མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇར་མན་ཕྱི་སྲིད་བློན་ཆེན་གྱིས་བོད་དོན་གླེང་བ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཚེས་ ༡༥ ཉིན་འཇར་མན་ཕྱི་སྲིད་བློན་ཆེན་ཝེ་སི་ཊར་ཝེལ་ལེ་ Westerwelle པེ་ཅིན་དུ་རྒྱལ་དོན་འཚམས་གཟིགས་ལ་ཕེབས་ཏེ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཅེ་ཁྲི་དང་སྲིད་བློན་ཝུན་ཇ་པའོ་གཉིས་ལ་སྔ་རྗེས་སུ་མཇལ་འཕྲལ་གནང་ཡོད། ཡང་ཅེ་ཁྲི་དང་མཇལ་ཕྲད་སྐབས་འཇར་མན་ཕྱི་སྲིད་བློན་ཆེན་གྱིས་མངོན་གསལ་དོད་པོའི་སྒོ་ནས་འགྲོ་མིའི་ཐོབ་ཐང་གི་གནད་དོན་སྐོར་གྱི་གལ་གནད་དང་འབྲེལ་ཏེ། གསར་འགོད་རང་དབང་དང་། སྨྲ་བརྗོད་རང་དབང་། གྲངས་ཉུང་མི་རིགས་ཀྱི་ངོ་བོ་བརྟན་སྲུང་། དྲ་རྒྱའི་རང་དབང་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་ཡོད་འདུག 
དབྱིན་ཇུའི་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱོགས་གཉིས་ཀྱི་བར་གནད་དོན་མང་པོ་ཞིག་གི་ཐད་ཕན་ཚུན་འགལ་བ་ཡོད་ནའང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་མཉམ་འབྲེལ་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད།

འཇར་མན་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་ལས་དོན་མང་པོ་ཞིག་གི་ཐད་ལ་སྐྱོན་བརྗོད་ཀྱི་རྣམ་འགྱུར་བསྟན་ཡོད། དེ་བཞིན་འཇར་མན་འོས་བསྡུ་ཆེན་མོའི་སྐབས་སུ་ཁོང་གིས་གལ་སྲིད་མ་འོངས་པར་ཁོ་རང་ཕྱི་སྲིད་བློན་ཆེན་ཆགས་པ་ཡིན་ན། ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་གི་ཡིན་ཅེས་བརྗོད་མྱོང་ཡོད་པ་རེད།

ཐེངས་འདིའི་རྒྱལ་དོན་འཚམས་གཟིགས་ཀྱི་སྐབས་སུའང་རྒྱ་ནག་གིས་ཏཱ་ལའི་བླ་མཆོག་ལ་འཛིན་པའི་ལྟ་སྟངས་ལ་འགྱུར་བ་ལེགས་པོ་གཏོང་དགོས་པའི་སྐོར་གསུངས་ཡོད་པ་རེད། ཡིན་ནའང་། རྒྱ་ནག་ཕྱི་སྲིད་བློན་ཆེན་ཡང་ཅེ་ཁྲི་ཡིས་ཏཱ་ལའི་བླ་མ་ནི་ཆབ་སྲིད་བྲོས་བྱོལ་བ་དང་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པ་དང་། རྒྱ་གཞུང་གི་ངོས་ནས་རྒྱལ་ཁབ་གཞན་པའི་མགོ་ཁྲིད་ཀྱིས་ཁོང་ལ་ཐུག་ཕྲད་བྱེད་རྒྱུར་ངོ་རྒོལ་ཡོད་ཅེས་བརྗོད་ཡོད་པ་དང་། དེ་ནི་འཇར་མན་ཕྱི་སྲིད་བློན་ཆེན་མཆོག་མ་འོངས་པར་༧གོང་ས་མཆོག་དང་མཇལ་འཕྲལ་མི་གནང་རྒྱུར་རྟིང་སྐུལ་བྱས་པ་ཞིག་ཡིན་འདུག་མོད། འཇར་མན་ཕྱི་སྲིད་བློན་ཆེན་མཆོག་གིས་གསར་ལམ་ཁག་ཏུ་བརྗོད་རྒྱུར། བོད་དང་། འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་སོགས་ཀྱི་ཐད་ནས་འཇར་མན་དང་རྒྱ་ནག་གཞུང་གི་ལྟ་སྟངས་མ་འདྲ་བ་ཤུགས་ཆེན་པོ་འདུག ཁོང་གིས་ཏཱ་ལའི་བླ་མ་དང་འབྲེལ་བ་གཅོད་སྲིད་གི་མ་རེད་ཅེས་བརྗོད་ཡོད་འདུག

སྐུ་ཞབས་ཝེ་སི་ཊིར་ཝེལ་ལེ་མཆོག་གིས་འཇར་མན་ཕྱི་སྲིད་བློན་ཆེན་གྱི་ལས་ཁུར་བཞེས་རྗེས་ཐོག་དང་པོར་རྒྱ་ནག་དུ་འཚམས་གཟིགས་སུ་ཕེབས་པའི་སྐབས་དང་བསྟུན་ནས། མངོན་གསལ་དོད་པོའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་བྱས་པར་འཇར་མན་གསར་ལམ་ཁག་ཏུ་ཁོང་ལ་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད་འདུག

འཇར་མན་གྱི་ Star Weekly ཞེས་པའི་བདུན་རེའི་གསར་ཤོག་སྟེང་བཀོད་དོན། ཉེ་ལམ་རྒྱ་ནག་གིས་རང་ཉིད་སྟོབས་ཆེན་ཡིན་པ་ཕྱོགས་ཡོངས་ནས་འུད་སྒྲོག་བྱེད་བཞིན་ཡོད། ཡིན་ནའང་། རྒྱ་ནག་གི་སྤྱི་ཚོགས་ཁྲོད་གནད་དོན་མང་པོ་ལྷག་བསྡད་ཡོད། དཔེར་ན། དཔོན་རིགས་ཀྱི་རུལ་སུངས་དང་། གཞི་རིམ་གྱི་དབུལ་ཕོངས། ལོ་རེར་གཞུང་ལ་ངོ་རྒོལ་བྱེད་མཁན་མི་གྲངས་ཁྲི་ ༨ ལྷག་གིས་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་རེད།  དོན་དངོས་ཐོག་ཕྱི་རྫིག་ནང་སྟོང་ལྟ་བུ་ཆགས་ཡོད། རྒྱ་ནག་གིས་སྐྱོན་བརྗོད་དང་ལེན་བྱེད་མི་ཐུབ་པ་དེ་ནི་རྒྱ་ནག་ལ་གླེང་སློང་དཔྱད་བསྡུར་གྱི་རྒྱུན་སྲོལ་མེད་པས་རེད་ཟེར།

སྐུ་ཞབས་ཝེ་སི་ཊིར་ཝེལ་ལེ་མཆོག་གིས་ན་ནིང་ཕྱི་ཟླ་ ༡༠ པའི་ནང་འཇར་མན་ཕྱི་སྲིད་བློན་ཆེན་གྱི་ལས་ཁུར་བཞེས་པ་དང་། ཉེ་སྔོན་འཇར་མན་གྲོས་ཚོགས་འཐུས་མི་དང་ཚོང་དོན་མི་སྣའི་འཐུས་ཚབ་རུ་ཁག་ཁྲིད་ནས་རྒྱ་ནག་ཏུ་ཉིན་གཉིས་རིང་གི་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་འཚམས་གཟིགས་མཇུག་སྒྲིལ་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༢ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༦ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༧ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 9

  1. བློ་བཟང་ཐུབ་བསྟན་ says:
    ལོ་ 16 སྔོན།

    ༄༅༑དེ་རིང་གསར་འགྱུར་གཏམ་བཟང་གི་ཁེངས་འདུག་པ་གུས་པ་བརྗོད་མི་ཤེས་པའི་སྤྲོ་སྣང་དང་ཚོར་སྣང་གསར་པ་ཞིག་བྱུང་།འཛམ་གླིང་འདི་སྟེང་རང་དོན་ལྷུར་ལེན་མི་བྱེད་པར་བདེན་པ་ལ་རྒྱབ་སྐྱོར་དང་བཙན་པོ་གཉའ་གནོན་བྱེད་མཁན་ཡང་འདུག་བསམ་པའི་ཚོར་སྣང་བྱུང་།དེ་རིང་ནས་བཟུང་wasterwelle་འཛམ་གླིང་འདི་བའི་སྟེང་མི་ཡག་ཤོས་དང་དྲང་བདེན་ཞིག་དུ་ངོས་འཛིན་བྱེད་རྒྱུ་ཡིན་།
    ཁྲམ་པ་གཡོ་རྒྱུ་ཅན་ཨོ་སྦ་མ་ལྟ་བུ་མ་ཡིན་པར་།ཁ་ཞེ་གཉིག་མེད་ཀྱི་འགྲོ་བ་མི་བའི་ཐོད་ཐང་དང་འཛམ་གླིང་ཞི་བདེ་བསྐྲུན་མཁན་ཞིག་ཡིན་པ་ཤེས་བྱུང་།ཁོང་འདྲ་བའི་ཞི་བདེ་བསྐྲུན་མཁན་སྐྱེས་བུ་རྣམས་སྐུ་ཁམས་བཟང་ཞིང་འཛམ་གླིང་ཞི་བདེ་རྒྱས་གྱུར་གཅིག་།།།

    Reply
  2. རྒྱལ་ཐང་ཡོན་ཏན says:
    ལོ་ 16 སྔོན།

    འཇར་མན་རྒྱལ་ཁབ་དང་མི་དམངས་ལ་བཀའ་དྲིན་ཆེ་ཞུ།

    Reply
  3. ཧོར་གུ་དཀར་རྒྱལ་པོ says:
    ལོ་ 16 སྔོན།

    མཇར་མན་ཕྱི་སྲིད་བློན་ཆེན་མཆོག་ལ་གུས་པས་ཐུགས་རྗེ་ཆེན་ཟེར་བ་བཀྲིས་བདེ་ལེགས་ཞུ་

    Reply
  4. karma dorje says:
    ལོ་ 16 སྔོན།

    འཇར་མེན་དང་བོད་རྒྱལ་ལོ། །

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཧཧཧཧཧཧཧདྲ་གྲོགས་ནད་པ་ལགས། ཚོང་པའི་མི་ཡི་ཁྱད་པ་ཙམ་རེད།

    Reply
  6. ནད་པ says:
    ལོ་ 16 སྔོན།

    འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཧི་ཏ་ལེས་མགོ་ཁྲིད་པའི་འཇར་མན་དམག་འཁྲུགས་ཀྱི་གཡང་དྲུང་གི་དམག་དར་མཐོན་པོར་བསྒྲེངས་ནས་ནུབ་ཕྱོགས་སུ་མི་འབོར་ས་ཡ་ཉི་ཤུ་ལྷག་ཙམ་དམར་གསོད་བཏང་ཡོད།

    དེས་མི་ཚད་ད་དུང་གནའ་བོའི་རིག་གཞུང་དང་། རྒྱལ་ཁང་། ཡུལ་ལུང་སོགས་ཕྱོགས་ཡོངས་ནས་གཏོར་བཤིགས་བཏང་བ་མ་ཟད་ཕ་མ་མེད་པའི་དག་ཕྲུག་དང་དབང་པོ་སྐྱོན་སོང་བ་སོགས་གཤུལ་དུ་ལུས་པའི་མི་འབོར་ས་ཡ་མང་པོར་ཡ་ང་བའི་གནར་གཅོད་དང་སྡུག་བསྔལ་ཚད་ལས་འདས་པ་ཞིག་མྱངས་དགོས་བྱུང་།

    གནས་ཚུལ་དེས་རྐྱེན་པས་འཇར་མན་གྱི་མི་ཚོས་ད་ཆ་གཡུང་དྲུང་ཅན་གྱི་རྟགས་ཅན་འདི་མཐོང་མ་ཐག་ཏུ་ཁོང་ཚོའི་སེམས་ནང་མི་བདེ་བ་ཞིག་དང་ངོ་གནོང་གི་འཚེར་སྣང་ཅིག་སྐྱེ་བཞིན་ཡོད་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཞི་བདེ་ཟེར་བ་དེ་འཇིག་རྟེན་འདིའི་ནང་ཆེས་ཕུལ་བྱུང་དང་བཟང་ཤོས་ཤིག་ཏུ་བརྩི་བཞིན་ཡོད།

    རྒྱུ་མཚན་དེར་བརྟེན་ཁོང་ཚོས་བོད་མིའི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸ གོང་ས་ཡིད་བཞིན་ནོར་བུར་དད་གུས་ཚད་མེད་ཅིག་གནང་བ་ཡང་གནད་དོན་དེ་ལ་བརྟེན་ནས་བྱུང་བཞིན་ཡོད།

    ད་ལྟའི་ཆར་འཇར་མན་གྱི་རྒྱལ་ཁབ་ནི་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་དུ་ཆེས་དུག་རྩུབ་དང་ཧ་ཅང་གི་གཏུམས་དྲག་ཅན་ཞིག་ཏུ་གྱུར་པར་བརྟེན་ད་ཆ་ཁོང་ཚོས་སེམས་གཏིང་ནས་ངོ་གནོང་དང་། འགྱོད་གདུང་ཞིག་གིས་འོག་ནས་འཛམ་གླིང་ནང་ཆེས་ཉམས་ཐག་རྣམས་ལ་རོགས་རམས་ཚད་མེད་ཅིག་བྱེད་བཞིན་ཡོད།

    བོད་ཀྱི་གནད་དོན་ཡང་རྒྱ་མིའི་ཆེས་དུག་རྩུབ་ཀྱི་འོག་ནས་ཡ་ང་ཡིད་སྐྱོ་དགོས་པ་ཞིག་གི་འོག་ནས་མི་ཡུལ་དུ་སྐྱབས་བཅོལ་དུ་འབྱོར་ནས་འཚོ་གནས་བྱེད་བཞིན་ཡོད་སྟབས་ཁོང་ཚོས་ང་ཚོར་སེམས་ཁོང་གཏོང་ནས་ཆབ་སྲིད་དང་། རིག་གཞུང་། དཔལ་འབྱོར། སྐད་ཡིག འཚོ་གནས་སོགས་ཕྱོགས་ཐམས་ཅད་ལ་ཁ་ཞེ་སྙིང་མེད་ཀྱི་རོགས་རམས་གནང་བཞིན་ཡོད།

    འཇར་མན་གྱི་རྒྱལ་ཁབ་འདིར་མཚོན་ན་ད་ལྟའི་ཆར་འཛམ་གླིང་ནང་ཆེས་ཧ་ཅང་གི་སྲིད་དོན་དང་། དམག་དོན། དཔལ་འབྱོར། ཚན་རྩལ། ཤེས་ཡོན་སོགས་ཕྱོགས་གང་ས་ནས་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་ནའང་འཇར་མན་རྒྱལ་ཁབ་འདིས་སྔར་གྱི་ནོར་འཁྲུལ་ལ་ངོ་གནོང་ལྟ་བུས་མཉམ་ཆུང་གི་རྒྱལ་ཁབ་གཅིག་ཡིན་པ་ལྟ་བུར་བསྡོད་བཞིན་ཡོད་ཀྱང་དོན་དངོས་ཐོག་འཛམ་གླིང་ནང་ཧ་ཅང་གི་སྟོབས་ཆེན་ཞིག་ཡིན་ལ་ ༸ གོང་ས་མཆོག་དང་། བོད་རིགས། བོད་ཀྱི་རིག་གཞུང་། བོད་ཀྱི་གནད་དོན་ཐད་ལའང་ཧ་ཅང་གི་བརྒྱབ་སྐྱོར་དང་བཀའ་དྲིན་ཆེན་པོ་ཞིག་ཆགས་ཡོད།

    Reply
  7. ཨ་མྱེ་རྫ་རྒྱ་ says:
    ལོ་ 16 སྔོན།

    དེ་རིང་ངས་གཏམ་སྙན་མོ་ཞིག་གོ་སོང་རྒྱ་ཁབ་གཞན་པ་ཚོའི་རྒྱབ་བསྐྱོར་ཤུགས་ཆེན་པོ་རེ་བྱས་ན་ལྟ་རྒྱུ་ཞིག་ཡོད་པ་ཐག་ཆོག་རེད་ད་ང་ཚོ་ཚང་མས་ཤུགས་རྒྱག་རན་འདུག

    Reply
  8. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    གཅིག་རྗེས་གཉིས་མཐུད་ལ་བཅོས་རོགས་ཞུ།

    Reply
  9. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    དུས་བབ་ཚང་ནས་བཀྲ་ཤིས་པའི་གསར་འགྱུར་གཅིག་རྗེས་གཉིས་མཐུས་སུ་སྤེལ་གྱི་འདུག་པས་ངོ་མ་ད་ལོ་རེ་བ་ཆེན་པོ་ཞིག་མེད་དམ་སྙམ། ཁ་དྲོ་རྒྱུ་ཚང་ཤུགས་རྒྱོབ་ཤོག་ཨ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese