མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་དེབ་དང་གློག་བརྙན་གྱིས་འཐབ་སྟངས། རྩོམ་སྒྲིག་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༧༡ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ཁ་ཉིན་ཨ་རིའི་ཕ་ལམ་དཔྱིད་དུས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་བོད་པའི་གློག་བརྙན་ཞིག་ལ་བརྟེན་ནས་རྒྱ་མིའི་གློག་བརྙན་གཉིས་ཕྱིར་འཐེན་བྱས་རྗེས་ངས་གཞི་ནས་བོད་རྒྱ་གཉིས་ཀྱི་འཐབ་འཁྲུག་གི་གཡུལ་ས་གཞན་པ་དེ་ཚོ་མཐོང་།

དེང་སྐབས་བོད་རྒྱའི་བར་གྱི་འཐབ་རྩོད་འདི་རྣམ་པ་དང་ངོ་བོ་མི་འདྲ་བ་མང་པོའི་ལམ་ནས་རྩོད་ཀྱིན་འདུག དཔེར་ན། དེབ་དང་གློག་བརྙན་འཁྱེར་ཡོང་ནས་རྒྱག་རེས་བྱེད་པ་ལྟ་བུ་རེད། ལོ་སྔོན་མར་བྷར་ལིན་དུ་རྒྱལ་སྤྱིའི་དཔེ་འཚོང་གི་དུས་སྟོན་ཞིག་ཚུགས་སྐབས། བོད་མིའི་ཕྱོགས་ནས་༼མེ་ལ་མི་འཇིགས་པའི་གསེར་ལྟ་བུ་༽ཞེས་པའི་བོད་ཕྱི་ནང་གི་བོད་མི་རྣམས་ཀྱི་རྩོམ་ཡིག་ཕྱོགས་སྒྲིག་གི་དེབ་ཅིག་འགྲེམ་སྤེལ་གྱིས་བཙོང་ཞིང་། སྐབས་དེར་རྒྱ་ནག་ནས་དེབ་སྣ་དྲུག་བརྒྱ་ལྷག་ཁྱེར་ཡོང་ཡོད་ཀྱང་དེབ་གཅིག་རང་གཅིག་མ་གཏོགས་བཙོང་ཐུབ་མེད་ཚུལ་འདུག

ཉེ་ཆར་ཕྱི་ཟླ་ ༡༢ པའི་ནང་དུ་ཨོ་སི་ཊོ་རི་ཡ་རུ་འགྲོ་བ་མིའི་ཐོབ་ཐང་གི་གློག་བརྙན་དུས་སྟོན་ཞིག་ཚུགས་སྐབས་ཞིན་ཅང་གི་ཡུལ་གྱུར་དབུ་ཁྲིད་ལྕམ་རེ་བྷི་ཡ་ ཁ་ཌར་གྱི་མི་ཚེ་སྐོར་གྱི་གློག་བརྙན་༼བརྩེ་དུང་གི་ཆ་རྐྱེན་བཅུ་༽ཅེས་པ་དང་སྐུ་ཞབས་དཔལ་ལྡན་རྒྱ་མཚོའི་སྐོར་གྱི་གློག་བརྙན་༼ཁ་བའི་འོག་གི་མེ་ལྕེ་༽ཞེས་པ་གཉིས་དུས་སྟོན་དེའི་སྟེང་འགྲེམ་སྟོན་བྱ་མི་ཆོག་ཅེས་རྒྱ་ནག་གི་གཞུང་ཚབ་ཁང་གིས་ཨོ་སི་ཊོ་རི་ཡའི་ཕྱི་སྲིད་ལྷན་ཁང་ལ་ངོ་རྒོལ་དང་གནོན་ཤུགས་ཇི་ལྟར་སྤྲད་ཀྱང་། ཨོ་སི་ཊོ་རི་ཡའི་གཞུང་དང་གློག་བརྙན་དུས་སྟོན་གོ་སྒྲིག་པ་རྣམས་ཀྱིས་རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་གློག་བརྙན་དེ་གཉིས་བསྟན་ཡོད། འདི་ཡང་རྒྱ་ནག་གི་ཕམ་ཁ་རུ་གྱུར།

ཉིན་ཤས་གོང་ཕ་ལམ་དཔྱིད་དུས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བསྟན་འཛིན་བསོད་ནམས་དང་རི་ཊུ་ ས་རིན་ལགས་གཉིས་ཀྱི་གློག་བརྙན་༼སྤྲིན་པའི་རྒྱབ་ཀྱི་ཉི་མ། བོད་མིའི་རང་དབང་འཐབ་རྩོད་༽ ཅེས་པ་འདི་ལ་བརྟེན་ནས་རྒྱ་ནག་གི་༼ཤི་གསོན་གྱི་གྲོང་ཁྱེར་༽ཅེས་པ་དང་༼མགྱོགས་པོ། མགྱོགས་པོ། དལ་མོ་༽ཞེས་པའི་གློག་བརྙན་གཉིས་དུས་སྟོན་ཐོག་ནས་ཕྱིར་འཐེན་བྱས་ཡོད་པ་རེད། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་འདི་ནི་རྒྱལ་ཁ་ཞིག་ལ་བརྩི་གིན་འདུག་ལ། ལྷག་པར་དུ་མ་འོངས་པར་གློག་བརྙན་དུས་སྟོན་གོ་སྒྲིག་པ་རྣམས་རྒྱ་ནག་ལ་ཐུག་སྐབས་རང་རང་གི་ལངས་ཕྱོགས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་གྱུར་ཡོད་རབས་གླེང་། དོན་དངོས་སུའང་འདི་ནི་བོད་མིའི་ཕྱོགས་ཀྱི་རྒྱལ་ཁ་ཞིག་ལོས་ཀྱང་ཡིན།

ད་ལྟའི་དུས་རབས་ཀྱི་ཆ་རྐྱེན་དང་མི་རྣམས་ཀྱི་དགའ་ཕྱོགས་དང་དགོས་མཁོ་ལ་བརྟེན་ནས་ང་ཚོས་བོད་དོན་དང་འབྲེལ་བའི་དེབ་དང་གློག་བརྙན་མང་དུ་འདོན་དགོས་པར་འདུག་ལ། བཏོན་པ་ཙམ་མིན་པར་བོད་པའི་མི་རབས་རྗེས་མ་རྣམས་ལའང་བརྒྱུད་ལམ་འདིའི་ཐོག་ནས་བོད་དོན་ངོ་སྤྲོད་བྱ་རྒྱུ་དང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་ནས་རྒྱ་ནག་ལ་ཐུག་སྐབས་ཀྱང་ཡིག་ཆ་དང་གློག་བརྙན་གྱི་སྟེང་ནས་འཐབ་རེས་བྱ་ཆོག་པར་འདོད་ལ། མ་མཐར་ཡང་དུས་ཡུན་ངེས་ཅན་ཞིག་གི་རིང་ལ་ང་ཚོས་དེབ་དང་གློག་བརྙན་གྱི་ལམ་ནས་རྒྱ་ནག་ཕམ་པར་བརྒྱབ་ཆོག་པར་འདོད།།

འབྲེལ་ཡོད་གསར་འགྱུར།

Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༡༥ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༢༠༢༦/༠༧/༡༥
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤

མཆན། 25

  1. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    གངས་ལྗོངས་བྱམས་བརྩེ་དྲང་བདེན་གྱི་རྒྱལ་པོ་དྲ་གྲོགས་བྱམས་རྒྱལ་ལགས།
    སྐུ་ཉིད་ཀྱི་དགོངས་འཆར་གནང་བ་ལྟར་ཕྲན་གྱིས་འདི་སྐོར་གྲོས་ཚོགས་ནང་སྐྱེལ་ངེས་ཡིན། སྐྱེལ་ས་ཞིག་ཏུ་བསྐྱལ་བཞག་ན་དེས་འོ་སྐོལ་འཕྲལ་དུ་ཕན་མིན་མ་ཤེས་ཀྱང་གནོད་སྐྱོན་མི་འབྱུང་ཐག་ཆོད་རེད།

    Reply
  2. ཟླ་ཞུན། says:
    ལོ་ 17 སྔོན།

    དེ་བཟང་།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཁ་སང་དེ་རིང་རྒྱ་ནག་མཉམ་དུ་གྷོ་གྷལ་དྲ་ཚིགས་ཀྱིས་འཐབ་རེས་བྱེད་ཀྱིན་འདུག ཡིན་ཡང་། གྷོ་གྷལ་གྱིས་མེ་ཁུ་རོ་སོ་ཧྥུ་ཊི་དང་ཡ་ཧོ་སོགས་རྒྱུགས་ཆེ་བའི་བཟོ་ཚོང་སྡེ་ཚན་རྣམས་དཔུང་རོགས་ལ་འབོད་ཀྱིན་ཡོད་ནའང་། འདི་དག་ད་རེབ་གྷོ་གྷལ་གྱི་དཔུང་རོགས་ལ་འབུད་རྒྱུ་མིན་པའི་ཚོད་དཔག་བྱེད་ཀྱིན་འདུག

    Reply
  4. བྱམས་རྒྱལ། says:
    ལོ་ 17 སྔོན།

    བཀུར་འོས་སྤྱི་འཐུས་ཚུལ་ཁྲིམས་མཆོག་དང་། ཅོ་རི་ཉི་མ་ མགྲིན་པ་ཟབ་མོ་ black man ལགས བཅས་ཤིན་ཏུ་བདེན་
    ལྷག་པར་དུ རྩོམ་སྒྲིག་པ་མཆོག་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
    ད་ལན་གྱི་གཏམ་འདི་གནད་འགག་ཅན་ཞིག་དུ་གོ་བརྒྱི་འདུག
    ཟློས་གར་ཚོགས་པས་འགན་བཞེས་པ་ལས་ བོད་པའི་གློག་བརྙན་བཟོ་གྲྭ་ཞིག་ཟུར་དུ་འཛུགས་ཏེ གློག་བརྙན་བཟོ་བསྐྲུན་གང་མང་དགོས་པ་ཧ་ཅང་གལ་ཆེན་མཐོང་གི་འདུག་།
    ལུང་རིག་ལགས་ཀྱིས་གསུངས་པ་ལྟར་བཀའ་འགྱུར རིན་པོ་ཆེ་མཆོག་གིས་ཐུགས་འཁུར་ཆེན་པོ་གནང་གི་ཡོད་པ་འདྲ་
    ཤིན་ཏུ་ནས་དགའ་བྱུང་།
    བཀུར་འོས་སྤྱི་འཐུས་ཚུལ་ཁྲིམས་མཆོག་གིས་ཀྱང་གནས་ཚུལ་འདི་གྲོས་ཚོགས་སུ་སླེབས་ཐུབ་ཐབས་གནང་ན་ཅི་འདྲ་འདུག་།
    ད་ཕྱི་མིས་བཟོས་པ་མ་ཡིན་པ་བོད་རིགས་རང་གིས་བཟོ་ཐུབ་གནང་ཡ་དེ་རེད་།
    གྲ་གྲོགས་ཚོས་བསམ་ཚུལ་འདོན་རོགས་གནང་དང་།
    བོད་པའི་གློག་བརྙན་བཟོ་གྲྭ་ཞིག་འཛུགས་ཐབས་ཅི་འདྲ་ཡོད་དམ་།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    སྤྱི་འཐུས་མཆོག

    ཁྱེད་ཀྱིས་གསུངས་པ་རྣམས་རླབས་ཆེན་གྱི་གནད་དོན་ཞིག་ཡིན་མིན་ནི་དཔྱད་མ་དགོས་པ་ཞིག་རེད་འདུག
    དེང་སང་བཙན་བྱོལ་བོད་ཀྱི་བུ་ཕྲུག་ཚོས་དགའ་ཕྱོགས་ནི་གློག་བརྙན་རེད། བཙན་བྱོལ་བོད་ཀྱི་བུ་ཕྲུག་ཚོའི་བསམ་བློའི་ཁ་ཕྱོགས་སྒྱུར་རྐྱེན་ཡག་ཤོས་གློག་བརྙན་གྱི་རྒྱུད་ནས་ཡིན་པ་ནི། དཔེ་ན་རྒྱ་གར་རུ་མཚའ་ལངས་བྱུང་བའི་བོད་ཕྲུག་རྣམས་ཀྱིས་དུས་རྒྱུན་དུ་རྒྱ་གར་གྱི་གློག་བརྙན་རྒྱུད་ནས་གློག་བརྙན་འཁྲམ་སྟོན་པ་རྣམས་ཀྱི་ལོ་རྒྱུས་བོད་མིའི་འཚོ་བ་སྐྱེལ་སྟངས་ལས་ཀྱང་གསལ་བ་ཤེས་ཀྱིན་ཡོད་རེད།
    དེ་འདྲ་ཡིན་དུས་བོད་ལོ་རྒྱུས་དང་དངོས་ཡོད་བོད་ཀྱི་འཚོ་བ་བཅས་གློག་བརྙན་གྱི་རྒྱུད་ནས་བོད་ཕྲུག་རྣམས་ལ་སྟོན་ཐུབ་ན་འབྲས་བུ་ཡག་པོ་ཞིག་ཡོང་བ་ནི་སྤྱི་འཐུས་མཆོག་གིས་གསུངས་པ་ལྟར་རྒྱབ་སྐྱོབ་ཡོད།

    Reply
  6. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    གོང་དུ་བཀུར་འོས་བོད་ཀྱི་དུས་བབ་རྩོམ་སྒྲིགས་པས་རྒྱ་ནག་ལ་དེབ་དང། གློག་བརྙན་གྱིས་འཐབ་སྟངས་ཞེས་གསུངས་པ་ལས་འཕྲོས་གཟུར་གནས་དྲ་གྲོགས་ཚོས་དགོངས་ཚུལ་གསུངས་པར་རྒྱུ་མཚན་ཡོད་པ་སྨོས་ཅི་དགོས།

    མི་གཞན་གྱིས་དགྲ་བསད་པའི་མགོ་ལག་རང་གིས་བླངས་ཟེར་བའི་དཔེ་ལྟར་ད་བར་བོད་དོན་གྱི་གློག་བརྙན་འཁྲབ་སྟོན་པ་གཙོ་ཆེ་བ་བོད་དོན་ལ་ཤ་ཞེན་ཅན་གྱི་ཕྱི་མི་ཚོ་ཆགས་ཡོད་ཅིང། དེའི་རྒྱལ་ཁ་དེ་ང་ཚོར་ཐོབ་བསྡད་པ་ཞིག་རེད། སྤྱིར་སོ་སོས་དཀའ་ལས་རྒྱག་མ་དགོས་པར་དཀའ་ལས་མིས་བརྒྱབས་པའི་ཁེ་བཟང་རང་ལ་ཐོབ་ན་དེར་མི་དགའ་མཁན་སུ་ཞིག་ཡོད། འོན་ཀྱང་ད་ནས་དགྲ་ང་རང་ཚོས་བསད་ནས་དེའི་མགོ་ལག་ང་རང་ཚོས་ལེན་དགོས་པ་དེ་ང་ཚོའི་ལས་འགན་རེད་ལ་དེ་ང་ཚོའི་གཟི་བརྗིད་ཡིན་པར་སྙམ། དེའི་ཕྱིར་བོད་གཞུང་ཟློས་གར་ཚོགས་པ་འདིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་བོད་རྒྱ་དམག་འཐབ་དང། མཆོད་ཡོན་གྱི་འབྲེལ་བ་བྱུང་བའི་སྐོར་སོགས་དང། འཕགས་བོད་ཆོས་རིག་གི་འབྲེལ་བའི་སྐོར་སོགས་གཙོར་འཛིན་གྱིས་སྐད་ཡིག་འདྲ་མིན་ཐོག་ནས་རྒྱུ་རྩལ་གྱི་རྣམ་པ་འབུར་དུ་ཐོན་པའི་གློག་བརྙན་འཁྲབ་སྟོན་ལ་ཤུགས་རྒྱག་དགོས་ངེས་འདུག ཁོང་ཚོས་ཤུགས་བརྒྱབ་ན་ཁོང་ཚོར་མཐུན་རྐྱེན་གང་འཚམས་འགྲིག་བསྡད་ཡོད་པ་རེད།
    དེ་བཞིན་བོད་ཀྱི་དཔའ་བོ་གླིང་གེ་སར་རྒྱལ་པོའི་སྒྲུང་སོགས་འཁྲབ་སྟོན་གྱི་གློག་བརྙན་འདོན་ཐུབ་དགོས་ཀྱི་འདུག་སྙམ། དེའི་ཕྱོགས་ལ་དྲ་གྲོགས་ཚོར་དགོངས་ཚུལ་གང་འདྲ་ཡོད་དམ།

    Reply
  7. ཧོར་བུ་ཡེ་ཤེས says:
    ལོ་ 17 སྔོན།

    གློག་བརྙན་དེ་རྣམས་ལྟ་འདོད་ཆེན་པོ་འདུག།འོད་སྡེ་དེ་འདྲ་ག་བ་ནས་རེག་གི་རེད།མཁྱེན་མཁན་ཡོད་ན་གསུང་རོགས་གནོངས།ཐུགས་རྗེ་ཆེ།

    Reply
  8. བྱམས་རྒྱལ། says:
    ལོ་ 17 སྔོན།

    འོ་འདུག་། དེབ་དང་གློག་བརྙན་གྱི་ལམ་ནས་རྒྱ་ནག་ཐེངས་ཁ་ཤས་ཕམ་བཅུག་སོང་།
    དེབ་དང་ལྷག་པར་གློག་བརྙན་བཟོ་མཁན་རྣམས་ཐུགས་རྗེ་ཆེ།

    Reply
  9. karma dorje says:
    ལོ་ 17 སྔོན།

    ཐབས་ཇུས་དེ་བཟང་།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ༼འབྲུག་གིས་རང་ཉིད་ཤེད་ཀྱིས་ས་ལ་བརྡབས་པའི་དཔེ་མཚོན་ཞིག༽

    རྒྱ་ནག་གི་དཔོན་རིགས་འདི་ཚོ་ཡང་མཚམས་རེར་ཀླད་པ་སྟོང་བ་ཡིན་ས་རེད། ཁ་སང་གཟའ་ཉི་མའི་ཉིན་ཕ་ལམ་རྒྱལ་སྤྱིའི་དཔྱིད་དུས་གློག་བརྙན་དུས་སྟོན་སྟེང་བསོད་ནམས་ལགས་ཀྱི་གློག་བརྙན་དེ་བསྟན་འདུག སྐབས་དེར་མི་ཕལ་ཆེ་བས་རྒྱ་ནག་ཁོང་ཁྲོ་ལངས་སའི་གློག་བརྙན་དེར་ཅིག་ལྟ་འདོད་ཡོད་ཅེས་བསླེབས་ནས་བལྟས་འདུག

    འགའ་རེས་རྒྱ་ནག་རང་གི་ཁེ་གྱོང་གི་ཕྱོགས་ནས་བཤད་ན། རྒྱ་ནག་གིས་གློག་བརྙན་གཉིས་ཕྱིར་འཐེན་བྱས་པའི་གཏོར་སྐྱོན་དེ་ནི་བོད་པའི་གློག་བརྙན་ལས་ཀྱང་ཆེ་བ་འདུག་ཅེས་བཤད་འདུག

    འདི་ནི་འབྲུག་གིས་རང་ཉིད་ཤེད་ཀྱིས་ས་ལ་བརྡབས་པའི་དཔེ་མཚོན་ཞིག་ཡིན་ས་རེད།

    Reply
  11. karma dorje says:
    ལོ་ 17 སྔོན།

    ཨེ།

    Reply
  12. blackman says:
    ལོ་ 17 སྔོན།

    འདི་ནི་ཤེས་ཡོན་དང་འབྲེལ་བ་འདུག ཤེས་ཡོན་གྱི་ལམ་ནས་ང་ཚོས་རྒྱ་གཞུང་ལ་འགན་རྩོད་ངོ་རྒོལ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་གི། གློག་བརྙན་བཟོ་བསྐྲུན་བྱེད་རྒྱུ་དེ་དུས་ཀྱི་འགྱུར་འགྲོས་ཀྱིས་ཐག་བཅད་པའི་དགོས་མཁོ་ཞིག་རེད། དེ་ཕྱོགས་ངེས་པར་འབད་དགོས་པ་དེ་འདྲ་རེད།

    Reply
  13. ཡོན་བྷེ། says:
    ལོ་ 17 སྔོན།

    མཆན་བཏབས་པ་རྣམས་མགོར་སླེབས་ཐུབ་པ་བྱས་ཏེ་འགྱུར་བ་ཞིག་བཏངས་པ་འདི་ཧ་ཅང་ཡག་པོ་བྱུང་འདུག ཁ་སྔོན་ཞིག་ནས་མཆན་གསར་ཤོས་དེ་མཇུག་ལ་སླེབས་འགྲོ་བ་འདི་ཡག་པོ་མི་འདུག་བསམ་བྱུང་ལ། གློག་ཀླད་ཚན་རིག་པ་བློ་བཟང་སྨོན་ལ་ཡང་འདི་ཡག་པོ་མེད་རབས་ཀྱི་ཁ་བརྡ་བྱེད་མྱོང་། ཁྱེད་ཚང་ལ་འདི་བཤད་དགོས་བསམ་ནས་མཚམས་དེར་འགྱུར་བ་བཏངས་ཚར་ནས་བཤད་རྒྱུ་རྗེས་ལུས་ཐེབ་འདུག གང་ལྟར་འགྱུར་བ་བཏངས་པ་འགྲིག་གི།

    Reply
  14. མགྲིན་པ་ཟབ་མོ། says:
    ལོ་ 17 སྔོན།

    ངའི་བསམ་ཚུལ་ལ་བཙན་བྱོལ་བོད་མི་ཚོས་འདས་པའི་ལོ་ ༥༠ རིང་རང་རང་གི་འཚོ་བ་སྐྱ་རིལ་སྔོ་རིལ་རེ་མ་གཏོགས། བོད་དོན་ལ་སྨན་པའི་གློག་བརྙན་ཞིག་བཟོ་ཐུབ་མེད།

    བསྟན་འཛིན་བསོད་ནམས་ལགས་ཀྱིས་གློག་བརྙན་བཟོས་ཡོད་པ་རེད། ཁོང་གི་བཟའ་ཟླ་རྒྱ་གར་བུད་མེད་ཅིག་ཡིན་སྟབས་མཐུན་འགྱུར་མི་དམན་པ་ཞིག་རག་ཡོད་སྲིད།

    བཀའ་འགྱུར་རིན་པོ་ཆེས་གློག་བརྙན་ཞིག་བཟོ་བཞིན་ཡོད་ལ། ཁོང་གི་བཟའ་ཟླ་ཡང་རྒྱ་གར་གྱི་གློག་བརྙན་བཟོ་གྲྭའི་ནང་གི་བུད་མེད་ཅིག་ཡིན།

    དེ་མིན་ཅུང་སྐད་གྲགས་ཆེ་བའི་གློག་བརྙན་ཕལ་ཆེ་བ་ཕྱི་རྒྱལ་བ་ཚོས་བཟོས་པ་རེད། བོད་ནང་ལོ་བདུན་དང་སྐུ་མདུན་ལྟ་བུ་རེད།

    ད་ནི་བོད་པ་ཚོ་སད་རན་པ་མ་རེད་དམ།

    Reply
  15. མི་ཆུང་། says:
    ལོ་ 17 སྔོན།

    ཉིན་ཤས་གོང་གསར་འགྱུར་འདི་ཚོ་ཚ་ཚ་འུར་འུར་རེད་འདུག་དེ་ཚོ་ང་ཚོའི་རྒྱལ་ཁ་རེད།

    Reply
  16. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ལྷ་ཆབ་ལགས། མཆན་གསར་ཤོས་དག་མགོར་ཤར་ན་གཟིགས་བདེ་བ་ཡོང་བ་དང་། སྔོན་མ་བཞིན་མཆན་གསར་ཤོས་དག་ཤོག་ངོས་ཀྱི་རྒྱབ་དང་མཐའ་ལ་དེད་ནས་བསྔོག་མི་དགོས་པའི་ཆེད་དུ་བཟོ་བཅོས་བྱས་པ་ཡིན།

    ད་ནི་མུ་མཐུད་ནས་བགློ་གླེང་གི་ནང་དུ་ཞུགས་རོགས།

    Reply
  17. ཕུན་ཚོགས ། says:
    ལོ་ 17 སྔོན།

    རེད་ཨང་།་བདེན་དོན་ཟེར་ན་འདྲ།་ཁེ་དོན་ཟེར་ན་འདྲ།་གང་ལྟར་འཐབ་རྩོད་ཀྱི་ཐབས་ལམ་ཤིན་ཏུ་མང་རབ་ཟེར་མོད།བོད་པ་ནི་དུས་ནམ་ཡང་གླུ་བརྒྱ་གདངས་གཅིག་གིས་ལེན་སྤྲོ་བ་ལས་ལམ་ཁ་དེར་འཐུས་སྒོ་ཚང་བའི་ངང་ཞུགས་རྒྱུར་ཧ་ཅང་ཁ་ཐག་རིང་ན་འང་།ལམ་ཁ་འདིའི་ཁ་ཕྱོགས་བསྟན་པ་ཙམ་ཀྱྱིས་ཀྱང་ཕན་པ་ཅུང་ལོས་ཡོད།་

    Reply
  18. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    དྲ་བ་དོ་དམ་པ་ལགས། དེ་རིང་ནས་མཆན་བཏབ་པ་ཚང་མའི་གོ་རིམ་སྔོན་མ་ལས་ལྡོག་པ་ག་རེ་རེད།

    Reply
  19. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    འཐབ་རྩོད་ཟེར་བ་དེ་འདི་ལྟ་བུ་ལ་ཟེར་བ་རེད།

    Reply
  20. བསྟན་འཛིན་ཤེས་རབ། says:
    ལོ་ 17 སྔོན།

    འོན་ཀྱང་རྒྱ་ནག་ལ་ངོ་ཚ་མེད་པས་་་་་་་་་་་་་་་་་

    Reply
  21. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ་ཡང་ནས་འདིའི་ཐད་ལ་རང་རང་གི་རིག་པ་སྤུངས་བཞིན་པར་ཐུགས་རྗེ་ཆེ། ད་སྐབས་བཀའ་འགྱུར་རིན་པོ་ཆེ་མཆོག་གིས་ཨ་སྒོར་ས་ཡ་གསུམ་གྱི་མ་རྩ་བཏང་སྟེ་གློག་བརྙན་ཞིག་བཟོ་བཞིན་ཡོད། ད་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ལ་གློག་བརྙན་དེ་འགྲེམས་སྤེལ་བྱ་ཐུབ་པའི་རེ་བ་ཡོད་ཅེས་ཁོང་གིས་ང་ལ་གསུངས་བྱུང་། ད་ལོ་ང་ཚོར་རྒྱ་ནག་ལ་འཐབ་བྱེད་ཀྱི་གློག་བརྙན་ཆེན་པོ་ཞིག་ཡོང་གི་ཡོད།

    Reply
  22. ཡོན་བྷེ། says:
    ལོ་ 17 སྔོན།

    དྲྭ་བདག་ལགས་བཀླགས་ཟིན།

    འདི་ཡང་གཅིག་ནས་བོད་པ་རྣམས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་མང་པོ་ཞིག་གི་ནང་དུ་ཞུགས་རྒྱུའི་འགོ་འཛུགས་ལྟ་བུ་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་ལ་འཐབ་རྩོད་ཀྱི་རྣམ་འགྱུར་སྟོན་སྟངས་ཀྱི་ངོས་མ་འདྲ་བ་ཞིག་རེད།

    Reply
  23. ཨ་འབྲུག་དཀོན་མཆོག says:
    ལོ་ 17 སྔོན།

    མཉམ་གནས་ཀྱི་གཞུང་ལུགས་གཏན་ལ་ཕབ། གདོང་གཏུགས་ཀྱི་འཐབ་རྩོད་གླིང་ནས་བྱས། བདེན་རྫུན་གྱི་དབྱེ་ཁྱད་ཇེ་ཆུང་རེད། རྫུན་མ་ལ་དབང་རྟགས་ཇེ་མང་རེད། དཔང་པོ་ཡི་མིག་ཟུང་ཇེ་གཡོན་རེད། རྒྱལ་ཕམ་གྱི་ཐག་གཅོད་མངོན་མེད་རེད།

    Reply
  24. ཨ་འབྲུག་དཀོན་མཆོག says:
    ལོ་ 17 སྔོན།

    མཉམ་གནས་ཀྱི་གཞུང་ལུགས་གཏན་ལ་ཕབ། གདོང་ཐིག་གི་འཐབ་རྩོད་གླིང་ནས་བྱས།

    Reply
  25. བསེ་རུ། says:
    ལོ་ 17 སྔོན།

    འབྱུང་འགྱུར་ཆས་གོས་དང་སྐད་དང་ཡི་གེའི་སྟེང་ནས་ཀྱང་འདི་ལྟའི་གདོང་ཐུག་གི་འཐབ་རྩོད་ཡོང་སྲིད་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese