང་ཏུ་ཐ་སྙད་གསར་པ་ཐམས་ཅད་སྔགས་ཡིག་ལྟ་བུ་དང་ཕྱི་ལོག་སུམ་རྟག་གི་སྒྲིག་གཞི་དང་འགལ་བ་བྲིས་པར་ཡིན་ན་བོད་ཀྱི་སྐད་ཡིག་འདི་བེད་མེད་དུ་འགྱུར་ངེས་ཡིན།
    ཤེས་རིག་ལས་གཙོ་བོད་ཀྱི་མཁས་དབང་རྣམས་ཚོགས་འདུས་མང་པོ་འཚོགས་སོང་ཡང་འདིའི་སྐོར་ཅིག་ཀྱང་གླེང་པ་གོ་མ་མྱོང།
    དེ་བསྟེན་སྤྱི་འཐུས་མཆོག་གིས་འགོ་ཁྲིད་དང་ང་ཚོས་བོད་གཞུང་ཁྲིམས་ཁང་ནང་དུ་ཁྲིམས་གཏུག་བྱེད་ཆོག

    Reply
  7. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    མ་བོད་བཟའི་ལྷ་སྲས་རྒྱལ་ཞེན་ལྷག་བསམ་དང། དྲང་བདེན་གྱིས་ཕྱུག་པའི་བཀུར་འོས་དྲ་གྲོགས་ཅོ་རི་ཉི་མ་ལགས།
    ཉིན་ཤས་སྔོན་དུ་ཁྱེད་ཀྱིས་ཕྲན་གྱི་ཟིན་བྲིས་ནང་མི་གཞན་གྱིས་གང་བྱུང་བོད་ཡིག་བྲིས་བཞག་པ་ཁག་གཅིག་དང། སྐུ་ཉིད་ཀྱི་དགོངས་ཚུལ་བཅས་བྲིས་གནང་འདུག་པ་ཕྲན་གྱིས་མཇལ་སོང། དེ་ཡང་དཔེར་ན།

    ༼༼ཅོ་རི་ཉི་མ།
    ༢༠༡༠/༠༡/༠༨ ཉིན་འདོན་སྤེལ་བྱས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྡེ་ཚན་ནས་ Afghanisthan ཞེས་པའི་ཡུལ་མིང་ཞིག་ལ་བོད་ཡིག་ཐོག་ནས་ཨཕ་ག་ནིསྟ྄ན་ཞེས་བྲིས་ཡོད་པ་དེ་ཚོ་ནི། ང་རང་ཚོ་བོད་ཁ་བ་ཅན་གྱི་སྐད་ཡིག་སློབ་དཔོན་ཐོན་མི་སམ་བྷོ་ཊ་ཡི་ཡིག་སྲོལ་དང་མི་མཐུན་པའི་འབྲི་སྟངས་ཞིག་རེད་འདུག་སྙམ། སུམ་བཅུ་པའི་རྩ་བ་ལས། ག་ང་ད་ན་བ་མ་འ། ར་ལ་ས་རྣམས་རྗེས་མཇུག་བཅུ། ད་དང་ས་གཉིས་ཡང་མཇུག་སྟེ་ཞེས་རྗེས་མཇུག་བཅུ་དང་ཡང་མཇུག་གཉིས་གསུངས་ཡོད། དེང་སང་མཁས་དབང་ཚོས་ཀ་དང་ཡ་གཉིས་རྗེས་མཇུག་དང་ན་ཡང་མཇུག་བཞག་ནས་བྲིས་པ་དང༌། ཨ་དང་ཕ་གཉིས་མིང་གཞི་མཉམ་འཇོག་བྱས་ནས་བྲིས་པ་འདི་རིགས་བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཐོན་མི་སམ་བྷོ་ཊ་རང་ཉིད་ཀྱིས་ཀྱང་བོད་ཡིག་ཀློག་མི་ཤེས་པ་ཞིག་འོང་ངེས་ལ། རྩ་བ་བརྟེན་ས་དང་ཁུངས་གཏུག་ས་མེད་པར་རང་སྣང་གང་ཤར་བྱས་ནས་བྲིས་པ་དེས་བོད་མི་རིགས་ཀྱི་སྐད་ཡིག་སིལ་བུར་འཐོར་འགྲོ་བའི་རྐྱེན་དུ་སྣང༌།༽༽
    ཞེས་སོགས་ཉིད་ཀྱིས་གསུངས་པ་ལྟར་ཡུལ་ལུང་གཞན་གྱི་མིང་ཚིག་གསར་བའི་རིགས་སོགས་རང་སྣང་གང་དྲན་འབྲི་བཞིན་པ་འདིའི་རིགས་ཀྱིས་སྡུག་ས་ནས་རྒྱ་དམར་ལ་ཡང་ད་ང་ཚོའི་མི་རིགས་འདིའི་བརླ་སྲོག་ཐུན་མིན་སྐད་ཡིག་གི་གནས་སྟངས་དང། མི་རབས་གསར་བའི་ཤེས་ཡོན་ཚད་འདི་འདྲ་ཞིག་ཏུ་སླེབས་ཡོད་པས་ཁྱེད་ཚོར་ལས་སླ་རུ་འགྲོ་བཞིན་མི་འདུག་གམ་ཞེས། གསང་བརྡ་བསྟན་པ་དང་གཉིས་སུ་མེད་པར་གྱུར་ཡོད།
    འོན་ཀྱང་དཀའ་ངལ་འདིའི་རིགས་ནི་དངོས་གནས་ཤེས་རིག་ལས་ཁུངས་རང་གིས་འགན་ཁུར་བའི་སྒོ་ནས་སེལ་ཐབས་ཡོད་པ་ཞིག་རེད་སྙམ། དེ་ཡང་ད་ལྟའི་འཛམ་གླིང་གི་རྒྱལ་ཁབ་ཡོད་དོ་ཅོག་གི་མིང་དང། དེ་དག་གི་རྒྱལ་ས་དང། རྒྱལ་ཁབ་སོ་སོའི་ནང་གི་ཞིང་ཆེན་ཁག གྲོང་ཁྱེར་ཆེ་ཁག འཛམ་གླིང་སྤྱི་ལ་སྐད་གྲགས་ཆེ་བའི་རི་ཆུ་དང། ནགས་ཚལ་སོགས་བོད་ཡིག་ཐོག་དག་ཆ་ཇི་ལྟར་འབྲི་དགོས་མིན་གསལ་བའི་ཡོངས་གྲགས་ཀྱི་མིང་མཛོད་དམ། ཚིག་མཛོད་ཚད་ལྡན་ཞིག་ང་ཚོར་ཡོད་དགོས་པ་དང། དེ་ཡང་མིང་ཚིག་གི་དག་ཆ་ཡང་དབྱིངས་བཞི་དང། གསར་བྱེད་སུམ་ཅུ་ཁོ་ནས་ཕལ་ཆེ་བ་ཞིག་གཏན་འབེབས་ཐུབ་ངེས་ཡིན། ཡང་རེ་ཟུང་ནི་ལེགས་སྦྱར་གྱི་འཐུག་པོ་ལྔ་དང། ལོག་པ་དྲུག་སོགས་ཀྱི་གང་རུང་རེ་བེད་སྤྱོད་གཏང་དགོས་པའང་སྲིད། དཔེར་ན་རྒྱ་གར་རྒྱལ་ས་དྷི་ལི་ཞེས་པ་ལྟ་བུའོ། འོན་ཀྱང་རང་གཞུང་གིས་རྒྱལ་ས་དཱིལླི་ཞེས་གང་མང་ཞིག་བྲིས་འདུག་ལ་དེ་ཡང་ཧིན་ཡིག་གིས་འབྲི་སྟངས་ཤིག་ཡིན་པར་ཐོས་ཀྱང་མཁས་དབང་དགེ་ཆོས་ཀྱི་གསུང་འབུམ་ཁྲོད་དྷི་ལི་བྲིས་འདུག་པ་དང། དགེ་ཆོས་འདི་བ་ལེགས་སྦྱར་དང། ཧིན་ཡིག་ཤེས་མཁན་ཞིག་ཡིན་པར་མ་ཟད་མིང་ཚིག་འདི་རང་རེའི་ངག་ཏུའང་བརྗོད་བདེ་བ་ཞིག་ཏུ་འདུག། དེའི་ཕྱིར་སྐུ་ཉིད་ཀྱིས་གནད་འགག་དང། རྒྱུ་མཚན་ཡོད་པའི་དགོངས་ཚུལ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤྱི་འཐུས་གསེར་རྟ་ལགས་ཁ་བདེ་མ་བཤད་བོད་ཀྱི་སྐད་ཡིག་ནང་དུ་ནད་འབུ་ག་ནས་ཡོང་གིན་ཡིད་མེད་ཤེས་ཀྱིན་མེད་པ།
    ད་དུང་མི་རིགས་རྩ་མེད་བཟོ་དགོས་ན་སྐད་ཡིག་བེད་སྤྱོད་མེད་པ་བཟོ་དགོས་རེད་ཨེ།
    སྐད་ཡིག་བེད་སྤྱོད་མེད་པ་ཅི་འདྲ་བྱེད་ན་ཆགས་ཀྱིན་རེད་དམ།

    Reply
  9. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་ནས་ཐེངས་འདིར་༼༼མ་འོངས་པར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁུལ་གྱི་སློབ་གྲྭའི་ནང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བོད་ཡིག་སྦྱོང་མཁན་རྣམས་འཛུལ་ཞུགས་ཀྱི་གོ་སྐབས་སྤྲད་དེ་མཐུན་རྐྱེན་སྤྲད་ཆོག་གི་རེད་༽༽ཅེས་བཀའ་ཕེབས་པ་དེ་རྒྱལ་ཞེན་ལྷག་བསམ་ཅན་གྱི་གཞིས་བྱེས་བོད་མི་ཡོད་དོ་ཅོག་ཧ་ཅང་དགའ་དགོས་པ་ཞིག་རེད། ཁོང་གིས་གསུངས་པ་དེ་ག་རང་རེད། འཇིག་རྟེན་གྱི་སྤྱི་ཚོགས་ཡོངས་རྫོགས་སྤྱི་ཡོངས་ནས་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར་ང་ཚོའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་གི་ང་ཚོའི་སྐད་ཡིག་གི་གནས་སྟངས་སོགས་ཡར་རྒྱས་འགྲོ་དགོས་ངེས་ཤིག་ཡིན་ཕྱིར་མ་འོངས་པར་དེ་ལྟར་འབྱུང་ཐུབ་ངེས་རེད་སྙམ། འོན་ཀྱང་༧གོང་ས་མཆོག་གིས་ཀྱང་ད་ལྟ་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁུལ་གྱི་སློབ་གྲྭའི་ནང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བོད་ཡིག་སྦྱོང་མཁན་རྣམས་འཛུལ་ཞུགས་ཀྱི་གོ་སྐབས་སྤྲད་དེ་མཐུན་རྐྱེན་སྤྲད་ཆོག་གི་རེད། ཅེས་གསུངས་མེད་པ་དེ་ཧ་ཅང་ཡག་པོ་བྱུང་བ་རེད། ད་ལྟ་ནི་ང་རང་ཚོའི་གཞིས་ཆགས་ཁག་གི་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་རྩ་སྟོང་འགྲོ་བཞིན་པ་དང། དགེ་རྒན་ཚོའི་གནས་སྟངས་ཀྱང་ཉིན་བཞིན་སྐྱོ་རུ་འགྲོ་བཞིན་པའི་དུས་ངན་ཞིག་ཡིན་ཕྱིར་ད་ལྟ་རང་ལ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བོད་ཡིག་སྦྱོང་མཁན་རྣམས་ང་ཚོའི་སློབ་གྲྭའི་ནང་ཁྲིད་ཡོང་ན་ཁོང་ཚོའི་མི་ཚེ་འཕྲོ་བརླགས་དང། དུས་ཚོད་ཆུད་ཟོས་འགྲོ་ཉེན་ཆེ།

    ད་ལྟའི་དུས་ཚོད་འདི་ནི་ང་ཚོ་བོད་པ་ཕལ་ཆེ་བས་གང་ཐུབ་ཀྱིས་རང་གི་སྐད་ཡིག་བེད་མེད་དང། རྩ་མེད་བཟོ་བཞིན་པའི་དུས་ངན་ཞིག་ཡིན། དཔེར་ན་བཀའ་ཤག་དང་སྤྱི་འཐུས་ནས་མགོ་བཙུགས་གཞུང་གི་ལས་བྱེད་དང་མི་མང་དཀྱུས་མའི་བར་ཕལ་ཆེ་བས་བོད་སྐད་ནང་ཐ་སྙད་ཡོད་བཞིན་ཏུ་དང། ཐ་སྙད་དེ་སོ་སོས་ཤེས་བཞིན་ཏུ་བེད་སྤྱོད་མ་བཏང་བར་ངས་དབྱིན་ཇིའི་ཚིག་གཅིག་བེད་སྤྱོད་གཏང་ཆོག་པ་གནང་། ཞེས་མང་ཚོགས་ནང་མཁས་རྟགས་བསྟན། ང་ལ་བོད་ཡིག་ཡག་པོ་ཡོད་མ་རེད། ཅེས་རང་གི་སྐད་ཡིག་རང་ཉིད་ཀྱིས་མ་ཤེས་པ་དེ་རང་ཉིད་ཀྱི་རྒྱན་ཆར་མི་མང་ལ་ངོམ་བཞིན་པ་དང། མི་མང་ཕལ་ཆེར་ཞིག་གིས་ཀྱང་བོད་ཡིག་ཡག་པོ་ཡོད་པ་མ་རེད། ཟེར་མཁན་དེ་ནི་བོད་ཡིག་ལ་བརྟེན་མི་དགོས་པའི་ཧ་ཅང་རླབས་ཆེན་དང། དེང་རབས་པ་ཞིག་ཡིན་པར་ངོས་འཛིན་གཙང་མ་བྱེད་བཞིན་པའི་སྐབས་ཅིག་ཡིན། དེར་བརྟེན་དེ་ལྟར་དུ་ང་ཚོའི་སྐད་ཡིག་འདི་ང་རང་ཚོས་རྩ་མེད་བཟོ་ཐུབ་སོང་ན་སྐབས་དེར་བོད་ཟེར་བ་དེ་རང་བཞིན་གྱིས་བརླགས་འགྲོ་ངེས་རེད།
    དེ་ཡང་སི་ཏཱ་ལེན་གྱིས། མི་རིགས་གང་ཞིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན་མི་རིགས་རང་གི་སྐད་ཡིག་བེད་སྤྱོད་དང་གོང་འཕེལ་དུ་གཏང་དགོས།
    གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་གཏོང་དགོས་ན་སྔོན་ལ་མི་རིགས་དེའི་སྐད་ཡིག་བེད་སྤྱོད་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པར་འགྱུར་ཐུབ། ཅེས་བཤད་ཡོད་པ་ལྟ་བུ་ཡིན།
    འོན་ཀྱང་༧གོང་ས་མཆོག་གིས་ད་ཐེངས་བཀའ་ཕེབས་སྟངས་ལ་བལྟས་ན་ང་ཚོས་འབད་བརྩོན་གང་ལྟར་བྱས་ཀྱང་བོད་མི་རིགས་ཀྱི་སྐད་ཡིག་འདི་རྒྱུན་གཅོད་མི་ཐུབ་པར་དེའི་ལྡོག་ཕྱོགས་ནས་མ་འོངས་པར་ཡར་རྒྱས་འགྲོ་བའི་དུས་བཟང་ཞིག་འཆར་ངེས་ཡིན་པ་རེད།

    Reply
  10. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ད་མ་འོངས་བར་བོད་ཀྱི་སྐད་ཡིག་རིག་གནས་སོགས་ཀྱི་རྒྱུན་འཛིན་པ་ཧི་མ་ལ་ཡའི་རི་བརྒྱུད་པ་ཚོ་ཆགས་ས་རེད།

    Reply
  11. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཨ་ལེ་འཇོག་ས་ནོར་འདུག་བ་ ག་རེ་འདྲ་གཅིག་གསུངས་ཀྱི་འདུག་བསམ་བྱུང་།

    Reply
  12. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    དགོངས་དག གོང་གི་ངའི་རིག་པ་འདི་སྒོམ་སྡེ་ལྷ་རམས་པ་ངེད་ཚོའི་ན་ན་ཚ་ཚ་དེ་ཡིན་ཡང་འཇོག་ས་ནོར་ནས་འདིར་བཀོད་པར་སྙིང་ཐག་པ་ནས་དགོངས་དག་ཞུ།

    Reply
  13. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    སྒོམ་སྡེ་བས་ང་ལ་དགེ་ལུགས་པའི་ཆོས་ལ་སློབ་སྦྱོང་དགོས་པར་བསྐུལ་བ་བཀའ་དྲིན་ཆེ། ང་འདི་ལས་ལས་ངན་ནང་གི་ལས་ཅན་ཞིག་ཡིན། རང་གིས་ཉམས་ལེན་གྱིས་མ་ལྕོགས་པ་མ་གཏོགས་ངའི་ཚེ་སྟོད་འདི་ལ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དང་། དགའ་ལྡན་ཁྲི་ཐོག་བརྒྱ་པ་བློ་བཟང་ཉི་མ། སྤང་ནང་སྐུ་ཞབས། བོད་ཀྱི་འབྲས་སྤུངས་དགོན་པར་རྗེ་ལམ་རིམ་པ་ཆེན་པོ། སྐྱིད་ལེགས་སྐུ་ཞབས་ཆོས་ཀྱི་རྒྱལ་མཚན། དགེ་བཤེས་བསམ་གཏན་ལགས། དགེ་བཤེས་འཇམ་དཔལ་ལགས་སོགས་དུས་ཐོག་འདིར་རྩོད་མེད་ཀྱི་དགེ་ལྡན་རིང་ལུགས་འཛིན་པའི་དགེ་བའི་བཤེས་གཉེན་བཅུ་ཕྲག་ལ་ཉེ་བའི་དྲུང་དུ་བསྡུས་ཚན་རིགས་ལམ་ནས་བཟུང་ལམ་རིམ་ལྷག་མཐོང་ཆེན་མོའི་བར་མདོ་ཕྱོགས་དང་སྔགས་ཕྱོགས་ནས་ཀྱང་དབང་ལུང་ཁྲིད་གསུམ་གྱི་རྒྱུན་མང་པོ་ཞིག་ཐོབ་བྱུང་། ཡིན་ན་ཡང་ངའི་བླ་མ་བཀའ་དྲིན་ཅན་དེ་ཚོས་དགེ་ལུགས་བཀའ་གདམས་པའི་ནང་དུ་བསྡུས་པ་འགྲིགས་མི་འདུག་ནི་གསུངས་མ་སོང་།དགེ་ལུགས་པས་བཀའ་གདམས་པ་ལས་ལོགས་སུ་རང་བཙན་རྩོད་དགོས་ཀྱང་གསུངས་མ་བྱུང་། སྔ་རབས་པས་ཞི་ལྷག་གི་དོན་རྟོགས་མེད་ཀྱང་གསུངས་མ་བྱུང་། དགེ་ལུགས་པ་ཟེར་བ་འདིའི་ཉམས་ལེན་ཡོངས་རྫོགས་ཇོ་བོ་རྗེ་ལྷ་གཅིག་ལས་བྱུང་བའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདིའི་ནང་དུ་བསྡུས་ནས་གསུང་གི་ཡོད་སྟབས་བཀའ་གདམས་པའི་ཁོངས་སུ་བསྡུ་དགོས་པ་ལས་ལོགས་སུ་ཕྱེ་རྒྱུ་མེད་ཚུལ་གསུངས་བྱུང་། ངས་ས་བཀའ་རྙིང་གསུམ་གྱི་ཕྱོགས་སུ་ཆོས་འབྲེལ་བཞག་པ་དེ་ལས་མང་། འདིས་གཅིག་བྱས་ན་ཁྱོད་རིས་མེད་མཁས་པའི་ཞལ་ལུང་རྩོམ་པ་པོར་ཡང་སྐྱེངས་པ་སྟེར་སྲིད། ཀུ་རེ་ཡིན།

    Reply
  14. རི་བོང། says:
    ལོ་ 15 སྔོན།

    ཚང་མས་བསམ་བློ་ཐོངས་ད་ཚད་གང་ལ་སླེབས་སོང་། དོན་ལ་ང་ལ་ཕ་མེས་ནས་བརྒྱུད་པའི་རིག་དངོས་རྩ་ཆེན་འདི་འདྲ་ཞིག་ཡོད་ཀྱང་ངས་བུ་རབས་ཚ་བརྒྱུད་ཀྱིས་བདག་པོ་བསྐྱོན་ཐུབ་ཀྱི་མི་འདུག བདག་པོ་བསྐྱོན་ཐུབ་མཁན་ཡོད་ན་ཤོག་གསུང་གིན་ཡོད་པ་རེད། དོན་ལ་ཁོང་བཙན་བྱོལ་བོད་གཞུང་དང་ཤེས་རིག་གི་ཁ་སྣེ་ལག་སྣེ་ན་ལས་ཀ་བྱེད་མཁན། ཤེས་རིག་སློབ་གླིང་ཁག་ན་སློབ་གཉེར་བྱེད་མཁན་དང་བཅས་པར་ཐུགས་རེ་ཆུང་དུ་སོང་བ་ཞིག་ལ་ངོས་འཛིན་བྱེད་དགོས་པ་ཞིག་རེད་སྙམ་མོ།

    Reply
  15. བསེ་རུ། says:
    ལོ་ 15 སྔོན།

    ཧི་མ་ལ་ཡའི་རི་རྒྱུད་ཀྱི་བྱིས་པ་ཚོར་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་རེ་བ་རྒྱག་ས་ཞིག་མེད་ཅེས་ཁ་ཚོན་གཅོད་མི་ཐུབ་སྙམ། འགྱུར་འགྲོས་ཇི་ལྟར་འགྲོ་མིན་ད་དུང་ཚོད་དཔག་དཀའ་འོ།།

    Reply
  16. དུག་ཚེར། says:
    ལོ་ 15 སྔོན།

    ཧིན་མ་ལ་ཡི་རི་རྒྱུད་ཀྱི་བྱིས་པ་འདི་ཚོར་རེ་བ་རྒྱག་ས་ཞིག་ཡོད་རྒྱུ་ཨེ་རེད།

    Reply
  17. རྨེ་རུ། says:
    ལོ་ 15 སྔོན།

    ཧི་མ་ལ་ཡ་རི་རྒྱུད་ཀྱི་མི་མང་ཚོར་འགན་འཁུར་དང་གོས་སྐབས་གཉིས་ཀ་ཡོད་རེད།༸གོང་ས་མཆོག་གི་ཐུགས་རེ་འདི་དག་བསྒྲུབ་མི་ཐུབ་ན་བློ་ཕམ་རེད།
    སྤྱིར་རང་གི་ཕ་ཡི་འབྱུང་དང་ཕ་སྐད་ཀྱི་འབྱུང་ཤེས་ན་སྐྱོན་མེད་སྙམ།

    Reply
  18. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    སློབ་གྲྭ་ཁ་ཤས་ཤིག་ལ་སློབ་ཕྲུག་གིས་མ་ལྡེང་ནས་སྒོ་བརྒྱབ་དགོས་པའང་བྱུང་ཡོད་པ་རེད་ཅེས་ལན་གཅིག་མ་ཡིན་པར་ཐོས། དེ་སྐོར་ནི་གང་འདྲ་ཡིན་ནམ་སྙམ་སྟེ་ཡོད། ད་བྱས་ན། གནས་ཚུལ་འདི་འདྲ་དག་གིས་ཡིན་པ་འདྲ།

    Reply
  19. བཙན་པོ། says:
    ལོ་ 15 སྔོན།

    དེ་སྔོན་རྒྱ་གར་དང་རྒྱ་ནག་གཉིས་ཀས་བོད་ཕྱེད་ཁ་ཕྱེད་ཁ་བྱས་ནས་ཟ་རྒྱུའི་་འཆར་གཞིའི་འཚོགས་འདུ་ནག་པོ་ཞིག་འཚོགས་པ་རེད། ཕྱིས་སུ་བོད་ཀྱི་་ས་ཆེ་ཤས་རྒྱ་མིས་ཟས་ནས་རྒྱ་གར་ལ་གྱོང་རག་སོང་པས་།དུས་་ལྟ་ཡང་དམག་རྒྱག་དྲོ་བྱས་གི་ཡོད་པ་རེད། ཚོགས་འདུ་ནག་པོ་འདིའི་སྐོར་ཤེས་མཁན་བོད་པའི་ནང་ཧ་ཅང་ཉུང་ཉུང་རེད།

    Reply
  20. བཙན་པོ། says:
    ལོ་ 15 སྔོན།

    མི་འགྱིངས་པར་བཙན་བྱོལ་བོད་གཞུང་ཡང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་་ཚོར་རྩིས་སྤྲད་ས་རེད། མ་གཞི་བཙན་བྱོལ་གྱི་དགོན་སྡེ་ཁག་གི་བརྒྱ་ཆའི་བདུན་ཅུ་ལྷག་ཧི་མ་ལ་ཡའི་མི་རིགས་ཀྱིས་བཟུང་ཡོད་པ་རེད། ད་སློབ་གྲ་ཁག་ཡང་ཁོ་ཚོར་སྤྲོད་རྒྱུ་ཡིན་ས་རེད། ཧི་མ་ལ་ཡའི་མི་རིགས་འདི་དག་གི་སྐད་ཡིག་དང་གོམས་གཤིས། ལོ་རྒྱུས་སོགས་ཕྱོགས་གང་ནས་བལྟོས་ན་བོད་པ་ཡིན་ན་ཡང་། དགོད་བྲོ་བ་ཞིག་ལ་ཁོ་ཚོས་ཁོ་ཚོ་བོད་རིགས་མིན་ཟེར།བོད་པའི་ཁེ་སངས་ཡོད་ཚད་ཟ་གི་ཡིན། དེ་ཁོ་ཚོའི་སྐྱོས་་ཁོ་ན་ཆེ་ཡིན། ང་ཚོའི་དབུ་ཁྲིད་དང་བཙན་བྱོལ་བོད་གཞུང་གིས་ཡང་ཧི་མ་ལ་ཡའི་མི་རིགས་ཟེར་ཁུལ་འདྲ་བྱས་ནས་མིང་གསར་བ་ཞིག་གསར་བཟོ་བྱས་ནས་ཁོ་ཚོ་བོད་མིན་པ་ཐང་མང་པོ་བཤད་དེ་ཁོ་ཚོར་མགོ་རྨོངས་སུ་བཅུགས་ཡོད། བོད་ནས་དོན་ཚན་བཅུ་བདུན་བཞག་ནས་བོད་རྒྱ་ནག་གི་ཁོངས་ལ་བཅུགས། ཕྱི་ནས་ལ་དྭགས་དང་འབྲས་ལྗོངས།མོན་རྟ་ཝང་སོགས་རྒྱ་གར་ས་ཁུལ་རེད་ཟེར་ནས་རྒྱ་གར་གྱི་ཁོངས་གཏོགས་བྱས། འདི་དག་ལོ་རྒྱུས་ཀྱི་ནག་ཉེས་རེད།

    Reply
  21. བསེ་རུ། says:
    ལོ་ 15 སྔོན།

    དགོས་པ་ཤིག་ལ་མ་རེད། དགོས་པ་ཞིག་ལ་རེད། འདེམས་མཁན་མ་རེད། འདེབས་མཁན་རེད། འདི་གཏགས་ནོར་ཤོར་འདུག བསེ་རུ་བཟི་བའི་རྟགས་རེད། དགོངས་སེལ་ཞུ།
    ལོ་གསར་པའི་ནང་གི་ནོར་འཁྲུལ་དང་པོ་དེ་ཡིན།།

    Reply
  22. བསེ་རུ། says:
    ལོ་ 15 སྔོན།

    དེང་སྐབས་དྲ་ངོས་སུ་མཆན་འདེབས་མཁན་གྱི་མཆན་བུ་བ་གསར་པ་ཇེ་མང་དུ་འགྲོ་བཞིན་པར་བལྟས་ཚེ། འདི་དགའ་འོས་པའི་གོམ་སྟབས་ཤིག་རེད།
    དེར་བརྟེན། མཆན་འདེམས་མཁན་རྣམས་ཀྱིས་ཐུགས་ལ་ངེས་དགོས་པ་ཤིག་ལ། འདིའི་ཐོག་ཡིག་འབྲུ་རེ་རེ་འབྲི་དུས་འགན་ཁུར་གྱི་བསམ་བློ་དང་། ལམ་སྟོན་གྱི་འདུ་ཤེས། གཡས་གཞོགས་གཡོན་འདེགས་ཀྱི་ཐབས་ལམ། ལེགས་སྤེལ་ཉེས་འགོག་གི་ལམ་བུ་ཞིག་བརྒྱུད་དེ་ཕེབས་དགོས་པ་དེ་ཡང་གལ་ཆེན་ནང་གི་དོན་ཆེན་རེད་སྙམ་གྱིན་ཡོད་པས། དེ་དོན་ཐུགས་ལ་འཐད་མིན་ཇི་ལྟར་ཡང་དགོངས་དཔྱད་ཡོད་པ་མཁྱེན།།

    Reply
  23. ཐིག་གསར་རྫ་ཕྲུག says:
    ལོ་ 15 སྔོན།

    ཉིན་འོད་ལྟར་དྲོད་འཇམ་མེད་པའི་དཀར་མདོག་གི་ཟླ་འོད་འོག
    ཁུར་སེམ་མེར་མཛེས་སྡུག་གི་རྨི་ལམ་རུམ་ནས
    ཅི་ཞིག་ལ་རེ་སྒུག་བྱེད་བཞིན
    འཇིག་རྟེན་གྱི་འཚོ་བར་རོ
    ངས་རང་ཉིད་ཀྱི་ལས་དབང་ཅི་ཞིག་ཡིན་པར་བསམ་གཞིགས་བྱས་པར་
    ད་གཟོད་ང་རང་ནི་ཁེར་རྐྱང་གི་རྨི་ལམ་སྐམ་པོར་རུམ་པའི་འཁྱམ་པོ་ཞིག་ཡིན་པར་ཤེས

    Reply
  24. དབྱངས་བུ། says:
    ལོ་ 15 སྔོན།

    དམར་ཟས་སྤོངས་པའི་ལས་འགུལ་ཡག་པོ་ཡིན་མོད།་མི་རྣམས་ལ་བཙན་བཀའ་མེཔས།་སོ་སོའི་གཟུགས་པོའི་འཕྲོད་བསྟེན་ལ་གཞིགས་ནས་ལག་ལེན་ལ་བསྟར་ན་ལེགས།་

    Reply
  25. ལྷོ་ཁའི་བུ་མོ། says:
    ལོ་ 15 སྔོན།

    དངོས་གནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་འདི་ཚོར་འགན་ཆེན་པོ་འདུག

    Reply
  26. དོན་གོ says:
    ལོ་ 15 སྔོན།

    སྐབས་ལྔ་བའི་ཤེས་རིག་ཚོགས་ཆེན་སྟེང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས། སྔོན་འགྲོའི་སློབ་གྲྭ་མ་ཐེ་བའི་སློབ་གྲྭ་ཁག་ ༧༧ དུ་སློབ་མ་ ༢༦༩༦༥ ཡོད་པའི་གྲངས་ཐོ་ཞིག་ཁྱབ་བསྒྲགས་བྱས་ཟིན་ཡང་། ད་ལྟའི་དུས་འདིར་ཡང་བོད་མིའི་གཞིས་ཆགས་ཁུལ་གྱི་སློབ་གྲྭའི་ནང་སློབ་མ་སྟོང་ལ་ཉེ་བའི་བཤད་སྟངས་ཤིག་ཡོད་པ་དེར། ད་རེབ་༧གོང་ས་མཆོག་གི་ཐུགས་རྗེ་སྤྱན་གྱིས་ བོད་སྐད་ཡིག་གི་ཉག་ཕྲ་བའི་གནས་བབ་ལ་གཟིགས་ཏེ། དམིགས་སུ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རྣམས་ལ་འབོད་སྐུལ་བྱེད་ཀྱིན་པ་དེ་ང་ཚོབོད་མི་རྣམས་ལ་ཉེན་བརྡ་ཞིག་བཏང་བ་རེད་བསམ།

    Reply
  27. རྭ་ལོ། says:
    ལོ་ 15 སྔོན།

    བོད་ཡིག་མི་ཤེས་པའི་ང་རྒྱལ་སྐྱེས་མཁན་འདུག

    བཙན་བྱོལ་བོད་མི་ཚོས་རང་གི་བྱིས་པ་ཚོར་གླགས་མ་འཁེལ་བ་རེད། བོད་ཡིག་སྦྱངས་ན་དུས་ཚོད་ཆུད་ཟོས་ཡིན་སྐོར་གྱི་སྐད་ཆ་ཇེ་མང་རེད། དེའི་སྐོར་གྱི་རྒྱུ་མཚན་ཡང་མང་པོ་རྙེད་ཀྱི་ཡོད་པ་འདྲ། བོད་ཡིག་མི་ཤེས་པའི་ང་རྒྱལ་ཡང་སྐྱེས་ཀྱི་ཡོད་པའི་བཟོ་འདྲ་འདུག

    ད་ནི་༧གོང་ས་མཆོག་གིས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བྱིས་པ་ཚོ་བོད་ཡིག་སྦྱོང་བར་སྐད་གཏོང་གི་ཡོད་དུས། གནས་སྟངས་ཚད་ངེས་ཅན་ཞིག་ལ་བརྒྱབས་ཚར་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese