༧གོང་ས་མཆོག་གིས་ཧེ་ཐིའི་སྲིད་འཛིན་གྱི་མཚན་ཐོག་ཏུ་ཧེ་ཐིའི་མི་དམངས་ལ་ཐུགས་གསོའི་འཚམས་འཕྲིན་བསྐུར་ཡོད་པ་རེད།
ཕྱི་ཚེས་ ༡༣ ཉིན་༧གོང་ས་མཆོག་གིས་ད་རེབ་ས་ཡོམ་བརྒྱབས་སའི་ཧེ་ཐིའི་གླིང་ཕྲན་གྱི་སྲིད་འཛིན་སྐུ་ཞབས་རེ་ནེ་ གྷར་སི་ཡ་ པུ་རེ་ཝལ་མཆོག་གི་མཚན་ཐོག་ཏུ་ཕྱག་འཕྲིན་ཅིག་བསྐུར་ཏེ། ཐེངས་འདིར་གླིང་ཕྲན་དེའི་ནང་དུས་རབས་གཉིས་ནང་བྱུང་མ་མྱོང་བའི་ས་ཡོམ་གྱི་རང་བྱུང་གོད་ཆག་བྱུང་སྟེ། ཐད་ཀར་གནོད་འཚེ་ཐེབས་མཁན་གྱི་ནང་མི་རྣམས་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་ཡོད་ཅེས་གསུངས་ཡོད་པ་རེད།
ཚད་རིམ་ ༧་༠ ཅན་གྱི་ས་ཡོམ་དེ་ཕྱི་ཚེས་ ༡༢ ཉིན་བརྒྱབས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་དཔུང་དམག་དང་སྲིད་གཞུང་གི་ཁང་བརྩེགས་སྟོང་ཕྲག་ལྷག་འཐོར་ཤིག་ཏུ་ཕྱིན་ཡོད་ལ། ཐ་ན་ཧེ་ཐིའི་སྲིད་འཛིན་མཆོག་ཀྱང་གནས་སྐབས་རིང་ཡུལ་མེད་དུ་གྱུར་ཡོད་འདུག
ཧེ་ཐིའི་རྒྱ་གྲམ་དམར་པོའི་རྟགས་ཅན་གྱི་ཚོགས་པས་བཤད་པ་ལྟར་ན། ཐེངས་འདིའི་ས་ཡོམ་ཁྲོད་ཉུང་མཐར་མི་ ༥༠༠༠༠ རྐྱེན་འདས་སུ་གྱུར་ཡོད་འདུག
༧གོང་ས་མཆོག་གིས་འཚམས་འཕྲིན་དེའི་ནང་དུ། ངོས་ནས་གོད་ཆག་འདིའི་ཁྲོད་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་སྨོན་ལམ་དང་ཤུལ་ལུས་ནང་མི་རྣམས་དང་ས་ཡོམ་གྱི་གོད་ཆག་གིས་གནོད་སྐྱོན་ཐེབས་མཁན་ཚང་མར་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་ཅེས་གསུངས་འདུག
ཆོས་ཞེས་པ་དེ་སེམས་པ་སྡུག་དུས་བྱེད་རྒྱུ་དང་སེམས་པ་སྐྱིད་དུས་བཞག་རྒྱུ་ཞིག་མ་རེད། སེམས་པ་ལྷོད་ལ་བབ་རྒྱུ་ཙམ་ཡིན་ན་ཆོས་བྱེད་པ་ལས་ཆང་འཐུང་བ་དང་བཟི་སྨན་ཟ་ན་དགའ།
(HAITI)ཧྱེ་ཏི་ཞེས་བྲིས་དགོས་ས་རེད།
སྡུག་འ་ཡིན་ན། ང་ཡང་ཉི་མ་གཅིག་ལ་ས་འགུལ་རྒྱུགས་ནས་བསད་གཏོང་ས་རེད་ཀོ
མགོ་ཐོག་ཏུ་སྡུག་ཅི་ཞིག་ཡོང་སྐབས་སེམས་པ་གསོ་བྱེད་དང་སེམས་ལྷོད་དུ་འབབ་འཇུག་བྱེད་ཡག་ཤོས་དེ་ཆོས་རེད་འདུག
ས་ཡོམ་གྱི་འཇིགས་པ་སླེབས་དུས་རང་སེམས་གསོ་བྱེད་ལ་ཆོས་ལུགས་ལས་ལྷག་ཅིག་མེད།
ཧ་ཧ་ཧ་། ཁྱོད་གཉིས་བདེན་འདུག
ཡིག་ནོར་གྱིས་དོན་ནོར་བྱུང་འདུག་ ང་འདི་ད་འདི་མོ་གློའུ་ཞིག་ཡིན་ཡ། དྲ་གྲོགས་དགོངས་པ་མ་ཚོམས་ལགས།
རེད་རེད། ལོག་པར་ལྟུང་བ་ཡི། ཞེས་པ་རེད་འདུག་ཐུགས་རྗེ་ཆེ།
སྐྱེ་ཞིང་
ངན་འགྲོ་ལོག་པར
གཅན་བཟོད་རྒྱམ་ལགས། ངན་འགྲོར་ལྟུང་ན་༼ ལེགས་པར་ལྟུང་བ་ ༽ཡིན་པ་མི་ཁྱོད་ཀྱི་ཁ་ནས་མ་གཏོགས་ཐོས་མ་མྱོང་ལགས།
མི་ལུས་སྐྱེས་ཤིང་སྐྱེ་བ་ཐམས་ཅད་དུ༎
ངན་སོང་ངན་འགྲོར་ལེགས་པར་ལྟུང་བ་ཡི༎
སྐྱེ་གནས་རྣམས་སུ་ནམ་ཡང་མི་སྐྱེ་ཞིང་༎
དལ་འབྱོར་ཚང་བའི་མི་ལུས་ཐོབ་པར་ཤོག།