མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་དམངས་ཡོངས་ཀྱིས་བརྟན་བཞུགས་ཕུལ་བ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེང་དུས་ཀྱི་ཤེས་ཡོན་ཐོག་ནས་སློབ་གྲྭར་འགྲིམས་ཏེ་གཞི་རྩའི་ཤེས་ཡོན་ཡོད་པ་ཙམ་ལ་ཆོག་ཤེས་མི་བྱེད་པ་དང་། མཐོ་རིམ་སློབ་གྲྭར་འགྲིམས་ཏེ་ལག་ཁྱེར་ཡོད་པ་ཙམ་ལ་ཆོག་ཤེས་མི་བྱེད་པར། སོ་སོ་རིག་གནས་སྡེ་ཚན་གང་ནང་ཡོད་ནའང་རང་སྐྱ་འཕེར་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་༧གོང་ས་མཆོག་གིས་གསུངས་ཡོད།
ཕྱི་ཚེས་ ༢༣ ཉིན་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག བོད་གཞུང་མང་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་ཕུལ་ཡོད་ཅིང་། བརྟན་བཞུགས་མ་ཕུལ་བའི་སྔོན་ཏེ་ཕྱི་ཚེས་ ༢༠ ཉིན་ནས་ ༢༣ ཉིན་བར་ཉིན་གསུམ་རིང་སྔ་འགྱུར་བསྟན་པའི་གསལ་བྱེད་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་ ༤༠ ཙམ་གྱིས་སྐུའི་ཚེ་བསྒྲུབ་གནང་སྟེ། ཉིན་དེའི་ཆུ་ཚོད་ ༦ པའི་སྟེང་ཚེ་སྒྲུབ་གསུང་ཆོག་སོགས་གནང་ཡོད། བརྟན་བཞུགས་གྲུབ་མཚམས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་བོད་གཞུང་ཟློས་གར་ཚོགས་པ་དང་ཐང་སྟོང་གླུ་གར་ཚོགས་པ། གཞུང་ཞབས་ལས་བྱེད། ཤེས་རབ་དགའ་ཚལ་སློབ་གླིང་སོགས་ཀྱིས་གཞས་སྣ་གཟིགས་འབུལ་ཡང་ཞུས་ཡོད།
ཉིན་དེར་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། རྒྱལ་ཟླའི་ཚེས་བརྒྱད་ལ་བསྟུན་ཏེ་ཚེ་བསོད་དབང་ཀླུང་རྒྱས་པའི་རྟེན་འབྲེལ་གྱི་ཆོ་ག་དང་འབྲེལ་བའི་ཐོག་ནས། མང་ཚོགས་ཀྱི་ཚབ་བྱས་ཏེ་བརྟན་བཞུགས་འབུལ་རྒྱུ་བྱུང་བར་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བོད་གཞུང་དམངས་ཡོངས་ཀྱིས་ཁོང་ལ་བརྟན་བཞུགས་ཕུལ་བར་ཐུགས་རྗེ་ཆེ་གསུངས་སོང་ལ། གཞན་ཡང་ཁོང་གིས། ཚང་མས་ཤེས་གསལ་ལྟར། ང་ཚོའི་ངོ་གདོང་ལ་བལྟ་དུས་ཚང་མ་སྣང་བ་སྐྱིད་མདོག་དང་བག་ཕེབས་པོ་ཡོད་པ་ལྟ་བུར་མཐོང་ནའང་། གཞི་རྩའི་གནས་ཚུལ་ཐོག་བསམ་བློ་བཏང་ན། ང་ཚོ་བོད་མི་རིགས་ལ་ལོ་རྒྱུས་ཡོད་པ་དང་རིག་གཞུང་ཡོད་པ། དེ་དང་འབྲེལ་སངས་རྒྱས་ཀྱི་ཆོས་ཡོད་པ་དེ་གཉན་འཕྲང་གི་སྐབས་བསྡད་ཡོད་པ་རེད། དེར་བརྟེན་ཁྱེད་ཚོ་ཚང་མས་ཉིན་རེའི་སོ་སོའི་ལྟོ་གོས་གཅིག་པུ་ཙམ་མིན་པར། རྩ་བའི་ང་ཚོ་བོད་གངས་ཅན་པ་ཟེར་བ་དེ་གང་འདྲ་ཞིག་གི་ངང་དུ་བསྡད་ཡོད་པ་དུས་ནམ་ཡང་བརྗེད་རྒྱུ་ཡོད་པ་མ་རེད་ཅེས་དང་།
གལ་ཆེ་ཤོས་བོད་ནང་དུ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་དངོས་གནས་ལྷག་བསམ་གཡོ་བ་མེད་པའི་ངང་བསྡད་ཡོད་པ་གསལ་བོ་ཞེ་དྲག་རེད། དེར་བརྟེན་ང་ཚོ་བཙན་བྱོལ་དུ་ཡོད་མཁན་རྣམས་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཀྱིན་ཡོད་པ་དང་། ང་ཚོས་རང་མགོ་གང་ཐོན་བྱས་ན་མི་འགྲིག་པར་བོད་མི་རིགས་ཞེས་པའི་རིག་གཞུང་འཁྲུགས་པོ་དང་རླབས་ཆེན་གྱི་མི་རིགས་ཤིག་ཚུགས་བསྡད་པ་དེ། མི་རབས་འདིའི་སྐབས་ལ་ལས་འགན་ཧ་ཅང་ཆེན་པོ་ཆགས་ཡོད། དེར་བརྟེན་ཁྱེད་ཚོ་ཚང་མས་བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་ལྷག་བསམ་དང་སྙིང་སྟོབས་གཡོ་བ་མེད་པའི་ཐོག་ནས། སྐབས་སུ་བབ་པའི་ང་ཚོའི་ལས་འགན་གལ་ཆེ་ཤོས་ཏེ། ཤེས་བྱ་ཡོན་ཏན་སྦྱང་རྒྱུ་དེ་རེད། ཅེས་བོད་མི་བཙན་བྱོལ་བ་རྣམས་ཀྱིས་ད་ལྟའི་དུས་འདིར་རང་ཉིད་ཁོ་ནའི་ལྟོ་གོས་ཙམ་མིན་པར་བོད་མི་རིགས་དང་། བོད་ཀྱི་གནས་བབ་ཤེས་པའི་ཐོག་ནས་ཤེས་བྱ་ཡོན་ཏན་སྦྱང་དགོས་པའི་སྐོར་ལ་བཀའ་སློབ་བསྩལ་ཡོད་ལ།
གཞན་ཡང་ཁོང་གིས། ང་ཚོ་བོད་མི་རིགས་རིག་གཞུང་གཏིང་ཟབ་ཡོད་པ་ཞིག་དང་། ལྷག་པར་ནང་ཆོས་དང་འབྲེལ་བའི་ལྟ་གྲུབ་ཟབ་མོ་ཞིག་ཡོད་པ་དེ་སེར་སྐྱ་ཕོ་མོ་དབྱེ་བ་མེད་པར་ཚང་མས་དོ་སྣང་ཆེན་པོ་བྱ་རྒྱུ་དེ། ངས་རྟག་པར་འབོད་སྐུལ་ཞུས་བསྡད་པ་དེ་རེད་ལ། འབོད་སྐུལ་ཞུས་པ་ལྟར་ཁྱེད་ཚོ་མང་བོ་ཞིག་གིས་གང་ཡོང་ཅི་ཡོང་གིས་འབད་བརྩོན་བྱས་བསྡད་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ཐོག་ནས་སློབ་གྲྭར་འགྲིམས་ཏེ་གཞི་རྩའི་ཤེས་ཡོན་ཡོད་པ་ཙམ་ལ་ཆོག་ཤེས་མི་བྱེད་པ་དང་། མཐོ་རིམ་སློབ་གྲྭར་འགྲིམས་ཏེ་ལག་ཁྱེར་ཡོད་པ་ཙམ་ལ་ཆོག་ཤེས་མི་བྱེད་པར། སོ་སོ་རིག་གནས་སྡེ་ཚན་གང་ནང་ཡོད་ནའང་རང་སྐྱ་འཕེར་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་ཡོད།
ཁོང་གིས་མུ་མཐུད་དེ་བཙན་བྱོལ་གྱི་བོད་མི་རྣམས་ལ་གཞིས་ཀྱི་བོད་མི་ལས་གོ་སྐབས་བཟང་བོ་ཡོད་པའི་སྐོར་ལ་བཀའ་སློབ་བསྩལ་དོན། ང་ཚོ་འདིར་རང་དབང་ལུང་པའི་ནང་ཡོད་པ་དང་གོ་སྐབས་ཡོད་པ་རེད། བྱས་ཙང་གོ་སྐབས་ཡོད་པ་ཆུད་ཟོས་སུ་མ་སོང་བ་བྱ་རྒྱུ་དེ་གལ་ཆེན་པོ་རེད། བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཆ་བཞག་ན། བར་སྐབས་སོ་སོའི་རིག་གཞུང་དང་ཤེས་བྱ་ཡོན་ཏན་ཐོག་ཏུ་དོ་སྣང་གསར་བ་སླེབས་ཏེ། ཚང་མས་དོ་སྣང་བྱེད་ཀྱི་ཡོད་པ་དེར་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཡིན་ནའང་ཤེས་བྱ་ཡོན་ཏན་གྱི་ཐད་ནས་དེང་དུས་ཤེས་ཡོན་དང་། བོད་རང་ཉིད་ལ་ཡོད་བསྡད་པའི་བཟང་བོའི་ཤེས་ཡོན་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཡོད་བསྡད་པ་དེ། ཕྱག་མཆོད་འབུལ་བྱེད་ས་དང་དད་པ་བྱེད་སའི་ཡུལ་རྐྱང་རྐྱང་ལ་མ་བཞག་པར། རང་ཉིད་ཀྱི་ཤེས་རྒྱུད་ལ་ཚང་བ་བྱ་རྒྱུ་དེ་གལ་ཆེན་པོ་རེད། རང་ཉིད་ཀྱི་ཤེས་རྒྱུད་ལ་ཚང་བར་བྱེད་པ་ལ་ཤེས་དགོས་པ་རེད། ཤེས་པའི་དོན་དེ་སོ་སོའི་རྣམ་དཔྱོད་ཀྱིས་ཞིབ་འཇུག་བྱས་ནས་ངེས་པ་རྙེད་པ་ཞིག་བྱས། ངེས་པ་རྙེད་པའི་དོན་དེ་སོ་སོའི་སྒོ་གསུམ་ལ་སྦྱར་ནས་འགྲོ་གི་ཡིན་ན་མི་ཚེ་བཟང་བོ་ཞིག་དང་མི་ཚེ་སྐྱིད་པོ་ཞིག རང་ཉིད་ཡིན་ནའང་སེམས་སྐྱིད་པོ་དང་ལུས་བདེ་བ། གཡས་གཡོན་གྱི་མི་ཞིག་ཡིན་ནའང་རང་བཞིན་གྱིས་སེམས་ལ་བག་ཕེབས་པ། དངོས་གནས་དྲང་གནས་གཞན་ལ་འཚེ་བ་མི་བྱེད་པའི་ཁོར་ཡུག་ཅིག་ཡོང་རྒྱུར་ང་ཚོར་རྒྱུ་ཆ་ཡོད་པ་རེད། རྒྱུ་ཆ་དེ་ཤེས་པ་བྱས་ཏེ་མི་རིགས་དབྱེ་འབྱེད་དང་རྒྱལ་ཁབ་དབྱེ་འབྱེད་མེད་པར། འཛམ་བུ་གླིང་འདིའི་སྟེང་དུ་མི་གྲངས་དུང་ཕྱིར་ ༦༠ ལྷག་ཡོད་པ་ཚང་མར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པའི་ཐོག བོད་ཀྱི་ཆོས་དང་རིག་གཞུང་གིས་ཏན་ཏན་ཞབས་འདེགས་ངེས་ཅན་ཞིག་བསྒྲུབ་ཐུབ་པའི་སྤོབས་པ་ཡོད་པ་རེད། གཞན་ལ་མེད་པའི་ང་ཚོའི་སྤོབས་པ་དེ་སྟོན་རྒྱུར་དང་ཐོག་རང་ཉིད་དེ་ལ་བྱང་ཆུབ་པ་དགོས་པ་དང་། རང་གི་ཤེས་པའི་ཐོག་ནས་མི་ལ་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དགོས་པ་རེད། དེར་བརྟེན་ང་ཚོ་གཞིས་བྱེས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་སོ་སོའི་ཁྱད་ནོར་ཡོད་བསྡད་པ་དང་གཅེས་ནོར་ཡོད་བསྡད་པ་དེ་ངོས་ཤེས་པའི་ཐོག་ནས་བདག་པོ་རྒྱག་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་ཡོད།
 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 13

  1. འཆམ་ར་དྲི་མེད་རྒྱལ་མཚན། says:
    ལོ་ 16 སྔོན།

    ཁོང་གི་མཛད་པ་མཁའ་མཐར་ཁྱབ་པ་འདི་ཡུན་རིང་བརྟན་པར་གྱུར་ཅིག

    ཁ་སང་གཙུག་ལག་ཁང་དུ་མཛད་སྒོ་ཡོད་སོང་བ་དེས།
    ཕྱི་ཚེས་༢༣ ཉིན་ཟློས་གར་ནང་ལ་འཁྲབ་གཏན་ཁེལ་བའི་གཞས་སྣ་དེ་ཕྱི་འགྱང་ཐེབས་འདུག
    དེའི་རྒྱུ་མཚན་ནི།
    ཟློས་གར་གྱི་སྐད་སྒམ་དེ་གཙུག་ལག་ཁང་དུ་ཁྱེར་སོང་བས་རེད་ཟེར།

    གཙུག་ལག་ཁང་ལ་དོན་ལྡན་གྱི་གལ་ཆེན་ཡིན་པར་སྨོས་མེད་རེད།

    ཡིན་ནའང་བོད་གཞུང་དམངས་གཉིས་ལ་ད་རུང་སྐད་སྒམ་གཅིག་གི་འོག་འཚོ་སྡོད་བྱས་ཡོད་པའི་རྣམ་པ་ཞིག་བསྟན་སོང་བ་མ་རེད་དམ་སྙམ

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་ལ་བསྟོད་ཚིག་ཁ་ཤས་ཤིག་འབྲི་བ་ལས།
    ཁོང་གིས་བཀའ་སློབ་གང་གསུངས་པ་དེ་ཡི་ཁྲོད་ནས་ལག་ལེན་རེ་འཁེལ་ཐུབ་པ་ཡིན་ན། དེ་ནི་༧བླ་མའི་བརྟན་གཞུགས་དང་སློབ་མའི་མདུན་ལམ་ཡིན། དེ་མིན་ཁ་དང་ཁོག་པ་བར་ཐག་རིང་སོང་བ་ཡིན་ན། བརྟན་གཞུགས་ག་ཚོད་ཕུལ་ཡང་། ༧ཁོང་གི་ཐུགས་ཕམ་གསོ་བར་མི་ཕན་པ་ཡིན།

    Reply
  3. karma dorje says:
    ལོ་ 16 སྔོན།

    སྲིད་གསུམ་གོ་ལ་ཡོངས་ཁྱབ་ནང་། །

    ཐར་པའི་ཆོས་རྣམས་རྒྱས་པའི་ཕྱིར། །
    ༸བླ་མའི་༸སྐུ་ཚེ་ཡུན་བརྟན་ཤོག །
    ནོར་འདོད་ལོངས་སྤྱོད་སྙོམས་པའི་ཕྱིར། །
    ༸ཏཱ་ལའི་༸བླ་མ་རྟག་བརྟན་རྒྱལ། །

    བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །

    Reply
  4. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    གང་ཐུགས་འཁྲུལ་བྲལ་བརྩེ་ཆེན་ཉིན་བྱེད་བརྒྱས།།
    གང་འཚམས་གཞན་ཕན་འོད་སྣང་འབུམ་འགྱེད་པས།།
    གང་ཞིག་སྨོན་ལོག་སྲིན་བྱས་མ་བཟོད་པར།།
    གང་སྣང་ལོག་པར་ལྟ་ཞིང་ཆོ་ངེ་འདེབས།།

    ཁྱོད་དབུགས་འབྱུང་རྔུབ་ཙམ་དང་སྐུ་ལུས་ཀྱི།།
    བ་སྤུ་གཡོ་བའང་གཞན་ཕན་འབའ་ཞིག་འདིས།།
    ཁྱོད་ལ་ཉེས་པའི་གོ་སྐབས་གཏན་ཟད་ཀྱང།།
    ཁ་ཅིག་ཟས་གཙང་སྲས་ལ་ལག་སྐར་བཞིན།།

    ཁྱོད་སྐུ་མཚན་དཔེ་འབར་བའི་གཟི་ཡིས་དྲེགས་པའི་འཁོར་ཚོགས་མོག་མོག་བསྒྱུར།།
    ཁྱོད་གསུང་ལེགས་བཤད་ལུང་རིགས་དབྱར་རྔས་མཁས་རློམས་ཁེངས་པའི་ས་འཛིན་བསྙིལ།།
    ཁྱོད་ཐུགས་སྒྲིབ་བྲལ་ཡེ་ཤེས་མེ་དཔུང་མཚན་འཛིན་ཚང་ཚིང་ལྷག་མེད་བསྲེགས།།
    ཁྱོད་ཡོན་ཆ་ཙམ་དྲན་ཞིང་བརྗོད་ལའང་ཐ་མལ་བདག་ནི་ངལ་ཞིང་དུབ།།
    ད་དུང་མཁའ་ཁྱབ་འགྲོ་རྣམས་མ་ཟད་པ།།
    དེ་སྲིད་མགོན་ཁྱོད་ཐུགས་དམ་རྡོ་རྗེའི་ལྷུན།།
    འགྱུར་མེད་འགྲོ་བ་སྤྱི་དང་གང་གི་ཞིང།།
    བྷོ་ཊའི་སྣོད་བཅུད་རྟག་ཏུ་རྗེས་འཛིན་གསོལ།།

    མ་རུང་སྐྱེ་བོས་ཅི་ཙམ་བསུན་གཙེར་ཡང།།
    ཚད་མེད་རྣམ་བཞིའི་དེ་ལ་ལྷག་པར་བརྩེ།།
    རྨད་བྱུང་གཞན་ཕན་མཛད་འཕྲིན་ས་གསུམ་ཁྱབ།།
    འཛམ་གླིང་ཐུབ་པའི་རྒྱལ་ཚབ་རྟག་བརྟན་ཤོག།

    Reply
  5. ཁམས་པའི་ཕོ་རྒོད། says:
    ལོ་ 16 སྔོན།

    དོན་དམ་པའི་ཡིད་བཞིན་དབང་གི་ནོར་བུ། སྐྱབས་མཆོག་བླ་ན་མེད་པ། གློ་སྙིང་བྲང་གསུམ་གཏོད་ས། ཡོད་ཚད་ནས་ཡོད་ཚད་ཀྱི་མངའ་བདག་ཆེན་པོ། ཁྱེད་ཉིད་སྐུ་ཚེ་བསྐལ་བ་རྒྱ་འཚོའི་མཐའ་རུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོང་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་ཡང་ནས་ཡང་དུ་འདེབས་ན་དེ་དེ་བཞིན་ཏུ་འགྲུབ་པར་བསླུ་མེད་སྐྱབས་མཆོག་གསུམ་གྱིས་མཐུན་འགྱུར་དང་སྡོང་གྲོགས་མཛོད་ཅིག།།

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    དྲང་མོ་བཤད་ན་དེ་རིང་སེར་བྱེས་གྲྭ་ཚང་གི་ཞབས་བརྟན་ཉིན་གང་བོ་འཚོགས་སོང་། ཡིན་ནའང་ང་ཕྲན་ཚོགས་ལ་གཅིག་ཀྱང་འགྲོ་ཐུབ་མ་སོང་། འགྱོད་པ་ཡང་སྐྱེས་ཀི་མེད། ངས་ཞབས་བརྟན་ཟེར་བ་དེ་འདྲ་ཞིག་ལ་ངོས་འཛིན་གི་མེད། རང་ཉིད་ཀྱི་སེམས་ཁོང་ནས་འདི་ལྟར་འདོད་ཡོད། སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། བཞེད་དོན་ལྷུག་འགྲུབ་ཡོང་བའི་སྨོན་ལམ་འདེབས།

    Reply
  7. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    མི་ཟད་སྙིགས་མའི་ཟུག་རྔུས་རབ་མནར་བའི། །
    བདག་སོགས་གངས་ལྗོངས་འགྲོ་བའི་མགོན་གཅིག་བུ། །
    ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག །
    གསང་གསུམ་མི་ཤིགས་མི་འགྱུར་མི་ནུབ་པར། །
    གཞོམ་ཞིག་ཡོངས་བྲལ་རྡོ་རྗེ་སྙིང་བོའི་ཁྲིར། །
    བསྐལ་བ་རྒྱ་མཚོར་གཡོ་མེད་རྟག་བརྟན་ཤོག །

    Reply
  8. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 16 སྔོན།

    ཇི་སྐད་དུ། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་ཞལ་སྔ་ནས།

    ཚུལ་ཁྲིམས་རྩལ་རྫོགས་ཐུབ་བསྟན་གངས་ཀྱི་རིར།།
    འགྱིང་བའི་ཏིང་འཛིན་གཡུ་རལ་ངོམ་བཞིན་ཏུ།།
    ཤེས་རབ་གདོང་ལྔས་རྨོངས་པའི་ཀླད་པ་འགེམས།།
    རྒྱལ་མཆོག་འཕྲོགས་བྱེད་དབང་པོ་ཞབས་བརྟན་ཤོག།

    ཉམས་ཐག་སྨག་རུམ་འཐིབས་པའི་གངས་ཅན་འདིར།།
    མགོན་ཁྱོད་ཐུགས་རྗེའི་སྒྲོན་མེ་འབར་བའི་གཟིས།།
    ཕན་དང་བདེ་བའི་སྣང་བ་འགྱེད་བཞིན་དུ།།
    སྲིད་ཞིའི་བར་དུ་མི་གཡོ་རྟག་བརྟན་ཤོག།
    ཅེས་དང།

    མགོན་མེད་གངས་ཅན་ཞིང་འདིའི་འགྲོ་བ་རྣམས།།
    ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་བར།།
    དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།།
    སྡེ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས།།

    ཞེས་གསུངས་པ་ལྟར་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་རླབས་ཆེན་ཐུགས་བཞེད་ཟབ་མོ་མཐའ་དག་གེགས་མེད་ལེགས་འགྲུབས་ཡོང་བར་སྨོན།།

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༡ ཉིན་༸གོང་ས་མཆོག་ཞལ་མཇལ་ཞུ་བའི་གོ་སྐབས་བྱུང་། སྐབས་དེར་༸གོང་ས་མཆོག་ལ་ཡུན་རིང་གི་གསུང་ཆོས་དང་། མཛད་སྒོ་ཁག་ལ་དུས་ཅི་ཉུང་གཏོང་གནང་ཡོང་བ་སོགས་སྐུ་གཟུགས་འཕྲོད་བཞེས་གནང་སྐྱོང་ཡོང་བའི་གསོལ་འདེབས་རེ་སྐུལ་ཞུས་པར། ༸གོང་ས་མཆོག་གིས་བཀའ་ལན་དུ་བོད་མི་ཚོས་ང་ལ་སྐུ་ཚེ་ཞབས་པད་བརྟན་རོགས་ཟེར་གྱི་འདུག ཡིན་ནའང་ང་ལ་འཕྲོད་བསྟེན་མེད་ན་ཚེ་རིང་པོ་ཡོང་གི་མ་རེད་པཱ། ཅེས་གསུང་གནང་སོང་།

    དོན་དངོས་སུ་༸གོང་ས་མཆོག་གི་བཀའ་དགོངས་ལ་སློབ་སྦྱོང་དང་། ༸གོང་ས་མཆོག་གི་མཚན་བེད་སྤྱོད་མེད་པའི་ཐོག་ནས་སོ་སོས་བོད་ཀྱི་རྩ་དོན་ལ་ཁ་ཡོད་ལག་ཡོད་རེ་གཉིས་ལས་བྱེད་མ་ཐུབ་ན་ཡང་བྱེད་དགོས་པ་རེད། དེ་མིན་བརྟན་བཞུགས་འདི་ཚོ་བྱེད་སྒོ་རྩ་ཆེན་ཡིན་གྱི་རེད་དེ། སྐུ་ཚེ་བརྟན་པར་དོན་དངོས་སུ་ག་ཚོད་ཅིག་ཕན་གྱི་ཡོད་མེད་དེ་དྲི་བ་ཞིག་རེད།

    Reply
  10. དབྱངས་བུ། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།

    དེ་རིང་ཞོགས་པའི་བརྟན་བཞུགས་ཀྱི་གནས་ཚུལ་ཞིབ་རྒྱས་མགྱོགས་མྱུར་མཁོ་འདོན་གནང་བར་ཐུགས་རྗེ་ཆེ།་འོན་ཀྱང་མགྱོགས་ཚད་ལས་སྤུས་ཚད་ལེགས་པ་དགོས་པས།་ཡིག་ནོར་གང་ཙམ་འདུག་པ་དེ་དག་བཅོས་གནང་ཡོང་བ་ཞུ།

    མཆོད་པའི་ནང་ནས་མཆོག་ཏུ་འགྱུར་བ་ནི་བཀའ་བཞིན་སྒྲུབ་པའི་མཆོད་པ་དེ་ཡིན་པས།་༸གོང་ས་མཆོག་གི་རླབས་ཆེན་གྱི་བཀའ་སློབ་རྣམས་རང་རིགས་སྐྱེ་བོའི་ཚོགས་ཀྱི་སྙིང་ཁའི་དབུས་སུ་བཅངས་ནས་ཉིན་རེའི་བྱ་བཞག་ཐད་གང་ཐུབ་ཀྱིས་ལག་ལེན་ལ་འབད་རྒྱུ་ནི་རང་གཞན་གཉིས་དང།་ཚེ་འདི་ཕྱི་གཉིས་ཀར་ཕན་པའི་དགོས་འདོད་ཀྱི་ནོར་བུ་གཅིག་མ་ཡིན་ནམ།
    དེས་ན་གུས་པས་ལག་གཉིས་ཐལ་མོ་སྦྱར་ནས་དད་སེམས་ཀྱི་ཕྱུག་པའི་རང་རིགས་སྐྱེ་བུ་རྒན་གཞོན་ཡོངས་ལ་འབོད་བསྐུལ་ཞུ་རྒྱུར།ཁོང་གི་བཀའ་སློབ་ལ་དོ་སྣང་གིས་ལག་ལེན་བསྟར་གནང་ཡོང་བ་ཞུ།

    Reply
  11. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 16 སྔོན།

    སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། བཞེད་དོན་ལྷུག་འགྲུབ་ཡོང་བའི་སྨོན་ལམ་འདེབས།

    Reply
  12. བསེ་རུ། says:
    ལོ་ 16 སྔོན།

    ༄༅། །ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན།།
    བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་།།
    བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས།།
    ཀུན་བཟང་སྤྱོད་མཆོག་རྒྱ་མཚོ་མཐར་ཕྱིན་ཤོག།

    བརྟན་བཞུགས་ཀྱི་མཆོག་ནི་༸རྒྱལ་བས་ཅི་གསུང་བཀའ་སྒྲུབ་བྱ་རྒྱུ་དེ་ཡིན་པ་ཁོ་བོས་འདོད།།

    Reply
  13. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 16 སྔོན།

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག།

    སྐུ་ཚེ་བསྐལ་བརྒྱར་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese