མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཨོ་བྷ་མ་དང་ཏཱ་ལའི་བླ་མས་མཉམ་ཞོག་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨོ་བྷ་མ་༧གོང་ས་མཆོག་ལ་མཇལ་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་དང་། ཏཱ་ལའི་བླ་མ་ནི་རྙོག་དྲ་སློང་མཁན་ཞིག་རེད་ཟེར། བཙན་བྱོལ་བོད་གཞུང་གིས་ཨ་རིའི་གཞུང་གིས་བོད་རྒྱ་འདུམ་འགྲིག་གི་ཐད་ནུས་པ་འདོན་གྱི་ཡོད་སྟབས་མཇལ་འཕྲད་དེ་ལ་ནོར་འཁྲུལ་ཅི་ཡང་མི་འདུག་ཟེར།

ཕྱི་ཚེས་ ༢ ཉིན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་བཤད་དོན། གལ་སྲིད་སྲིད་འཛིན་ཨོ་བྷ་མས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་བ་ཡིན་ན་ཨ་རི་དང་རྒྱ་ནག་གཉིས་ཀྱི་སྲིད་དོན་གྱི་འབྲེལ་བར་གཏོར་སྐྱོན་ཆེན་པོ་འབྱུང་གི་རེད། ཁོང་གཉིས་མཇལ་འཕྲད་གནང་བ་ཡིན་ན་ང་ཚོའི་ཕྱོགས་ནས་དེ་ལ་དཔག་པའི་ཐག་གཅོད་བྱས་ཏེ། འབྲེལ་ཡོད་རྒྱལ་ཁབ་གཞན་པ་རྣམས་ལའང་ཁོང་ཚོའི་ནོར་འཁྲུལ་མཐོང་འཇུག་གི་ཡིན་ཅེས་བཤད་ཡོད་པ་རེད།

འདིའི་ཐད་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུངས་དོན། ང་ཚོའི་ལྟ་ཚུལ་ཡིན་ན། ཨ་རིའི་གཞུང་གི་བྱེད་ལས་གཙོ་བོ་ནི་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་ཚོའི་བར་དུ་དྲང་བདེན་དང་ལྷག་བསམ་ལྡན་པའི་གྲོས་མོལ་ཞིག་ཡོང་འཇུག་རྒྱུ་དེ་རེད། དེར་བརྟེན་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཀྱི་མཇལ་འཕྲད་དེ་ལ་ནོར་འཁྲུལ་ཡོད་པ་ཞིག་མཐོང་གི་མེད་ཅེས་དང་། ཨ་རིའི་གཞུང་གིས་ད་བར་དུ་༧གོང་ས་མཆོག་གི་དགོངས་གཞི་སྟེ། བོད་ཀྱི་གནད་དོན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་སེལ་རྒྱུར་རྒྱབ་སྐྱོར་གནང་གི་ཡོད་སྟབས། སྲིད་འཛིན་མཆོག་དང་༧གོང་ས་མཆོག་གི་མཇལ་འཕྲད་དེས་ཨ་རི་དང་རྒྱ་ནག་གི་སྲིད་དོན་གྱི་འབྲེལ་བར་གནོད་སྐྱོན་གཏོང་བ་ཞིག་མཐོང་གི་མེད་ཅེས་གསུངས་ཡོད་པ་རེད།

གཞན་ཡང་ཀྲུའུ་ཝེ་ཆོན་གྱིས་ཕྱི་ཚེས་ ༢ ཉིན་གྱི་གསར་འགོད་གསལ་བསྒྲགས་སྐབས་སུ་ཐེངས་འདིའི་སྐུ་ཚབ་རྣམས་དང་པེ་ཅིན་གྱི་འབྲེལ་མོལ་གྱི་གནས་སྟངས་སྐོར་ལ་བརྗོད་དོན། བོད་རྒྱའི་སྐུ་ཚབ་རྣམས་ཀྱི་གྲོས་མོལ་སྐབས་ཕྱོགས་གཉིས་ཀྱི་ལངས་ཕྱོགས་ཐོག་ལྟ་ཚུལ་མི་མཐུན་པོ་ཆེན་པོ་འདུག་ཅེས་དང་། ཏཱ་ལའི་བླ་མའི་སྐུ་ཚབ་ཀྱི་ཕྱོགས་ནས་སླར་ཡང་ཚད་མཐོའི་རང་སྐྱོང་གི་སྐོར་གླེང་གི་འདུག ཡིན་ཡང་། བོད་ཐོག་གི་རྒྱ་ནག་གི་བདག་དབང་ཐད་ནས་ང་ཚོའི་ལངས་ཕྱོགས་ལ་འགྱུར་བ་ཕྲན་བུ་ཙམ་ཡང་མེད་ཟེར་ལ། ཁོས་ཏཱ་ལའི་བླ་མ་ནི་རྙོག་དྲ་སློང་མཁན་ཞིག་ཡིན་པར་བཤད་པ་དང་སྦྲགས། ཁོང་གིས་འབྲེལ་མོལ་གྱི་ཕྱོགས་ནས་གྲུབ་འབྲས་ཤིག་འཐོན་རྒྱུར་རེ་བ་རྒྱག་གི་ཡོད་ཚེ། ཐོག་མར་རང་ཉིད་ཀྱིས་བཤད་བཞིན་པ་དང་སྒྲུབ་བཞིན་པ་གཉིས་ལ་ཞིབ་འཇུག་ཆ་ཚང་ཞིག་བྱས་ཤིང་། རང་གི་སྲིད་དོན་གྱི་ལངས་ཕྱོགས་ལ་དོན་དངོས་ཀྱི་ཡོ་བསྲང་བྱ་དགོས་པ་རེད་ཅེས་བཤད་འདུག

ཀྲུའུ་ཝེ་ཆོན་གྱིས་ཉིན་འདིར་ཕྱི་སྡོད་བོད་རིགས་ཚོར་ཉེན་བརྡ་བཏང་དོན། ཏཱ་ལའི་བླ་མ་ཡོད་མེད་གང་ལྟར་ཀྱང་། བོད་ཀྱིས་རང་གི་ལམ་ཁ་འདི་རྒྱུན་འཛིན་བྱེད་གི་རེད། ཏཱ་ལའི་བླ་མའི་སྐུ་ཚབ་ཚོས་ཏཱ་ལའི་བླ་མ་ནི་བོད་མི་རིགས་ཀྱི་ཁྲིམས་མཐུན་གྱི་སྐུ་ཚབ་ཡིན་ཅེས་ཨུ་ཚུགས་བརྒྱབས་པ་དང་ཀྲུང་དབྱང་མཉམ་དུ་བོད་ཀྱི་གནད་དོན་བཤད་ཀྱི་ཡིན་ཟེར་གི་འདུག ཏང་གིས་དབུ་ཁྲིད་པའི་ཀྲུང་གོ་དང་བོད་རང་སྐྱོང་ལྗོངས་ནི་བོད་མི་རིགས་ཀྱི་སྐུ་ཚབ་དངོས་ཡིན། དེར་བརྟེན་ཏཱ་ལའི་བླ་མའི་སྒེར་གྱི་སྐུ་ཚབ་དག་ལ་ང་ཚོའི་མཉམ་དུ་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་སྐོར་ལ་གྲོས་མོལ་བྱེད་པའུ་དབང་ཚད་ཡོད་པ་མ་རེད། ཁོང་ཚོ་ཏཱ་ལའི་བླ་མ་སྒེར་གྱི་སྐུ་ཚབ་ཡིན་སྟབས་ཁོང་ཚོས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་དང་ཁོང་གི་ཉེ་འཁྲིས་ཀྱི་མི་དེ་དག་གི་གནས་སྟངས་བཤད་ཆོག་གི་རེད།

ང་ཚོའི་རེ་བ་ལ། ཏཱ་ལའི་བླ་མས་ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་ཁོང་རང་གི་ལས་དོན་རྣམས་ཐག་གཅོད་པ་དང་ཕྱི་རྒྱལ་ཞིག་ནས་སྐུ་མི་གྲོངས་པའི་རེ་བ་བྱེད་ཀྱིན་ཡོད་ཅེས་དང་། ཁོང་གི་རྗེས་འཇུག་པ་ཚོས་ཀྱང་ཏཱ་ལའི་བླ་མ་མི་བཞུགས་པའི་སྐབས་སུ་གང་འདྲ་ཆགས་མིན་ཐད་ལ་ད་ལྟ་ནས་བསམ་བློ་གཟབ་ནན་ཐོངས་དགོས་པ་རེད་ཅེས་སོགས་བརྗོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

མཆན། 17

  1. སྐོར་ལམ་ནང་གི་སྐད་ཆ། says:
    ལོ་ 16 སྔོན།

    སྐྱོན་མེད་ཞུ་ལོ་ཚོ་། བོད་དོན་དམའ་ས་ནས་འཐོ་སར་ཡར་ཡོང་བ་རེད་མ་གཏོགས་། འཐོ་ས་ནས་མར་ལྷུང་བ་མ་རེད་། རྒྱ་ནག་གི་དབང་ཤིག་འཐོ་ས་ནས་མར་ལྷུང་ཡོང་གི་ཡོད་པ་རེད་། ཨུ་དྲན་གི་སྔོན་མོ་མིང་ས་ཐོག་བྲིས་ན་སྲོག་ཐོག་ལ་བཏང་གི་ཡོད་པ་།

    Reply
  2. ཨ་སྤེན། says:
    ལོ་ 16 སྔོན།

    རྒྱ་མིའི་ལྟ་བ་མཁྲེགས་པའི་བྲག །
    བོད་པའི་རེ་བ་ཐོད་པའི་ཤ །
    ལོ་ངོ་བརྒྱ་ཡི་ཕྱི་རོལ་ཏུ། །
    ཤ་ཡིས་བྲག་ལ་འབིག་པར་ཤོག ། ཅེས་ངས་བོད་རྒྱ་ཞི་མོལ་ཐེངས་་་་་བརྒྱ་པ་་་་་ལ་རེ་བ་དང་གསོལ་འདེབས་བྱེད་བཞིན་ཡོད།

    Reply
  3. བོད། བདེ་སྐྱིད་ལྷ་མོ། says:
    ལོ་ 16 སྔོན།

    ང་ཚོ་བོད་པའི་མི་ལས་ལྷག་པའི་བོད་པའི་ཁྱི་ཞིག་བྱུང་འདུག http://tibetanmastiff.com/main_files/breed_files/breed.htm

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཨ་ཤུ་རེ་གོ་་་་་་་མན་ཇི་ཊི་ལའི་ཁྲོམ་སྲང་དང་མེག་ལོའི་གཞོན་སྐྱེས་ཚོར་གཟིགས་དང་་་་་་་སྐུ་ཚབ་སླེབས་འདུག་ཅེས་བཤད་ཁུལ་བྱས་ན་་་་ཨ་ལེ་་་་ཟེར་བ་ལས་སེམས་ཚོར་ཞིག་རྦད་དེ་མི་འདུག་་་་་་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད་ཡ་་་་རྒྱ་ནག་གིས་སྤྱད་སྟངས་དང་་་བོད་ཕྲུག་ཚོའི་གྱིས་སྟངས་ལ་བལྟས་ན་ལྷག་པར་སེམས་འཚབ་ལངས་དགོས་པ་ཞིག་རེད་་་་་་་ང་ཚོ་ནུས་མེད་རེ་ཟུང་གིས་འདི་ལྟར་སེམས་ཁུར་དང་སྡུག་སྨྲེ་འདོན་པ་ལས་འབོད་ས་ཞིག་མི་འདུག་ཡ་་་་བོད་པ་ཚོ

    Reply
  5. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ད་ལྟོས་དང་རྒྱ་ངན་ཚོས་ངན་གཡོ་བྱེད་སྟངས་མཐོང་གི་འདུག་གམ་་་་་་ནམ་ཡིན་ཡང་འདི་འདྲ་ཞིག་ལས་མེད་པས་ང་ཚོས་ཡང་དང་འོར་དུ་སྐུ་ཚབ་ཅེས་འབྲེལ་བ་མེད་པར་འབྲེལ་མོལ་བྱེད་མི་བཏང་ནས་ཅི་བྱེད་་་་་་ད་ཡིན་ན་ལམ་ཁ་གཞན་ཞིག་འཚོལ་དགོས་པ་རེད་་་་་་མི་རེར་སྲོག་རེ་ཡོད་པ་རེད་་་་་གང་ལྟར་འཆི་བ་ལ་སྔ་ཕྱི་ཞིག་ལས་མེད་པས་གཏོང་སར་ཐོན་དུས་ཐུབ་དགོས་པ་རེད། དངོས་གནས་ཡིན་དཱ

    Reply
  6. ཐུབ་བསྟན། says:
    ལོ་ 16 སྔོན།

    རྒྱ་དཔོན་འདི་ཚོས་ག་རེ་ཡིན་ཡང་བཤད་ངེས་རེད་ལ་ག་རེ་ཡིན་ཡང་བྱེད་ངེས་རེད། ཁོང་ཚོར་ཐོབ་དགོས་པ་དེ་ཚང་མ་ཐོབ་ཚར་བ་རེད། ད་ལས་སླ་བོ་གཏང་གི་མ་རེད། ཁོང་ཚོས་གང་ཐུབ་ཀྱིས་ང་ཚོ་གྲོགས་མེད་ཁེར་རྐྱང་དུ་ཕུད་ངེས་རེད་ལ་ཁོང་ཚོར་བློ་ཁོག་ཆེ་རུ་འགྲོ་བཞིན་པའི་རྣམ་འགྱུར་ཞིག་སྟོན་བཞིན་འདུག ཁག་ཡོད་པ་མ་རེད། ༧གོང་ས་མཆོག་གི་རྗེས་ལ་ང་ཚོས་ཁུངས་མི་འཁྱོལ་བ་ཁོང་ཚོས་ཚོད་དཔག་བྱེད་བཞིན་པ་རེད། ༢༠༠༩ལོའི་ང་ཚོའི་སྤྱི་འཐུས་གྲོས་ཚོགས་ཀྱི་གནས་སྟངས་འདི་གཅིག་པུའི་ཐོག་ནས་ཀྱང་ཁོང་ཚོར་བློ་ཁོག་ཅིག་འཕེལ་ཡོད་པ་རེད།
    ད་ང་ཚོས་སེམས་ཤུགས་ཆགས་ཡ་གང་ཡང་ཡོད་པ་མ་རེད། ཚང་མས་ད་ལྟའི་དུས་ཚོད་འདི་བོད་སྣོད་བཅུད་ཆགས་འཇིག་གི་དུས་ཚོད་གཉན་འཕྲང་ཅན་ཞིག་ཡིན་པ་ཤེས་དགོས་ངེས་རེད། དེ་བཞིན་ང་ཚོས་ང་རང་ཚོར་འཁྲི་བའི་འགན་ཁུར་དགོས་པ་རེད། ང་ཚོས་བོད་མི་མང་སྤྱི་འཐུས་ཡག་པོ་ཞིག་འདེམས་དགོས་ངེས་རེད། རང་ཉིད་ཀྱི་ལྟོ་རྒྱབ་གཅིག་པུ་མ་གཏོགས་གང་ཡང་མི་དྲན་མཁན་དེ་ཚོས་སྤྱི་པ་ལ་ཕན་གྱི་མེད་པ་ཤེས་པར་བྱས་ཏེ། དེ་ཚོའི་རིགས་ང་ཚོས་སྤྱི་འཐུས་ནང་སླེབས་མ་ཐུབ་པ་བྱེད་དགོས་ངེས་རེད། དེ་བཞིན་ང་ཚོས་མང་གཙོ་དང།སྤྱི་ཚོགས་ཡར་རྒྱས་གཏང་དགོས་ངེས་རེད། ནང་ཁུལ་ཞེན་ཁོག་དང་། ཕྱོགས་རིས་བྱས་ནས་ང་ཚོར་གང་ཡང་ཐོབ་ཡོང་རྒྱུ་མེད་པ་ཚང་མས་ཤེས་པར་བྱོས། ང་ཚོས་སྤྱི་དོན་ཁོ་ནར་ཤུགས་རྒྱག་དགོས་པ་ཆགས་མི་འདུག་གམ། དེ་ལྟར་ང་ཚོས་ཁུངས་འཁྱོལ་བ་ཞིག་བྱེད་དགོས་ཡོད་པ་རེད།

    Reply
  7. རྡོ་རྗེ་རྒྱལ་མཚན། says:
    ལོ་ 16 སྔོན།

    ད་རྒྱ་རྒན་འདི་ཚོའི་ཁ་བཤད་སྔ་ཕྱི་འགལ་ལ་འདི་ཚོ་ལ་ཉན་ན་སྙིང་རླུང་ལངས་རྒྱུ་ལས་གཞན་ཅི་ཡོད།འདི་ཚོ་ལ་ངོ་ཚ་ཁྲེལ་གཞུང་ངོ་མ་མི་འདུག།

    Reply
  8. གཡག་ཕྲུག། says:
    ལོ་ 16 སྔོན།

    ཡིད་ཆེས་མེད་པའི་རེ་ཞིག་ཆགས་སོང།

    Reply
  9. གཡག་ཕྲུག། says:
    ལོ་ 16 སྔོན།

    ཡིད་ཆེས་མེད་པའི་རེ་སྒུག་ཞིག་མ་བྱས་ཐབས་མེད་རེད།

    Reply
  10. རྨེ་རུ། says:
    ལོ་ 16 སྔོན།

    ད་གང་བྱེད་དགོས་སམ།ངོ་མ་བཟོད་ཐུབ་ཀྱི་མི་འདུག

    Reply
  11. གནས་ཚང་། says:
    ལོ་ 16 སྔོན།

    རྒྱ་རི་ཕྱི་ལོ ༢༠༠༢ལོ་ནས་ཕྱི་ལོ ༢༠༡༠ལོར་སྐུ་ཚབ་གནང་བའི་འབྲས་བུ་བོད་དོན་ཏཱ་ལའི་ཅན་ནས་ཏཱ་ལའི་སྒེར་དོན་ཅན་ལ་བསྐུལ་འདེད་གནང་ཡོད་པས། བྱས་རྗེས་ཟེར་ན་འདི་འདྲ་དགོས། སྐུ་ཚབ་ཟེར་ན་འདི་འདྲ་དགོས། བོད་དོན་ཚར་རག་བར་དུ་སྐུ་ཚབ་གནང་བར་ཤོག བོད་པ་འཇིག་རག་བར་དུ་སྐུ་ཚབ་གནང་བར་ཤོག

    Reply
  12. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    ཀྲུའི་ཝེ་ཆོན་གྱིས་ཏཱ་ལའི་བླ་མའི་སྐུ་རྗེས་སུ་བོད་མི་སྐྱབས་བཅོལ་བར་དཀའ་ངལ་འཕྲལ་རྒྱུ་ཡིན་ཚུལ་གྱི་སེམས་འཁུར་དང་ཞེད་སྣང་བསྐུལ།
    རྒྱ་བཙོག་ཚོ།་་མགོ་བོ་གྲི་ཁར་འཇོག་དགོས་ཀྱང་ང་ཚོ་བོད་རིགས་གཞོན་སྐྱེས་དཔུང་ཁག་གིས་ཕྱིར་བསྣུར་མི་བྱེད་ཐག་ཆོད་ཡིན།་
    ཏཱ་ལའི་བླ་མའི་སྐུ་རྗེས་སུ་ང་ཚོས་རང་བཙན་གྱི་ལམ་བུ་འཚོལ།
    ང་ཚོ་རང་བཙན་གྱི་ལམ་དུ་ཤར་བསྐྱོད་བྱེད།་
    རྒྱ་རྒན་ཚོས་ཅི་ཙམ་གྱིས་གདུག་རྩུབ་ཀྱིས་རྣམ་འགྱུར་དང་།་གདུག་རྩུབ་ཀྱི་ཁ་བརྡུང་གཏོང་ན་ང་ཚོས་ཀྱང་དེ་ལས་མཁྲེགས་སུ་གཏོང་།
    གུང་ཁྲན་ཚོགས་པའི་ཞིང་བྲན་ཡར་ལངས་ཀྱིས་གོ་མིན་ཏང་གི་སྟོབས་ཤུགས་རྩ་མེད་བཏང་བ་རེད།་
    ང་ཚོ་བོད་རིགས་གསར་བའི་སྙིང་སྟོབས་གཅིག་བསྒྲིལ་གྱིས་རྒྱ་དམར་གུང་ཁྲན་ཕམ་པར་རྒྱག་་་་
    གཞུང་དང་གཞུང་འབྲེལ་མ་ཡིན་པ་ཚང་མས་རྣམ་འགྱུར་དང་ལངས་ཕྱོགས་མཁྲེགས་སུ་ཐོངས།་
    སེམས་ཤུགས་མ་ཆག་་་་

    Reply
  13. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    ད་བོད་རྒྱ་འབྲེལ་མོལ་སྐུ་ཚབ་རྣམས་ཀྱིས་གསར་འགོད་གསལ་བསྒྲགས་གནང་བཞིན་འདུག

    Reply
  14. ཁམས་ཕྲུག says:
    ལོ་ 16 སྔོན།

    ང་ཚོ་ལ་འཇར་རྒྱའི་དམག་འཁྲུག་ལྟ་བུའི་དམག་འཁྲུག་ཅིག་དང་། པིན་ལ་ཏིང་ལྟ་བུའི་དྲག་སྤྱོད་པ་ཞིག་ཡོད་ན་ཅི་མ་རུང་། ཤི་རེ་ཁོ། ངོ་མ་ཡིན།

    Reply
  15. སྲ་མོ་རྡོ། says:
    ལོ་ 16 སྔོན།

    ངོ་མ་འདུག་གི་མ་བཅུག་བ་རེད། མི་ཚང་མར་སྲོག་གཅིག་རེ་ཡོད་པ་རེད། ད་ཚང་མས་གྲ་སྒྲིག་བྱེད། བརྒྱ་འཆི་ཐུབ་ས་ནས་གཅིག་འཆི་མི་ཐུབ་པ་ཅི་ཡོད།

    Reply
  16. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཤུ་རེ་ཁོ། སྟོབས་ཤུགས་ཞིག་ཡོད་ཀྱི་ན། བོང་བུ་མི་འགྲོ་དབྱུག་པ་འགྲོ་ཟེར་བ་བཞིན་རྒྱ་དམར་འདི་ཚང་ལ་བཅའ་རྒྱུ་ཞིག་ཡོད་མོད། ད་ནི་སྟོབས་ནི་མེད། རོགས་ནི་མེད། དབང་ནི་མེད། དཔུང་ནི་མེད། ད་ཡིན་ན་མེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེདམེད་མེད་མེད་མེད་མེད

    ད་ཅི་ཡང་བྱེད་ཐུབ་རྒྱུ་མ་རེད་ཡ།

    Reply
  17. དབྱངས་བུ། says:
    ལོ་ 16 སྔོན།

    བོད་ཀྱི་ཁ་དཔེར།
    གཏམ་ཨ་ཕས་བཤད་རྒྱུ་ཨ་མས།།
    ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས།།
    ཟེར་བ་དང་གཅིག་མཚུངས་རེད་མི་འདུག་གམ།་གོང་གི་གནས་ཚུལ་གྱི་འཇུག་དེར་དེ་ལྟར་འཁོད་འདུག་པར་གཟིགས་དང་་༼ང་ཚོའི་རེ་བ་ལ། ཏཱ་ལའི་བླ་མས་ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་ཁོང་རང་གི་ལས་དོན་རྣམས་ཐག་གཅོད་པ་དང་ཕྱི་རྒྱལ་ཞིག་ནས་སྐུ་མི་གྲོངས་པའི་རེ་བ་བྱེད་ཀྱིན་ཡོད་༽་ཅེས་གསལ་འདུག་ཀྱང།་་་དོན་དུ་༸གོང་ས་མཆོག་ལ་ཕྱག་ལས་གནང་མི་འཇུག་མཁན་སུ་རེད་དམ།ཁོང་མི་ལོ་ལྔ་བཅུའི་རིང་རང་ཡུལ་དུ་ཕེབས་མི་བཅུག་པར་གཞན་ཡུལ་དུ་གྱུར་བཅུག་མཁན་སུ་རེད་དམ།

    དྲ་གྲོགས་ཚོ་ཐུགས་བསམ་བཞེས་དང།་་

    ད་ལྟ་སྐུ་ཚབ་ཚོའི་གསར་འགོད་གསལ་བསྒྲགས་སྤེལ་གྲབས་འདུག་པས་དེ་ཙམ་ཡིན།

    ་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese