མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་གྱིས་གྲྭ་བ་ཚོ་ཞ་ར་དང་འོན་པ་བཟོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ནང་མདོ་སྨད་རྔ་བ་སྒོ་མང་དགོན་པ་དང་ཀིརྟི་དགོན་པ་སོགས་རྔ་བ་ཁུལ་གྱི་དགོན་སྡེ་ཁག་གི་དོགས་ཡོད་གྲྭ་བཙུན་རྣམས་ཀྱི་ཁ་པར་ཨང་གྲངས་དང་གླེང་མོལ་ཨང་གྲངས་ཡ་ཧོ་ཁ་བྱང་། དེ་བཞིན་དོགས་ཡོད་དགེ་འདུན་པ་དེ་དག་གི་སྡོད་མིང་འཛིན་བྱང་གི་ཨང་གྲངས་སོགས་རྔ་བ་ས་གནས་ཉེན་རྟོག་པས་བསྡུ་རུབ་བྱེད་ཀྱིན་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་བཤད་པ་ལྟར་ན། ཟླ་འདིའི་ནང་རྔ་པ་སྒོ་མང་དགོན་པ་དང་ཀིརྟི་དགོན་པའི་དོགས་ཡོད་དགེ་འདུན་པ་སྐོར་ཞིག་གི་ཁ་པར་ཨང་གྲངས་དང་གླེང་མོལ་ཨང་གྲངས་སོགས་དགོན་པའི་དོ་དམ་ལ་བརྒྱུད་ནས་རྔ་བ་ས་གནས་ཉེན་རྟོག་པས་བསྡུ་རུབ་བྱེད་ཀྱིན་འདུག་ཟེར། ད་སྐབས་རྔ་བ་སྒོ་མང་དགོན་པ་སོགས་རྔ་བ་རྫོང་གི་དགོན་སྡེ་ཁག་ཅིག་ནི་དགོན་པའི་དགུན་གནང་གུང་གསེང་སྐབས་ཡིན་སྟབས། དགེ་འདུན་པ་མང་བོ་རང་རང་གི་ཕ་ཡུལ་དུ་ལོག་ཚེ་སོ་སོའི་ས་གནས་སུ་བོད་དོན་གྱི་ལས་འགུལ་དང་ཡང་ན་ས་གནས་དེ་དག་གི་གནས་ཚུལ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱེད་པར་དོགས་ནས་དེ་འདྲ་གནང་གི་ཡོད་པའི་སྐོར་དགེ་འདུན་པའི་ནང་ཁུལ་ན་ལབ་གླེང་བྱེད་ཀྱིན་འདུག་ཟེར། ད་སྐབས་དགེ་འདུན་པ་མང་བོ་ཞིག་རང་རང་གི་ཕ་ཡུལ་དུ་གུང་གསེང་ལ་ཕྱིན་ཡོད་སྟབས། གྲོགས་པོ་ཕན་ཚུན་བར་ཁ་པར་ནང་སྐད་ཆ་བཤད་དུས་སྐད་ཆ་དམར་པོ་མ་བཤད་ཅེས་པའི་བཤད་སྲོལ་ཞིག་ཆགས་ཡོད་རབས་ཀྱང་བརྗོད་སོང་།

སྐད་ཆ་དམར་པོའི་སྐོར་ལ་དྲིས་པར་ཁོང་གིས་བརྗོད་དོན། དེ་རིང་ཁ་པར་ནང་འདིའི་སྐོར་ནས་བཤད་ན་ང་རང་ལ་སྟབས་བདེ་བོ་མི་འདུག  ངས་ཁྱེད་རང་ལ་གྲོགས་པོ་གཞན་ཞིག་གི་གློག་འཕྲིན་ཁ་བྱང་ཐོག་དེའི་སྐོར་ནས་ཚིག་འགའ་བསྐུར་ཡོང་ཞེས་བརྗོད་སོང་། རྗེས་ནས་ཁོང་གིས་བསྐུར་ཡོང་བའི་གློག་འཕྲིན་ནང་གི་འཕྲིན་ཡིག་ནི་འདི་རེད།

༼གྲོགས་པོ་ལགས།  སྐུ་བདེའམ། སྐད་ཆ་དམར་པོའི་སྐོར་ཁ་པར་ནང་གླེང་ན་ང་རང་ལ་ཉེན་ཁ་ཆེ་སྟབས། ཁ་པར་ནང་བཤད་མ་ཐུབ་པས་དགོངས་དག་ཞུ། སྐད་ཆ་དམར་པོ་ནི་ཉེ་ལམ་༧སྐྱབས་མགོན་མཆོག་གི་སྐུ་ཚབ་རྒྱ་ནག་ཏུ་ཕེབས་ཡོད་པའི་སྐོར་དང་། བོད་དོན་སྐོར། དེ་བཞིན་ན་ནིང་དོ་ཚིགས་ལ་འཛིན་བཟུང་བྱས་པའི་བོད་མི་དེ་དག་གི་སྐོར་སོགས་རེད། ད་དུང་ཡང་གོ་སྐབས་འདི་བརྒྱུད་ནས་བརྗོད་འདོད་པ་ཞིག་ནི། རྔ་བ་སྒོ་མང་དགོན་གྱི་ནང་། ཕྱི་ཕྱོགས་ན་ཡོད་པའི་བརྙན་འཕྲིན་ཀུན་གླེང་ལྟ་བུ་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལྟ་བུ་ལ་ལྟ་ཉན་གང་ཡང་ཆོག་གི་མ་རེད། གལ་སྲིད་ལྟ་ཉན་བྱེད་ཀྱིན་ཡོད་པ་ཤེས་ཚེ། འགྲོ་ས་ཁྲིམས་ཁང་ནང་དང་། འདུག་ན་མུན་ནག་ནང་རེད། གནས་ཚུལ་འདི་བོད་ནང་གི་དགོན་སྡེ་སྤྱི་ཡོངས་ལ་ཁྱབ་ཡོད་པ་རེད།  དེ་འདྲ་བྱས་ནས་རྒྱ་ནག་གིས་དོན་གྱིས་དགེ་འདུན་པ་ཚོ་ཞ་ར་དང་འོན་པ་བཟོ་བཞིན་འདུག དེང་སྐབས་རང་གི་གྲོགས་པོ་ཡིན་ཡང་གཅིག་གཅིག་ལ་ཡིད་ཆེས་མེད་པ་ཆགས་འདུག དེའི་རྒྱུ་མཚན་གཙོ་བོ་རྒྱ་ནག་གིས་སྒོར་མོ་མང་བོ་སྤྲད་ནས་དགེ་འདུན་པའི་ནང་ཁུལ་ལ་གསང་ཉུལ་བ་མང་བོ་བཏང་ཡོད་པའི་རྐྱེན་གྱིས་རེད། དཔེར་ན། ཟླ་འགའི་སྔོན་ལ་གནས་ཚུལ་དེའི་ཐད་ནས་མཚོ་སྔོན་ཀླུ་ཚང་དགོན་པའི་དགེ་འདུན་པ་དགེ་ལེགས་དང་ཆོས་ཚའི་ཤེས་རབ་གཉིས་རྒྱ་ནག་གི་གསང་ཉུལ་བ་ཡིན་པ་དགེ་འདུན་པ་ཚོས་ཤེས་ནས་ཁོང་ཚོའི་བར་རྙོག་དྲ་ལྷག་པ་རེད།  ཁོང་གཉིས་རྒྱ་ནག་གི་གསང་ཉུལ་བ་བྱས་ནས་ལོ་ངོ་དགུ་ལྷག་ཅིག་འགྲོ་བཞིན་ཡོད་པ་རེད་ཟེར་གྱིན་འདུག དེར་བརྟེན། ཉེ་ལམ་ཀླུ་ཚང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་མཚན་མོ་ཁོང་གཉིས་ཀྱི་གྲྭ་ཤག་ནང་རྡོ་གཞུས་པ་དང་སྒོ་ཁར་ཉེན་བརྡའི་ཡི་གེ་སྦྱར་བ། ད་དུང་ཚོགས་འཚོགས་དུས་ཁོང་གཉིས་ཡོད་ས་ནས་དགེ་འདུན་པ་ཚོ་མ་བཞུགས་པར་ཕར་ཚུར་གཞོལ་ནས་རྣམ་འགྱུར་ངན་པ་མང་བོ་བསྟན་སྟབས། ཁོང་གཉིས་ཀྱང་འུ་ཐུག་སྟེ། དགོན་པ་ནས་དགོངས་ཞུ་བྱས་ནས་ས་ཁུལ་གཞན་དུ་གནས་སྤོར་དགོས་པའི་གནས་ཚུལ་ལྷག་ཡོད་པ་རེད། རྒྱ་ནག་གིས་དེ་འདྲ་བྱས་ནས་དགོན་པའི་ནང་ཁུལ་ལ་དཀྲུགས་ཤིང་དང་རྙོག་དྲ་མང་བོ་བཟོ་བཞིན་ཡོད་པ་རེད།  ཨོ་ད་འདི་ནས་མཚམས་འཇོག་དགོས་བྱུང་སོང་།  དྲ་རྒྱ་ཁང་འདིའི་ནང་ཡང་ཁྱི་སྤྱང་འགའ་སླེབས་སོང་། བདེ་མོ་བྱོས། མགོ་ལོག་དགའ་བདེ་རུ། རང་དབང་མེད་པའི་མི་ཞིག་གིས།༽ ཞེས་ངའི་གློག་འཕྲིན་ནང་ཁོང་གིས་དངངས་འཚབ་ངང་བྲིས་པའི་སེམས་ཚོར་འདི་བསྐུར་འདུག

ཡང་མི་སྣ་གཞན་ཞིག་གིས་བརྗོད་པ་ལྟར་ན། དེང་སྐབས་རྔ་བ་ཁུལ་དུ་དྲ་ཁང་ནང་དགེ་འདུན་པ་ཚོ་གང་འདོད་དུ་སོང་མི་ཆོག་པ་དང་། དྲ་ཁང་ནང་དུས་ཚོད་གཅིག་ལྷག་འདུག་དགོས་ཚེ་འབྲེལ་ཡོད་ཉེན་རྟོག་པའི་ལག་ནས་དགོངས་ཞུའི་ཡི་གེ་ཞིག་ལེན་དགོས་པའི་རྙོག་དྲ་མང་བོ་འདུག་ཟེར།  ཁོང་ལ་དེང་སྐབས་བོད་ཁམས་ཡོངས་ཀྱི་བདེ་འཇགས་དང་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་སྐོར་དྲིས་པར་ཁོང་གིས། ཉེ་ལམ་དགོན་པའི་དགུན་ཁའི་གུང་གསེང་དང་བསྟུན་ནས་ང་རང་ཕ་ཡུལ་དུ་སོང་བ་ཡིན།  ངའི་ཕ་ཡུལ་མཚོ་སྔོན་པའི་ལྷོ་ཕྱོགས་རེད། ང་ཚོའི་སྡེ་བ་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག  དཔེར་ན་མི་མང་གི་འགྲོ་འདུག་ནས་བཟུང་སྟེ། འགྱུར་ལྡོག་ཆེན་པོ་བྱུང་འདུག  དེང་སྐབས་ལོ་གསར་ལ་སླེབས་གྲབས་ཡོད་སྟབས་མི་ཚང་མ་ཕྱིར་སྡེ་བའི་ནང་ཡོང་འདུག དེ་མ་གཏོགས་ནམ་རྒྱུན་སྡེ་བའི་ནང་རྒན་རྒོན་དང་བྱིས་པ། བུད་མེད་སྦྲུམ་མ་ཚོ་མ་གཏོགས་འདུག་མཁན་ཡོད་པ་མ་རེད་ཟེར། གང་ཡིན་ཟེར་ན། རྒྱ་ནག་གིས་ང་ཚོའི་སྡེ་བའི་ཕྱུགས་ཟོག་མང་ཤོས་བཙོང་གི་བཅུག་ཡོད་སྟབས། ཕོ་གསར་མོ་གསར་ཚོ་ཕྱི་ལོག་ལ་ལས་ཀར་འགྲོ་དགོས་ཀྱིན་འདུག  དེ་འདྲ་མ་བྱས་ན། ཁ་སོས་ཀྱིན་ཡོད་པ་མ་རེད། སྔོན་མ་ཡིན་ན། རང་གི་སྒོ་ཕྱུགས་ལ་བརྟེན་ནས་ཁ་གསོ་གི་ཡོད་པ་རེད། དེ་རིང་སང་ཉིན་རྒྱ་ནག་གིས་སྒོ་ཕྱུགས་བཙན་གྱིས་བཙོང་གི་བཅུག་སྟབས། ཕྱི་ལོག་ལ་ལས་ཀ་མ་སོང་ན་འཚོ་བ་ལ་དཀའ་ངལ་འཕྲད་ཀྱིན་ཡོད་པ་རེད། མང་ཚོགས་ཀྱི་འདུག་ས་རྒྱལ་ཁབ་ཀྱིས་སྡོད་ཁང་གསར་བ་བརྒྱབས་འདུག  ཡིན་ནའང་། མི་མང་གི་འཚོ་བ་ལ་སྔར་ལས་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད། རྒྱལ་ཁབ་ཀྱིས་ཀྱང་མི་མང་གི་དཀའ་ངལ་ཤེས་ནས་འཚོ་བའི་དཀའ་ངལ་སེལ་ཐབས་ལ་སྒོར་མོ་མང་བོ་སྤྲད་ཀྱིན་ཡོད་ཀྱང་། མི་མང་གི་ལག་ལ་བརྒྱ་ཆའི་བཅུ་མ་གཏོགས་འབྱོར་གྱིན་མི་འདུག་ཟེར།

འབྲོག་རུ་ཆོས་གྲགས་ཀྱིས་སྤེལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 9

  1. karma dorje says:
    ལོ་ 16 སྔོན།

    འཚེ་མེད་ཞི་བའི་སྒོ་ནས་བོད་རིགས་ཚང་མ་རྔ་པ་བ་ཚོའི་རྒྱབ་ཏུ་ལངས་དགོས་རེད།

    Reply
  2. ལུང་རྟོགས། says:
    ལོ་ 16 སྔོན།

    དྲ་གྲོག་དྲི་རྟགས་ལགས། རྒྱབ་ལྗོང་གང་ཡིན་མི་ཤེས་རུང་ཁྱོད་ཀྱི་འདི་ལྟ་བུ་བཤད་མཁན་བཙན་བྱོལ་ཁྲོད་ན་མང་པོ་མཐོང་མྱོང། འོན་ཀྱང་ངའི་བསམ་ཚུལ་ནི་རྦེད་ཏེ་ཐ་དད་ཡིན། འཛམ་གླིང་འདིའི་གཏེང་ན་དཀའ་ལས་མ་རྒྱབ་པར་རང་དབང་ཐོབ་མཁན་སུ་ཡང་མེད་ཅིང། རང་དབང་ཚང་མ་ནི་དཀའ་ལས་རྒྱབ་ནས་ཐོབ་པ་ཤ་རྟག་ཡིན་པས། ང་ཚོས་ཀྱང་དཀའ་ལས་མ་རྒྱབ་པར་རྒྱ་ནག་གཞུང་ནས་སྙིང་རྗེ་ནམ་ཡང་ལྟ་མི་སྲིད་ཞིང། ལར་ནས་རང་དབང་གི་ཆེད་དུ་དཀའ་སྡུག་མྱང་བ་ནི་གཟི་རྗིད་ཞིག་ཡིན་པ་ལས་ཕམ་ཁ་ཞིག་ཡིན་པ་ནམ་ཡང་བསམ་མེད།

    Reply
  3. དྲི་རྟགས says:
    ལོ་ 16 སྔོན།

    གདོང་དམར་བོད་ཀྱི་གཞིས་བཞུགས་དཔའ་བོ་ཚོ་
    ང་ཚོ་བྱེས་ཀྱི་གཡག་རྒོད་ཚོ་དུས་ནམ་ཡང་ཁྱེད་ཅག་དང་སྐྱིད་སྡུག་མཉམ་མྱོང་ཡིན
    འདི་དང་འདི་འདྲ་བའི་ཁ་རྐམ་པོའི་རྫིག་གཏམ་སྟོང་པ་རེ་མ་བཤད་རོགས
    གང་ཡིན་ཟེར་ན་ང་ཚོ་ལ་མོ་འདི་ཡི་ཚུར་ནང་ནས་ཞེད་སྣང་དགོས་ས་མེད་དུས་
    ཁ་སྟོང་པའི་སྐད་ཆ་འདི་འདྲ་བས་སྤུན་ཟླ་རྣམས་གཡངས་ལ་གཡུག་བཞིན་ཡོད་པ་ཤེས་དགོས་པ་ལས་
    བསམ་བློ་ཞིབ་ཚགས་མེད་པའི་ཧོལ་གཏམ་འདི་འདྲ་དུས་ནམ་ཡང་བཤད་མི་རུང་
    ཤ་ཚ་ དངོས་གནས་གཞིས་སྡོད་འདི་ཚོས་ང་ཚོ་དང་ ཕྱི་རྒྱལ་ ཨརི་དང་ ཡུ་རོབ་ མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱི་སྐྱབས་ཡོང་སྙམ་པའི་རེ་སྟོང་ཞིག་དང་ འཛམ་གླིང་གི་གནས་ཚུལ་མ་རྟོགས་པ་དང་
    རང་རིགས་ཀྱི་ཤ་ཞེན་དྲག་པོ་བཅས་ཀྱིསའདི་ཚོ་ལ་དཀའ་ངལ་གྱི་སྟེང་དུ་དཀའ་ངལ་སྡུག་གི་སྟེང་དུ་སྡུག་འཕར་མ་རེ་འཕྲད་བཞིན་ཡོད་
    བླ་མ་ཡི་དམ་དང་ལྷག་པར་འཕགས་མཆོག་ཐུགས་རྗེ་ཆེན་པོས་སྐྱོབས་ཤིག

    Reply
  4. དབྱངས་བུ། says:
    ལོ་ 16 སྔོན།

    འབྲོག་རུ་ཆོས་གྲགས་ལགས།

    གནས་ཚུལ་མཁོ་འདོན་གནང་བར་སྙིང་ནས་ཐུགས་རྗེ་ཆེ།

    འོན་ཀྱང་གོང་གི་གནས་ཚུལ་ཀློག་སྐབས་སེམས་ལ་དངངས་སྐྲག་དང་།་མི་བདེ་བ་རང་བཞིན་གྱི་ཡོང་བཞིན་འདུག་ཀྱང།་་ད་ལྟའི་གནས་སྐབས་ལ་འགྲོ་ཀུན་བདེ་བར་སྨོན་ཞེས་པའི་བཅོས་མིན་སྨོན་ཚིག་ལས་གང་ཡང་བྱེད་ཐབས་མི་འདུག

    Reply
  5. ནོར། says:
    ལོ་ 16 སྔོན།

    དགྱ་གཞུང་གི་རྒྱུགས་ཁྱི་དེ་ཚོ་ངེས་པར་ཏུ་མཛེ་ནད་ཅན་ལྟར་སྤྱི་ཚོགས་ལས་ཁེར་རྐྱང་དུ་ལུས་སུ་འཇུག་དགོས

    Reply
  6. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    ཁོང་ཚོ་ཅི་འདྲའི་ལྷག་བསམ་ལྷན་པ་དང་ལྷད་སེམས་མེད་ཀྱི་བརྩེ་སེམས་ཁུར་མཁན་རྐྱང་རྐྱང་རེད་ཨང་།
    ཁོང་ཚོའི་རྗེས་ནས་མེ་མདའ་བཟུང་ནས་འགྲོ་འདུག་ལ་རང་དབང་མེད་ཀྱང་ད་དུང་ཐབས་བརྒྱ་ཇུས་སྟོང་གིས་སྐད་ཆ་འདི་འདྲ་བསྐུར་བ་དེས་ངས་གྲོགས་པོ་ཚོ་དྲན་པའི་གདུང་བ་ལྗི་རུ་འགྲོ་སོང་།

    Reply
  7. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    ངའི་གྲོགས་པོ་དེས་ཉིན་དེར་གོང་གི་ཡི་གེ་འདི་ཞིག་འབྱོར་དུས་ངའི་སེམས་བདེ་བོ་བྱུང་མ་སོང་། ལྷག་པར་དུ་ཁོང་གི་འཕྲིན་ཡིག་འདིའི་རྗེས་སུ་་་་་དྲ་ཁང་འདིའི་ནང་ཡང་ཁྱི་སྤྱང་འགའ་སླེབས་སོང་་་་ཞེས་བྲིས་པ་མཐོང་རྗེས་སེམས་འཚབ་ནས་ཁོང་དང་འབྲེལ་ཡོད་ཀྱི་གྲོགས་པོ་ཞིག་ལ་ལམ་སེང་ཁ་པར་བཏང་བ་ཡིན། ཡིན་ནའང་། ཁོང་གཉིས་མཉམ་དུ་མགོ་ལོག་དགའ་བདེ་ནས་ཕ་ཡུལ་དུ་འགྲོ་བའི་རླངས་འཁོར་འཛིན་བྱང་ཉོ་གི་ཡོད་ཅེས་ལབ་སོང་བས་་སེམས་བདེ་ལ་བབ་སོང་།

    Reply
  8. ལུང་རྟོགས། says:
    ལོ་ 16 སྔོན།

    སྙིང་རྗེ་ངའི་སྤུན་ཟླ་ཚོ་འདི་ལྟར་མྱང་དགོས་པ་ལས་ག་རེ་བསག་པའི་འབྲེས་བུ་ཡིན་ན། འོན་ཀྱང་སེམས་ཤུག་མ་ཆགས་ན་མིས་སྒྲུབ་མི་ཐུབ་པའི་བྱ་བ་གང་ཡང་མེད་ལ། མ་ཚེད་ང་ཚོ་ལ་རླབས་ཆེན་གྱི་དབུ་ཁྲིད་དང་བདེན་པའི་རྒྱབ་རྟེན་ཡོད་པའི་རྐྱེན་གྱིས། ང་ཚོ་ལ་ཐ་མའི་རྒལ་ཁ་ཐོབ་ངེས་པས་སེམས་ཤུག་ནམ་ཡང་མ་ཆགས་ཤིག་སྤུན་ཟླ་ཚོ།

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཆོས་གྲགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པར་ཐུགས་རྗེ་ཆེ་ཞུ།
    སྙིང་རྗེ། ད་ཡང་བོད་པ་ནང་ཕན་ཚུན་དང་གྲོགས་པོ་ནང་ཕན་ཚུན། ནང་མི་ནང་ཕན་ཚུན་དབར་སོགས་ལ་ཡིད་ཆེས་མེད་པའམ་ཡིད་ཆེས་བྱེད་མི་ཐུབ་ཚད་དུ་ལྷུང་ཡོད་ན་ཅི་འདྲའི་སྐྱོ་བ་ལ་ཨང་། རིག་གནས་གསར་བརྗེ་རོ་ལངས་བརྒྱབས་སོང་ཟེར་བ་དངོས་བདེན་ཡིན་ས་རེད། བོད་ནང་གི་བོད་མི་འདི་ཚོ་སུ་ཞིག་གིས་སྐྱོབས་ནུས་སམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese