མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཞུགས་སྒར་དུ་འཐུང་ཆུ་བསྲི་ཚགས་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འགའི་སྔོན་མིང་བརྗོད་འདོད་མེད་པའི་གཞུང་ཞབས་ལས་བྱེད་ཅིག་གིས་འདི་གའི་གསར་འགོད་པར་ད་ལྟ་གངས་སྐྱིད་ཁུལ་དུ་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་པར་མ་ཟད། དེ་ནི་ཆུ་གཏོང་མཁན་གྱིས་དུས་ལྟར་ཆུ་མ་བཏང་བར་བརྟེན་ནས་བྱུང་བ་ཡིན་ཚུལ་བརྗོད་སོང་ལ། ཕྱི་ཚེས་ ༢༧ ཉིན་གཞུང་དོན་ཞིག་གི་ཆེད་བོད་གཞུང་ནང་སྲིད་ལས་ཁུངས་སུ་བཅར་སྐབས། སྦྱར་བྱང་སྟེང་གསལ་བསྒྲགས་འགའ་སྦྱར་འདུག་པའི་ཁྲོད་ཀྱི་གཅིག་ནི་འཐུང་ཆུའི་དཀའ་ངལ་སྐོར་རེད་འདུག གསལ་བསྒྲགས་དེ་ནི་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་སྤེལ་འདུག་ལ། གསལ་བསྒྲགས་དེའི་ནང་ལོ་ཤས་ནས་ངྷ་ས་ཁུལ་དུ་ཆུའི་དཀའ་ངལ་ཡོད་པ་བཞིན། འདི་ལོ་ཡང་དེ་ལྟར་དཀའ་ངལ་འཕྲད་དང་འཕྲད་མུས་ཡིན་པ་མ་ཟད།  ཉེ་ལམ་ས་གནས་ཚགས་ཤོག་ཅིག་གི་ནང་ཆུ་དང་འབྲེལ་བའི་གནས་ཚུལ་སྤེལ་བ་ལྟར་ན། གནམ་གཤིས་འགྱུར་ལྡོག་དབང་གིས་ངྷ་སའི་ཆུའི་འབྱུང་ཁུངས་དགུན་དུས་གངས་དང་དབྱར་དུས་ཆར་ཆུ་གཉིས་ལོ་རེ་བཞིན་དཀོན་པོ་ཆགས་པའི་རྐྱེན་གྱིས་ཆུ་ཉུང་བའི་དཀའ་ངལ་འཕྲད་བཞིན་པ་ལྟར། ས་གནས་ཀྱི་ཆུའི་ལས་ཁུངས་ནས་འདི་ལོའི་ཟླ་ ༣ པའི་ཟླ་མཇུག་བར་ཉིན་རེར་ཆུ་ཐེངས་གཅིག་ལ་མ་གཏོགས་གཏོང་ཐབས་མེད་པ་དང་། དེའི་རྗེས་ཆུ་དང་འབྲེལ་བའི་འཆར་གཞི་གསར་བ་ཞིག་བཟོ་འཆར་ཡོད་སྐོར་གསལ་འདུག

གངས་སྐྱིད་ཀྱི་ཆུའི་གནས་སྟངས་ལ་མཚོན་ན། ད་ལྟའི་ཆར་གངས་སྐྱིད་ཆུ་མཛོད་བསྐང་རྒྱུར་ས་གནས་གཞུང་གི་ཆུ་མཛོད་ནས་ཆུ་ཚོད་གཅིག་མ་གཏོགས་སྦག་སུ་དང་ནཱ་ངྷིའི་ཆུ་མགོ་ནས་ཆུ་ཐིགས་ཙམ་ལས་ཡོང་གི་མེད་པ་དེས་གངས་སྐྱིད་ཆུ་མཛོད་ཁེངས་རྒྱུ་ཤིན་ཏུ་དཀའ་བ་དང་། ཕྲན་བུ་ཡོད་པ་དེ་བཞིན་དབུས་ལས་ཁུངས་ཁག་དང་ལས་ཤག་བཅས་པར་བགོ་འདྲེན་བྱེད་སྐབས་ཆུ་ཤུགས་ཆུང་རྐྱེན་ཚང་མར་སྤྱི་སྙོམས་མི་སླེབས་པ་དང་། སྐབས་རེ་སླེབས་ནའང་ཉུང་ཉུང་ལས་མེད་པ་སོགས་ཆུའི་དཀའ་ངལ་འཕྲད་བཞིན་པའི་ཐོག དཀའ་ངལ་དེ་སེལ་ཐབས་སུ་ཉེ་ལམ་བྷེང་ལོར་ནས་ཆེད་ལས་པ་གདན་ཞུས་ཀྱིས་ཆུ་རྩའི་གནས་སྟངས་ལ་བརྟག་དཔྱད་བྱས་པའི་སྙན་ཐོར། ས་འོག་ཆུ་རྩ་ཞན་པས་ཆུ་འཐེན་ནའང་ཕན་ཐོགས་ཡོང་གི་མེད་པ་གསལ་བོ་འདུག་པ་སོགས་ཀྱིས། ང་ཚོ་ཚང་མས་ཆུའི་རིན་ཐང་དང་དཀའ་ངལ་དྲན་པའི་ཐོག་ནས་རྒྱུན་དུ་ཆུ་བེད་སྤྱོད་མཁས་པོ་དང་ལས་ཤག་ཕན་ཚུན་བསམ་ཤེས་བསྟུན་མཁས་གནང་གལ་བཅས། མདོ་དོན་ཆུ་གང་ཡོད་པ་བསྲི་ཚགས་གནང་རྒྱུ་སྣང་མེད་ལྷོད་གཡེང་དུ་མི་འགྲོ་བ་སོགས་ཀྱི་འབོད་སྐུལ་བྱས་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པར་འདི་གའི་གསར་འགོད་པས་འབྲེལ་ཡོད་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ཆུའི་སྡེ་ཚན་འགན་འཛིན་ཚེ་རིང་དབྱངས་སྐྱིད་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོ་མོས་གསུངས་དོན།
ད་ལྟ་གངས་སྐྱིད་ཀྱི་ཆུའི་ཡོང་ཁོངས་ནི་ས་གནས་ཡུལ་མིའི་ཆུ་མཛོད་གཅིག་ཡོད་པ་དེ་ཡིན་ནའང་།  འདས་པའི་ཉིན་འདི་འགར་རྒྱ་གར་གྱིས་ཁོང་ཚོས་བཀག་སྐྱིལ་བྱས་པའི་ཆུ་མཛོད་ཡང་ཁེངས་ཀྱི་མེད་སྟབས། ང་ཚོ་ལ་ཉིན་ལྟར་དུས་ཚོད་གཅིག་རེ་མ་གཏོགས་ཆུ་གཏོང་ཐུབ་ཀྱི་མི་འདུག་ཟེར། སྤྱིར་ཆར་དུས་ལྟ་བུ་ཡིན་ན་ཁོང་ཚོས་ང་ཚོར་ཆུ་སྦུག་བཅུ་བརྒྱུད་དེ་ཆུ་སྤྲོད་ཀྱིན་ཡོད་པ་མ་ཟད། ཁོང་ཚོའི་ཆུ་མཛོད་ཁེངས་ཏེ་ཆུ་ཕྱི་ལོགས་སུ་བཞུར་ཡོང་སྐབས་དེ་ནས་ཀྱང་ཆུ་སྦུག་ཅིག་དྲུད་ཡོད་པ་རེད། དེ་བཞིན་ཆུ་ཡོད་དུས་ཆུ་ཚོད་གསུམ་རེ་གཏོང་གི་ཡོད་ནའང་། ད་ལྟ་ཆུ་ཚོད་གཅིག་ལས་སྤྲོད་ཀྱི་ཡོད་པ་མ་རེད་ཅེས་གསུངས་སོང་། ཁོ་མོར་དཀའ་ངལ་འདི་མུ་མཐུད་འབྱུང་བའི་དབང་དུ་བཏང་ན་བཙན་བྱོལ་བོད་གཞུང་གི་ངོས་ནས་འདིའི་སྐོར་ལ་ཐབས་ལམ་གཞན་པ་འདྲ་འཚོལ་གྱིན་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་ཁོ་མོས་གསུངས་དོན། ཉེ་ཆར་ང་ཚོས་བྷེང་ལོར་དུ་ཆུ་དཔྱད་ཆེས་མཁས་པ་གདན་ཞུས་ཀྱིས་གནས་ཚུལ་རྒྱུས་ལོན་བྱེད་སྐབས་ནཱ་ངྷིའི་ཆུ་མགོ་ཡོད་ས་ནས་འཐེན་པའི་ཆུ་སྦུག་ཅུང་སྦོམ་རུ་བཏང་ན། ཆུ་མགོ་དེ་རུ་ཆུ་མང་བོ་ཡོད་སྐོར་བརྗོད་ཀྱི་འདུག་མོད། ངྷ་སའི་ཆུའི་འབྱུང་ཁུངས་གཙོ་བོ་དབྱར་གྱི་ཆར་དང་དགུན་གྱི་གངས་ལས་མེད་སྟབས། གལ་སྲིད་གངས་དང་ཆར་བ་དུས་ལྟར་མ་བབ་ཚེ་མུ་མཐུད་དཀའ་ངལ་འཕྲད་ངེས་རེད་ཅེས་བརྗོད་ཡོད།

དེ་སྔོན་ནཱ་ངྷིའི་ཕར་ཕྱོགས་ཀྱི་ཀ་ཅལ་རེའི་ལ་ཟེར་ས་ཞིག་ནས་ཆུ་འཐེན་ཡོད་ཀྱང་། དེ་ལ་ལྟ་རྟོག་བྱེད་དུ་འགྲོ་དུས་ཤིང་ནགས་མཐུག་པོའི་དཀྱིལ་ནས་འགྲོ་དགོས་པ་དང་། ལས་ཀ་བྱེད་མཁན་རྒྱ་གར་ཡུལ་མི་བཞི་ཡོད་པས་གཅན་གཟན་གྱི་ཉེན་ཁ་འདུག་བརྗོད་ཀྱིན་འདུག ཆུ་སྦུག་ཀྱང་དབྱར་གྱི་ཆར་དང་དགུན་གྱི་གངས་བརྒྱབ་སྐབས་ས་ཉུལ་བྱུང་སྟེ་འཕྲོ་བརླག་ཏུ་བཏང་ཚར་འདུག་པས། གལ་སྲིད་ཉམས་གསོ་བྱས་ནའང་ལྟ་རྟོག་བྱེད་དུ་འགྲོ་མཁན་རེག་གི་ཡོད་པ་མ་རེད་ཅེས་སོགས་ལན་འདེབས་གནང་།

དེ་བཞིན་འདི་ལོར་གངས་མ་བརྒྱབས་པར་བརྟེན་ནས་འཐུང་ཆུའི་དཀའ་ངལ་ཤུགས་ཆེར་འཕྲད་སྲིད་པ་དང་རྒྱ་གར་གཞུང་གིས་ཀྱང་། ཕྱི་ཟླ་ ༣ པའི་ཟླ་མཇུག་བར་ཉིན་རེར་ཐེངས་རེ་མ་གཏོགས་ཆུ་གཏོང་ཐུབ་ཀྱི་མི་འདུག དེའི་རྗེས་ཞིབ་འཇུག་དང་ཐབས་ལམ་གཞན་པ་འཚོལ་རྒྱུ་ཡིན་ཚོད་འདུག་ཅེས་དང་། ཁོ་མོས་མུ་མཐུད་བརྗོད་དོན། གནད་དོན་གཏེ་བ་ནི་མི་ལོ་སུམ་ཅུའི་ཡར་སྔོན་དང་བསྡུར་ན་ངྷ་སར་གནས་སྡོད་བྱེད་མཁན་ཧ་ཅང་མང་དུ་ཕྱིན་ཅིང་། ཆུ་འཐེན་མཁན་མང་དུ་འགྲོ་བཞིན་པར་བརྟེན་ཆུའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད་ལ། ངྷ་སའི་མི་གྲངས་མུ་མཐུད་མང་དུ་འཕར་ན་འཐུང་ཆུའི་ཐོག་དཀའ་ངལ་ཤུགས་ཆེར་འཕྲད་རྒྱུ་རེད། ཡིན་ནའང་། རྒྱ་གར་གཞུང་ངོས་ནས་འདིའི་ཐོག་ཞིབ་འཇུག་བྱ་རྒྱུ་ཡིན་འདུག་ཅེས་འགྲེལ་བརྗོད་གནང་ཡོད།

ཕྲན་ཁོ་མོའི་སར་བཅར་སྐབས་ཁོ་མོ་བྲེལ་འཚུབ་ངང་ཕྱག་ལས་གནང་གི་འདུག་ལ། ཅུང་ཙམ་རྗེས་ནས་ས་གནས་ཆུའི་ལས་ཁུངས་སུ་གངས་སྐྱིད་ཁུལ་དུ་ཉིན་རེར་ཆུ་ཚོད་གསུམ་ལ་ཆུ་གཏོང་ཐུབ་མིན་གྱི་གནད་དོན་ཐད་གྲོས་བསྡུར་བྱ་རུ་འགྲོ་དགོས་ཀྱི་ཡོད་ཟེར།
ངྷ་ས་ཀིརྟིའི་གྲྭ་ཚང་གི་གྲྭ་བསམ་བསྟན་དང་ཚེ་མཆོག་གླིང་གི་གྲྭ་ཤེས་རབ་གཉིས་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལྟའི་དུས་འདིར་ཆར་བ་རྒྱག་པ་ལས་ངེས་པར་དུ་གངས་རྒྱག་དགོས་ཤིང་། ཆར་བརྒྱབ་ཀྱང་ལམ་སེང་བཞུར་འགྲོ་བའི་གངས་བརྒྱབས་ཚེ་ས་གཞི་རླན་གྱིས་བཟུང་སྟེ། དབྱར་གྱི་དུས་སུ་འཐུང་ཆུ་འབེལ་བོ་ཆགས་ཀི་རེད། དེ་མིན་དབྱར་དུས་འདི་ལས་ཀྱང་དཀའ་ངལ་ཤུགས་ཆེར་འཕྲད་ངེས་རེད་ཅེས་གསུངས་ཡོད་ལ། དེ་ནི་ད་ལྟ་ནས་དབྱར་གྱི་འཐུང་ཆུའི་སྐོར་ལ་སེམས་ཚབས་ཆེན་པོ་གནང་བ་ཞིག་ཀྱང་རེད།

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༡༦ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢༢ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

མཆན། 8

  1. Tenzin says:
    ལོ་ 15 སྔོན།

    happy losar

    Reply
  2. karma dorje says:
    ལོ་ 15 སྔོན།

    དེང་སང་གི་རྡ་སའི་ཆུ།

    གངས་རི་ཡོད་ཀྱང་གངས་ཆུ་མེད། །
    རྫ་རི་ཡོད་ཀྱང་རྫ་ཆུ་དཀོན། །
    ཤིང་རི་ཡོད་ཀྱང་ཤིང་ཆུ་ཉུང་། །
    རྒྱུགས་ཆུ་ཡོད་ཀྱང་འཐུང་རྒྱུ་མེད། །

    ཆུའི་ལྷ་མོ་གསོལ་རན་འདུག །

    Reply
  3. blackman says:
    ལོ་ 15 སྔོན།

    ཆུ་ཐིགས་སྔོན་མོ་ལགས་ཀྱིས་ངའི་བསམ་ཚུལ་རྒྱབ་སྐྱོར་བྱས་པར་དགའ་ཡོད། ད་ཐེངས་ཨུ་གཉིས་ཀྱི་བསམ་ཚུལ་མཐུན་ཡོད་ས་རེད།
    མི་མང་གི་འཚོ་བའི་གནས་སྟངས་མང་པོ་བཤད་ཐུབ་ན་གངས་སྐྱིད་པ་ཚོས་ཅུང་བསམ་ཤེས་ན་ཐང་ཡ། གངས་སྐྱིད་ཀྱི་མི་འདི་ཚོ་དངོས་གནས་ཐེབས་ཆག་རེད་ཡ།

    Reply
  4. བོད། བདེ་སྐྱིད་ལྷ་མོ། says:
    ལོ་ 15 སྔོན།

    ད་གང་དྲག
    བོད་པ་འདི་ཚོ་ཆུ་གཅིག་ལ་འང་བསམ་ཚུལ་མི་འདྲ་བ་མང་ཁི་ཡ།

    Reply
  5. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    དབྱིན་མིང་ཅན་དེས་གསུང་བ་རང་རེད་་་་་་གངས་སྐྱིད་ཀྱི་ལས་བྱེད་ཚོར་ཆུའི་དཀའ་ངལ་ཅུང་ཙམ་འཕྲད་ནའང་སྐད་བརྒྱབས་ཏེ་གསལ་བསྒྲགས་དང་ཧང་སང་བའི་རྣམ་པ་བསྟན་གྱི་འདུག་མོང་་་་་མེག་ལོའི་གསར་འབྱོར་སྐྱོ་བོ་ཚོར་ཆུ་ཕར་ཞོགས་ཉིན་རེའི་དུས་གསུམ་གྱི་ཁ་ལག་ཟ་ཡག་པོ་ཞིག་ཟ་རྒྱུ་མེད་ནའང་འདི་ལྟར་སྐད་འབོད་རྒྱག་ས་མེད་པ་དང་་་་བརྒྱབས་ཀྱང་བལྟ་རྟོག་བྱེད་མཁན་མེད་པས་ལས་དབང་ཟེར་བ་དེ་དངོས་གནས་ལྡོག་ཏུ་མེད་པ་ཞིག་རེད་ཡ གངས་སྐྱིད་ལ་མེག་ལོ་མཐོང་བའི་རྒྱང་ཤེལ་ཞིག་ཡོད་ན་ཅི་མ་རུང་་་་་་་མེག་ལོའི་གྲོང་གསེབ་ཀྱི་བོད་མི་རེ་འགའི་ཟས་གོས་གནས་མལ་གྱི་དཀའ་ངལ་དང་་་་་་གངས་སྐྱིད་ལས་བྱེད་ཚོའི་གཟུགས་པོ་འཁྲུ་བྱེད་ཀྱི་ཆུ་ཇེ་ཉུང་དུ་སོང་བའི་དཀའ་ངལ་གཉིས་ནི་རྡ་སའི་དཀའ་ངལ་ཆེ་ཤོས་རེད་ཡ

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    འཐུང་ཆུར་དཀའ་ངལ་འདུག་ཟེར་བཞིན་ཡིག་ཆ་འགྲེམས་སྤེལ་བྱེད་པ་དང་། སྡུག་སྐད་འདྲ་མིན་རྒྱག་པ་ལས། རང་ཉིད་ཀྱི་ཆུ་རྐར་ཆག་སྐྱོན་གང་ན་ཤོར་འདུག་པར་བཟོ་བཅོས་དང་། རང་ཉིད་ཀྱི་ཆུ་བེད་སྤོད་དུས་གང་ཉུང་ཉུང་བྱེད་རྒྱུ། རྒྱ་གར་ཆུ་བཟོ་ལས་ཁུངས་ནས་ལམ་འགྲམ་གྱི་ཆུ་སྦུག་ཆག་སྐྱོན་བྱུང་པ་དག་ལ་བཟོ་བཅོས་གང་ལེགས་བྱས་ན། གཅིག་ནས་ཆུ་འཕྲོ་བརླག་ཏུ་མི་འགྲོ་བ་དང་། གཉིས་ནས་ཆུ་བསྲི་ཚགས་བྱེད་དགོས་སྐོར་གྱི་སྡུག་སྐད་དེ་ཡང་འདོན་དགོས་པ་མ་རེད། ང་ཚོར་ཡང་རྒྱ་གར་བ་ནང་བཞིན་ཆག་སྐྱོན་ཤོར་བ་དང་འཕྲོ་བརླག་ཏུ་འགྲོ་བཞིན་པའི་སྐབས་སུ་མིག་གཉིས་བཀབ་བསྡད་པ་དང་། འཕྲོ་བརླག་ཏུ་སོང་སྟེ་དཀའ་ངལ་མིག་ཁར་སླེབས་ཡོང་དུས་གཞི་ནས་སྡུག་སྐད་འདྲ་མིན་བྱེད་ཀྱི་འདུག དཔེ་རན་གངས་སྐྱིད་ཀྱི་ལས་ཁུངས་ག་གེ་མོའི་གསང་སྤྱོད་ཀྱི་ཆུ་སྦུག་ཆག་སྐྱོན་དེ་ལས་ལོ་གཅིག་ལྷག་ལ་ཆུ་རང་དགར་ཟགས་ཀྱིན་འདུག་ན་ཡང་ལྟ་མཁན་དང་བཤད་མཁན། སྡུག་སྐད་བརྒྱག་མཁན་གཅིག་ཀྱང་མི་འདུག དེང་སང་ཆུ་དཀོན་པོ་ཆགས་ཏེ་གསང་སྤྱོད་ནང་དུ་དྲི་ངན་གྱིས་ཁྱབ་བསྡད་དུས། ད་གཟོད་སྐད་རྒྱག་གིན་འདུག་གཱ
    ཟློས་གར་ཁང་དུ་འགྲོ་སའི་ལམ་ཁའི་ཆུ་སྦུག་ཚང་མ་ཆག་སྐྱོན་ཤོར་ཏེ་ཉིན་རྒྱུན་ཆུ་ཚང་མ་ལམ་ནང་དུ་ཤོར་སྟེ་མི་ཚོ་འགྲོ་ས་མི་འགྲོ་ལྟ་བུ་ཆགས་འདུག་ནའང། དེ་དག་བཟོ་བཅོས་བྱེད་མཁན་མེད། ཆུ་བསྲི་ཚགས་བྱེད་དགོས་ཟེར་ནས་སྡུག་སྐད་སུ་ལ་སྐྱོན་དགོས་པ་རེད།

    Reply
  7. blackman says:
    ལོ་ 15 སྔོན།

    གངས་སྐྱིད་ཀྱི་ལས་བྱེད་འདི་ཚོ་ངོ་ཚ་རྒྱུ་ཞིག་མེད་ཀི། མི་མང་སྐྱོ་བོ་ཚོའི་མགོ་ལ་སྡུག་ག་འདྲ་ཞིག་ཡོང་བ་ཡིན་ན་མ་རིག་མ་མཐོང་བའི་ཚུལ་གྱིས་གིླེང་མོལ་ཙམ་ཡང་མི་བཤད་ཀི། ཐ་ན་མེག་ལོ་ན་བོད་པ་མང་པོ་ཞིག་ལ་ཟ་རྒྱུ་གོན་རྒྱུ་དང། འདུག་ས་འགྲོ་ས་མེད་པའི་དཀའ་་ངལ་འཕྲད་ཀི་ཡོད་ན་མི་རིག་མ་མཐོང་བའི་ཚུལ་གྱིས་སྣང་མེད་དུ་བཞག་ཡོད་པ་རེད། ད་ལྟ་གངས་སྐྱིད་ལ་འཐུང་ཆུའི་དཀའ་ངལ་ཅུང་ཙམ་འཕྲད་ཡོང་དུས་ས་འབུ་ལམ་ཁར་ལྷུང་བ་བཞིན་འཕག་འཚག་ཆེན་པོ་རྒྱག་གི་འདུག ད་དུང་ཆེད་ལས་མཁས་པ་གདན་དྲངས་ནས་དཀའ་ངལ་དེ་སེལ་ཐབས་བྱེད་ཀི་འདུག རེད་གངས་སྐྱིད་ལས་བྱེད་ཚོའི་འཐུང་ཆུའི་དཀའ་ངལ་སེལ་བར་བོད་གཞུང་ནས་འགན་ལེན་དགོས་ཀི་རེད་ལ།་ཉམ་ཆུང་མི་མང་སྐྱོ་བོ་ཚོའི་དཀའ་ངལ་སེལ་བར་བོད་གཞུང་ནས་འགན་ཞིག་ལེན་དགོས་ཀྱི་རེད། འདི་གཉིས་ལ་ཁྱད་པར་འདི་འདྲ་ཞིག་ཤོར་དོན་ཅི་ཞིག་རེད།
    སྔོན་མ་ནས་མེག་ལོའི་མི་མང་སྐྱོ་བོ་ཚོར་འཐུང་ཆུའི་ཐད་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། བོད་གཞུང་ནས་ཁ་གྲག་གི་ཡོད་ནི་མ་རེད། ད་གངས་སྐྱིད་ལ་འཐུང་ཆུའི་དཀའ་ངལ་ཅུང་ཙམ་འཕྲད་ན་བོད་གཞུང་གིས་སྐད་རྒྱག་ཡོང་གི་འདུག ཁ་མཚན་རེད། གང་ལྟར་བོད་པ་ཚང་མ་ལ་ཆ་མཉམ་གྱིས་འཐུང་ཆུའི་དཀའ་ངལ་སེལ་ཐབས་བྱས་ན་བཟང་གི། དེ་མིན་མི་མང་སྐྱོ་བོ་ཚོ་སྙིང་རྗེ།

    Reply
  8. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    འགྲེལ་བརྗོད་འདི་རིགས་ནི་འཆར་ཅན་ལྟ་བུ་ཞིག་རེད། ཡིན་ནའང་ངྷ་སའི་ཁུལ་དུ་ཆུ་དཀོན་པོ་ཡིན་པ་བརྗོད་ཀྱི་ཡོད་ཀྱང་རྒྱུས་མངའ་ཡོད་མཁན་ཚོས་ཤེས་གསལ་ལྟར་ངྷ་སའི་གཡས་ངོས་ཀྱི་ལུང་གཤོང་ནང་གི་ཆུ་ནམ་ཡང་བསྐམ་མྱོང་མེད། རྒྱུ་མཚན་གཙོ་བོ་ནི་འཕྲོད་བསྟེན་ཆུ་ལས་སྡེ་ཚན་གྱི་ལས་ཀ་་བྱེད་མཁན་ལ་འཇོན་ཐང་མེད་པ་དང་རྒྱ་གར་ཆུ་ལས་བལྟ་རྟོག་མཁན་རྣམས་བོད་པས་དངུལ་དངོས་དང་ཨ་རག་གིས་ལང་ཤོར་བཏང་བའི་རྐྱེན་ལས་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese