མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇག་པ་བྱང་སེམས་ཅན།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

མི་ཟེར་བ་འདིས་ཇག་པ་ཟེར་ནས་མིང་དེ་གོ་མ་ཐག དེ་ནི་མི་གསོད་ཁོ་ན་ལས་གང་ཡང་མི་ཤེས་མཁན་ཞིག་དུ་བརྩི་བཞིན་ཡོད་ལ། ཇག་པ་ཟེར་དུས་དེ་ཡི་རྒྱུད་དུ་སྙིང་རྗེ་ཟེར་བའི་ས་བོན་ཞིག་ཀྱང་མེད་པར་འདོད་མཁན་གྱི་དུས་རབས་འདིའི་ནང་དུ། ཇག་པ་ཟེར་དུས་དེ་ནི་ཆུང་ས་ཁྱིམ་ཚང་དང་ཆེ་ས་རྒྱལ་ཁབ་ཀྱི་དབུ་ཁྲིད་བཅས་ནས་ངོ་རྒོལ་བྱེད་ཡུལ་ཞིག་དུ་གྱུར་ཡོད་པ་རེད།

དུས་རབས་འདིའི་མགོ་དང་དུས་རབས་སྔ་མ་མང་བོ་ཞིག་གི་ནང་དུ་བྱུང་མྱོང་བའི་ཇག་སྒྲུང་མང་བོ་ཞིག་ལ་ཞིབ་དུ་བརྟག་དུས། ཇག་པ་མི་ཉུང་བ་ཞིག་གི་ཤུལ་རྗེས་ནས་ང་ཚོ་ལ་གསལ་འདེབས་གསལ་བོ་ཞིག་བྱེད་པ་དེ་ནི། ཇག་པའི་མིང་འོག་ན་འཚོ་བའི་མི་དེ་དག་གི་འཚོ་བའི་རྒྱུད་རིམ་གྱི་གོད་ཆག་དངོས་དེ་བྱུང་འགོ་བརྩམ་པའི་རྒྱུད་རིམ་དེ་ཡིན།

ཇག་པ་ཟེར་བ་འདི་ནི་མི་དེ་སྐྱེ་མ་ཐག་ནས་ཇག་པ་ཟེར་བའི་མིང་དེ་དང་ལྷན་དུ་སྐྱེ་མེད་ལ། ད་དུང་འཚར་ལོངས་བྱུང་ཡུལ་གྱི་ཁོར་ཡུག་དེ་རུ་ཇག་པ་འདུག་སའི་ཁོར་ཡུག་ཟེར་ནས་གཏན་འཁེལ་བྱས་པ་ཞིག་ཀྱང་གཏན་ནས་མིན། དེ་ན་ཇག་པ་དེ་དག་བྱུང་རབས་ནི། མཐོ་ས་དང་དམའ་ས་སྤྲང་བོ་ཚུན་ནས་བྱུང་ཡོད་པ་དེ་ཡིན།

ཇག་པ་དེ་དག་གིས་རང་རང་གི་དྲང་བདེན་གྱི་འཚོ་བ་རོལ་སྟངས་དེ་ནི། འཇིག་རྟེན་འདིའི་སྟེང་གི་སྐྱེ་བོ་སྒེར་གཅོད་པ་ཆེས་མི་ཉུང་བ་ཞིག་གིས་བཟོས་པའི་ཁྲིམས་དང་སྒྲིག་ལམ་ཟེར་བ་ཞིག་བཟོས་པ་ནས་བྱུང་འགོ་བཙུགས་པ་དེ་ཡིན།

ཁྲིམས་དང་སྒྲིག་ལམ་བཟོ་མཁན་གྱི་མི་དེ་དག་ནི་ཇག་པ་བསྐྱེད་སྲུང་བྱེད་སའི་ཁོར་ཡུག་གི་ལྟེ་བ་ཆགས་པ་རེད། དེ་ལྟར་ཆགས་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། ཁྲིམས་དང་སྒྲིག་ལམ་བཟོ་མཁན་གྱི་མི་དེ་དག་གི་རང་གི་ཁེ་ཕན་ལས་ཁྲིམས་དང་སྒྲིག་གཞི་ལྟར། དེ་ཡི་རྒྱབ་ལྗོངས་ཀྱི་དྲང་བདེན་ཟེར་བའི་ཐ་སྙད། མིའི་རིགས་ལ་ཆེས་མཁོ་བའི་མིང་ཚིག་དེ་ལ་བདག་གཅེས་བྱེད་སྟངས་ནོར་བ་ནས་ཇག་པའི་ལམ་ཕྲན་འདི་བྱུང་བ་ཡིན།

ཇག་པ་རེ་ཟུང་ཞིག་དེ་དག་གི་བཟོས་པའི་ཁྲིམས་དང་སྒྲིག་ལམ་ཁྲོད་དུ། ཇག་པའི་མིང་དང་ལྟ་ཚུལ་ངན་པ་མེད་པར། ཇག་པ་ལས་ཀྱང་གདུག་རྩུབ་ཆེ་བ་དང་ཇག་པ་ལས་ཀྱང་གཡོ་སྒྱུ་ཆེ་སྟབས། ཇག་པ་ཟེར་བའི་མིང་གི་ཐ་སྙད་འདི་བྱུང་དུ་བཅུགས་པ་ཡིན་ལ། ཇག་པ་དེ་དག་གིས་རང་གི་ཉེ་དུ་དང་རང་གི་མི་སྡེ་ཡི་ཆེད་དུ་རང་གི་ཚེ་སྲོག་འདི་ཡང་དྲང་བདེན་ཞེས་པའི་མིང་ཚིག་དེ་ཡི་འོག་དུ་ཤི་རྒྱུར་དམ་བཅའ་བཞག་པ་ཡིན།

དམ་བཅའ་དེ་དག་ནི་ཁྲིམས་དང་སྒྲིག་ལམ་ལས་འགལ་ཡོད་དུས། ཇག་པ་ཟེར་བའི་མིང་ཚིག་འདི་སུ་ལ་ཐོག་ན། ཉིན་མོ་དེ་ནས་བཟུང་མི་དེ་ཡི་རིགས་ནི་འཛམ་གླིང་འདིའི་ཁོར་ཡུག་གང་ནས་ངོ་རྒོལ་བྱེད་ཡུལ་དུ་གྱུར་ཡོད་པ་རེད། འོན་ཀྱང་། ཇག་པ་ལ་ཀུ་ཡངས་དང་ཇག་པ་ལ་རྒྱབ་སྐྱོར་བྱེད་མཁན་དེ་དག་ཡང་། ཇག་པ་དང་འདྲ་མཚུངས་ཀྱི་ཉེས་ཆད་གཅོད་ཀྱི་ཡོད་པ་དེ་ཡིན།

དོན་དངོས་ཐོག ཁྲིམས་དང་སྒྲིག་ལམ་བཟོ་མཁན་དེ་དག་ནི་ལག་ལེན་མེད་པའི་སྒེར་གཅོད་པ་ཤ་སྟག་ཡིན་སྟབས། ཇག་པའི་མིང་ཡོད་མཁན་དེ་དག་ལས་ཀྱང་། ཆེས་འཇིགས་སུ་རུང་བ་དེ་ཡིན་དུས། ཉེས་མིང་འོག་གི་ཇག་པ་དེ་དག་གིས་རང་གི་ཚེ་སྲོག་དེ་ཡང་བདེན་སྟོབས་ཀྱི་ཆེད་དུ་འབུལ་རྒྱུར་དམ་བཅའ་བཞག་པ་ལྟར། ཁྲིམས་དང་སྒྲིག་ལམ་བཟོ་མཁན་དེ་དག་ལ་དེ་འདྲའི་ཆོད་སེམས་ཤིག་གཏན་ནས་མེད་པ་རེད།

དེ་ཡི་སྟབས་ཀྱི་ཇག་པ་དེ་དག་གིས་རང་ཉིད་བློས་གཏོང་དང་རང་ལས་གཞན་གཅེས་ཀྱི་དམ་བཅའ་བཞག་ནས་ལས་ཀ་བྱེད་ཀྱི་ཡོད་མཁན་གང་ན་སུ་ཡོད་པ་དེ་དག་གི་མིང་ལ་ངས་དེ་རིང་འདི་ནས་ཇག་པ་བྱང་སེམས་ཅན་ཟེར་ནས་འབོད་ན་འདོད་སོང་། གཅིག་བྱས་ན། མི་ཁ་ཤས་ཀྱི་ང་རང་གི་སྐད་ཆ་འདིར་འཕྱ་དམོད་བྱེད་ཁོ་ཐག་ཡིན། འོན་ཀྱང་། ང་ལ་ནམ་ཡང་འཕྱ་དམོད་བྱེད་མཁན་སུ་ཞིག་ཡོད་ཀྱང་། ངས་དེ་ལ་རྒོལ་འདོད་གཏན་ནས་མེད། ངས་ཀྱང་ཇག་པ་ལྟ་བའི་ཆོད་སེམས་དང་དམ་བཅའ་དེ་འདྲ་བཞག་ཡོད་པ་ཡིན་ན། མ་མཐའ་རང་གི་དམ་བཅའ་དེ་ཤོར་མེད་ངེས་ཡིན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 34

  1. sha tak ri sim says:
    ལོ་ 15 སྔོན།

    བསྟན་འཛིན་ཤེས་རབ་ལགས། སྐུ་ཉིད་ནས་གློག་འཕྲིན་ཁ་བྱང་འདིར་བཞག་པ་ལྟར། ངས་ཀྱང་གློག་འཕྲིན་ཞིག་བཏང་ཟིན་པ་ཡིན།

    Reply
  2. ttensher says:
    ལོ་ 15 སྔོན།

    ཨ་ཨ་་་་་་་ ངའི་སྒྲིག་ཁྲིམས་ཚང་མ་སྒྲིམ་ཁྲིམས་སུ་བྲིས་འདུག་པ་ཅི་རེད། ད་ཡིན་བླ་རྒན་ང་དངོས་ནས་ཧོན་ལོག་འདུག་ག

    གཏམ་ལ་ཀུ་རེ་མེད་ན་བཤད་སྲོལ་མེད། ཅི་མ་བདེན། འོན་ཀྱང་ལ་ལ་ཞིག་གིས་ཀུ་རེ་གོ་ལོག་ཏུ་ཁྱེར་གྱི་འདུག་ག

    བོད་ཤ་ཁྲག་ལགས། ཉིད་ཀྱི་སྐད་མཐོང་སོང་བ། བདག་གི་གློག་འཕྲིན་ཁ་བྱང་འདི་ཡིན། ttensher@hotmail.com

    Reply
  3. sha tak ri sim says:
    ལོ་ 15 སྔོན།

    བསྟན་པའི་སྡེ་ཡང་སྒྲིག་ཁྲིམས་ཡོད།།
    འཛིན་པའི་མི་བུ་དཀོན་པ་སྐྱོ།།
    ཤེས་རིགས་ཅན་ལ་ཁྲིམས་ལུགས་ཡོད།།
    རབ་འབྲིང་ཀུན་གྱིས་ཁ་བཤད་ཙམ།།
    ཧཧཧཧ དེ་འདྲ་ཞིག་མ་རེད་དམ། ཨ་ལ་ཀུ་རེ་ཡིན། གཏམ་ཀུ་རེ་མེད་ལ་བཤད་སྲོལ་མེད་ཟེར་བ་མ་ཡིན་ནམ་ལགས། ངས་སྐུ་ཉིད་ལ་ལན་ཞིག་ཕུལ་ཡོད། ཉིད་ཀྱི་ཟིན་བྲིས་ནང་དུ་ངས་ཁྱེད་ཚོ་ལ་ཕ་ཡུལ་དྲན་དུ་འཇུག་ཟེར་བ་དེ་ཡི་ནང་དུ་མཆན་པུ་བཏབ་ཡོད། དེར་གཟིགས་རོགས་ཞུ།

    Reply
  4. ttensher says:
    ལོ་ 15 སྔོན།

    སྒྲིམ་ཁྲིམས་སྒྲིམ་ཁྲིམས་མ་ཟེར་ར། །
    སྒྲིམ་ཁྲིམས་ཟེར་དུས་མགོ་ན་གིས། །
    སྒྲིམ་ཁྲིམས་མེད་པའི་སྤྱི་ཚོགས་ཤིག །
    གང་ན་ཡོད་ན་དེ་ལ་འགྲོ། །

    ཚང་མས་སྒྲིམ་ཁྲིམས་མེད་སའི་ལུང་བ་ཞིག་རྩད་གཅོད་བྱོས།

    Reply
  5. sha tak ri sim says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། བདག་གི་བསམ་ཚུལ་དེ་ནི་འུ་ཅག་བོད་པ་རང་གི་ཐ་སྙད་ལས་མ་འདང་བའི་རིགས་མང་དག་ཞིག་དེང་སང་བྱུང་བཞིན་ཡོད་པ་དེ་ནི་འུ་ཅག་གིས་རང་གི་རིགས་ལ་ཤ་ཞེན་ཡོད་ཀྱང་ལག་ལེན་འདེབས་མཁན་ཉུང་དུ་སོང་བའི་མ་འགྲིག་པ་ཞིག་ལས། བོད་ཀྱི་ཡི་གེ་འདིས་མ་འདང་བ་གང་ཡང་མིན་ལགས། དེ་ཡིན་དུས། འུ་ཅག་ཐུན་མོང་གི་བསམ་ཚུལ་མཐུན་ས་ཞིག་ཡོད་པ་དེ་ནི། ས་མིང་དང་མི་མིང་ནི་བོད་ཡིག་ནང་དུ་རང་འཇག་འབྲི་དགོས་པ་དེ་ཡིན་ལ་སྒྱུར་དགོས་པ་ཞིག་མི་མཐོང་། ང་ཚོས་ནང་སྒྱུར་བྱེད་དགོས་པའི་གནད་དོན་དེ་ནི་བོད་རང་གི་འཚོ་བ་དང་གོམས་གཤིས། ད་ལྟ་བོད་རང་གི་འཚོ་བའི་ནང་དུ་མེད་དུ་མི་རུང་བའི་ཅ་དངོས་རིགས་གསར་བ་དེ་དག་གི་ཐ་སྙད་དག་ནང་སྒྱུར་བྱེད་རྒྱུ་དེ་ནི་དངོས་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད་ལགས། དེ་ཡིན་དུས། དེ་ཡིན་དོན་སྒྱུར་དང་ཐག་སྒྱུར་བྱས་ན་བཟང་མིན་དེ་ཡང་གཙོ་བོ་བོད་རང་གི་སྐད་ཀྱི་གདངས་དང་མ་འགལ་བ་ཞིག་དགོས་ཀྱི་ཡོད་པ་དེ་ཡིན་ལགས། དཔེར་ན། དེང་སང་ཕྱི་ལོག་དུ་འཚར་ལོངས་བྱུང་བའི་བུ་ཕྲུག་དག་གིས་སྒོར་མོ་གཅིག་མི་ཟེར་བར། གཅིག་སྒོར་མོ་ཟེར་བ་ལྟ་བུ་བྱུང་བ་ཡིན་ན། དེ་ནི་དབྱིན་ཡིག་གི་སྐད་གདངས་བོད་པའི་སྐད་གདངས་ནང་དུ་འཇུག་བཞིན་ཡོད་པ་ལྟ་བུ་རེད་ལགས། དེ་ཡིན་དུས་ནང་སྒྱུར་བྱེད་པོ་སུ་ཡིན་ན་ཡང་། དོན་མ་སྒྱུར་བའི་སྒང་ནས་རང་མི་རིགས་ཀྱི་སྐད་གདངས་དང་མ་འགལ་བ་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་དགོས་ཀྱི་འདུག་ལགས། འདི་ནི་བདག་གི་བསམ་ཚུལ་ཙམ་ཡིན།

    Reply
  6. chokri nyima says:
    ལོ་ 15 སྔོན།

    མི་ཀུན་དང་མཐུན་བསེ་རི་ལགས།
    བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མ་ཟད་ས་མིང་ཆུ་མིང་རྣམས་སོར་གཞག་དགོས་པའི་འདོད་ཚུལ་མཐུན་པ་དགའ་པོ་བྱུང་།
    ས་མིང་དང་རྒྱལ་ཁབ་ཁག་ཚོགས་འདྲ་མིན་ཁག་ལ་སོགས་མིང་འབྲི་སྐབས་སུ་ཡི་གེ་ཕྱི་ལོག་མང་བ་དང་སྔོན་འཇུག་རྗེས་འཇུག་གང་ཡིན་མེད་པ་བྲིས་དང་འབྲི་བཞིན་འདུག་པར་རྣམས་ཀྱི་སྐོར་རུ་བསམ་ཚུལ་རེ་གནང་རོགས་ཞུ།
    གྲོགས་པོ་ཤ་རུས་ལགས་ཁྱེད་ངའི་མཆན་བྲིས་གོང་དུ་བཀོད་པར་ཐུགས་རྗེ་ཆེ་ཞུ།
    མ་ཟད་སྐུ་ཉིད་ཀྱིས་བསམ་ཚུལ་གསུང་དགོས་ཡོད།

    Reply
  7. samkhar says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས།
    འདི་ལྟར་བོད་ཡིག་ལ་བཅངས་པའི་བརྩེ་བ་ལྷད་མེད་པ་དེ་ནི། རང་ཉིད་བོད་པ་རྣལ་མ་ཞིག་ཡིན་པའི་སྒྲུབ་བྱེད་ཅིག་ཀྱང་རེད་སྙམ།
    ངའི་བསམ་ཚུལ་ལྟར་ན། དེང་སྐབས་རྒྱལ་ཁབ་ཀྱི་གཞན་གྱི་མིང་དང་། ཡུལ་མིང་དང་ས་མིང་སོགས་སྒྲ་རང་སོར་བཞག་ན་དགེ་མཚན་ཆེ་བར་འདོད། དཔེར་ན། བོད་ཀྱི་རྒྱལ་ས་ལྷ་ས་ལྟ་བུར་འཛམ་གླིང་སྤྱི་ལ་གྲགས་ཚོད་ལྟར་མི་རིགས་གཞན་ཚང་མས་རང་རང་གི་སྐད་ཀྱི་ནང་ལྷ་ས་ཞེས་པའི་སྒྲ་ཟུར་ཇི་བཞིན་ཐོན་མིན་ལ་མ་བལྟོས་པར་སྒྲ་སོར་བཞག་ངང་འདོན་པ་བཞིན་ནོ།།

    ད་དུང་དྲན་སྐུལ་ཞུ་རྒྱུ་ཞིག་ལ། སྐུ་ཉིད་ཀྱིས་མཆན་བུ་གང་མང་འདེབས་ཀྱིན་འདུག་ལ། ངེད་ཀྱིས་ཀྱང་དོ་སྣང་བྱེད་ཀྱིན་ཡོད། འོན་ཀྱང་། སྐུ་ཉིད་ཀྱིས་མཆན་བུའི་ནང་ཡིག་ནོར་དང་གཏགས་ནོར་མི་ཉུང་བ་ཞིག་ཡོང་གིན་འདུག་པས། གང་ཐུབ་ཅི་ཐུབ་ཡིག་ནོར་གྱི་རིགས་སྤོང་ཐབས་ལ་འབད་རོགས། དེ་ཡང་བོད་ཀྱི་སྐད་ཡིག་ལ་གཅེས་པའི་བརྩེ་བ་རྣལ་མ་ཞིག་དང་། སྐབས་བབ་ཀྱི་འགན་ཁུར་ཆེ་ཤོས་དེ་རེད་སྙམ།།

    Reply
  8. sha tak ri sim says:
    ལོ་ 15 སྔོན།

    སྤུན་ཟླ་ཚོ་འདི་རུ་ཕེབས་ནས་རང་རང་གི་བསམ་ཚུལ་གསུང་བ་དེར་དགའ་ཡོད།

    ཅོ་རི་ཉི་མ་ལགས། ཉིད་ལ་བཀའ་འདྲི་མ་བྱས་པར་ཉིད་ཀྱི་བསམ་ཚུལ་འདི་ངའི་ཟིན་བྲིས་ནང་དུ་སྤེལ་བ་དེར་དགོངས་འགལ་མེད་པ་ཞུ། ཐུགས་བློ་དང་མ་འཚམ་པ་འདྲ་ཡིན་ན་ཐད་ཀར་གསུབ་ཆོག

    Reply
  9. chokri nyima says:
    ལོ་ 15 སྔོན།

    བཙན་བྱོལ་བོད་མི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་སྐབས་ཀྱི་གྲོས་ཆོད་བཞི་པའི་ནང་དུ་༤༽བོད་མི་རྒན་གཞོན་ཚང་མས་དུས་རྒྱུན་དུ་བོད་སྐད་གཙང་མ་བཀོལ་སྤྱོད་བྱ་རྒྱུ་ལས། བོད་སྐད་ནང་བསྲེས་ལྷད་མི་ཡོང་བའི་འབོད་སྐུལ་དང༌། ཁྱད་པར་དུ་སློབ་གྲྭའི་དགེ་ལས་རྣམས་ཀྱིས་དམིགས་བསལ་ཐུགས་འགན་བཞེས་ཏེ་སློབ་གྲྭའི་ནང་རྒྱུན་གཏན་ཡིག་སྐད་བེད་སྤྱོད་གང་ཐུབ་བྱ་དགོས། ཞེས་གྲོས་ཆོད་བཞག་ཡོད་པ་འདིར་དགའ་དགོས་པ་ཞིག་དང་མགོ་༧གོང་ས་མཆོག་ནས་མཐའ་ཅོ་རིའི་བར་དུ་བོད་མི་ཚང་མས་འགན་ཁུར་དགོས་པ་ཞིག་ཁ་མ་ཡིན་དོན་གྱི་ལག་ལེན་སྟར་དགོས་པ་ཞིག་ཡིན་དུས།
    བོད་སྐད་ནང་དུ་སྲེ་ལྷད་མི་ཉན་ཞེས་པའི་བསྲེ་ཡོང་བའི་གཞན་སྐད་དང་ལྷད་ཡོང་གཞན་སྐད་ཀྱི་ཐ་སྙད་རྣམས་ཤེས་པ་བྱེད་ཀྱིན་གལ་ཆེ། དཔེར་ང་རང་ཚོས་བོད་སྐད་རྒྱག་དུས་སྔར་ཡོད་བོད་ཀྱི་ཐ་སྙད་རྣམས་རྒྱབ་ཏུ་སྐྱུར་ནས་རིག་གཞུང་ལ་ཁ་ཆར་ཞེས་བརྗོད་པ་དང་ཡོངས་རྫོགས་ལ་པུང་ར་ཞེས་བརྗོད་པ་གློག་བརྙན་ལ་པེས་ཆ་ཞེས་པ་ལྟ་བུ་ཐ་སྙད་བེད་སྤྱོད་བྱས་དང་བྱེད་བཞིན་པ་དག་ནི་བོད་སྐད་ལ་སྲེ་ལྷད་བྱས་རེད་ཞེས་འདོད་རུང་།
    ཡིན་ཡང་སུད་སི་ཞེས་པ་ལྟ་བུ་དང་ཉིག་འུ་ཡོག་ཞེས་པ་ལྟ་བུའི་ས་མིང་ཆུ་མིང་ཡུལ་མིང་མི་མིང་རྣམས་ཀྱི་ཐ་སྙད་དང་ཅ་དངོས་གསར་པའི་ཐ་སྙད་ལ་སོགས་གཞན་སྐད་དུ་འདོད་མི་རུང་དེ་འདི་འདྲ་བའི་ཐ་སྙད་རྣམས་བོད་སྐད་དུ་འདོད་རུང་བའི་ཕྱིར། སུད་སི་དང་ཉིག་འུ་ཡོག་ཞེས་པ་ལྟ་བུའི་ཐ་སྙད་རྣམས་ཀྱང་བོད་སྐད་ནང་བསྲེ་ལྷད་བྱེད་མི་རུང་འདི་རྣམས་བོད་ཀྱི་ཐ་སྙད་མིན་ཟེར་ན་བོད་མི་རྣམས་ཀྱིས་བོད་སྐད་ཐོག་ནས་གོ་བརྡ་འཕྲད་མི་ཐུབ་ལ་བོད་ཡིག་ཐོག་ནས་གསར་འགྱུར་ཡང་འབྲི་མི་ཐུབ་བམ། གལ་སྲིད་ཐ་སྙད་གསར་པ་དང་ས་མིང་ཆུ་མིང་ཡུལ་མིང་རྣམས་བོད་སྐད་དུ་ཇི་ལྟར་འདོད་རུང་མིན་ཐག་གཅོད་ཐུབ་པའི་ཕུང་རྒྱང་རིང་པོའི་བསམ་ཚུལ་མེད་བཞིན་དུ་བོད་སྐད་ནང་དུ་སྲེ་ལྷད་མེད་པར་བོད་སྐད་གཙང་མ་རྒྱག་དགོས་པའི་གྲོས་ཆོད་འདི་ནི་ཅི་འདྲའི་བསམ་གཞི་མེད་པར་ཨང། ཤ་ཀླན་འཇམ་དབྱངས་གྲགས་པ་གཙོ་བྱེད་པས་གྲོ་མ་གྲོ་ལ་ལྡོམ་སྒོང་ཞེས་པ་ལྟ་བུའི་ཐ་སྙད་གསར་པའི་རིགས་རྣམས་དོན་བསྐྱུར་དགོས་པ་འདོད་པའི་མཁས་དབང་རྣམས་ཀྱིས་ངེས་པ་དུ་བསམ་ཚུལ་བཤད་དགོས་པ་ནི། བོད་པའི་སྤྱི་ཚོགས་ནང་དུ་བོད་སྐད་གཙང་མ་ཇི་ལྟར་རྒྱག་དགོས་མིན་དང་ཐ་སྙད་རྣམས་ཇི་ལྟར་བེད་སྤྱོད་བྱེད་དགོས་མིན་ཐོག་ངེས་པ་ཏུ་ལམ་སྟོན་བྱེད་དགོས། གལ་སྲིད་ཁྱེད་རྣམ་པས་ལམ་སྟོན་མེད་ན་བོད་མི་རྣམས་ཀྱིས་ཐ་སྙད་བེད་སྤྱོད་བྱེད་སྟངས་ཤེས་ཀྱིན་མེད་ལ་བོད་སྐད་གཙང་མ་རྒྱག་སྟངས་ཡང་ཤེས་ཀྱིན་མི་འདུག མ་ཟད་ང་ཉམ་ཆུང་ཅོ་རི་དང་མཉམ་དུ་དྲ་ཐོག་ཏུ་ཁ་བརྡ་བྱས་པའི་གྲོགས་པོ་རྣམས་ཀྱིས་ཀྱང་གོ་གནས་མཐོ་དམན་དང་ཕ་ཡུལ་ག་ནས་ཡིན་མིན་ལ་མ་ལྟས་བར་དོན་གྱི་སྙིང་པོར་བརྟག་དཔྱད་ཐོག་ནས་བསམ་ཚུལ་རེ་གསུང་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན། ང་ཅོ་རི་བོད་ཡིག་ཡག་པོ་མི་ཤེས་པའི་མི་ཞིག་གིས་བོད་ཀྱི་སྐད་ཡིག་སྐོར་བསམ་ཚུལ་བཤད་ཁུལ་འདི་ནི་ངོ་ཚ་དགོས་པ་ཞིག་ཀྱང་འདུག ཡིན་ཡང་ལོ་མང་སྙིང་ལ་བཅངས་བའི་བསམ་ཚུལ་འདི་སྐབས་དང་དུས་ལ་བབ་དུས་ངོ་ཚ་དང་འཚེ་སྣང་མེད་པ་ཨུ་ཚུགས་ཀྱི་ཐོག་ནས་ཞུ་པ་ཡིན་ནོ། བོད་སྐད་རྒྱལ་ལོ།།

    Reply
  10. chokri nyima says:
    ལོ་ 15 སྔོན།

    ཁ་སྐམ་ནང་གི་ཚིག་དེ།
    ཚིག་སྐམ་དེ་ལ་འབྲས་བུ་མེད།
    འབྲས་བུ་མེད་པའི་རྗེས་རྒྱུགས་པ།
    ཆུ་རེ་འཐུང་བཞིན་བླུན་རྒྱུགས་བྱོས།

    Reply
  11. kawakampo says:
    ལོ་ 15 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས།།
    ཚིག་གི་གཅོད་མཚམས་མང་ཉུང་ཅན།།
    ཁ་ཤོམ་འཐེན་ནས་བླུན་རྒྱུགས་བྱས།།
    དྲ་གྲོགས་མང་པོས་མདུན་ས་ནས།།
    ད་དུང་ཧམ་པ་ཚ་བ་ལ།།ཧཧཧཧ

    Reply
  12. kawakampo says:
    ལོ་ 15 སྔོན།

    དྲ་གྲོགས་ལགས།ཇག་པ་བཟང་རབ་ཟེར་བ་དེ་རྒྱབ་སྐྱོར་མེད་འོན་ཀྱང་ཚིག་གི་
    གཅོད་མཚམས་བཟང་གི་སྙམ།

    Reply
  13. chokri nyima says:
    ལོ་ 15 སྔོན།

    ཀ་ཁ་ག་ངའི་དཀྱུལ་འཁོར་སླེབས་ཉིན་མོར།
    ཀ་དང་ཨ་སོགས་རྗེས་འཇུག་བྱེད་ཉིན་མོར།
    ཀ་ལས་རྒྱག་ཀྱང་འབྲས་བུ་མེད་ཉིན་མོར།
    ཀ་བ་ལྟ་བུའི་སུམ་རྟག་གཏོར་ཉིན་མོར།
    ཁ་བཤད་དོན་སྟོང་ཅན་གྱི་དྲ་གྲོགས་ཚོས།
    ཁ་ནས་ཅི་ཡིན་ཞེས་ཀྱང་མི་དྲི་བ།
    ཁ་ཁར་སྡོད་ནས་སེམས་ཤུགས་ཆེ་མདོག་དེར།
    ཁ་ཞེན་མེད་པའི་ཅོ་རི་མདུན་དུ་ལྷུང།

    ང་དང་ཁྱེད་ཀྱིས་མཆན་བྲིས་སྐབས།
    ང་ཡི་དུས་ཚོད་ཉུང་བས་རྐྱེན་
    ང་ཡི་མཛུབ་མནན་ནོར་བདེན།
    ང་ལ་བསླབ་བྱ་ཐུགས་རྗེ་ཆེ།

    Reply
  14. samkhar says:
    ལོ་ 15 སྔོན།

    དྲ་གྲོགས་རྨེ་རུ་ལགས། དྲ་ངོས་སུ་མཆན་འདེབས་སྐབས་དལ་ལྷོད་ངང་འདེབས་དགོས་པ་ལས། ཐུགས་ལ་གང་ཤར་མཐེབ་མཛུབ་ཤར་མར་འགུལ་ན་ཡིག་ནོར་དང་གཏགས་ནོར་མང་པོ་ཐོན་ངེས་པས། བྲེལ་འཚུབ་ཇི་ལྟར་ཆེ་ན་ཡང་རང་ཉིད་ཀྱིས་གང་བྲིས་པ་དེ་ཀློག་པ་པོ་ཚོ་ཡིད་དབང་འཕྲོག་ཐུབ་པ་ཞིག་འབྲི་དགོས་པ་རེད། བློ་གཟུར་བོར་གནས་པའི་གཏམ་གླེང་གནང་བར་མུ་མཐུད་ཕེབས་ཨང་། རྨེ་རུ་ལགས། འདི་ནི་བསེ་རུའི་སེམས་ཀྱི་སྐད་ཆ་ཡིན། དྲ་གྲོགས་གཞན་ཚོར་ཡང་དེ་ལྟར་ཞུ་འདོད་བྱུང་།།

    Reply
  15. mheru says:
    ལོ་ 15 སྔོན།

    བཀླགས་ཟིན་པ་ཡིན་།མུ་མཐུད་ཕེབས་ཤོག་ ཀ་ཁ་ག་ངའི་དཀྱིལ་འཁོར་ལ་ཕེབས་ཤོག
    གངས་ཅན་གྱི་ཕ་ས་དྲན་བཞིན་ དབྱངས་སོ་བཞིའི་ཁྱིམ་ཚང་སླར་གསོ་ཡིས་ཆེད་དུ་ཕེབས་ཤོག།

    Reply
  16. sha tak ri sim says:
    ལོ་ 15 སྔོན།

    ལས་ཀྱི་གར་བྱེད་སེམས་ཀྱི་མི་འཁྱོག་གི།
    སེམས་ཀྱི་གང་འདོད་ལག་པས་མི་གཉོབ་ཀི།
    ཡིན་ཡང་སྔོན་ལས་བོད་ལ་བསགས་པ་འདིས།།
    དུར་སར་འགྲོ་རེག་བར་དུ་བོད་པ་ཡིན།།

    Reply
  17. chokri nyima says:
    ལོ་ 15 སྔོན།

    ནམ་ཕྱེད་རྒྱ་བའི་དུས་ཀྱི་དཀྱུལ་འཁོར་ལ།
    ཆོད་སེམས་ཅན་གྱི་ས་མཐའི་མི་འཁྱམ་ཁྱེད།
    ད་ནི་ཆོད་སེམས་གྲོགས་མོའི་སྟུ་ལ་སྒོམ།
    འདོད་ཁམས་ཡུལ་ལ་སྐོར་ར་ལན་གསུམ་རྒྱག

    Reply
  18. chokri nyima says:
    ལོ་ 15 སྔོན།

    ཆོད་སེམས་འདི་རིན་ཐང་མི་འདུག་ཟེར།
    དེང་སང་རྒྱ་མི་ཅ་ལག་ཡག་ཁུ་ཟེར།
    ཆོད་སེམས་འདི་ནི་སྙན་པོ་མི་འདུག་ཟེར།
    དེ་ལས་རྒྱ་ཡིག་རྩམ་འདི་སྙན་ཁུ་ཟེར།

    Reply
  19. chokri nyima says:
    ལོ་ 15 སྔོན།

    ཧཧཧཧཧ
    ཇག་པ་ཆོད་སེམས་ཅན་གྱི་ལས་དཀའ་དེ།
    མགོ་ནག་བོད་ལ་དགོས་མཁོ་མི་འདུག་ཟེར།
    ཇག་པ་ཆོད་སེམས་ཅན་གྱི་དཔང་པ་དེ།
    མགོ་བོད་ཀྱིས་དགྲ་ལ་མི་ངོམ་ཟེར།

    Reply
  20. sha tak ri sim says:
    ལོ་ 15 སྔོན།

    གངས་ཕྲུག་དེ་ཡི་སེམས་ཀྱི་ཆོད་སེམས་དེ།།
    བསླུ་ན་བསླུ་ས་འགྲོ་བ་སྙིང་རེ་རྗེ།།
    མཐོན་པོས་བཙན་གྱིས་འཕྲོག་པ་ཡ་རེ་ང་།།
    རྒྱུ་ཡིས་ཉོས་ན་ཁུགས་པའི་སྐྱོ་བ་ལ།།

    Reply
  21. chokri nyima says:
    ལོ་ 15 སྔོན།

    ཉོས་སོང་ལ་བཅོས་རོགས

    Reply
  22. sha tak ri sim says:
    ལོ་ 15 སྔོན།

    ཧཧཧཧཧཧཧ
    ཅོ་རི་ཉི་མ་ལགས།
    ཇག་པ་ཇག་རབས་བཤད་པའི་ལུགས་སྲོལ་ཡོད།།
    ཇག་པ་ཇག་ལ་འགྲོ་བའི་གོམས་གཤིས་ཡོད།།
    ཇག་པ་དམག་ལ་ཆས་པའི་དབའ་སྟོབས་ཡོད།།
    འོན་ཀྱང་རྒན་མོ་བཙན་པོའི་ཁ་ནས་ལུས།།

    Reply
  23. chokri nyima says:
    ལོ་ 15 སྔོན།

    གངས་ཕྲུག་དྲང་གཏམ་ཅན་གྱིས་ཟེར་བ་ལ།
    ཆོད་སེམས་བླ་མས་ཆོས་ཀྱིས་སླུ་སོང་ཟེར།
    ཆོད་སེམས་དབང་ཆེན་དཔོན་པོས་བཅོམ་སོང་ཟེར།
    ཆོད་སེམས་རྒྱུ་ཆེན་མི་ཡིས་ཉོས་ཤིང་ཟེར།

    Reply
  24. chokri nyima says:
    ལོ་ 15 སྔོན།

    ཆོད་སེམས་དམ་པོ་ཡོད་པའི་ཇག་པ་ཞིག
    ཆོད་སེམས་རྩ་བ་འཛིན་པའི་ཇག་ཕྲུག་ཞིག
    ཆོད་སེམས་ཅི་ཡིན་ཤེས་པའི་ཇག་མ་ཞིག
    ལྕགས་ཤོག་འོག་ན་ཆུད་ཟོས་གྱུར་འདུག་ཟེར།

    མདོ་ཁམས་སྒོང་དྲུག་ཡུལ་གྱི་ཇག་རྒན་ཞིག
    ལུས་པོ་ཤི་ཡང་ཆོད་སེམས་མ་ཤི་ཟེར།
    ལུས་ཤི་སེམས་མ་ཤི་པའི་རྣམ་ཤེས་ཤིས།
    དེང་སང་ང་ཕོད་ལས་ཀྱང་སྡུག་ཁུ་ཟེར།

    Reply
  25. sha tak ri sim says:
    ལོ་ 15 སྔོན།

    ཟ་ལེ་རྒྱལ་ལགས། འདང་ནུབ་ཉིད་ཀྱིས་ང་རང་ལ་དྲི་བ་ཞིག་བཀོད་འདུག་ཀྱང་། སྐབས་དེར་ང་རང་བྲེལ་བ་ཞིག་གི་དབང་གིས་ཕྱིར་རང་གི་ཟིན་བྲིས་ནང་དུ་སྐོར་ཉུལ་བྱེད་རྒྱུ་མ་བྱུང་སྟབས། འུ་གཉིས་དྲ་ཐོག་ནས་གླེང་མོལ་བྱེད་མ་ཐུབ་པ་དེ་ནི་འཕང་ནི་ཞིག་རེད།

    ཁ་བ་ནག་པོ་ལགས། བར་དོའི་ཁམས་ཟེར་ནས་བཤད་དེ་འོང་ན། འཇིག་རྟེན་འདི་ན་འཚོ་ཞིང་གནས་པའི་སྐྱེ་བོ་མི་ཉུང་བ་ཞིག་གིས་ཁས་ལེན་དཀའ་ན་ཡང་། སྒྲིག་ཁྲིམས་འདི་ཡོད་པ་ནས་ལག་ལེན་མེད་པ། ལག་ལེན་དེ་ཡང་གོ་ལྡོག་གི་རང་བཞིན་ཞིག་དུ་གྲུབ་བཞིན་ཡོད་སྟབས། བར་དོ་ན་ཡང་ཕལ་ཆེར་དེ་འདྲ་ཞིག་ཆགས་མེད་འགྲོ་བསམ་གྱི་འདུག

    རྨེ་བ་འཇམ་དཔལ་ནོར་བུ་ལགས། དེང་སང་བོད་མི་དག་མི་ཡུལ་གྱི་བར་དོ་ན་ལུས་ཡོད་པ་ལས། མི་རིག་སའི་བར་དོ་ནི་ཧ་ཅང་ཐག་རིང་ཞིག་རེད། ཡོད་མེད་དེ་ཡང་ལས་སླ་བོ་ཞིག་ཐག་གཅོད་དཀའ་ནི་རེད།

    བསེ་རུ་ལགས། ཕམ་ཁ་དེ་ནི་ཇག་མིང་ཐོག་མཁན་དེ་དག་གི་བྱ་དགའ་རེད། ཕམ་ཁ་མེད་ན་རྒྱལ་ཁ་མེད་ཟེར་སྲོལ་ཞིག་ཀྱང་མི་འདུག་གམ།

    ཨ་མྱེ་རྫ་རྒྱ་ལགས། སྒྲིག་ཁྲིམས་དེ་ཡི་འོག་ན་འཚོ་བཞིན་པའི་མིའི་རིགས་ཀྱི་བསྐལ་བ་མ་སྟོང་བར་དུ་སྒྲིག་ཁྲིམས་སྤྱོར་ནས་འདུག་རྩིས་རེད། དེ་ཡི་སྟབས་ཀྱིས་འུ་ཅག་གིས་མི་ཤེས་ས་ན། ཡིད་ཆེས་དེ་ཡང་ལས་སླ་བོ་ཞིག་རྙེད་རྒྱུ་ཁག་པོ་ཡིན་ཡང་། རང་ལས་འགོ་བཙུགས་དེ་ཡིད་ཆེས་ཤིག་རྙེད་པར་འབད་པ་བྱེད་རྒྱུ་དེ་ནི་འུ་ཅག་གིག་ལས་འགན་རེད་སྙམ།

    འབའ་པ་སྐལ་བཟང་འཕྲིན་ལས་ལགས། ཀློག་དུ་ཕེབས་པ་དགའ་ཡོད།

    ཅོ་རི་ཉི་མ་ལགས།
    ཆོད་སེམས་དམ་པོ་མེད་པའི་མི་རབས་ཤིག།
    ཆོད་སེམས་རྩ་ནས་བརྗེད་པའི་མི་རབས་ཤིག།
    ཆོད་སེམས་གང་ཡིན་མི་ཤེས་མི་རབས་ཤིག།
    ད་གཟོད་འུ་ཅག་མི་ཚེ་ཆུད་ཟོས་གྱུར།།

    Reply
  26. chokri nyima says:
    ལོ་ 15 སྔོན།

    སྟག་ཤ་ར་ཇག་ལ་འགྲོ་ནི་ཁྱེད།
    བྱ་གླག་མོ་འདྲ་རྩལ་ཞིག་དགོས།
    སྟག་དམར་ཡག་འདྲ་བའི་དཔའ་ཞིག་དགོས།
    དེ་མིན་ན་ཇག་ལམ་ཆོད་ནི་མིན།

    འདི་ཆོད་སེམས་ཞེས་པའི་ཐ་སྙད་འདི།
    དུས་སྔོན་མ་ཡོད་ཀྱང་ད་ལྟ་མེད།
    འདི་ཡོད་ཀྱང་རང་ལ་ཕན་པ་མེད།
    དུས་དེང་སང་ཡོད་ན་ཀུན་གྱིས་སྡང།

    Reply
  27. kalsang says:
    ལོ་ 15 སྔོན།

    འོ་ཡ བཀླགས་ཟིན།

    Reply
  28. kalsang says:
    ལོ་ 15 སྔོན།

    འོ་ཡ བཀླས་ཟིན།

    Reply
  29. a gyatso says:
    ལོ་ 15 སྔོན།

    བཀླགས་ཟིན་ཐུགས་རྗེ་ཆེ།
    ད་སྐབས་ཇག་པ་གང་ན་ཡོད་མི་ཤེས་གི་ཡ་མཐོན་པོ་དཔོན་པོ་ནང་ན་ཡང་ཇག་པ་ཡོད་ཁུ།
    དམའ་མོ་སྤྲང་བོ་ནང་ནའང་ཇག་པ་ཡོད་ཁུ།
    ད་དུང་བླ་མ་དང།སྐྱེས་པ།བུད་མེད།མཐའ་ན་བྱིས་པ་སྣབ་ཁ་སོགས་མཐའ་ཡས་པ་ཞིག་ཡོད་ཁུ་ད་ཅི་བྱེད་དགོས།
    རྗེས་མ་ཡང་འདིའི་ཕྱོགས་ལ་བསམ་བློ་གཏོང་ཁ་བྱེད་ཀྱི་ཡིན་ལགས།ཨ་ཡོ་ཤི་ཅིག་ཀ

    Reply
  30. samkhar says:
    ལོ་ 15 སྔོན།

    ཇག་པའི་རྒྱལ་ཁ་ནི་རང་ཉིད་ཁྲིམས་ཀྱི་གཉའ་ཤིང་ངམ་གཞན་གྱི་མཚོན་ཆའི་འོག་ཏུ་གཤིན་རྗེའི་དྲུང་དུ་འགྲོ་དགོས་པ་དེ་མ་རེད་དམ། དེ་ལ་ཕམ་ཁ་ཟེར་ན་མི་འགྲིག་པ་ཡིན་ནམ།

    Reply
  31. salygyal says:
    ལོ་ 15 སྔོན།

    བར་དོ་ན་སྒྲིག་ཁྲིམས་ཡོད་མེད་མི་ཤེས། སྒྲིག་ཁྲིམས་མེད་པའི་དབང་དུ་བཏང་ཡང་དེ་རུ་ཉིན་འགའ་ལས་འདུག་ཁོམ་མི་འདུག་ཟེར།

    Reply
  32. jamnor says:
    ལོ་ 15 སྔོན།

    བར་དོའི་ཁམས་ན་སྒྲིག་ཁྲིམས་ཡོད་ས་རེད་པ།

    Reply
  33. kawakarpo says:
    ལོ་ 15 སྔོན།

    སྒྲིག་ཁྲིམས་བཟོ་མཁན་ཚང་མ་ཟེར་ན་མི་ཤེས་ཀི་ར་མང་ང་ཟིག་དུ་མོ་ཟིག་མ་རེད་ན་ཁྱོའི་སྐེ། ང་འདི་ཆུང་ཆུང་ཡིན་རུས་ནས་སྒྲིག་ཁྲིམས་ཅིག་ཅིག་མིག་མིག་ཟེར་གྲས་ཐད་ཚོ་མགོ་ཁུའུ་འཇོག་ག ད་རུང་ར་དུ་མོ་ཟིག་རེད། ད་ཡིན་རུང་སྒྲིག་ཁྲིམས་ཡིན་ན་འདི་མེད་ས་ཟིག་མེད་ཀི བར་དོའི་ཁམས་ན་སྒྲིག་ཁྲིམས་ཡོད་ནི་འུ་རུ།

    Reply
  34. salygyal says:
    ལོ་ 15 སྔོན།

    ཨ་རོགས་དྲ་ཐོགས་ན་ཡོད་དམ།
    ཁ་བརྡ་བྱེད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese