ཕྱི་ཚེས་ ༡༧ དང་ ༡༨ བར་༧གོང་ས་མཆོག་ཝ་ཤིན་ཊོན་དུ་ཕེབས་སྐབས་སྲིད་འཛིན་ཨོ་བྷ་མར་མཇལ་འཕྲད་གནང་རྒྱུ་རེད།
ཕྱི་ཚེས་ ༤ ཉིན་ཨ་རིའི་ཕོ་བྲང་དཀར་པོས་མགྲིན་ཚབ་པས་ཟླ་འདིའི་ཚེས་ ༡༧ ནས་ ༡༨ བར་༧གོང་ས་མཆོག་ཝ་ཤིན་ཊོན་ལ་ཕེབས་སྐབས་སྲིད་འཛིན་ཨོ་བྷ་མ་མཆོག་གིས་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད།
ཉེ་ཆར་ནས་རྒྱ་ནག་གཞུང་དང་ཨ་རིའི་གཞུང་གི་བར་འགལ་བ་འགྲོ་གཞི་ཁག་ཅིག་ནི། ཨ་རིའི་གཞུང་གིས་ཐའེ་ཝན་ལ་ཨ་སྒོར་དུང་ཕྱུར་ ༦་༤ ཡི་མ་གནས་ཡོད་པའི་གོ་མཚོན་བཙོང་རྒྱུའི་གནད་དོན་དང་། སྲིད་འཛིན་ཨོ་བྷ་མ་༧གོང་ས་མཆོག་ལ་མཇལ་རྒྱུ། གྷོ་གྷལ་གྱི་དོན་རྐྱེན་བཅས་ཀྱི་སྐོར་ཡིན།
སྲིད་འཛིན་ཨོ་བྷ་མ་ལོ་སྔོན་མར་༧གོང་ས་མཆོག་ཝ་ཤིན་ཊོན་དུ་ཕེབས་སྐབས་མཇལ་འཕྲད་གནང་མེད་པའི་ཐད། ཨ་རིའི་གྲོས་ཚོགས་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་བཅས་ཀྱིས་སྐྱོན་བརྗོད་བྱས་ཡོད་ལ། ད་ནི་མཇལ་འཕྲད་མི་གནང་ཐབས་མེད་དུ་གྱུར་ཡོད་སྐོར་སྲིད་དོན་དཔྱད་བརྗོད་པ་དག་གིས་གླེང་གི་ཡོད།
ཨ་རིས་ཐའེ་ཝན་ལ་གོ་མཚོན་བཙོང་རྒྱུའི་གསལ་བསྒྲགས་བྱས་པ་དང་སྦྲགས། རྒྱ་ནག་གཞུང་གིས་དེ་ལ་ངོ་རྒོལ་གྱི་ཆེད་དུ་འབྲེལ་ཡོད་ཨ་རིའི་བཟོ་ཚོང་སྡེ་ཚན་ཁག་ཅིག་གི་ཚོང་འབྲེལ་བཅད་ཡོད་ལ། ཉིན་ཤས་གོང་རྒྱ་ནག་གཞུང་གིས་གལ་སྲིད་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་གཉིས་མཇལ་འཕྲད་གནང་བ་ཡིན་ན་དེ་ལུགས་དང་འཚམ་པའི་ངོ་རྒོལ་གྱི་ལན་སྤྲོད་རྒྱུ་ཡིན་ཚུལ་བཤད་ཡོད།
ད་སྐབས་སྲིད་དོན་དབྱེ་ཞིབ་པ་དག་གིས། ཐེངས་འདིར་སྲིད་འཛིན་ཨོ་བྷ་མ་༧གོང་ས་མཆོག་ལ་མཇལ་བ་དེར་རྐྱེན་བྱས་ཏེ། ལོ་འདིའི་ཕྱི་ཟླ་ ༤ པའི་ནང་སྲིད་འཛིན་ཧུའུ་ཅིན་ཐོ་ཨ་རིར་ཡོང་རྒྱུའི་ལས་རིམ་དེར་གཏོར་སྐྱོན་འགྲོ་རྒྱུ་ཡིན་མིན་ལ་ལྟ་གིན་ཡོད་པ་རེད།
རེ་བ་ཁེང་བའི་འཁྱམས་བུ་པ་བདག་གི་ལེགས་སྨོན་ཡང་ཡང་འདེབས།།
གྲོགས་པོ་ཚོ་ལ་ཆེད་ཞུ།བོད་དོན་དེ་བོད་རང་གི་བསྒྲུབ་དགོས་པ་ཞིག་ཡིན་ཡང་གཞན་ལ་མ་བརྟེན་པར་ཐབས་མེད་པ་རེད།ད་ལྟ་བསྒྲུབ་དགོས་པ་དེ་སྤྱི་ཚོགས་འདིའི་ནང་ཤེས་ཡོན་ཡེར་རྒྱས་གཏོང་རྒྱུ་དང་བསམ་བློ་ཁ་ཕྱོགས་གཅིག་གྱུར་ཡོངས་ཐུབ་བྱེད་རྒྱུ་དེ་གལ་ཆེན་པོ་བསམ།
དབུ་མའི་ལམ་གི་གོ་དོན་ཡག་པོ་ཞིག་སློབ་སྤྱོང་བྱེད་རོགས་ལོ།༧གོང་ས་མཆོག་དང་ཨོ་བྷ་མ་གཉིས་མཇལ་འཕྲད་གནང་ན་ཡག་པོ་ཡོད་མེད་དེ་༧གོང་ས་མཆོག་ལ་ཡིད་ཆོས་སླད་མེད་ཞིག་ཡོད་པ་དང་བོད་དོན་ལ་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ན་ཤེས་ཐུབ་རྒྱུ་རེད།ཁ་བཤད་ཙམ་ལས་ལག་ལེན་གང་ཡང་མེད་ན་གོ་དཀའ།
འདིར་བཤད་པའི་སྐད་ཆ་དག་ལ་གོ་རྒྱུ་ཞིག་མི་འདུག་་་ཡིན་ཡང་སེམས་ཤུག་རེད་ཁྱབ་སྲིད་ཟེར་བ་དེ་མི་ཤེས་ན་མ་བཤད་ཀྱང་ཆོག་་
ང་ཚོས་ཕར་བལྟ་ཚོད་ལ་ད་ལོ་ལོ་འདིར་བོད་ཕྱོགས་ནས་ལས་གཞི་གོམ་རིམ་ཡོད་པ་ཞིག་སྒྲིག་ཡོད་པ་ཞིག་མཐོང་གི་འདུག་་་་་་་ད་གཡ་ཐལ་
གསར་འགྱུར་གལ་ཆེན་པོ་དང་དོན་གནད་ལྡན་པ་ཞིག་སྤེལ་འདུག འོན་ཀྱང་འདིའི་ཐད་ང་ཚོའི་ངེས་པར་གསེལ་བཀྲོལ་བྱེད་དགོས་པའི་གནད་དོན་མང་པོ་ཞིག་འདུག་ནའང་། ཅོ་རི་དང་འཇིག་བྲལ་ཆོས་བཟང་གསུམ་གྱིས་ཉོག་གཏམ་རྐྱང་བཤད་ནས་གསར་འགྱུར་དབྱེ་ཞིབ་ཀྱི་ཁ་ཕྱོགས་བསྒྱུར་བཞིན་འདུག ལྷག་པར་ཏུ་རིག་པ་འདོན་རྒྱུ་ཕལ་ཞོག་དགོས་མེད་ལོང་གཏམ་དང་མུན་ནང་ལག་ཉོབ་བྱེད་བཞིན་གཅིག་གིས་གཅིག་ལ་དམོད་ཚིག་དང་ཟུར་ཟ་བྱེད་རེས་བྱས་ཏེ་གལ་ཆེའི་གསར་འགྱུར་འདིར་དབྱེ་ཞིབ་བྱེད་མཁན་ཚོར་ཡང་ཡིད་ག་མེད་པ་ཞིག་གི་ལམ་དུ་འཁྲིད་བཞིན་འདུག དྲྭ་བདག་ལགས་དེ་འདྲ་ཞིག་མ་རེད་དམ། འདིར་བཏབས་པའི་རིག་པ་དྲུག་ཅུ་ལྷག་འདིའི་ནང་ཁོང་ཚོའི་དགོས་མེད་ཀྱི་ཚིག་མཚོན་གྱིས་བརྒྱ་ཆ་ག་ཚད་བཟུང་འདུག དངོས་གནས་ཡག་པོ་མི་འདུག འོན་ཀྱང་ཁོ་མོས་་སྨྲ་བརྗོད་རང་དབང་ལ་དགག་བྱ་བྱེད་ཀྱི་མེད། འདི་ཤེས་དགོས་་་་་་་་་་་ཡང་ཅིག་ཟེར་ཡོང་གི་རེད།
སྤྱིར་ཨོ་བྷ་མས་༸གོང་ས་མཆོག་དང་མཇལ་འཕྲད་གནང་འདོད་མེད་པ་ཨ་རིའི་ཚོང་དོན་གྱི་ཁེ་གྱོང་ཁོ་ནར་དམིགས་པ་མ་ཡིན་པར་རང་ཉིད་སྒེར་ལ་དམིགས་པའི་སྲིད་དོན་གྱི་གཡོ་སྒྱུ་ཞིག་རེད། ད་ཐེངས་གྲོས་ཚོགས་འཐུས་མི་མང་པོས་སྐྱོན་བརྗོད་མང་པོ་བྱས་རྐྱེན་མཇལ་འཕྲད་མི་གནང་རང་གནང་ལ་ཐུག་པ་འདིས་ཨོ་བྷ་མའི་སྲིད་དོན་གྱི་སྐྱོམ་ཕྱོགས་དེར་གོད་ཆག་ཐེངས་ཤིག་ཐེབས་སོང་བ་དང་ཁྱད་པར་མེད།
ཨ་རིའི་སྲིད་འཛིན་གྱིས་རྒྱལ་ནག་གི་རྒྱུ་ནོར་ལ་སེམས་ཞེན་ནས་༧གོང་ས་སྐྱབས་མགོན་མཇལ་བའི་དུས་སྐབས་རག་ཡར་ཁག་པོ་མ་རེད་དམ། ཨ་རིའི་སྲིད་འཛིན་གྱིས་ཁ་ལ་ཞི་བདེ་ཁྱེར་ནས་བློ་རྩེར་དམག་ལ་སྟེར་བའི་མི་ནག་ཅིག་རེད།
ཨ་རིའི་སྲིད་འཛིན་ནས་གོ་ས་མཆོག་ལ་འཇལ་འཕྲད་གནང་རྒྱུར་ཐག་བཅད་པ་དེ་ཡག་པོ་རེད། སྤྱིར་བོད་དོན་ནི་བོད་རང་གིས་རྩོད་ལེན་བྱེད་དགོས་མ་གཏོགས་རྒྱལ་ཁབ་གཞན་ལ་དོན་བདག་ཆེར་མེད། འོན་ཀྱང་ད་སྐབས་རྒྱ་གཞུང་ནས་བོད་པ་ཞེས་མཐོང་ཆུང་དང་བརྙས་བཅོས་བྱེད་བཞིན་པའི་སྐབས་འདིར། འཛམ་གླིང་གི་རྒྱལ་ཁབ་སྟོབས་ཤུགས་ཅན་ཚོའི་བོད་ལ་སེམས་གསོའི་ཕྱིར་མཐོང་ཆེན་འམ་ཡང་ན་བརྩེ་གཟིགས་ཕྲན་བུ་རེ་བྱས་ན་ཕན་ཐོག་ཆེན་ཡོད་སྲིད།
དེ་མིན་བོད་མི་རང་གི་ནུས་ཤུགས་མ་བཏོན་ན་ལུང་པ་གཞན་ཞིག་ནས་བོད་དོན་མཐའ་གཅིག་ཏུ་རོགས་རམ་བྱེད་ཐུབ་ཀྱང་མི་ཐུབ་ལ་བྱེད་སྲིད་པ་ཡང་མ་རེད།
བོད། ཤ་ཁྲག་རུས་གསུམ་ལགས་། ཁྱེད་ངོ་མ་བདེན་ ཁྱེད་བོད་ཀྱི་ཤ་ཁྲག་རུས་པ་ངོ་མ་རེད་འདུག་ལགས། སྤུན་ཟླ་ཁ་ཤས་ཞལ་ནས་ཉེས་བཤད་མ་གཏོགས་ལེགས་བཤད་ཁྱོན་ནས་མེད་པ་འདི་ཡག་བ་གཅིག་ཡོང་ས་མ་རེད་བསམ་གྱི་འདུག་་་མི་རིགས་འདི་ལ་སྡུག་པོ་ཉེས་བརྩེགས་ཤིག་རེད་འདུག་བ་
སྤུན་ཟླ་ཚོ། ནང་ཁུལ་དུ་ཁྱོད་སྡུག་ང་འཇིགས་ཀྱི་སྐད་ཆ་དེ་དག་བཞག་ནས། བོད་མི་དམངས་ཀྱི་སྐྱིད་སྡུག་དངོས་ལ་ཕན་པའི་གཏམ་རེ་གསུང་དང་། དེ་ནི་བོད་མི་ཞིག་གི་བདེན་སྡུག་བཤད་སྟངས་ཡིན། དེ་མིན་ཁྱེད་ཤེས། ཁྱེད་ཀྱི་ཅི་ཡང་མི་འཇོན་ཟེར་བ་སོགས་གླེང་དེ་ཉི་མ་ཕུད་ཐུབ་བྱས་པ་ཡིན་ན་དངོས་ནས་སེམས་པ་སྐྱོ་ཡ་རེད།
དཀྲུགས་སྟོབས་རྫོགས། ཁྱོད་འཁྲུལ་འདུག སྐད་ཆ་འདིའི་དོན་དེ་དབུ་མའི་ལམ་གྱི་རྒྱབ་ཏུ་རང་བཙན་གྱི་དམིགས་ཡུལ་ཡོད་པ་རེད་ཟེར་གྱི་ཡོད་མ་རེད། སྐད་ཆ་འདིའི་དོན་དེ་འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་བོད་རང་བཙན་རེད། ཡིན་ནའང་འདས་པ་འདས་ཚར་བ་རེད། དེ་ལ་བཟོ་རྒྱུ་གང་ཡང་ཡོད་མ་རེད། དེ་ལས་མ་འོངས་པ་གལ་ཆེ་གི་རེད། ད་རྒྱ་བོད་མཉམ་གནས་ཡོང་ཐབས་སུ་གཉིས་ཕན་གྱི་ལམ་ཞིག་བཙལ་བ་རེད། དེ་ལ་དབུ་མའི་ལམ་ཟེར་བ་རེད། དབུ་མའི་ལམ་བཤད་ཀྱི་ཡིན་ན་རྨང་གཞི་འདི་ཧ་གོ་དགོས་རེད། ༸གོང་ས་མཆོག་གི་དགོངས་པ་དེ་འདྲ་ཞིག་རེད། དོན་འདི་ང་མཁས་པ་གང་མིན་མོད། ཡོངས་བསྒྲགས་གནང་ཚར་བའི་བཀའ་དགོངས་རེད། དེ་རྒྱ་ནག་གིས་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་རྒྱ་ནག་གིས་འགྲིག་ཐབས་མི་བྱེད་དོན་གཅིག་ནི་འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱེད་དགོས་ཟེར་གྱི་ཡོད་པ་རེད། དེ་ལ་༸གོང་ས་མཆོག་གིས་ངས་ལོ་རྒྱུས་ལ་བཟོ་བཅོས་རྒྱག་ཤེས་ཀྱི་མ་རེད་ཅེས་གསུངས་དང་གསུང་བཞིན་ཡོད་པ་རེད།
མཇལ་འཕྲད་ལམ་ལྷོངས་ཡོང་བར་སྙིང་ནས་སྨོན་ལམ་འདེབས།།
བདེན་བདེན་འཇིགས་བྲལ་བ་རང་གཞན་གཉིས་ཀྱིས།།།།།།།།།།།།།།།།།།།།།།།།།།།།།།།།།།།
མི་ཚེའི་རིང་གསལ་བཤད་འདི་འདྲ་གོ་མྱོང་ཡོད་རྒྱུ་མ་རེད། ཆབ་སྲིད་ཀྱི་ཐད་སྐད་ཆ་ཤོད་ཀྱི་ཡིན་ན་དང་པོ་སྐད་ཆ་ལ་གཟབ་དགོས་པ་རེད། དེ་མ་ཤེས་ན་སྦོ་ལུགས་ཟེར་གྱི་རེད།
ལམ་སྟོན་སེམས་ལ་ཟུངས།
དཱ་ངའི་དུས་ཚོད་དགོས་མེད་དུ་གཏོང་གི་མིན་ལོ།
མི་ཚེའི་རིང་གསལ་བཤད་གསལ་འདི་འདྲ་གོ་མྱོང་ཡོད་རྒྱུ་མ་རེད། ཆབ་སྲིད་ཀྱི་ཐད་སྐད་ཆ་ཤོད་ཀྱི་ཡིན་ན་དང་པོ་སྐད་ཆ་ལ་གཟབ་དགོས་པ་རེད། དེ་མ་ཤེས་ན་སྦོ་ལུགས་ཟེར་གྱི་རེད།
ལམ་སྟོན་སེམས་ལ་ཟུངས།
དཱ་ངའི་དུས་ཚོད་དགོས་མེད་དུ་གཏོང་གི་མིན་ལོ།
ཙི་ཙི་སྐམ་པོ་འདྲ་བའི་འཇིགས་བྲལ་འདི་དངོས་གནས་རྩ་མི་ཚང་བ་རང་རེད། ད་འདིས་ག་རེ་བཤད་ཀྱི་ཡོད་རེད། སྨྱོན་པ་འདིས།
ཙི་ཙི་སྐམ་པོ་འདྲ་བའི་འཇིགས་བྲལ་འདི་དངོས་གནས་རྩ་མི་ཚང་བ་རང་རེད། ད་འདིས་ག་རེ་བཤད་ཀྱི་ཡོད་རེད། སྨྱོན་པ་འདིས།
ཙི་ཙི་སྐམ་པོ་འདྲ་བའི་འཇིགས་བྲལ་འདི་དངོས་གནས་རྩ་མི་ཚང་བ་རང་རེད། ད་འདིས་ག་རེ་བཤད་ཀྱི་ཡོད་རེད། སྨྱོན་པ་འདིས།