མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་འབྲེལ་མོལ་ཐེངས་དགུ་བ་གནང་རྒྱུའི་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་མཆོག་གི་མིང་ཐོག་ནས་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བ་གནང་འཆར་ཡོད་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་བཀོད་དོན། ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་རྣམ་གཉིས་རྒྱ་ནག་གཞུང་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་སླད་སང་ཉིན་རྒྱ་ནག་ལ་འབྱོར་གྱི་ཡོད་ཅིང༌། འདི་ནི་འབྲེལ་མོལ་ཐེངས་དགུ་པ་དེ་ཆགས་ཀྱི་ཡོད་པ་དང་སྦྲགས། ཕྱི་ལོ་ ༢༠༠༢ ལོར་མགོ་བཙུགས་པའི་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ནང་ཟླ་བ་བཅོ་ལྔ་བར་སྟོང་ལུས་པའི་རྗེས་སྐུ་ཚབ་རྣམས་རྒྱ་ནག་ལ་ཕེབས་ཐོན་གནང་ཡོད།

 

སྐུ་ཚབ་རྣམས་དང་ལྷན་དུ་ཁོང་རྣམ་པའི་ལས་རོགས་རྒན་གྲས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བསྟན་འཛིན་ཕུན་ཚོགས་ཨ་ཏི་ཤ་དང༌། བུ་ཆུང་ཚེ་རིང༌། བཀའ་ཡིག་བོད་རྒྱ་ཞི་མོལ་སྡེ་ཚན་གྱི་ལས་བྱེད་འཇིགས་མེད་པ་སངས་བཅས་ཕེབས་ཡོད། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོ་སྐྱོང་གནང་བའི་བོད་རྒྱ་ཞི་མོལ་སྐོར་ཉིན་གཉིས་རིང་གི་ཚོགས་འདུ་ཞིག་ངྷ་རམ་ས་ལར་བསྐྱངས་ཏེ། པེ་ཅིན་དུ་གོ་བསྡུར་བྱ་དགོས་རིགས་ཐུགས་གཏན་འཁེལ་ཡོད་པ་རེད། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༢ ཉིན་བཀའ་བློན་ཁྲི་པ་མཆོག་དང་སྐུ་ཚབ་རྣམ་པ་གཉིས་བཅས་ནས་ྋགོང་ས་མཆོག་ལ་གནད་དོན་དེའི་སྐོར་སྙན་སྒྲོན་ཞུས་པ་དང་ཆབས་ཅིག་བཀའ་སློབ་ལམ་སྟོན་ཡང་ཞུས་ཡོད་པ་རེད། སྐུ་ཚབ་རྣམས་ཟླ་བ་རྗེས་མའི་མགོ་སྟོད་ཙམ་ལ་རྒྱ་གར་དུ་ཕྱིར་ལོག་གནང་གི་ཡོད། ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

སྐར་མ ༢༢ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡

མཆན། 8

  1. གངས་ལྷ་མེ་ཏོག says:
    ལོ་ 16 སྔོན།

    གྲུབས་འབྲས་མེད་པའི་ཞི་མོལ། སེམས་ལ་དགའ་ཚོར་མེད་པའི་ཞི་མོལ། ཅི་ཡིན་འདི་ཡིན་མེད་པའི་ཞི་མོལ། ཞི་མོལ་འདི་གསུམ་མི་འབྱུང་སྨོན་ལམ།

    Reply
  2. ཚེ་རིང་བཀྲ་ཤིས། says:
    ལོ་ 16 སྔོན།

    གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བར་བཏོན་པའི་ལྟ་ཚུལ་ཚིག་གསུམ་མ།

    དོན་འགྲུབ་བཀྲ་ཤིས།
    ༢༠༡༠/༠༡/༢༥ ཉིན་འདོན་སྤེལ་བྱས། ༼ མཇལ་འཕྲད་གནང་དུས། ༽ ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་ཚོགས་ཏེ། སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་གསུང་བཤད་གལ་ཆེན་གནང་གྲུབ་མ་ཐག

    ༼ མཇལ་འཕྲད་གནང་ཡུལ། ༽ གྲངས་ཉུང་མི་རིགས་ཁག་ལ་མིག་དཔེར་སྟོན་འོས་པའི་རྒྱ་ནག་གི་ཆེས་སྔོན་ཐོན་གྲོང་ཁྱེར་ཆེ་གྲས་ཧུ་ནན་ཞིང་ཆེན་གྱི་ཡིད་དུ་འོང་བའི་མཛེས་ལྗོངས།

    ༼ མཇལ་འཕྲད་གནང་དོན། ༽ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་རྩ་འགྲེལ་འཇའ་སཱ་གསེར་བྲིས་འཁྱུག་ཡག་མ་སྙན་སྒྲོན་ཞུ་རྒྱུ། ཧེ་ཧེ་ཧེ་་་་་་་་་་་་་་་་་་་་་་་

    Reply
  3. Dhondup says:
    ལོ་ 16 སྔོན།

    ༄༅། བོད་རྒྱ་འབྲེལ་མོལ་ཐེངས་དགུ་པའི་སླད་རང་རེའི་སྐུ་ཚབས་རྣམས་རྒྱ་ནག་ལ་ཕེབས་ཐོན་ཟིན་པར་དགའ་སྤྲོ་དང་འབྲེལ་མོལ་གྱི་དོན་འབྲས་ཡག་པོ་ཡོང་བའི་སྨོན་ལམ་ཞུ་གི་ཡིན།།

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཐེངས་མང་པོ་སོང་ནི་རེད། རང་འཇགས་ཤིག་ལས་ཨེ་ཡོད་ད་་་་་་རྒྱ་ནག་ལ་ཁ་གཡར་ས་མ་རེག་པར་བསྡད་ཡོད་པ་རེད། ང་ཚོས་ཞི་མོལ་བྱེད་ཀྱི་ཡོད་ཅེས་ཁ་ཙམ་ལས་དོན་ཐག་ཡོན་ནི་མ་རེད་ཡ་་་་་་་དེ་ལས་ལས་འགུལ་རེ་སྤེལ་ཐབས་གནང་ན་ཡག་པོ་མེད་འགྲོ

    Reply
  5. གནས་ཚང་། says:
    ལོ་ 16 སྔོན།

    ད་ཡིན་ན་ཡག་ཐལ། བོད་པའི་ཕོ་གསར་ཞིག་ཕྱི་གླིང་བར་མནའ་མ་ཕྱིན་ཐལ། བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ཚོགས་མི་ཞིག་ཀྱང་རྒྱ་དཔོན་ཞིག་ལ་མནའ་མར་ཕྱིན་ན་མ་གཏོགས་དོན་དག་འཁྱོངས་ཡ་ཡོག་མ་རེད་བསམ་ཡོད། ལྷན་རྒྱས་ཀྱི་དགོངས་ཚུལ་ཅི་ཡིན་ནམ།

    Reply
  6. karma dorje says:
    ལོ་ 16 སྔོན།

    གྲོས་མོལ་གྲོས་མཐུན་གང་ལེགས་ཡོང་བའི་རེ་སྨོན་ཞུ། །

    Reply
  7. ཚེ་རིང་། says:
    ལོ་ 16 སྔོན།

    འགྲོ་ས་འཁོར་མ་འགྲིག་མེད་ཁུ། །
    རྒྱའི་རྒྱ་མཁར་ཐོག་མར་མཇལ་གོ་ཁུ། །
    མགོ་རྒྱ་ཕུགས་ཐུར་ར་འཁྲིད་གོ་ཁུ། །
    ཡང་རྒྱ་བཟའ་སྐྱེས་བ་ལེན་གོ་ཁུ། །

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ཕར་ལ་སོང་བ་གོ་ཡོད། ཚུར་ལ་ཡོང་བ་གོ་རྒྱུར་སྒུག་ནས་འདུག ཡིན་ཡང་། འདི་ནས་བོད་རྒྱའི་གྲོས་མོལ་ཟེར། ཕར་ཕྱོགས་རྒྱ་ནག་སྲིད་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་ཐུགས་འཕྲད་ཟེར་བ་དེ་གཉིས་ཀྱི་ས་མཚམས་དེ་ནི་བོད་མི་དམངས་ཀྱིས་གལ་ཆེན་པོས་སྒོ་ནས་ཤེས་དགོས་པ་དང་། རྒྱ་ནག་སྲིད་གཞུང་ལ་ཡང་དེ་གཉིས་ཀྱི་ཁྱད་པར་ཤེས་སུ་འཇུགས་དགོས་ཀྱི་ཡོད། ༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་རྩོད་ཀྱི་མེད་པ་དེ་ནི་ཤེས་ན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese