མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་པ་ཚང་ལ། ༧རྒྱལ་བ་རིན་པོ་ཆེ་དགོས་ཀྱི་ཡོད་དམ་མེད།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངས་སླར་ཡང་བརྗོད་གཞི་འདི་ལ་སླར་ཡང་ལག་པ་མི་འཆིང་ཐབས་མེད་ཅིག་ཆགས་སོང་། ཉེ་སྔོན་ཞིག་ལ་ངས་༧གོང་ས་མཆོག་སྐུ་ཕྲེང་བཅོ་ལྔ་བ་བུད་མེད་ཅིག་བྱོན་སྲིད་པ་རེད་ཅེས་པའི་བསམ་ཚུལ་ཞིག་སྤེལ་ན་ཡང་། དྲ་ཐོག་གི་སྤུན་ཟླ་དག་གིས་སྣང་མེད་དུ་གཡུགས་པ་མིན་ན་ཡང་། དེ་ལ་བསམ་ཚུལ་ཐད་ཀར་ཤུགས་ཆེན་པོ་གླེང་མཁན་མེད་པར་གྱུར་སོང་།

གཅིག་བྱས་ན་ང་རང་གི་བྲིས་པ་དེར་དེ་འདྲའི་ཚིག་གི་སྙན་ཆ་དང་དྲ་ཐོག་གི་སྤུན་ཟླ་དག་གི་ཡིད་དབང་འཕྲོག་པ་དེ་འདྲ་ཞིག་ཡོང་མེད་ངེས་ཡིན་སྲིད་ཀྱང་། དོན་དངོས་ཐོག་དེ་ནི་དངོས་ནས་འུ་ཅག་གིས་བོད་མི་རིགས་ལ་༧རྒྱལ་བ་རིན་པོ་ཆེ་དགོས་ཀྱི་ཡོད་མེད་དེ་ཡིན། གལ་སྲིད་དོན་དངོས་ཐོག་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་བ་བོད་པ་ཚང་ལ་དངོས་ནས་དགོས་ཀྱི་ཡོད་ན། དགོས་འདུན་ཤུགས་ཆེན་པོ་གླེང་དགོས་པ་མ་ཟད། དེ་ལ་དངོས་ནས་ཐད་ཀར་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་འདི་ཚང་དངོས་སུ་སྐུ་འཚོ་གཞུགས་སྐབས་འདི་ལ་བོད་ཕྱི་ནང་གཉིས་ནས་འདོད་བློ་ཚིམས་ཐུབ་པའི་ཡང་སྲིད་བྱོན་སྟངས་སྐོར་ལ་ཐག་གཅོད་ཅིག་བྱེད་དགོས་ཀྱི་ཡོད།

དེ་ཡང་སྤྱི་འཐུས་ཀྱི་ཚོགས་ཐོག་ནས་གཏམ་བཤད་གཅིག་གཉིས་ཤིག་བྱས་དེ་མཇུག་བསྡུ་དགོས་པ་དེ་འདྲ་ཞིག་གཏན་ནས་མིན་པར། བོད་ཕྱི་ནང་གཉིས་ཀའི་བསམ་ཚུལ་ངོ་འཕྲོད་པ་ཞིག་བྱས་ནས། ད་གཟོད་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་སྐུ་ངོས་ཀྱི་སྐུ་ཕྲེང་བཅོ་ལྔ་བའི་སྐོར་ལ་བཞེད་ཚུལ་གང་ཡོད་པ་དེ་ཤེས་པར་བྱས་དེ། ༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་བ་འདི་ཚང་བོད་ལ་དགོས་མིན་དེ་ནི་བོད་རང་གི་ཐག་གཅོད་བྱེད་པར་དབང་ཚད་ཆ་ཚང་བ་ཞིག་ཡོད་པར་ཡིག་ངག་གཉིས་ཀ་ནས་ཐག་གཅོད་ཚང་མ་ཞིག་གནང་དགོས།

དེ་མིན་ང་ཚོས་མིག་མཐོང་ལག་ཟིན་བཞིན་དུ། ང་ཚོས་མགོ་སྟེང་དུ་བན་ཆེན་རིན་པོ་ཆེ་ཡི་ཡང་སྲིད་ཀྱི་ཆག་སྒོ་དེ་ལྟར་ཡོང་བར་གདོན་མི་ཟ་བ་ཡིན། དེ་དག་མི་ཡོང་བའི་ཆེད་དུ། ད་ལྟ་ནས་འཛམ་གླིང་མི་མང་གི་གོ་ས་དང་རིག་ས་ནས། བོད་མི་རང་ལ་རང་གིས་བླ་མ་འདེམས་པའི་དབང་ཚད་ལས་རྒྱ་ནག་སྲིད་གཞུང་ལ་གཏན་ནས་མེད་པར་༧རྒྱལ་བ་རིན་པོ་ཆེ་ཁོང་གིས་དབུ་ཁྲིད་འོག་ནས་ཆབ་བསྒྲགས་གཙང་མ་ཞིག་བྱེད་དགོས་ཀྱི་ཡོད་ལ། རྗེས་ཕྱོགས་ཆུ་ཡོང་གོང་གི་རག་ཟེར་བ་ལྟར། བོད་མི་ཡོངས་ཀྱིས་རང་ཉིད་ལ་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དགོས་མིན་ཐད་དུ་འགན་འཁུར་རན་ལ་སླེབས་འདུག་ཟེར་ནས་དྲ་ཐོག་གི་སྤུན་ཟླ་ཡོངས་བརྒྱུད་དེ་བོད་སྐྱེ་འགྲོ་གང་ན་སུ་ཡོད་པ་དག་གིས་འདིའི་སྐོར་ལ་རང་རང་མི་སྒེར་སོ་སོ་ནས་བཟུང་དེ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་བ་བོད་པ་ཚང་ལ་དགོས་དང་མི་དགོས། ཡང་ན། རང་ཉིད་མི་སྒེར་བ་ཞིག་ལ་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་བ་དགོས་དང་མི་དགོས་སོགས་སྐོར་ལ་མཛུབ་མོ་རང་ལ་གཏད་ནས་དྲི་བ་དྲིས་དེ། དྲི་ལན་དེ་ཡང་རང་གི་སེམས་ཁོང་རུས་པའི་སྟེང་ནས་དྲ་ཐོག་དུ་འཁུར་ཡོང་བ་དང་། ས་ཐོག་གི་བོད་རིགས་སྐྱེ་འགྲོ་ཡོངས་ཀྱི་དབུས་སུ་འཁུར་ནས་ཤོག

འབྲེལ་ཡོད་གསར་འགྱུར།

His Holiness the Dalai Lama speaking to more than 500 graduates and students of the Nalanda Master and Diploma Course at the Main Tibetan Temple in Dharmsala, HP, India on June 2, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རིག་གཞུང་སློབ་གཉེར་བ་ཁག་ཅིག་ལ་བཀའ་ཆོས་བསྩལ།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་མཆོག་ནས་ལི་ཌི་ཝ་ཡའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༢༣ སྔོན་ལ།
Vice President of Czech Senate Hon’ble Jiri Ruzicka and Senator Rabas, Chairman of Czech Senate Parliamentary Group for Tibet hoisting Tibetan National Flag on the Senate parliament, marking the Tibetan National Uprising Day on 10 March
Mobile App

ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས།

ཆུ་ཚོད་ ༢༣ སྔོན་ལ།
པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་བདག་སྤྲོད་གནང་།
Mobile App

ཉག་ཆུའི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

༢༠༢༣/༠༦/༠༡
Opening ceremony prayers. Photo Courtesy: Tibet.net
Mobile App

མོན་གྷོ་འདོད་རྒུ་གླིང་ནས་ཁྱིམ་ཚང་ ༤༠ ལ་སྡོད་ཁང་མཁོ་སྤྲོད་བྱས་འདུག

༢༠༢༣/༠༥/༣༡
Director-General of the World Health Organisation (WHO) Dr. Tedros Adhanom Ghebreyesus attends the World Health Assembly at the United Nations in Geneva, Switzerland, May 21, 2023. (REUTERS/Denis Balibouse)
Mobile App

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས་ ༧༦ པ་མཇུག་སྒྲིལ། 

༢༠༢༣/༠༥/༣༡

མཆན། 25

  1. sha tak ri sim says:
    ལོ་ 13 སྔོན།

    སྙེ་ལྷའི་ཐུགས་སྲས་ལགས། དེས་ན་སྐུ་ཉིད་ནས་སྐུ་མདུན་ལ་དད་པ་དག་སྣང་ཡོད་ཀྱང་ཟེར་ཐུབ་ཀྱི་མི་འདུག་གམ།

    Reply
  2. Rigsang Lama says:
    ལོ་ 13 སྔོན།

    གྲོགས་པོ་ལགས། ཁྱེད་ཀྱིས་གསུངས་བའི་འགན་དེ་ལྗིད་དྲག་ནས་ངས་འཁུར་ཐུབ་ཀྱི་མི་འདུག འོན་ཀྱང་ངས་ང་རང་བོད་པ་ཡིན་པ་བརྗེད་མེད་ལ། ༧སྐྱབས་མགོན་རིན་པོ་ཆེ་དགོས་དང་མི་དགོས་ཟེར་བའི་འདྲི་བ་དེར་ངས་ཨ་ལ་ལ་ཞེས་ཟེར་གྱི་རེད། དེ་ལ་ཡིད་གཉིས་དང་ཐེ་ཚོམ་ཅི་ཡང་མེད།

    Reply
  3. sha tak ri sim says:
    ལོ་ 13 སྔོན།

    སྙེ་ལྷའི་ཐུགས་སྲས་ལགས། སེམས་ལ་ན་ཟུག་སླེབས་ཀྱི་འདུག་ན། ན་ཟུག་དེ་ཡི་འབྱུང་ཁུངས་ལ་ཞིབ་མོ་བློ་ཡིས་བརྟག་དཔྱད་བྱོས་དང་། དེ་ནས་ན་ཟུག་ལས་ཀྱང་གལ་ཆེ་བའི་འགན་ཞིག་ཡོད་པ་ཤེས་ངེས་ཡིན་ལགས།

    Reply
  4. Rigsang Lama says:
    ལོ་ 13 སྔོན།

    གྲོགས་པོ་ཁྱེད་ཀྱི་བཀའ་མོལ་དེས་ངའི་སེམས་ལ་བཟོད་མི་ཐུབ་པའི་ན་ཟུག་སྟེར་གྱིན་འདུག  བོད་པ་ཚང་ལ་༧རྒྱལ་བ་རིན་པོ་ཆེ་དགོས་དང་མི་དགོས་ཟེར།
    ཨ། མ་མ། དེ་འདྲའི་དྲི་བ་ལ་ང་བཞེད་ཀིས།།

    Reply
  5. sha tak ri sim says:
    ལོ་ 13 སྔོན།

    ཁྲི་གཡུང་དྲུང་ཕེབས་པ་དགའ་ཡོད་ལགས། རྗེས་སུ་ཡང་ཕེབས་རོགས་ཞུ།

    Reply
  6. sha tak ri sim says:
    ལོ་ 13 སྔོན།

    གཡག་ལགས། ངས་ཉིད་ལ་ཡག་རྒན་ཞེས་བོས་པ་ཡིན་མོད། ཉིད་ནས་གཡག་ཕྲུག་ཡིན་ན་ཞིག་ཟེར་གྱི་འདུག འདི་ནི་དངོས་ནས་བོད་པ་ཚང་གི་མིང་ཚིག་གསར་བ་འདྲ་ཡིན་ས་རེད། ཧཧཧཧཧཧཧཧཧཧ

    Reply
  7. sha tak ri sim says:
    ལོ་ 13 སྔོན།

    ཨ་འབྲུག་དཀོན་མཆོག་ལགས། ངས་དྲིན་ཡིན་ནི་མ་རེད། ཉིད་ཀྱིས་དོ་སྣང་བྱས་པའི་དྲིན་ཡིན་པ་རེད། དོ་སྣང་ཆེན་པོས་ཡང་དང་བསྐྱར་དུ་་འདི་རུ་ཕེབས་པ་ཐུགས་རྗེ་ཆེ།

    Reply
  8. triyungdrung says:
    ལོ་ 13 སྔོན།

    ཟིན་བྲིས་ལ་དོན་སྣང་ཆེན་པོ་ལྡན་བཀའ་དྲིན་ཆེ།

    Reply
  9. yakbod says:
    ལོ་ 13 སྔོན།

    གཡག་རྒན་ཞིག་མིན་གཡག་ཕྲུག་ཅིག་ཡིན། །
    གཡག་ཕྲུག་ད་རུང་བཙན་པོ་ཞིག་ཡིན། །
    བྲེ་སེར་འབྲོང་གི་ཚ་བུ་ཞིག་ཡིན། །
    རྒྱུག་རྩལ་འགྲན་ན་འགྲན་ནི་ཞིག་ཡིན། །

    Reply
  10. adkunchok says:
    ལོ་ 13 སྔོན།

    ཤ་ཁྲག་གི་དྲིན་ལ། དོ་ནུབ་ལྟད་མོ་ལྟ་རྒྱུ་དང་ཉན་རྒྱུ་གཉིས་ཀ་རེག་སོང་། ད་སྐྱིད་པོ་ཞིག་ལྟ་རྒྱུ་མིན་ཁྱོའི་སྐེ།

    Reply
  11. sha tak ri sim says:
    ལོ་ 13 སྔོན།

    དེ་མོ་ཟོ་མི་གོ་ན། ད་དཀའ་རྒྱུ་རེད་ཀོ

    Reply
  12. chentsasopa says:
    ལོ་ 13 སྔོན།

    ངས་འདི་མོ་འདིའི་འགྱ་མི་གོ་ཡ། ཅང་བཤད་རྒྱུ་མེད། ཕྱིར་ར་འགྱོ་རྒྱུ་ཡིན།

    Reply
  13. sha tak ri sim says:
    ལོ་ 13 སྔོན།

    http://www.youtube.com/watch?v=w0Cb2445y08
    སྤུན་ཟླ་ཚོ་དྲ་ཐག་འདི་ལ་གཟིགས་རོགས་ཞུ།

    Reply
  14. sha tak ri sim says:
    ལོ་ 13 སྔོན།

    ཨ་འབྲུག་དཀོན་མཆོག་ལགས། ང་ལ་དེ་རིང་བྲེལ་བ་ཞིག་ཡོད་སྟབས། སྐུ་ཉིད་ཀྱི་བསམ་ཚུལ་དག་ལ་ལན་ཞིབ་མོ་ཞིག་འདེབས་ཁོམ་མ་བྱུང་ཐལ། རྗེས་སུ་འདེབས་ཆོག

    Reply
  15. sha tak ri sim says:
    ལོ་ 13 སྔོན།

    གཡག་རྒན་ཞིག་ཐོན་ནོ་དགའ་ཡོད། རྗེས་སུ་ཡང་ཡང་ཕེབས་ནས་བསམ་ཚུལ་ཕྲན་པུ་ཞིག་ཡོད་པ་གང་ཡོད་གསུང་རོགས་ཞུ།

    Reply
  16. sha tak ri sim says:
    ལོ་ 13 སྔོན།

    གནམ་ལྕགས་ལགས། སྐུ་ཉིད་ནས་དངོས་ནས་གནད་འགག་ཟིན་འདུག དེ་ལྟར་རེད། འུ་ཅག་གིས་༧གོང་ས་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྗེས་ལས་སྐུ་ཕྲེང་བཅོ་ལྔ་བ་བོད་པ་ཚང་ལ་དགོས་ཀྱི་ཡོད་མེད་དེ་ཤེས་རན་རེད། དེ་མིན་༧གོང་ས་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་མཛད་རྗེས་སྐྱོང་ཐུབ་མཁན་ཞིག་བྱུང་མིན་མི་ཤེས་ཀྱང་། ༧གོང་ས་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་རང་རེའི་གངས་ཅན་བོད་ལ་བཅིངས་པའི་ཐུགས་རེ་ཆུད་ཟོས་སུ་འགྲོ་རྒྱུར་ཐེ་ཚོམ་མེད། གལ་སྲིད་སྡུག་ས་ནས་བསམ་བློ་གཏོང་བ་ཡིན་ན། ༧གོང་ས་མཆོག་གི་སྐུའི་ཡང་སྲིད།འདི་ནས་བཟུང་མཇུག་བསྡུ་སྲིད་པ་རེད།

    Reply
  17. sha tak ri sim says:
    ལོ་ 13 སྔོན།

    ར་ས་ཕོ་ཉ་ལགས། ཁ་བྱང་སྐྱུགས་བྲོ་བ་ཞིག་ཡིན་པས་རྒྱུ་མཚན་ཕྲན་པུ་ཞིག་གསུང་ཐུབ་པ་ཡིན་ན་ཡག་པོ་འདུག དེ་མིན་དེ་ལྟར་རེད།

    Reply
  18. yakbod says:
    ལོ་ 13 སྔོན།

    བོད་ཤ་ཁྲག་རུས་གསུམ
    ཁོ་བོ་ཡང་སླེབས་བསྡད་ཡོད།
    ད་ལྷོད་ལྷོད་བྱས་ནས་བསྡ་ཀཡི་ཡི་དཱ

    Reply
  19. kkalsang says:
    ལོ་ 13 སྔོན།

    གྲོགས་པོ་ཤ་ཁྲག་ལགས། འདི་འདྲའི་སྐབས་སུ་ཉིད་ཀྱིས་ངེས་པར་དུ་རྒྱལ་དབང་སྐུ་ཕྲེང་དང་བོ་ཇི་ལྟར་སླེབས་སྟངས་དང་དེ་ནས་གཉིས་པ་དང་གསུམ་པ། ལྷག་པར་དུ་བཞི་བ་དེ་ཇི་ལྟར་ཡོང་སྟངས་སྐོར་ལ་ཞིབ་དཔྱད་ཅིག་དཔྱད་ཐུབ་ན་ཡག་པོ་ཡོད། མ་གཞི་སྐུ་ཕྲེང་བཅུ་བཞི་བ་འདི་ནི་བཤད་ག་ལ་དགོས། འདི་མེད་ན་ང་ཚོ་ལའང་དེ་རིང་གི་ཉི་མ་འདི་མེད་མོད། སྐུ་ཕྲེང་བཞི་བ་དེ་ཡོང་སྟངས་ནི་དངོས་གནས་བསམ་བློས་མི་དཔོག་པ་ཞིག་ཡིན་ལ། དུས་དེ་ནས་ང་ཚོའི་ལོ་རྒྱུས་ལའང་ཆག་འཇིག་ཅིག་སླེབས་པ་མཐོང་ཐུབ། དེ་འདྲའི་སྤྲུལ་སྐུ་ཞིག་ཡོད་པ་ལས་མེད་ན་ལེགས། སྐུ་ཕྲེང་དང་བ་དང་གཉིས་པ། གསུམ་པ་དག་ནི་དེ་འདྲའི་རླབས་ཆེ་བའི་རྒྱལ་བའི་སྐུ་ཕྲེང་ཞིག་ཡིན་མོད། འོན་ཀྱང་བཞི་བ་དེས་ག་རེ་གནང་ཡོད་མེད་བཤད་ཁག་ཙམ་འདུག་གཱ
    རིགས་སྒྲེའི་སྒོ་ནས་བཤད་ན་ད་རེའི་སྐུ་ཕྲེང་བཅུ་བཞི་བ་འདིའི་རྐང་རྗེས་ལག་སུབ་བྱེད་མཁན་ཞིག་བྱུང་ན་ག་རེ་བྱེད་རྒྱུ། བསམ་བློ་ཏན་ཏན་གཏོང་དགོས་པ་འདུག་དཱ།

    Reply
  20. gangbu says:
    ལོ་ 13 སྔོན།

    ཁ་བྱང་སྐྱུགས་བྲོ་པོ་དེ་འདྲ་ཞིག་བྲིས་འདུག

    Reply
  21. adkunchok says:
    ལོ་ 13 སྔོན།

    ༡༽ དུས་ལ་བབ་མིན་དེ་བོད་མིའི་བསམ་བློ་གཏོང་ཕྱོགས་ཀྱི་ངོས་ནས་བརྗོད་པ་ཡིན། ༸གོང་ས་མཆོག་གི་ངོས་ནས་ཞུས་ན་ཁོང་གིས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་འདི་རྒྱལ་བ་རིན་པོ་ཆེ་ཐ་མ་དེ་ཡིན་ན་ལེགས་ཚུལ་ཡང་གསུངས་ཡོད། འོན་ཀྱང་ང་ཚོའི་་བསམ་བློ་དང་གནས་སྟངས་ད་དུང་ཐག་གཅོད་འདི་འདྲ་བྱེད་ཐུབ་པའི་ཚད་ལ་སླེབས་མེད་པར་འདོད།
    ༢༽ ༸གོང་ས་མཆོག་གི་བཀའ་དགོངས་ངེས་པ་དང་དེ་དག་བསྒྲུབ་པ་བཅས་ཀྱི་ཕྱོགས་ན་མ་འདང་ས་མང་ངེས་རེད།
    ༣༽ ང་ཚོས་རྒྱལ་བ་བཅོ་ལྔ་བ་ཞིག་ཡོང་ངེས་པ་དེ་བཤད་ཐུབ་རུང་། དེ་ཉིད་རྒྱལ་བ་བཅུ་བཞི་བའི་དགོངས་པ་དང་ང་ཚོའི་དགོས་མཁོ་དང་མཐུན་པའི་མཛད་འཕྲིན་རླབས་ཆེན་སྐྱོང་མཁན་ཞིག་འབྱུང་མིན་ད་ལྟ་ནས་ཁ་ཚོན་གཅོད་ཐུབ་ཀྱི་མི་འདུག་པས་ཡིན།
    ༤༽ གཅིག་ནས་ལོ་རྒྱུས་ཁྲོད་བྱུང་བའི་རྒྱལ་དབང་སྐུ་ཕྲེང་ཚང་མ་འདྲ་བོ་ཡོད་པ་མ་རེད། གཉིས་ནས་ད་ལྟའི་དུས་སྐབས་སུ་དད་པ་དག་སྣང་འབའ་ཞིག་ལ་བརྟེན་ནས་ཁུངས་འཁྱོལ་གྱི་མ་རེད།
    ༥༽ཉིད་ཀྱིས་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བ་འདི་ཚང་ལ་ཡིད་ཆེས་དང་དད་པ་དག་སྣང་ཡོད་པ་དེ་འདྲ་ཡོད་པ་འདི་མ་ཉམས་པར་གནས་པ་ཡིན་ན། སྐུ་ཕྲེང་བཅོ་ལྔ་བ་དེ་ཡང་སྐུ་ཕྲེང་བཅོ་ལྔ་བ་འདི་ཚང་གི་ཐུགས་ཀྱི་བཞེད་དགོང་ལྟར་སྒྲུབ་མཁན་ཞིག་ལས་གཞན་ཡོང་མི་སྲིད་པ་ཡིན། ཞེས་པ་འདི་ལྟར་ཡིན་ན་སྟབས་བོ་འདུག་ཀྱང་། ངས་དེ་འདྲ་ཞིག་ཏུ་གཏན་ནས་མི་འདོད། ཅིག་བྱས་ན་ཁྱེད་ཀྱི་སྐད་ཆ་དང་བརྗོད་དོན་གཉིས་ཀྱི་བར་ན་ད་དུང་བར་ཐག་ཅིག་ཡོད་པ་འདྲ།

    མཇུག་ཏུ་་་་་་ངས་བཤད་འདོད་པ་ཞིག་ཡོད་པ་ནི་༸རྒྱལ་དབང་བཅུ་བཞི་པ་འདི་སྔོན་མའི་རྒྱལ་བ་རིམ་བྱོན་དང་མ་འདྲ་བ་ཞིག་རེད། མ་འོངས་པའི་རྒྱལ་བ་རིན་པོ་ཆེ་དང་ཡང་མ་འདྲ་བ་ཞིག་ཡིན་ངེས་པ་རེད། དེ་བས་འདས་དང་མ་འོངས་པའི་རྒྱལ་བ་རིན་པོ་ཆེ་དག་ལས་ཀྱང་ད་ལྟའི་རྒྱལ་བ་རིན་པོ་ཆེ་དེ་གལ་ཆེན་དུ་འདོད་ཀྱི་ཡོད།

    Reply
  22. sha tak ri sim says:
    ལོ་ 13 སྔོན།

    ཆུ་ཐིགས་སྔོན་མོ་ལགས། ཉིད་ཀྱིས་ཆུ་ཐིགས་པ་ཞིག་གི་ཞབས་འདེབས་བརྒྱབ་པ་དགའ་ཡོད་ལགས། དེ་ལྟར་དུ་ཉིད་ཀྱིས་ཀྱང་རང་གི་ཁོར་ཡུག་ནས་བོད་རིགས་མི་དམངས་སྤྱིའི་མགྲིན་ཚབ་པ་ཞིག་གནང་དེ། བོད་མི་དག་གི་རྣ་ལམ་དུ་བཞག་ནས་རྣ་ལམ་ནས་བརྒྱུད་དེ་སེམས་ཁོང་དུ་འཇགས་ཐུབ་པ་ཞིག་དང་། སེམས་ཁོང་རུས་པའི་གཏིང་ནས་དེ་ལ་འགན་ལེན་ཞིག་བྱེད་པར་སྐུལ་ལོངས་བྱེད་རོགས་ཞུ་ལགས།

    Reply
  23. sha tak ri sim says:
    ལོ་ 13 སྔོན།

    ཨ་འབྲུག་དཀོན་མཆོག་ལགས། བསམ་ཚུལ་ཐད་ཀར་གསུངས་པ་དགའ་ཡོད།
    ཉིད་ཀྱིས་བསམ་ཚུལ་དང་བོའི་ནང་དུ་དུས་ལ་འབབ་མིན་ཞིག་གསུངས་ཀྱི་འདུག དེས་ན་སྐུ་ཉིད་ནས་དུས་ལ་འབབ་ཡོད་མེད་གཉིས་ལས་གང་ཞིག་ངེས་འཛིན་བྱེད་ཀྱི་ཡོད་དམ་ལགས།

    གཉིས་པའི་ནང་དུ། ཉིད་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་ཞིག་དྲངས་པ་དེར་འུ་ཅག་གིས་བསམ་གཞིགས་བྱེད་པ་གཅིག་བུའི་འགྲིག་གི་ཡོད་པ་རེད་དམ། ད་དུང་། ཁོང་གིས་བོད་མི་སྤྱི་སྒེར་ཀུན་ལ་གསུང་ཟིན་པའི་བཀའ་སློབ་དེ་གོ་ཡོད་མཁན་མེད་མཁན་གཉིས་ལས་གང་མང་བར་འདོད་ཀྱི་ཡོད་དམ། ཉུང་བ་ཡོད་པའི་དབང་དུ་བཏང་བ་ཡིན་ན། ཉུང་བ་དེ་དག་གིས་༧ཁོང་གི་ཐུགས་དགོང་དེ་ཡི་ཐད་དུ་འབད་བརྩོན་་བྱས་པའི་འདང་གི་ཡོད་དམ།

    གསུམ་པའི་ནང་དུ། སྐུ་ཉིད་ནས་སྐུ་ཕྲེང་བཅོ་ལྔ་ལས་ཀྱང་བཅུ་བཞི་བ་གལ་ཆེན་པོ་ཆགས་ཡོད་པ་རེད་ཟེར་ནས་ཚིག་ཐག་བཅད་དེ་གསུངས་འདུག བཅུ་བཞི་བ་གལ་ཆེན་པོ་དེ་འདྲ་ཞིག་ཡིན་པར་ངེས་འཛིན་བྱེད་ཀྱི་ཡོད་ན། བཅུ་བཞི་བ་མཆོག་གིས་བཅོ་ལྔ་ཞིག་ཡོང་ཐུབ་མིན་དང་ཡོང་དགོས་མིན་ཐད་དུ་དགོང་བཞེད་གང་ཡོད་མེད་དེ་ནི་འུ་ཅག་གིས་ཤེས་རྒྱུར་གལ་ཆེན་པོ་ཞིག་མི་གཟིགས་དོན་ཅི་ཡིན་ནམ། བཅུ་བཞི་བ་ལས་ཀྱང་བཅོ་ལྔ་བ་ཕུལ་དུ་བྱུང་མིན་སོགས་ཀྱི་བར་ཐག་ཞིག་སྐུ་ཉིད་ནས་ཕྱེ་དོན་གང་ལ་གཟིགས་ནས་གསུངས་ཀྱི་ཡོད་དམ།

    བཞི་བའི་ནང་དུ། གང་ཟག་གཅིག་གིས་གང་ཟག་གཞན་ཞིག་གི་ཚབ་མཚོན་བྱེད་རྒྱུ་དེ་ནི་དཀའ་རབས་ཟེར་བ་དེ་ལ་གཏན་ནས་རྒྱུ་མཚན་མི་འདུག དེ་འདྲ་ཡིན་དུས། ༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གོང་མ་དག་གིས་ཚབ་མཚོན་བྱེད་ཐུབ་ཀྱི་མེད་པར་ཁས་ལེན་དགོས་པ་མ་ཡིན་ནམ། དེ་འདྲ་ཞིག་ཡིན་དུས་གཏན་ནས་འགྲིག་གི་མེད། ཨོ་རེད། སྐུ་ཉིད་ནས་ཤེས་དགོས་པ་ཞིག་ནི། འདི་ནས་གླེང་བཞིན་པ་ནི་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་སྐོར་ནས་གླེང་གི་ཡོད་པ་ལས། སྤྱིར་བཏང་གི་གང་ཟག་ཕལ་བ་འུ་ཅག་གི་ལྟ་བུ་ཞིག་ལ་བལྟས་དེ་གླེང་གི་མེད་པ་སེམས་སུ་འཛིན་རོགས་ཞུ།

    ལྔ་བའི་ནང་དུ། ཡང་སྲིད་དམ། སྐུ་ཕྲེང་བཅོ་ལྔ་བ་ག་འདྲ་ཞིག་ཡོང་ཐུབ་མིན་དེ་ནི་ཡང་སྲིད་དེ་ཡི་མཛད་པ་ལ་རེག་ལས་པ་ཞིག་ལས་གཞན་གང་ཡང་མེད་པར་གསུངས་ཀྱི་འདུག དེ་འདྲ་ཡིན་དུས། འུ་ཅག་གིས་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བ་འདི་ཚང་ལ་ཡིད་ཆེས་དང་དད་པ་དག་སྣང་ཡོད་པ་དེ་འདྲ་ཡོད་པ་འདི་མ་ཉམས་པར་གནས་པ་ཡིན་ན། སྐུ་ཕྲེང་བཅོ་ལྔ་བ་དེ་ཡང་སྐུ་ཕྲེང་བཅོ་ལྔ་བ་འདི་ཚང་གི་ཐུགས་ཀྱི་བཞེད་དགོང་ལྟར་སྒྲུབ་མཁན་ཞིག་ལས་གཞན་ཡོང་མི་སྲིད་པ་ཡིན། གལ་ཏེ་ཡོང་སྲིད་པ་ཡིན་ན། དེ་ནི་བོད་མི་རང་གིས་ལས་དང་སྨོན་ལམ་མ་དྲངས་པའི་ཉེར་ལེན་ལས། སྐུ་ཕྲེང་འདི་བ་ཚང་གི་བྱས་ཉེས་ཤིག་ལ་གཏན་ནས་ངེས་འཛིན་མི་ཡོང་བའི་ཆེད་དུ། ད་ལྟ་སྐུ་གསོན་པོ་དྲོན་པོ་གཞུགས་པའི་དུས་འདིར་གཙང་མ་ཡང་མ་ཞིག་བྱེད་དགོས་ཀྱི་འདུག་ཟེར་ནས་བོད་རིགས་སྤུན་ཟླ་ཡོངས་ལ་བདག་གི་བསམ་ཚུལ་འདིས་མགོ་བཙུགས་པ་དེ་སྐུ་ཉིད་ཤེས་པར་གྱིས་ཤིག

    ཉིད་ནས་རང་གི་བསམ་ཚུལ་ལྷུག་པོར་གསུངས་པ་ལྟར་དུ། བདག་གིས་ཀྱང་དེ་ལ་ལན་གྱི་ཚུལ་དུ་ཟེར་ན་འདྲ། བསམ་ཚུལ་དེ་ལ་བསམ་ཚུལ་ཞིག་བྲིས་པ་ཡིན་པ་སེམས་སུ་འཛིན་པར་སྨོན། ད་དུང་། མུ་མཐུད་དུ་སྐུ་ཉིད་ཀྱི་ཉེ་འཁོར་ནས་བསམ་ཚུལ་འདི་ཤུགས་ཆེར་གླེང་ནས་ས་སྟེང་གི་བོད་རིགས་སྐྱེ་བོ་ཡོངས་ཀྱི་རྣ་ལམ་ནས་སེམས་ཁོང་དུ་བསྐྱེལ་རོགས་ཞུ།

    Reply
  24. mekor says:
    ལོ་ 13 སྔོན།

    དངོས་གནས་དགོངས་ཚུལ་ཡག་པོ་འདུག་་་་་་ང་ཚོའི་སྤྱི་ཚོགས་འདི་གླེན་དྲགས་པས་འདི་འདྲའི་སྐོར་ལ་བསམ་བློ་དེ་ཙམ་གཏོང་ཐུབ་ཀྱི་མེད།་་་་་་ཉིན་ཞིག་འདི་འདྲའི་དོན་རྐྱེན་ཞིག་ཐོག་ཏུ་བབ་དུས་ལག་པ་འཆིང་ས་ཞིག་དང་བློ་འདྲི་ས་མེད་པ་དངོས་མཐོང་རེད། དེར་བརྟེན་ད་ལྟ་ནས་འདིའི་སྐོར་ལ་བསམ་བློ་གཏོང་དགོས་ཀྱི་འདུག་པས་དྲ་གྲོགས་ཚོས་བསམ་ཚུལ་མུ་མཐུད་གསུང་རོགས

    Reply
  25. adkunchok says:
    ལོ་ 13 སྔོན།

    དུས་བབ་ཀྱི་ཟིན་བྲིས་ཧུར་བརྩོན་ཅན་ཤ་ཁྲག་རུས་གསུམ་ལགས། གུས་ཞབས་སེམས་ནས་བྱེད་ཀྱི་ཡོད་ཀྱང་སྐད་ཆ་ཐད་ཀར་བཤད་རྒྱུ་ཡིན།
    ༡༽ བོད་མི་རིགས་ལ་རྒྱལ་བ་རིན་པོ་དགོས་སམ་མི་དགོས་ཞེས་ཐད་ཀར་དྲི་བ་འདྲི་བ་ལ་ད་དུང་བསམ་བློ་གཏོང་དགོས་ས་གཞན་ཞིག་ཡོད་པ་ནི་དྲི་བ་འདི་དང་འབྲེལ་བའི་གནད་འགག་ལ་གོ་བ་ལོན་ཐུབ་པའི་བསམ་བློའི་ཁོར་ཡུག་ཡོད་མེད་དང་། བསམ་ཚུལ་ཐད་ཀར་བཤད་ན་འགྲིག་པའི་སྤྱི་ཚོགས་ཀྱི་གནས་སྟངས་ཤིག་ཆགས་ཡོད་མེད་དེ་རེད།
    ༢༽ རྒྱལ་བ་རིན་པོ་ཆེས་ང་མེད་པ་ནང་བཞིན་ཞིག་བྱེད་དགོས་པའི་ཐུགས་རེ་གནང་གི་ཡོད་པ་དེ་དང་ཁྱེད་རང་གི་དྲི་བ་འདི་གཉིས་ལ་འབྲེལ་བ་ཡོད་པ་རེད། འོན་ཀྱང་ང་ཚོའི་བསམ་བློ་གཏོང་ཕྱོགས་དང་གནས་སྟངས་ཀྱི་དབང་གིས་གནས་ཚུལ་འདི་ཚོ་བསམ་བློའི་ནང་འཆར་སྟངས་ཁ་ཁ་རེད།
    ༣༽ ངས་བསམ་ན་རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པ་ལས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་གལ་ཆེན་པོ་རེད། སྐུ་ཕྲེང་བཅུ་བཞི་བའི་དགོངས་པ་དེ་ལས་ཀྱང་གལ་ཆེན་པོ་རེད། འདི་གཉིས་ཀྱིས་བོད་མི་རིགས་ཀྱི་བསམ་བློ་དང་ལོ་རྒྱུས་ལ་ཁ་ཕྱོགས་ཤིག་བསྟན་ཡོད་པ་རེད། བསམ་བློ་འདི་དང་ཁ་ཕྱོགས་འདི་རྒྱུན་འཛིན་བྱེད་པ་ངེས་པར་དུ་སྐུ་ཕྲེང་བཅོ་ལྔ་བ་ལྟ་བུ་ཞིག་ལ་བརྟེན་མི་དགོས་པ་རེད།
    ༤༽ སྤྱིར་བཤད་ན་གང་ཟག་གཅིག་གིས་གང་ཟག་གཞན་ཞིག་གི་ཚབ་ཕྱོགས་ཡོངས་ནས་བྱེད་རྒྱུ་ཧ་ཅང་དཀའ་བ་རེད་ལ། དེ་ལས་ཀྱང་མ་འོངས་པའི་རྒྱལ་བ་རིན་པོ་ཆེའི་ད་ལྟའི་རྒྱལ་བ་རིན་པོ་ཆེའི་ཚབ་བྱེད་ཐུབ་པའི་ངེས་པ་གཏན་ནས་ཡོད་པ་མ་རེད།
    ༥༽ མ་འོངས་པའི་རྒྱལ་བ་རིན་པོ་ཆེ་དེ་ལ་བོད་མི་རིགས་ཀྱི་ངོས་ནས་དང་འཛམ་གླིང་གི་ངོས་ནས་ངོས་འཛིན་གང་ཡོད་དེ་གཙོ་བོ་སྐབས་དེའི་རྒྱལ་བ་རིན་པོ་ཆེ་ལ་རག་ལས་ཀྱི་རེད། ད་ལྟའི་རྒྱལ་བ་རིན་པོ་ཆེའི་མཛད་སྤྱོད་ལས་མ་འོངས་པའི་རྒྱལ་བ་རིན་པོ་ཆེ་དེ་་་་དེ་བཞིན་ཡོང་བའི་ཁ་ཚོན་སུས་གཅོད་ཐུབ་ཀྱི་རེད་དམ།
    ༦༽ མདོར་ན་ཁྱེད་ཀྱིས་སེམས་ཁུར་ལྡན་པའི་གླེང་བསླངས་པ་དེ་དང་འབྲེལ་རྒྱུན་ལྡན་གྱི་འཆར་ཚུལ་འགའི་ཟུར་ཙམ་བརྗོད་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist