མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ལྷ་ས་དང་དེར་ཡོད་པའི་བོད་པ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ལྷ་སའི་རྒྱ་མི་ཚོས་ཁ་སང་དེ་རིང་གི་ལྷ་ས་ནི་རྒྱ་ནག་གི་ལྷ་ས་རེད། ལྷ་སར་གནས་སྡོད་ཚང་མས་རྒྱ་སྐད་ཤེས་དགོས་པ་རེད་ཟེར་ནས་བོད་པ་ཚོར་ཚུར་བཀའ་བཀྱོན་གཏོང་གི་འདུག་ཟེར།

ལྷ་ས་ནི་ལོ་རེ་བཞིན་རྒྱ་རིགས་ཀྱིས་ཁེངས་བཞིན། རྒྱ་ནག་གི་ས་ཁུལ་རང་བཞིན་དུ་འགྱུར་བཞིན་ཡོད་ལ། བོད་རིགས་ཚོ་ཉིན་རེ་བཞིན་གྲོང་ཁྱེར་འདིའི་ལམ་ཁ་དང་ལས་ཀ་ཡོངས་རྫོགས་ལ་འབྲེལ་མེད་ནས་རྒྱུས་མེད་ཆགས་བཞིན་ཡོད་འདུག ཉེ་ཆར་རྒྱ་གཞུང་གིས་བོད་སྐྱོབ་ཁ་གཏད་རོགས་སྐྱོར་ཞེས་པ་ཞིག་བཤད་བཞིན་པ་ནི། བོད་རང་སྐྱོང་ལྗོངས་སུ་རྒྱ་རིགས་ཇེ་མང་དུ་གཏོང་ཐབས་ཤིག་ཡིན་སྟབས་བོད་མི་ཚོས་སྔར་ལས་ཀྱང་སེམས་ཁྲལ་བྱེད་བཞིན་ཡོད་འདུག

བོད་སྐྱོབ་རོགས་སྐྱོར་ཁ་གཏད་ནི་པེ་ཅིན་གྱིས་ལྷ་སར་ཁ་གཏད་དེ། རྒྱ་ནག་གི་གྲོང་ཁྱེར་ཞིག་དང་བོད་ཀྱི་གྲོང་ཁྱེར་རམ་གྲོང་གསེབ་ཁག་ཅིག་མཉམ་སྒྲིལ་གྱིས་སློབ་གསོ་དང་འཕྲོད་བསྟེན། གློག་འདོན་འཕྲུལ་ཆས། ཐོན་རྫས་འདྲ་མིན་གྱི་བཟོ་གྲྭ་གསར་འཛུགས་སོགས་ཀྱི་ཆེད་དུ་བསྒྲུབས་པ་ཞིག་ཡིན་ཞིང༌། དེ་དག་གི་ཆེད་ལས་ལག་རྩལ་མི་སྣ་ཚང་མ་རྒྱ་ནང་ནས་གཏོང་གི་ཡོད་འདུག རྒྱ་ནང་ནས་ཆེད་མངགས་ཀྱིས་བཏང་བའི་ལག་རྩལ་མི་སྣ་དེ་དག་བརྒྱུད་ནས་རྒྱ་མི་རིགས་ཀྱི་ངལ་རྩོལ་པ་མང་བོ་བོད་ཀྱི་ས་ཐོག་ཏུ་འབྱོར་བ་དང༌། ལག་རྩལ་མི་སྣ་དེ་དག་གིས་ཀྱང་ལས་ཀ་བྱེད་མཁན་རྒྱ་མི་ཁོ་ན་ལེན་པ་སོགས་ནི། ཀྲུང་དབྱང་གི་རྩ་བའི་དམིགས་ཡུལ་འགྲུབ་བྱེད་ཁོ་ན་མ་གཏོགས། དོན་དམ་གྱིས་བོད་ཀྱི་འཚོ་བ་དང་བོད་པའི་སེམས་ཁམས་ལ་རོགས་སྐྱོར་བྱེད་ཐུབ་ཀྱི་མེད།

གནས་ཚུལ་དེའི་ཐད་ལྷ་སར་གནས་སྡོད་བྱས་པའི་བོད་མི་ཞིག་གིས་འདི་ག་གསར་ཁང་ལ་བརྗོད་དོན། ལྷ་ས་ཁུལ་གྱི་གྲོང་གསེབ་ཁག་ཏུ།  རྒྱ་ནག་གིས་བོད་སྐྱོབ་ཁ་གཏད་རོགས་སྐྱོར་ཞེས་པའི་ལས་འགུལ་དེ་ཤུགས་ཆེན་པོར་སྤེལ་བཞིན་ཡོད་པ་རེད། དེར་མཚུངས་ལྷ་ས་ཁུལ་དུ་རྒྱ་མི་ཡང་མང་བོ་སླེབས་ཀྱིན་འདུག དཔེར་ན། ལྷ་ས་ཁུལ་གྱི་རྫོང་ཁག་རེ་རེའི་ནང་ཁ་གཏད་རོགས་སྐྱོར་སྣ་མང་སྤེལ་གྱིན་ཡོད་པ་རེད། གློག་འདོན་འཕྲུལ་ཆས་དང་ཐོན་རྫས་འདྲ་མིན་བཟོ་སའི་བཟོ་གྲྭ་ལྟ་བུ་ཞིག་གསར་འཛུགས་གནང་ནས་དེའི་ནང་ལས་ཀ་བྱེད་མཁན།  རྒྱ་མི་བརྒྱ་ཆའི་བརྒྱད་ཅུ་ཡོད་པ་རེད། བོད་པ་ཧ་ཅང་གི་ཉུང་ཉུང་རེད། ཕྱོགས་གཅིག་ནས་བོད་ལ་རོགས་སྐྱོར་བྱེད་ཀྱིན་ཡོད་པ་རེད་དེ། ཕྱོགས་གཞན་ཞིག་ནས་བོད་ཀྱི་ས་ཁུལ་ནས་ཐོན་པའི་ཐོན་རྫས་འདྲ་མིན། དཔེར་ན། འབྲི་མར་དང༌། ཞོ་འོ་མ། དབྱར་རྩྭ་དགུན་འབུ། སྨན་རྩྭ་སྣ་ཚོགས། ར་ལུག་གི་ཤ་དང་པགས་པ། གཡག་ཤ་དང་གོ་བ་སོགས་རྒྱ་མིས་ཕྱིར་ཚོང་བྱས་ནས་ཁེ་ཕོགས་ཆེན་པོ་ལེན་གྱིན་ཡོད་པ་རེད་ཟེར།

གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན། ལྷ་སར་མཚོན་ན། པོ་ཏ་ལ་དང་གཙུག་ལག་ཁང་ནང་དུ་དོ་དམ་བྱེད་མཁན་དང༌། སྲུང་སྐྱོབ་བྱེད་མཁན་དེ་ཚོ་རྒྱ་མི་ཆགས་ཀྱིན་ཡོད་པ་རེད། ཁྲོམ་སྲང་ནས་ཅ་ལག་ཅིག་ཉོ་རྒྱུའི་ཐད་རྩོད་པ་ཤོར་བ་ཡིན་ནའང༌། རྒྱ་མི་དེ་ཚོ་སྔོན་མའི་རྒྱ་མི་ལས་ངར་ཆེ་བ་ཡོད་པ་རེད། བོད་པ་ཚོའི་ཐོག་ལ་ཚུར་སྡང་སྡུག་སྟོན་གྱིན་འདུག འདི་དག་ཚང་མ་རྒྱ་མི་མང་དུ་སོང་བའི་སྟོབས་ཤུགས་དང་ངར་ཤུགས་རེད། ལྷ་ས་ནས་བོད་པ་ཞིག་ལས་ཀ་འཚོལ་དུ་ཕྱིན་པ་ན་རག་ཁག་པོ་རེད། གང་ཡིན་ཟེར་ན། ལས་ཀ་བྱེད་ས་མང་ཤོས་རྒྱ་རིགས་ཀྱིས་གཉེར་ཡོད་པ་རེད། རྒྱ་སྐད་ཡག་པོ་མ་ཤེས་ན་མཐོང་ཆུང་བྱེད་ཀྱིན་འདུག རྒྱ་རྒན་དེ་ཚོས་ད་དུང་ཁ་རྒྱག་པ་འདི་འདྲ་བཤད་ཀྱིན་འདུག་ཟེར། ཁ་སང་དེ་རིང་གི་ལྷ་ས་ནི་རྒྱ་ནག་གི་ལྷ་ས་རེད། རྒྱ་སྐད་ཤེས་དགོས་པ་རེད་ཟེར་ནས་བོད་པ་ཚོར་ཚུར་སྡོམ་ཚིག་འཇོག་གི་འདུག་ཟེར།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 18

  1. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ཨ་ཨ ཅི་འདྲའི་སེམས་སྐྱོ་ཞིང་ཚིག་པ་ཟ་བ་ལ། ད་དངོས་གནས་བརྙས་བཅོས་ལ་ཚོད་གཞི་ནས་མི་འཛིན་པ་རེད།
    ང་ཚོ་བོད་མི་ཚོ་ལས་ལས་ངན་པའི་མི་ཞིག་འཛམ་གླིང་འདིར་མེད་པ་འདྲ། ད་ཅི་བྱེད།

    Reply
  2. བྱམས་རྒྱལ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོའི་བསམ་ཚུལ་རྣམས་ཀློག་སྐབས་སེམས་གཏིང་ནས་སྐྱོ་ བྱུང་
    དྲང་པོ་ཞུ་ན་ལྷ་སྲུང་མ་ཟེར་ཡ་དེ་ཚོ་མིའི་མ་འཇོན་ན་མཐུ་ནུས་ཟེར་ཡ་དེ་ཚོ་མེད་ཐག་ཆོད་རེད་། དྲ་གྲོགས་ཅོ་རི་ཁྱེད་ཀྱང་ཁག་མི་འདུག་། དུ་རུ་ཁ་འདི་ཚོས་མཛོ་་གསད་པའི་མི་ཚད་རྔ་མ་གནམ་ལ་འཁྱར་
    ད་ཧ་ལམ་ཚར་ཚར་སོང་།
    སེམས་ཤུགས་ཆག་སོང་།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    དྲ་རོགས་ཚོར།དེ་ལྟར་ཡིན་ན་ང་ཚོས་ད་དུང་མགོ་སེར་ལ་སྐྱབས་བཅོལ་བ་དང་ལྷ་སྲུང་མ་ལ་རེ་བ་བྱེད་ན་ཅི་ཕན་ཨེ་ཡོང་།དེ་ལས་འཚེར་མེད་ཞུ་བ་ཞེས་པ་དེ་ཟུར་ལ་བཞག་ནས་འབར་རྫས་ཁ་ཤས་གཡུག་དགོས་པ་མ་རེད་དམ།
    སྤྱིར་ངས་སྐད་ཆ་དེ་ཡི་མི་ཁ་ཤས་ལ་མ་བདེ་བ་ཡོང་སྲིད་ཀྱང་ངེད་རང་གི་ལུང་པ་ལེན་པ་ལ་ཁྲག་གཏོགས་ཙམ་མ་སྟན་ནས་ཕྲུ་གུ་ལ་བྱི་རི་སྤྲོད་པ་ནང་བཞིན་བྱ་མཁན་སུ་ཨེ་ཡོང་དྲན།ལྷག་པར་ང་འདྲ་བ་སོ་སྐྱེ་ཞིག་ལ་དེ་ལས་འཚེ་མེད་ཞུ་བ་ཟེར་ཡག་དེ་རྩ་ནས་ཡོང་ཡག་མི་འདུག།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྡུག་ངལ་ཁ་ནས་ཐལ་སོང་བ་དགོངས་འགལ་མེད་པ་ཞུ།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    མདོ་ན་ལག་ཤེས་མེད་པའི་མི་རྣམས་སྤྲང་ཁུག་དང་སྤྲང་དབྱུག་རེ་ཁུར་ནས་མ་ཎི་འདོན་བཞིན་ལྟོ་སློང་མཁན་འགྲོ་བ་ལས་རང་ཡུལ་རང་གིས་ཟིན་ཐུབ་པ་མི་སྲིད་པ་ཞིག་རེད་འདུག་སྙམ།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཆོས་ལུགས་ཀྱིས་སྡང་བའི་རྐྱེན་གྱིས་ལག་ཤེས་དར་མ་ཐུབ་པ།
    ང་རང་ཚོའི་བོད་ཀྱི་ནང་ཆོས་ཀྱི་ལུགས་སྲོལ་ཡོད་པ་ཞིག་ལ་མི་ཞིག་དགེ་སློང་གི་སྡོམ་པ་སྒྲུབ་སྐབས་སུ་ཆ་རྐྱེན་ཚང་དགོས་པ་ནི།
    ཤིང་བཟོ་ཡི་བུ་མིན་པ། མགལ་བ་ཡི་བུ་མིན་པ། ཤན་པ་ཡི་བུ་མིན་པ། གལ་སྲིད་མི་ཞིག་འདི་གསུམ་གང་རུང་གི་བུ་ཡིན་ན་རིགས་རུས་སྡུག་པ་དང་དགེ་སློང་གི་སྡོམ་པ་ཡང་མི་ཐོབ་པ་འདྲ།
    འདིས་རྐྱེན་པས་བོད་ཀྱི་སྤྱི་ཚོགས་ནང་དུ་ལག་ཤེས་འདི་གསུམ་གང་རུང་ཡོད་པའི་མི་ལ་མཐོང་ཆུང་དང་རིགས་རུས་དམན་པ་འདོད་པ་མ་ཟད་མགལ་བའི་རིགས་རྒྱུད་མཉམ་དུ་གཞན་རྣམས་ཀྱིས་ཆང་ས་མི་རྒྱག་པ་དང་ཇ་ཞིག་ཀྱང་མཉམ་དུ་མི་འཐུང་བའི་ལུགས་སྲོལ་ཡོད།
    ལུགས་སྲོལ་འདིས་རྐྱེན་གྱིས་བོད་མི་རིགས་ཀྱི་ནང་དུ་ལག་ཤེས་འདི་གསུམ་དར་རྒྱས་འགྲོ་མ་ཐུབ་པ་དང་ཤེས་མཁན་ཉུང་ཉུང་མ་གཏོགས་མེད་པས་རྒྱུ་མཚན་གྱིས་དེང་རབས་ཀྱི་ལག་ཤེས་པའི་རྗེས་སུ་མ་སླེབས་པ་རེད་སྙམ།
    ལག་ཤེས་ཀྱི་རིག་གནས་འདི་གསུམ་ནི་རྒྱལ་ཁབ་ཤིག་དང་སྤྱི་ཚོགས་ཤིག་ལ་མེད་དུ་མི་རུང་བའི་རིག་གནས་ཤིག་ཡིན།

    དཔེར་ན་ཤིང་བཟོ་དང་མགལ་བ་གཉིས་ཀྱི་ལག་ཤེས་ལ་བརྟེན་ནས་ཁང་པ་རྒྱག་དགོས་པ་དང་འཕྲུལ་ཆ་བཟོ་དགོས་པ་མ་ཟད་འཚོ་བའི་དགོས་མཁོ་མང་པོ་བཟོ་བསྐྲུན་བྱེད་དགོས་པ་ཞིག་རེད་འདོད།
    མ་ཟད་དེང་སང་སེམས་ཕམ་དགོས་པ་ཞིག་ལ་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་མི་ཞིག་གིས་དྲང་བདེན་གྱི་ཐོག་ནས་རང་གི་ལག་ཤེས་ལ་བརྟེན་ནས་འཚོ་བ་བག་ལེབ་དང་ལ་ཕྭེན་བཙོངས་ནས་བསྐྱལ་སྐབས་སུ་མི་དེར་མཐོང་ཆུང་བྱེད་པ་དང་མི་དེའི་བུ་ཕྲུག་གཏན་སློབ་འགྲོ་དུས་སློབ་ཕྲུག་ཚོས་ཕྲུག་གུ་དེར་བག་ལེབ་དང་ལ་ཕྭེན་གྱི་མིང་ལྷག་བཏགས་ནས་མགོ་བོ་ཡར་འདེབས་མི་བཅུག་པ་འདི་ནི་ཅི་འདྲ་བའི་ལུགས་སྲོལ་སྡུག་པ་ལ་ཨང།
    བོད་ཀྱི་ནང་ཆོས་ཀྱི་ལུགས་སྲོལ་འདིར་གསར་བརྗེ་བྱེད་ནས་དགེ་སློང་གི་སྡོམ་པ་སྒྲུབ་སྐབས་སུ་ཤིང་བཟོ་ཡི་བུ་དང་མགལ་བ་ཡི་བུ་ཤན་པའི་བུ་མ་ཡིན་ནམ་ཞེས་དྲི་བའི་ཚབ་ཏུ།
    བོད་ཀྱི་དགོན་པ་གཏོར་བའི་བུ། རང་ཡུལ་དགྲ་ལག་བཞག་བའི་བུ། དགྲ་བོའི་རྒྱུག་ཁྱི་བྱས་པའི་བུ། བཙན་བྱོལ་གཞུང་དངུལ་ལྐོག་ཟ་བྱས་པའི་བུ། དོར་རྒྱལ་བརྟེན་པའི་བུ་བཅས་མ་ཡིན་ནམ་ཞེས་དྲི་བ་འདེབས་ན་ཡག་པོ་འདུག་སྙམ།
    དེང་སང་བོད་མི་སྐད་ཆ་བཤད་ཤེས་ཚོད་ཚང་མས་བོད་ཀྱི་མ་འོང་སོན་རྩ་རྣམས་ལ་བཟང་སྤྱོད་བསླབ་དགོས་འདུག་ཞེས་ཁ་ཡོད་ཚོད་ཐམས་ཅད་ཀྱིས་མ་ཎི་འདོན་པ་བཞིན་དུ་བཟང་སྤྱོད་དང་བཟང་སྤྱོད་ཞེས་འབོད་བཞིན་འདུག་ཀྱང་དོན་ལ་རང་གི་གཏན་སློབ་ཁག་གི་སློབ་མའི་ངན་སྤྱོད་དང་བོད་ཀྱི་ངན་སྲོལ་ཡང་ཤེས་ཀྱིན་མེད་པ་འདྲ།
    གལ་སྲིད་འདི་འདྲ་བའི་ངན་སྲོལ་འདི་ཚོ་རྩ་བ་ནས་སྤངས་མ་ཐུབ་ན་དུས་ནམ་ཡང་བཟང་སྤྱོད་དར་མི་ཐུབ་ལ་བོད་མི་རིགས་ལ་དགོས་མཁོ་ཡོད་པའི་ལག་ཤེས་རིག་གནས་དེ་ལས་ཀྱང་ལེན་ག་ལ་ཐུབ།
    བོད་མི་རིགས་ལ་དགོས་མཁོ་ཡོད་པའི་ལག་ཤེས་རིག་གནས་ལེན་མ་ཐུབ་ན་བོད་རང་བཙན་ཐོབ་ཀྱང་བོད་མི་ལ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་དང་བོད་རྒྱལ་ཁབ་འདི་དཔལ་འབྱོར་ལྡན་པའི་རྒྱལ་ཁབ་ཤིག་བསྐྲུན་ཐུབ་ཐབས་མེད་སྙམ།
    ངན་སྲོལ་ཕུགས་དུ་བསྐུངས་བའི་གངས་ཅན་པ།
    བཟང་སྲོལ་དགོང་ལ་ཕྱར་བའི་གངས་ཅན་པ།
    ལག་ཤེས་དགྲ་རུ་འཛིན་པའི་གངས་ཅན་པ།
    བཟོ་རྩལ་མཐོང་ཆུང་བྱས་པའི་གངས་ཅན་པ།
    རང་དོན་ཆུ་ལ་བསྐྱུར་བའི་གངས་ཅན་པ།
    གཞན་དོན་སྲོག་ལས་གཅེས་པའི་གངས་ཅན་པ།
    སྟོང་བསམ་བདེ་སྐྱིད་འདོད་པའི་གངས་ཅན་པ།
    ས་མཐའི་ཅོ་རི་ང་ཡང་གངས་ཅན་པ།་་་་་་་་་་་་་་་་་དགེའོ།

    Reply
  7. ཨ་མྱེ་རྫ་རྒྱ་ says:
    ལོ་ 16 སྔོན།

    སྟས་ངན་རྒྱ་རྒན་ཆ་བོ་ཧ་མི་གོ་རྒྱུ་ཡོད་ནི་མ་རུ་ར་ད་ཧམ་པ་ཆེ་གྲགས་ན་ཁོང་ཚོ་ར་བདེ་བོ་ཞིག་མི་ཡོང་བསམ་གྱི་འདུག ལྷ་ཆོས་སྐྱོངས་སྲུང་མ་སྤྱན་གྱིས་གཟིགས་རན། མཐུ་རྩལ་ཞིག་ཡོད་ན་སྟོན་རན། གཞིས་ལས་བོད་མི་དེ་ཚོ་སྙིང་རེ་རྗེ། ད་བོད་པ་ཚང་ལ་ཡོད་ན་ངོམས་རན་རེད།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ལོ་མང་བསགས་པའི་འབྲས་བུ་སྨོན་བཞིན་པ་འདི་ནི་བཅོས་ཐབས་མེད་གནད་དོན་ཞིག་ཡིན་པར་འདོད།
    བོད་མི་རིགས་འདི་རྒྱ་མི་དང་མཉམ་དུ་རྩ་ཁྲིམས་གཅིག་གི་འོག་ཏུ་སྡོད་དགོས་དུས་མི་རིགས་གཉིས་ཀྱི་བར་སྐད་ཡིག་དང་ལག་ཤེས་རིག་གནས་བཅས་ཀྱི་ཧ་ཅང་ཁྱད་པར་ཆེན་བོ་ཡོད་པའི་རྐྱེན་གྱིས་རྒྱ་མི་ཁ་ཡ་འདུག་གིན་མེད་པ་རེད།
    དཔེར་ན་བོད་ཀྱི་སྐད་ཡིག་ལྟ་བུ་ལ་མཚོན་ན་རྒྱ་མི་སྐད་ཡིག་ནང་དུ་ཡོད་པའི་དེང་རབས་གསར་པའི་ལག་ཤེས་རིག་གནས་རྣམས་བོད་ཀྱི་སྐད་ཡིག་ནང་དུ་མེད་པ་དང་བོད་མི་ལ་རྒྱ་མི་ནང་བཞིན་ལག་ཤེས་མེད་དུས་དངུལ་ཡོང་སའི་ལས་དཀའ་ཚང་མ་རྒྱ་མི་རྣམས་ཀྱིས་བྱས་འགྲོ་བ་དང་གཅིག
    གཉིས་ནས་བོད་མི་རེ་གཉིས་ལ་དེང་རབས་གསར་པའི་ལག་ཤེས་རིག་གནས་ཡོད་པ་དེ་ཡང་རྒྱ་མི་སྐད་ཡིག་ནས་སློབ་སྦྱོང་བྱས་པ་རེད།
    ང་རང་2006་ལ་བོད་དུ་འགྲོ་སྐབས་སུ་བོད་ཀྱི་གྲོང་ཁྱེར་རྣམས་ཀྱི་ནང་དུ་ཡོང་འབབ་ཡོད་པའི་ལས་དཀའ་ཚང་མ་རྒྱ་མི་རྣམས་ཀྱིས་བྱས་བཞིན་འདུག
    དཔེར་ན་ཆུང་ས་ནས་ལྷམ་བཟོ་བ་དང་སྐྲ་ཁང་། ཟ་ཁང་། ཚོང་ཁང་། ཤིང་བཟོ། རྡོ་བཟོ། ལྕགས་བཟོ། ཚལ་བཙོང་བ། ཤ་བཙོང་བ། མདོ་ན་ཐམས་ཅད་ནས་ཐམས་ཅད་རྒྱ་མི་རྣམས་བྱས་ཀྱིན་འདུག
    བོད་ཀྱི་སྐད་ཡིག་ཐོག་ནས་ཡོང་འབབ་ཡོད་པའི་ལས་དཀའ་བྱས་ཐུབ་ཀྱིན་ཕར་ཞོག་བོད་ཀྱི་རྒྱལ་ས་ལྷ་ས་སུ་ཟ་ཁང་ནས་ཁ་ལག་ཉོ་ཐུབ་ཀྱིན་མི་འདུག
    ཆོས་ལུགས་ཀྱིས་གནད་ཤུགས་སྤྲོད་པར་བརྟེན་གྲོང་ཁྱེར་ནང་དུ་ཤ་རྒྱ་མ་གང་ལ་སྒོར་༡༠དང་འབྲོག་པའི་ས་ཁུལ་ལ་ཤ་རྒྱ་མ་གང་ལ་སྒོར་༡༡རེད་འདུག
    ཤ་དེ་ནི་འབྲོག་པའི་དུར་འགྲོའི་ཤ་རེད་འདུག
    འབྲོག་བླ་ཚོས་འཚི་མེད་ཞི་བའི་ལྟ་བ་ལག་ལེན་སྟར་ནས་འབྲོག་པ་རྣམས་ལ་སྲོག་གཅོད་སྤངས་ཆུགས་ནས་འབྲོག་པ་རྣམས་ཀྱིས་དུར་འགྲོ་བསད་ཀྱིན་མི་འདུག
    དེ་བརྟེན་རྒྱ་མི་རྣམས་ལ་ཡོང་འབབ་ཡོད་པའི་ལས་གཅིག་ཐོབ་པ་རེད།
    རྒྱ་མི་བོད་ཁུལ་དུ་མང་རུ་མང་རུ་འགྲོ་བའི་རྒྱུ་རྐྱེན་གཅིག་ནི་ཡོང་འབབ་ཡོད་པའི་ལས་དཀའ་ཡོད་པས་རྒྱུ་མཚན་གྱིས་རེད་འདུག

    Reply
  9. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ལྟས་ངན་རེད།་་་་་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་དེ་དངོས་སུ་ལག་བསྟར་བྱེད་རྒྱུ་འགོ་བཙུགས་པ་རེད། རིམ་གྱིས་བོད་ཁམས་ཡོངས་ལ་འདི་ལྟར་བྱེད་རྒྱུ་རེད་ཡ་་་་ང་ཚོས་ཀྱང་འདིའི་ཁ་གཏད་ཀྱི་ལས་དོན་ཞིག་གཞུང་སྒེར་དང་མི་བུ་རེ་རེའི་ངོས་ནས་གྲ་སྒྲིག་བྱ་དགོས་པ་ཧ་ཅང་གི་གལ་ཆེན་ཡིན།

    Reply
  10. རྨེ་རུ། says:
    ལོ་ 16 སྔོན།

    ང་ཚོ་རང་དབང་ལུང་པར་གནས་སྡོད་བྱེད་མཁན་བོད་མི་དབུལ་ཕྱུག་ཡོངས་
    རྫོགས་ཀྱིས་བོད་སྤྱི་བའི་གནས་དོན་ལ་བསམ་བློ་གཏོང་བའི་དུས་ལ་སླེབས་འདུག
    ད་ནི་བོད་ཀྱི་རྒྱལ་ས་ལ་བོད་མི་བོད་སྐད་བཤད་མི་ཆོག་པའི་དུས་ལ་སླེབས་འདུག
    ད་ང་ཚོས་བསམ་བློ་ཞིབ་ཚགས་གཏོང་དགོས་ཀྱི་འདུག

    Reply
  11. རྒྱལ་ཐང་ཡོན་ཏན says:
    ལོ་ 16 སྔོན།

    ལྷ་ས་་་་ངའི་སེམས་ནང་གི་གནས་མཆོག་
    བུ་ངས་ཕ་མ་བྲལ་ནས་འོངས་དུས་་་་་ཉི་མ་ལྷ་སའི་ཞིང་དུ་་་
    ཇོ་བོ་ཡིད་བཞིན་ནོར་བུའི་མདུན་དུ་་་་ཕ་མ་རྒན་རྒོན་གཉིས་ལ་
    ཚེ་ཡི་བར་ཆད་མེད་ཅིང་ནད་མེད་བདེ་སྐྱིད་ཡོང་བར་་་གསོལ་བ་སྨོན་ལམ་བཏབ་ཡོད
    པོ་ཏ་ལ་ཡི་རྩེ་ནས་་་་རྒྱལ་བའི་གསེར་ཁྲིའི་གམ་དུ
    ང་དང་བོད་མི་་་་ཐག་རིང་ཡུལ་དུ་འགྲོ་ཡང་
    ནམ་ཞིག་ལྷ་ལྡན་རྒྱལ་སར་་་་་་་་་་་ཉི་ཟླ་མཉམ་དུ་འཆར་འདྲ
    གཞིས་བྱེས་མཉམ་འཛོམས་ཡོངས་བར་་་་་་་སྐྱབས་འཇུག་སྙིང་ནས་ཞུ་ཡོད
    ནོར་གླིང་ཕོ་བྲང་ནང་དུ་་་་་རིགས་ཉུང་རིགས་དྭགས་གཙོད་འདྲ
    བོད་མི་སྟོང་ལ་ཉེ་བའི་་་་ཉེས་ཁ་ཡོད་པར་བསམ་ནས
    རང་དབང་བདེ་སྐྱིད་ཉི་མ་་་་མྱུར་དུ་ཤར་ན་བསམ་བྱུང
    དེ་རིང་རྒྱལ་ས་ལྷ་སར་་་་་་དབྱངས་གསལ་སོ་བཞིའི་བོད་སྐད་
    ཕན་ཐོགས་མེད་པར་ཟེར་གྱིན་་་
    ད་དུང་་་རྒྱ་མིས་ཧམ་པ་་་ལྕགས་ཕོ་རི་ལས་ཆེ་འདུག་་་་་
    འོ་ཚོ་བོད་པ་ཚང་ལ་
    རིགས་པའི་གཞུང་ལུགས་ཡོད་ན་་་་་རང་དབང་ཐབས་ལམ་ཡོད་ན་་
    བོད་ལ་ལ་རྒྱ་ཡོད་ན་་་་ཚོགས་པ་སྐྱིད་སྡུག་ཡོད་ན་་་་་ཆོལ་ཁ་ཆོལ་ལུགས་ཡོད་ན་
    མཁྱེན་ལྡན་མཁས་པ་་་་་་་འབྱོར་ལྡན་ཕྱུག་པོ་་་་་མཐུ་ལྡན་ལྷ་དང་བླ་མ་་་་་ཡོད་ཚད་འདི་རུ་འཛོམས་རོགས
    བོད་དང་ལྷ་ས་སྐྱོབ་རོགས་་་་

    Reply
  12. ནད་པ says:
    ལོ་ 16 སྔོན།

    ཉིན་གཅིག་ངའི་གྲོགས་པོ་ཤིག་དང་ལྷན་དུ་ལྷ་སའི་གཡས་གཡོན་ཚང་མར་མོ་ཊའི་ནང་སྤྲོ་འཆམ་དུ་འགྲོ་དུས་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཉེ་འདབས་ཀྱི་ལམ་ཆེན་ཟུར་དུ་བོད་རིགས་ཀྱི་གཞང་ཁང་རེད་ཟེར་བའི་ཁང་པ་འགའ་ཤས་ཤིག་མ་གཏོགས་དེ་མིན་ལྷ་སའི་གཡས་གཡོན་གྱི་མཐའ་བསྐོར་ཡོངས་ལ་རྒྱ་མིའི་གཞང་ཁང་གིས་ཁེངས་ཡོད་པ་རེད་ཟེར།

    ད་དུང་ལྷ་སའི་གཙང་པོའི་སྟེང་དུ་གསར་དུ་བཟོས་པའི་ཚོང་ཁང་དང་། ཇ་ཁང་། རོལ་རྩེད་ཁང་། ཞབས་བྲོ་ཁང་། སྤྲོ་སྐྱིད་ཁང་སོགས་ཚང་མ་རྒྱ་མིས་གཉེར་བཞིན་འདུག མ་ཟད་དེའི་ས་འོག་ཏུ་རྒྱ་མིའི་སྤྲོ་སྐྱིད་གཏོང་སའི་ཁང་ཆེན་ཞིག་ནང་རྒྱ་རིགས་བུད་མེད་ལོ་ན་ ༡༨ ནས་༢༥ མན་གྱི་བུད་མེད་གཞོན་ནུ་མས་གཞས་དང་། གླུ་ལེན། གྱོན་གོས་འགྲན་བསྡུར། ལུས་རྩལ། ཉམས་འགྱུར། སྒེག་ཉམས་སྣ་ཚོགས་སྟོན་མཁན་གྱི་རྒྱ་མོ་ན་གཞོན་མ་ ༨༠༠ ནས་༡༠༠༠ བར་ཡོད་རེད་ཟེར་ལ་ཁང་པ་དེའི་དེའི་ནང་དུ་འཛུལ་མ་ཐག་ཏུ་རྒྱ་སྒོར་༨༠༠ ཐམ་པ་སྤྲོད་དགོས་པ་དང་ནང་དུ་ཟ་བཏུང་དང་བུད་མེད་དེ་དག་རྩེད་འཇོར་རོལ་བའི་གླ་ཆར་རྒྱ་སྒོར་ ༥༠༠༠༠ ནས་ ༡༠༠༠༠ ཁྲི་གཅིག་བར་སྤྲོད་དགོས་པ་རེད་ཟེར་འགྲེལ་བཤད་བརྒྱབ་བྱུང་།

    གནས་སྟངས་འདི་འདྲ་ཞིག་གི་ཐོག་ནས་བཤད་ན་ལྷ་ས་ནི་རྒྱ་མིའ་ལྷ་ས་རེད་ཅེས་ཟེར་ནའང་མི་ཆོག་པ་མི་འདུག་སྙམ་པ་ཞིག་ངའི་བློ་ལ་འཆར་བྱུང་།

    Reply
  13. ནད་པ says:
    ལོ་ 16 སྔོན།

    བོད་རང་སྐྱོང་ལྗོངས་ཀྱི་ནང་དུ་བོད་མིའི་མི་འབོར་ ༢༠༠༨༠ ཁྲི་ཉིས་བརྒྱ་གྱ་བཅུ་ཡོད་ལ་གཞུང་གི་ཐོ་བཀོད་ལྟར་བྱས་ན་རྒྱ་མི་ ༨༠༠༠༠ ཁྲི་ཚོ་བརྒྱད་ལྷག་ཡོད་པ་རེད།
    ཡིན་ནའང་ལྷ་ས་ནི་བོད་ཀྱི་རྒྱལ་ས་ཡིན་སྟབས་རྒྱ་མི་འདུས་སྡོད་བྱེད་ས་ཆ་ཤོས་དེ་རེད། དེ་བཞིན་ལྷོ་ས་ཁུལ། གཞི་རྩེ་ས་ཁུལ། ཉིང་ཁྲི་ས་ཁུལ། ཆབ་མདོ་ས་ཁུལ། མངའ་རིས་ས་ཁུལ། ཉིང་ཁྲི་ས་ཁུལ། ནག་ཆུ་ས་ཁུལབཅས་ལའང་རྒྱ་མི་འབོར་ཆེན་གནས་སྡོད་བྱེད་བཞིན་པ་རེད།

    ༢༠༠༦ ལོར་ངས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་འགའ་ཤས་བསྐྱོད་མྱོང་། སྐབས་དེར་ལྷ་སར་གཞིགས་ན་བོད་རིགས་ལས་རྒྱ་རིགས་མང་ལ་བོད་རིགས་ཀྱི་གྲངས་འབོར་ཆེ་ས་ཁུལ་གཙུག་ལག་ཁང་གི་ཉེ་འཁྲིས་བར་བསྐོར་དང་། རྭ་མོ་ཆེ། ལྷ་ཀླུའི་གཞོལ་གྲོང་གསར་བཅས་རེད།
    དེ་མིན་ནོར་བུ་གླིང་ཁ་དང་། འབྲས་སྤུངས་ཀྱི་མདའ། སེ་རྭ་ཉེ་འདབས། ལྷ་སའི་ས་ཁུལ་མང་ཆེ་བར་རྒྱ་མིས་དགང་འདུག ལྷག་དོན་ལས་རིགས་གང་འདྲ་ཞིག་ལ་བལྟས་ནའང་རྒྱ་ཆ་དགུ་བཅུ་ཙམ་རྒྱ་མིས་ཟིན་བཟུང་འདུག

    དཔེར་ན། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་མཐོ་ཤོས་རྒྱ་རིགས་ཀྲང་ཆིན་ལིང་ཡིན་ལ་ལས་ཁུངས་རིམ་པའི་མགོ་ཁྲིད་དང་དབང་ཆ་མཐོ་ཤོས་ཁག་མཚང་མ་རྒྱ་མིས་བཟུང་ཡོད། ལྷ་སའི་བར་བསྐོར་ལ་མཚོན་ན་ཚང་ཁང་དང་། ཁྲོམ་ས། ཚང་ཟོག་སོགས་ཀྱི་རྒྱ་ཆ་ ༦༠ ཙམ་རྒྱ་མིས་བཟུང་འདུག ལྷ་སའི་ཚལ་ཚོང་ཁང་། གྱོན་ཆས་ཚོང་ཁང་། ཟ་རིགས་ཚང་ཁང་། མགྲོན་ཁང་། ཟ་ཁང་། རྩེད་ཁང་། འཁྲུས་ཁང་། ཇ་ཁང་། ཙག་ཙིག་ཚང་ཁང་སོགས་མང་ཆེ་བ་རྒྱ་མི་རེད་འདུག

    གླ་གཏོང་མོ་ཊ་ texi གཏོང་མཁན་དང་མོ་ཊའི་བདག་པོའི་རྒྱ་ཆ་ ༩༣ ཙམ་རྒྱ་མི་རེད་རླངས་འཁོར་བཟོ་བཅོས་ཁང་དང་། མོ་ཊ་འཁྲུ་ས་སོགས་ཀྱི་སྦྱིན་དབག་ཚང་མ་རྒྱ་རིགས་རེད་ལ་ལས་ཀ་བྱེད་མཁན་གྱི་གླ་པ་ནི་བོད་ཀྱི་གྲོང་གསེབ་ནས་སླེབས་པའི་ན་ཆུང་བུ་མོ་ཤ་སྟག་རེད་འདུག

    ཕོ་བྲང་པོ་ཏྭ་ལའི་ཤར་ངོས་སུ་ཡོད་པའི་བོད་ཀྱི་གསོལ་མགྲོན་ཁང་ཆེན་སྟོབས་ཆེན་ཞིག་དང་། ལྗོངས་སྨན་རྩིས་ཁང་གི་ཉེ་འདབས་སུ་ཡོད་པའི་བོད་ཟས་ཁང་ཆེན་གཅིག ལྷ་ས་གཡག་མགྲོན་ཁང་གི་གཡོན་ངོས་སུ་ཡོད་པའི་བོད་ཟས་ཁང་ཅིག གཡུ་ཐོག་ཟམ་པའི་མདུན་ངོས་སུ་ཡོད་གསོ་མགྲོན་ཁང་ཆེན་པོ་གཅིག་བཅས་བོད་རིགས་ཀྱི་གཉེར་སྐྱོང་བྱེད་བཞིན་ཡོད་པ་ཆེས་ཉུང་ཤས་ཤིག་ལས་དེ་རིགས་རྒྱ་ཆ་ ༩༠ ལྷག་ཙམ་རྒྱ་རིགས་ཀྱིས་ཚང་གཉེར་བྱེད་བཞིན་འདུག

    ཚང་གཉེར་དེ་དག་གི་ནང་དུ་གཡོགས་རྒྱུགས་མཁན་ནམ་གླ་པ་ཙལ་ཆེ་བ་བོད་རིགས་རེད་འདུག གྱོན་ཆས་ཚང་ཁང་གཅིག་བོད་རིགས་ན་གཞོན་མ་གཅིག་ལ་ངས་གླ་ཆ་ག་ཚོད་ཙམ་སྤྲོད་ཀྱིན་ཡོད་མེད་དྲིས་པར་བུ་མོ་དེས་ཉིན་མོའི་ཁ་ལག་ཕུད་ཟླ་རེར་རྒྱ་སྒོར་༨༥༠ ལས་མེད་ཟེར།

    ཡང་མོ་ཊ་འཁྲུ་བའི་སྐབས་ཤིག་ལ་བོད་རིགས་ན་གཞོན་མ་གཅིག་ལ་གླ་ཆ་ག་ཚོད་ཡོད་སྐད་ཆ་དྲིས་པས་མོས་ང་རང་གྲོང་གསེབ་ནས་འདིར་གླ་གསོག་ཆེད་ཡོང་བ་ཡིན་བསྡད་ས་དང་། ལྟོ་ཆས་ཕུད་ཟླ་རེར་གླ་ཆ་སྒོར་ ༣༥༠ཡོད་ཟེར།

    ལ༈་སའི་ནང་ཉིན་གྲངས་ ༡༥ ཙམ་གྱི་རིང་ལ་ངས་བོད་རིགས་གླ་གཏོང་མོ་ཊ་texi ནང་ཡར་མར་འགྲོ་སྡོད་ཆེ་ནའང་ག་དུས་ཡིན་ཀྱང་ང་ལ་རྒྱ་མི་ལས་བོད་རིགས་གཆིག་ཀྱང་ངོ་ཐུག་མ་བྱུང་སྟབས་ངས་སྤུན་ཉེ་གཅིག་ལ་བོད་རིགས་ཀྱི་གླ་གཏོང་མོ་ཊ་མེད་པ་རེད་དམ་ཞེས་དྲིས་དགོས་ཆགས་སྟབས་ཁོང་གིས་རེ་གཉིས་ཡོད་པ་རེད་ཟེར་ལན་སྟབས་མ་ཐག་ངའི་སེམས་ནང་སྐྱོ་ལ༈ང་ལྷང་གི་སྣང་ཞིག་བསྟེར་བྱུང་།
    དུས་ཡུན་དེའི་རིང་ལྷ་སའི་ཁྲོམ་དང་། མཆོད་མཇལ། བོད་ཟས་ཁང་སོགས་ཀྱི་ནང་དུ་བོད་རིགས་ལྟོ་སློང་མཁན་གྱི་ཕྲུ་གུ་ཆུང་ཆུང་དང་། སྐྱེས་དམན་འགའ་ཤས་ཡང་མཐོང་བྱུང་ལ་སེམས་གཏིང་ནས་མི་གཟོད་པའི་ན་ཟུག་ཡང་དྲག་པོ་བསྟེར་བྱུང་ངས་དེའི་སྐོར་ལ་བསམ་བློ་གཏོང་སྐབས་ད་ལྟ་ཡང་སེམས་ནང་དངོས་གནས་སྐྱོ་ལྷང་ལྷང་ཞིག་ཡོང་གིན་འདུག

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་ས་ནས་བོད་མིས་བོད་སྐད་བཤད་མི་ཆོག མི་རིང་བར་བོད་ཁུལ་ནས་བོད་མི་བསྡོད་མི་ཆོག་ཡང་ཟེར་ས་རེད། ད་གང་དུ་འགྲོ་དགོས་པ་རེད། གནམ་སྔོན་པོ་མཁྱེན། གནམ་འོག་འདིས་བྱ་བ་སུས་ཇུས་འདོག་བྱེད་དགོས་པ་ཡིན་ནམ།

    Reply
  15. karma dorje says:
    ལོ་ 16 སྔོན།

    ལྷ་སའི་ཡུལ་མི་དང་ཕྱི་མིའི་རྒྱ་རིགས།

    སེམས་ཤུགས་མ་ཆག་བོད་རིགས་ཚོ། །
    རྒྱ་རིགས་ཉུང་ཤས་སྡོད་དུ་ཆུག །
    འདོད་ཡོན་མ་གཡེང་ཤེས་རྒྱ་སློབས། །
    ཕ་གཞིས་བུ་ཐོབ་ལས་འབྲས་ཡོད། །

    གཞིས་བྱེས་མཛས་མཐུན་རྟག་བརྟན་ཤོག །

    Reply
  16. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ལྷ་ས་རྒྱ་སར་འགྱུར།      བོད་པ་རྒྱ་ལ་འགྱུར་བའི་འགྱུར་ལྡོག་འདི་དུས་ཚོད་སྔ་ཕྱིའི་གནད་དོན་ཙམ་མ་གཏོགས་སུས་ཀྱང་ཁ་བསྒྱུར་མི་གཏུབ་པའི་འགྱུར་བ་ཞིག་ཡིན།     འཇིག་རྟེན་སྤྱིའི་འཕེལ་འགྲིབ་ཀྱི་སྣང་ཚུལ་ལ་བལྟས་ན་མི་རིགས་ཤིག་དར་བ་ནས་རྒུད་པར་ཕྱོགས་པའི་ངང་ཚུལ་འདིར་མིག་ཆུ་འདོན་དགོས་པའི་སྡུག་སྣང་ཞིག་བྱེད་རིན་ཡོད་དམ།

    འགྱུར་ལྡོག་སྨྱོན་པ་འདིའི་སྣ་ཁ་ལོན་ཐབས་མེད་པའི་སྒྲུབ་བྱེད་གཅིག་ནི་བོད་རིགས་རང་ངོས་ནས་འགྱུར་ལྡོག་འདིར་ཕན་རྐྱེན་བསྐྲུན་བཞིན་པས་མི་ཚད་ད་དུང་འགྱུར་ལྡོག་འདིའི་འཕེལ་ཚད་ཇེ་མྱུར་དུ་གཏོང་བར་བསམ་བཞིན་ནམ་ཡང་ན་བསམ་བཞིན་མིན་པའི་རྒྱུ་རྐྱེན་བསྐྲུན་གྱི་འདུག
     

    Reply
  17. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    ད་དུང་ཡང་ང་ཚོས་རྒྱ་ནག་གི་ལྷ་ས་གཙང་མ་ཞིག་མ་ཆགས་པར་སྒུག་ནས་སྡོད་དགོས་རྒྱུ་ཨེ་ཡིན། ཡང་མིན་ན་་་་་་་་་་་་། ཨམ་མདོ་ཁུལ་གྱི་ཟི་ལིང་དང་ནག་གོར་མོ། ཁམས་ཁུལ་གྱི་རྒྱལ་ཐང་དང་མི་ལི། ད་དུང་ཡང་རྒྱ་ནག་གི་གྲོང་ཁྱེར་གཙང་མར་འགྱུར་ལ་ཉེ་བ་ཧ་ཅང་མང་།

    Reply
  18. ཡོན་བྷེ། says:
    ལོ་ 16 སྔོན།

    རེད་རེད། དངོས་གནས་རྒྱ་ནག་གི་ལྷ་ས་ཆགས་ཀྱི་འདུག ད་ནི་ཅང་མི་འགོར་བར་བོད་པ་ཚོས་བོད་ས་ནས་གཅིན་པ་གཏོང་ས་ཡང་མི་རྙེད་རྒྱུའི་ཚད་ལ་ལྷུང་ས་རེད། དངོས་གནས་བཙན་འཛུལ་ཚད་བརྒལ་རེད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese