མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅའ་ཁྲིམས་ཀྱིས་ཁ་གྲག་གི་མི་འདུག འདྲེ་མིག་གསུམ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

འདྲེ་མིག་གསུམ།

ཉིན་གསུམ་བཞིའི་སྔོན་ལ་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་གནས་ལུགས་དམར་ཧྲེང་མ་ཞེས་རྩོམ་ཡིག་ཅིག་སྤེལ་འདུག  དེ་ལྟ་ནའང༌། རྩོམ་ཡིག་དེའི་ནང་ལ་ངའི་བསམ་ཚུལ་དེ་ཡག་པོ་ཞིག་ཚུད་མི་འདུག ངའི་བསམ་ཚུལ་ནི་གྲྭ་བ་རྣམས་ལ་དུས་གཅིག་ཏུ་སྤྱི་འཐུས་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་པ་དེ་ཅི་ཞིག་ཡིན་ནམ་བསམ་པ་དེ་རེད། ངས་གངས་སྐྱིད་ཀྱི་མི་ཡ་རབས་ཡིན་ཟེར་མཁན་ཚོས་འབོད་པའི་བཅའ་ཁྲིམས་རིན་པོ་ཆེ་ལ་བལྟས་པ་ཡིན། བཅའ་ཁྲིམས་ལས་མི་གཅིག་ལ་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་མེད་ལ་ཁ་གྲག་གི་མི་འདུག ངས་གནད་དོན་འདི་ལ་བསམ་བློ་ཞིག་བཏང་བ་ཡིན། གྲྭ་བ་རྣམས་ལ་དམིགས་བསལ་ཞིག་སྤྲད་འདུག་བསམ་སོང༌། དམིགས་བསལ་དེས་མིག་སྔར་བོད་ཀྱི་གནས་བབ་ལ་ཕན་ཐོགས་ཅི་ཞིག་ཡོད་མེད་གསལ་བོ་ཞིག་ཧ་གོ་གི་མི་འདུག ཡིན་ནའང༌། ལོ་རྒྱུས་ཀྱི་ངོས་ནས་ཕྱིར་བལྟས་བྱས་ན། བོད་པ་ཚོས་བོད་ཀྱི་གྲྭ་བ་རྣམས་ལ་དམིགས་བསལ་མང་པོ་སྤྲད་ཡོད་པ་འདྲ། དཔེ་མཚོན་ཞིག་བཤད་ན། བོད་ཀྱི་རྒྱལ་པོ་ཁྲི་རལ་བ་ཅན་གྱི་སྐབས་གྲྭ་བ་གཅིག་ལ་མི་ཚང་བདུན་ཐད་ཀར་དབང་བའི་དམིགས་བསལ་ཞིག་སྤྲད་པ་རེད། དམིགས་བསལ་དེའི་མཇུག་འབྲས་འབངས་གྱེན་ལོག་ཅེས་པའི་ལོ་རྒྱུས་ཀྱི་ཆག་སྒོ་དེ་མ་ཡིན་ནམ། བོད་མི་ཚོས་བོད་ཀྱི་གྲྭ་བ་རྣམས་ལ་དམིགས་བསལ་སྤྲོད་པའི་ལམ་ལུགས་དེ་གོམས་གཤིས་སུ་འཇགས་ཚར་བས། ད་ལྟ་དམིགས་བསལ་ཡིན་མིན་ཀྱང་གསལ་བོ་ཤེས་ཀི་མེད་ཚོད་རེད། ཡིན་ནའང་ཆོས་ལུགས་ཀྱི་བྱེད་སྒོ་མང་པོ་ལ་བོད་པ་ཚོས་དམིགས་བསལ་སྤྲད་པ་ནི་ཡ་རབས་བཟང་སྤྱོད་དུ་ལྟ་བའི་གཤིས་ཀ་ཡོད། གཤིས་ཀ་དེ་ལ་ཐད་ཀར་གྱི་ལེགས་ཉེས་འབྱེད་པའི་མིག་མེད་ཙ་ན། གཤིས་ཀ་དེའི་རྒྱབ་ལོགས་ན་ཕན་གནོད་ཅི་ཞིག་ཡོད་མེད་ལ་སུས་ཀྱང་བསམ་བློ་གཏོང་གི་མེད་པའི་སྣང་ཚུལ་མངོན། ང་ཚོའི་སློབ་གྲྭའི་དཔེ་མཛོད་ཁང་གི་སྦུག་ན་མགོན་ཁང་ཞིག་ཡོད། མགོན་ཁང་དེ་ན་གྲྭ་བ་གསོལ་ཁ་འདོན་མཁན་ཞིག་ཡོད་ཀྱང༌། སྤྱིར་དཔེ་མཛོད་ཁང་གི་ཁྲིམས་ལྟར་ན་དཔེ་དེབ་ཀློག་པའི་དུས་ཚོད་ལ་མི་སུ་ཞིག་གིས་སྐད་ཅོར་རྒྱག་མི་ཆོག དེ་བས་སུ་ཞིག་གིས་སྐད་ཅོར་བརྒྱབས་ན་དེ་ལ་དཔེ་མཛོད་དོ་དམ་པས་ཐད་ཀར་སྟངས་འཛིན་གྱིས་ཁྲིམས་ལག་ལེན་བསྟར་གི་ཡོད། ཡིན་ནའང༌། གསོལ་ཁ་འདོན་མཁན་དེས་སྐད་གསེང་མཐོན་པོས་གསོལ་ཁ་ཅི་ཙམ་བཏོན་ཡང་དེ་ལ་སྣང་བ་གང་ཡང་མེད།  དེ་ལྟར་བྱེད་ཆོག་ཆོག་གི་འདུ་ཤེས་ཤིག་རང་བཞིན་གྱིས་ཡོད། ཕན་གནོད་ཀྱི་ངོས་ནས་བལྟས་ན། གསོལ་ཁ་འདོན་པའི་སྐད་ཅོར་ཡིན་ན་རེད། མི་གཞན་ཞིག་གིས་སྐད་ཅོར་ཡིན་ན་རེད། གང་ལྟར་དཔེ་དེབ་ཀློག་པའི་ལྷིང་འཇགས་ལ་གནོད་པ་ཡོད་པ་གཅིག་མཚུངས་རེད། དེ་བས་ཆོས་ལུགས་ལ་དམིགས་བསལ་དེ་འདྲ་ཞིག་སྤྲད་དོན་ཅི་ཞིག་ཡིན་ནམ། ངས་གོང་གི་གནས་ཚུལ་དེ་བཤད་དོན། ཆོས་ལུགས་ཀྱི་དམིགས་བསལ་དེ་བོད་ཀྱི་གོམས་གཤིས་ཀྱི་གཏིང་རིམ་ལ་ཟུག་ཡོད་པས་དཔེ་མཛོད་ཁང་གི་ཁྲིམས་ལུགས་ལས་བརྒལ་སོང་བ་རེད། དེ་བས་གྲྭ་བ་ཚོ་ལ་སྤྱི་འཐུས་འོས་ཤོག་གཉིས་ཀྱི་ཐོབ་ཐང་དམིགས་བསལ་བ་དེ་ཡང་བཅའ་ཁྲིམས་ཀྱི་ལག་འོག་ཏུ་མ་ཚུད་པ་ཡིན་ནམ། ངས་སློབ་གྲྭའི་དཔེ་མཛོད་ཁང་གི་ཁྲིམས་ཡིག་དེས་གསོལ་ཁ་བའི་སྐད་ཅོར་ལ་ཁ་གྲག་མི་ཐུབ་པ་བཞིན། བཅའ་ཁྲིམས་རིན་པོ་ཆེས་ཀྱང་གྲྭ་བ་ཚོ་ལ་སྤྱི་འཐུས་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་པའི་དམིགས་བསལ་དེ་ལ་ཁ་གྲག་ཐུབ་རྒྱུ་མ་རེད། བཙན་བྱོལ་ན་བོད་མི་འབུམ་གཅིག་ལྷག་ཡོད། དེའི་ནང་སློབ་མ་ཁྲི་གཉིས་ལྷག་ཡོད། བླ་མ་དང་གྲྭ་བ་ཁྲི་གསུམ་ལྷག་ཡོད་པ་བོད་གཞུང་གིས་གསལ་བོར་བཀོད་འདུག མི་གྲངས་ཆ་བགོས་བྱས་ན་འདི་འདྲའི་མི་མང་པོ་ཞིག་ལ་སྤྱི་འཐུས་ཀྱི་འོས་ཤོག་གཉིས་ཀྱི་དམིགས་བསལ་ཐོབ་ཐང་རག་འདུག དམིགས་བསལ་ཐོབ་ཐང་འདིས་ཕན་གནོད་ཅི་ཞིག་ཡོད་མེད་ངས་བཤད་ཀི་མེད། གང་ལྟར། ཐོབ་ཐང་འདི་བོད་མིའི་དད་སེམས་ཀྱི་ངོས་ནས་དང༌། ཆོས་ལུགས་ལ་འཛིན་པའི་དམིགས་བསལ་གྱི་འདུ་ཤེས་ཀྱི་ངོས་ནས་བྱུང་བ་ཡིན་པར་བདག་འདོད།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༩ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༢༠ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 5

  1. མིག་གསུམ་པ། says:
    ལོ་ 17 སྔོན།

    འདྲེ་མིག་གསུམ་ལགས། ་མི་མིག་གསུམ་པས་ཁྱོད་ཀྱི་བསམ་ཚུལ་རྒྱབ་སྐྱོར་ཡོད།

    Reply
  2. མིག་གསུམ་པ། says:
    ལོ་ 17 སྔོན།

    འདྲེ་མིག་གསུམ་ལགས། ་མི་མིག་གསུམ་པས་ཁྱོད་ཀྱི་བསམ་ཚུལ་རྒྱབ་སྐྱོར་ཡོད།

    Reply
  3. ལུང་རྟོགས། says:
    ལོ་ 17 སྔོན།

    ང་རང་ཡང་གྲྭ་པ་ཞིག་ཡིན་མོད། འོན་ཀྱང་གྲང་ཕྱོག་ནས་བསྟས་ན་གྲྭ་པ་ལ་འོས་ཤོག་གཉིས་ཀྱི་ཐོབ་ཐང་སྤྲད་པ་དེར་མོས་མཐུན་མེད།

    Reply
  4. བློ་གྲོས་རྒྱལ་པོ། says:
    ལོ་ 17 སྔོན།

    བཅའ་ཁྲིམས་དུ་གསལ་མེད་པ་ཙམ་དུ་མ་ཟད། ཆོས་བརྒྱུད་སྤྱི་འཐུས་ནི་བོད་བསྟན་སྲིད་གང་ལའང་མི་ཕན། ད་ལྟའི་བར་ཏུ་ཕྱིར་བལྟས་ཤིག་གནོངས་དང་། དགེ་ལུགས་སྤྱི་འཐུས་ཀྱིས་དགེ་ལུགས་པར་ཕན་མེད་ལ། རྙིང་མའི་སྤྱི་འཐུས་ཀྱིས་རྙིང་མ་བར་ཡང་ཕན་མེད། སྲིད་ཕྱོགས་ནས་དེ་ལས་ཀྱང་ཞུ་མ་དགོས་པ་ཞིག་རེད། ཆོས་སྲིད་གང་ལའང་མི་ཕན་བཞིན་དུ་ད་དུང་ཁྲི་ཐོག་ལ་བཙུགས་བཞག་ན་གླེན་རྟགས་ཤིག་མ་རེད་དམ། ད་དུང་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་མ་འོངས་པར་ཉེན་ཁ་ཞིག་ཆགས་ཡོད། ང་ཚོའི་འདས་པའི་ལོ་རྒྱུས་ནང་དུ་ཆོས་ལུགས་དང་གྲུབ་མཐའ་ཁ་ལ་ཁྱེར་ནས་སྲིད་དོན་གྱི་ལས་ཀ་བྱས་ཏེ་ནང་འཁྲུག་ལངས་པ་དང་། ཤི་རྨས་བྱུང་བ། སྲིད་དབང་ཤོར་བ་སོགས་ཀྱི་གནས་ཚུལ་མང་དུ་བྱུང་ཡོད་པ་བཞིན། ཕྱོགས་ཞེན་ཤ་སྟག་གིས་བཟོ་སྐྲུན་ལས་འོང་གིན་པའི་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་ཡང་མ་འོངས་པར་ཉེན་ཁ་ཞིག་ཆགས་སྲིད་པ་རེད།

    Reply
  5. ཕུན་ཚོགས ། says:
    ལོ་ 17 སྔོན།

    འུ་ཚོས་གནས་ལུགས་ཀྱི་རྒྱབ་རོགས་ནི་ཆོས་ལུགས་ཁོ་ན་ཡིན་པའི་འདོད་ཚུལ་འདིས་ནི་དུས་གཏན་ཏུ་ང་ཚོར་ཁ་གྲག་ཏུ་འཇུག་གི་ཡོད་པ་མ་རེད་ལ།རྩ་ཁྲིམས་ལའང་དེ་ལྟར་རེད།ཁྱོད་ཀྱིས་ཤེས་དགོས་པ་ཞིག་ལ་ང་ཚོའི་སྤྱི་ཚོགས་ནི་མ་གཞི་ནས་སྤྱི་ཚོགས་མ་ཡིན་པར་ཆོས་ཚོགས་ཤིག་ཡིན་པས་འདུལ་ཁྲིམས་ཟེར་བ་ཞིག་ལས་རྩ་ཁྲིམས་ཟེར་བ་འདི་ལ་དབང་ཆ་ཞིག་གང་ན་ཡོད།དེ་བས་ཁྱོད་ཀྱིས་རྩ་ཁྲིམས་མི་བཤད་མི་པར་འདུལ་ཁྲིམས་བཤད་རྒྱུ་ན་མ་གཏོགས་མགོ་ལ་ཅི་ཞིག་འཇོག་རྒྱུ་མི་ཤེས།ཨ

    འུ་ཚོའི་བོད་པ་རེ་རེའི་གདོང་ལ་མཛུབ་མོ་བཙུགས་ཏེ་བརྩིས་ཡོང་ནའང་ཁྲིམས་ཞེས་པའི་འདུ་ཤེས་ཤིག་སུ་ལའང་མི་འདུག་ལ་ཁྲིམས་ཀྱི་འདུ་ཤེས་དེ་ཉིད་དང་ལེན་བྱེད་ཐུབ་མཁན་ཀྱང་ཤིན་ཏུ་དཀོན།བོད་ནང་གི་ཁྲིམས་ལུགས་ཆེད་མཁས་པ་རྒན་ཚེ་རིང་དོན་འགྲུབ་ལགས་ཀྱིས་འདི་ལྟར་གསུང་མྱོང་།ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་ཞེས་ཡིག་ཐོག་ཏུ་བཀོད་པ་དང་ངག་ཐོག་གིས་བསྒྲགས་པ་ཙམ་ཀྱིས་མི་ཆོག་་་གལ་སྲིད་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་ནའང་ཁྲིམས་ཀྱི་མདུན་དུ་འདྲ་ཉམས་ཡིན་སྙམ་པའི་འདུ་ཤེས་གསལ་ཐིངས་ངེ་བ་ཞིག་བྱུང་བ་ཡིན་ན་ད་གཟོད་ཁྲིམས་ཀྱིས་ཁ་གྲག་ཐུབ་ལ་ཁྲིམས་ལ་ཚེ་སྲོག་རྒྱས་ཐུབ་ཅེས་ཟེར།
    དེ་བས་ང་ཚོའི་ཡིག་ཐོག་ཏུ་བཀོད་ཚར་བའི་ཁྲིམས་ཀྱི་ཡག་བཙོག་གང་ཡིན་ཡང་།ཁྲིམས་ལག་བསྟར་བྱེད་མཁན་དང་ཁྲིམས་ལག་བསྟར་བྱེད་ཡུལ་ཀྱི་མི་མང་ཚང་མར་ཁྲིམས་ཀྱི་འདུ་ཤེས་ཡག་པོ་རེ་ཡོད་པ་དང་།ཁྲིམས་ཁྲིམས་སུ་འཛིན་པ་དང་ཆོས་ལུགས་ཆོས་ལུགས་སུ་འཛིན་པའི་གུ་ཡངས་པའི་འདུ་ཤེས་སམ་བག་ཆགས་ཤིག་མ་བྱུང་བར་ནམ་ཡང་ང་ཚོའི་རྩ་ཁྲིམས་དེ་ཉིད་རོ་ཐང་ལ་འཕངས་པའི་རྩ་ཁྲིམས་ཙམ་ལས་གང་ཡང་མི་ཡོང་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese