མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་འདུན་པ་གསུམ་འཛིན་བཟུང།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཆབ་མདོ་འཇོ་ཕུ་དགོན་པའི་སྤྲུལ་སྐུ་བྱང་ཆུབ་རིན་པོ་ཆེ་དང་གྲྭ་སངས་རྒྱས་རྒྱ་མཚོ། ཨ་པོ་མ་བཅས་མི་གསུམ་འཛིན་བཟུང་བྱས་འདུག

ཕྱི་ཚེས་ ༢༦ ཉིན་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་༡༢ པའི་ཟླ་མཇུག་ཏུ་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་ཁོངས་སུ་ཡོད་པའི་འཇོ་ཕུ་དགོན་པའི་སྤྲུལ་སྐུ་བྱང་ཆུབ་དང་རང་ལོ་ ༣༠ ཡིན་པའི་གྲྭ་སངས་རྒྱས་རྒྱ་མཚོ་རྣམ་གཉིས་ཀྱིས། འཇོ་མདའ་རྫོང་ཐོག་ཏུ་རྒྱ་གཞུང་ཉེན་རྟོག་མི་སྣ་ཁག་ཅིག་གིས་བོད་མི་དཀྱུས་མ་ཞིག་ལ་གཅར་རྡུང་ཚད་མེད་གཏོང་བཞིན་པའི་རྣམ་པ་མཐོང་སྟེ། སེམས་ཀྱི་མ་བཟོད་པར་བཀག་འགོག་བྱས་ཏེ་མཚམས་འཇོག་རུ་བཅུག་ཡོད་པ་དང་།  སྐབས་དེར་ཉེན་རྟོག་མི་སྣས་ཁོང་གཉིས་ལ་བརྡ་ལན་ཅི་ཡང་སྤྲད་མེད་ནའང་། རྗེས་སུ་དགོན་པར་ལོག་པའི་ལམ་བར་དུ་ཉེན་རྟོག་མི་སྣས་སངས་རྒྱས་རྒྱ་མཚོ་བཙན་འཁྲིད་ཀྱིས་གཅར་རྡུང་དྲག་པོ་དང་བཙོན་འཇུག་བྱས་ཡོད་པ་རེད། གནས་ཚུལ་འདིར་རྐྱེན་བྱས་ཏེ་དགོན་པའི་དགེ་འདུན་པ་ཡོངས་འཇོང་མདའ་རྫོང་ཐོག་དུ་འབྱོར་ཏེ་རྫོང་གི་གནད་ཡོད་མི་སྣར་ཁོང་གློད་གྲོལ་གཏོང་དགོས་པའི་རེ་སྐུལ་ཞུས་ཀྱང་དང་ལེན་མ་བྱས་སྟབས། དགོན་པའི་དགེ་འདུན་པ་ཁག་ཅིག་ལྷ་སར་ཆས་ཏེ་གོང་རིམ་གནད་ཡོད་མི་སྣར་ཞུ་གཏུགས་དུ་ཕྱིན་སྐབས། ལྷ་སའི་བར་སྐོར་ནས་དགེ་འདུན་པ་ཨ་པོ་མ་འཛིན་བཟུང་བྱས་ཡོད་པ་དང་། འཇོ་ཕུ་དགོན་པའི་སྤྲུལ་སྐུ་བྱང་ཆུབ་རིན་པོ་ཆེ་ཡང་གནས་ཚུལ་དེའི་དབང་གིས་བཙོན་འཇུག་བྱས་ཡོད་འདུག  ད་ལྟ་དགེ་འདུན་པ་སངས་རྒྱས་རྒྱ་མཚོ་ལགས་ཆབ་མདོ་འཇོ་མདའ་རྫོང་ཁོངས་ཀྱི་བཙོན་ཁང་དུ་དོ་དམ་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་། སྤྲུལ་སྐུ་བྱང་ཆུབ་རིན་པོ་ཆེ་ལགས་དང་དགེ་འདུན་པ་ཨ་པོ་མ་གཉིས་འཛིན་བཟུང་བཙོན་འཇུག་བྱས་རྗེས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་ཤེས་རྟོགས་མེད་པར་ལྷག་ཡོད་འདུག

ཆབ་མདོ་རྫོང་ཁོངས་ཀྱི་འཇོ་ཕུ་དགོན་པ་ནི་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་འདུས་པའི་འཇོ་མདའ་རྫོང་ཁོངས་ཀྱི་དགོན་སྡེ་ཆུང་ཆུང་ཞིག་ཡིན་འདུག་ལ།  དགོན་པ་དེར་སྤྲུལ་སྐུ་གསུམ་གཙོས་པའི་གྲྭ་བ་ ༡༠༠ ལྷག་ཡོད་པ་རེད། སྔར་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢༩ ནས་བཟུང་རྒྱ་ནག་གི་དམག་མི་མང་པོ་སླེབས་ཏེ་དགོན་པའི་ཉེ་འདབས་སུ་དམག་སྒར་བརྒྱབ་སྟེ། དགོན་པའི་ཉེ་འདབས་ཀྱི་རྩྭ་རྭ་ཁོང་ཚོར་སྤྲོད་དགོས་བཙན་བཀའ་བཏང་བར། དེར་ཡོད་ས་གནས་མི་མང་ ༥༠༠ ལྷག་གིས་ངོ་རྒོལ་བྱས་ཡོད་པ་དང་། རྗེས་སུ་དམག་མི་ ༨༠༠ ལྷག་འབྱོར་ཏེ་དམ་དྲག་ཤུགས་ཆེར་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༣ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠

མཆན། 9

  1. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    ད་དུང་རྩོམ་ཡིག་འདིའི་ཡིག་ཕྲེང་ཁ་ཤས་་དྲྭ་རྒྱའི་མདུན་ངོས་སུ་ཤར་བའི་ནང་ནོར་བཅོས་བྱེད་ཐུབ་མི་འདུག

    Reply
  2. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    དུས་བབ་རྩོམ་སྒྲིག་པས་ད་དུང་བཅོས་དགོས་པ་ཞིག་ནི། དུམ་མཚམས་ཐ་མ་དེར་འཇོ་ཕུ་དགོན་པ་དེ་ཆབ་མདོ་རྫོང་ཁོངས་དང་འཇོ་མདའ་རྫོང་ཁོངས་གཉིས་ཀར་ཡིན་པ་འདྲ་ཞིག་བྲིས་འདུག་ དེ་ལ་ཆབ་མདོ་ས་ཁུལ་འཇོ་མདའ་རྫོངས་ཁོངས་སུ་ཡོད་པའི་འཇོ་ཕུ་དགོན། ཞེས་བཅོས་དགོས་ངེས་སུ་མཐོང།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཆབ་མདོ་རྫོང་ཁོངས་ཀྱི་འཇོ་ཕུ་དགོན་པ་ནི་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་འདུས་པའི་འཇོ་མདའ་རྫོང་ཁོངས་ཀྱི་དགོན་སྡེ་ཆུང་ཆུང་
    འདི་ལ་ཚིག་སྐྱོན་ཞིག་འདུག འཇོ་ཕུ་དགོན་པ་ཆབ་མདོ་རྫོང་ཁོངས་སུ་ཡོད་རེད་དམ་འཇོ་མདའ་རྫོང་ཁོངས་སུ་ཡོད་རེད། འདི་ན་རྫོང་གཉིས་ཆར་གྱི་ཁོངས་སུ་ཡོད་པ་འདྲ་ཞིག་བྲིས་འདུག

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཆབ་མདོ་རྫོང་ཁོངས་ཀྱི་འཇོ་ཕུ་དགོན་པ་ནི་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་འདུས་པའི་འཇོ་མདའ་རྫོང་ཁོངས་ཀྱི་དགོན་སྡེ་ཆུང་ཆུང་
    འདི་ལ་ཚིག་སྐྱོན་ཞིག་འདུག འཇོ་ཕུ་དགོན་པ་ཆབ་མདོ་རྫོང་ཁོངས་སུ་ཡོད་རེད་དམ་འཇོ་མདའ་རྫོང་ཁོངས་སུ་ཡོད་རེད། འདི་ན་རྫོང་གཉིས་ཆར་གྱི་ཁོངས་སུ་ཡོད་པ་འདྲ་ཞིག་བྲིས་འདུག

    Reply
  5. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    དྲ་གྲོགས་བསྟན་པ་ཡར་འཕེལ་ལགས། སྐུ་ཉིད་ཀྱིས་གསུངས་པ་ལྟར་ཡིག་ནོར་ཚང་མ་བཅོས་ཡོད། རྗེས་སུ་མུ་མཐུད་བླ་མེད་ཀྱི་མཛུབ་སྟོན་གནང་རོགས།

    Reply
  6. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    གནས་ཚུལ་དེ་ལས་མེད་ན་རྒྱ་གཞུང་གི་དངོས་གནས་བོད་མི་ཚོ་ལ་འཐབ་རྩོད་རང་རེད།
    ཡིན་ནའང་ལྷ་ས་རུ་ཞུ་གཏུགས་བྱས་མཁན་བཟུང་སྟངས་ལ་ལྟོས་ན།སྔར་ཡངས་གླིང་རྡོ་རྗེ་ལགས་ཀྱིས་གསུངས་པ་ལྟར།དཔོན་ངན་དེ་འདྲའི་བྱེད་རྗེས་བཞག་འདོད་ཀྱི་ལས་དེ་ངན་ཚང་ཡོང་བ་དོགས་ནས་བཟུང་བ་མིན་འགྲོ་དྲན།

    Reply
  7. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    དུས་བབ་རྩོམ་སྒྲིག་པར་ཆེད་ཞུ། ད་དུང་ཡིག་ནོར་མ་བཅོས་པ་ཅི་ཡིན་ནམ།

    Reply
  8. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    ད་དུང་འཇོ་མདའ་ལ། འཇོང་མདའ་ཞེས་བྲིས་འདུག་པས་འདི་རིགས་ཡིག་ནོར་མང་གི་ཡ།

    Reply
  9. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས། གོང་དུ་འཇོན་པོ་དགོན།་དེ་འཇོ་ཕུ་དགོན་དུ་བཅོས་དགོས་པ་ལས་དེ་བཞིན་ཡིག་ནོར་བྲིས་ན་མི་བཟང་གི གུས་པས་ལྷག་བསམ་གྱིས་ཞུས་པ་ཡིན། འཕྲལ་དུ་བཅོས་ན་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese