མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཇལ་འཕྲད་ཀྱི་ཟླ་ཚེས།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༧ དང་ ༡༨ བར་༧གོང་ས་མཆོག་ཝ་ཤིན་ཊོན་དུ་ཕེབས་སྐབས་སྲིད་འཛིན་ཨོ་བྷ་མར་མཇལ་འཕྲད་གནང་རྒྱུ་རེད།

ཕྱི་ཚེས་ ༤ ཉིན་ཨ་རིའི་ཕོ་བྲང་དཀར་པོས་མགྲིན་ཚབ་པས་ཟླ་འདིའི་ཚེས་ ༡༧ ནས་ ༡༨ བར་༧གོང་ས་མཆོག་ཝ་ཤིན་ཊོན་ལ་ཕེབས་སྐབས་སྲིད་འཛིན་ཨོ་བྷ་མ་མཆོག་གིས་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད།

ཉེ་ཆར་ནས་རྒྱ་ནག་གཞུང་དང་ཨ་རིའི་གཞུང་གི་བར་འགལ་བ་འགྲོ་གཞི་ཁག་ཅིག་ནི། ཨ་རིའི་གཞུང་གིས་ཐའེ་ཝན་ལ་ཨ་སྒོར་དུང་ཕྱུར་ ༦་༤ ཡི་མ་གནས་ཡོད་པའི་གོ་མཚོན་བཙོང་རྒྱུའི་གནད་དོན་དང་། སྲིད་འཛིན་ཨོ་བྷ་མ་༧གོང་ས་མཆོག་ལ་མཇལ་རྒྱུ། གྷོ་གྷལ་གྱི་དོན་རྐྱེན་བཅས་ཀྱི་སྐོར་ཡིན།

སྲིད་འཛིན་ཨོ་བྷ་མ་ལོ་སྔོན་མར་༧གོང་ས་མཆོག་ཝ་ཤིན་ཊོན་དུ་ཕེབས་སྐབས་མཇལ་འཕྲད་གནང་མེད་པའི་ཐད། ཨ་རིའི་གྲོས་ཚོགས་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་བཅས་ཀྱིས་སྐྱོན་བརྗོད་བྱས་ཡོད་ལ། ད་ནི་མཇལ་འཕྲད་མི་གནང་ཐབས་མེད་དུ་གྱུར་ཡོད་སྐོར་སྲིད་དོན་དཔྱད་བརྗོད་པ་དག་གིས་གླེང་གི་ཡོད།

ཨ་རིས་ཐའེ་ཝན་ལ་གོ་མཚོན་བཙོང་རྒྱུའི་གསལ་བསྒྲགས་བྱས་པ་དང་སྦྲགས། རྒྱ་ནག་གཞུང་གིས་དེ་ལ་ངོ་རྒོལ་གྱི་ཆེད་དུ་འབྲེལ་ཡོད་ཨ་རིའི་བཟོ་ཚོང་སྡེ་ཚན་ཁག་ཅིག་གི་ཚོང་འབྲེལ་བཅད་ཡོད་ལ། ཉིན་ཤས་གོང་རྒྱ་ནག་གཞུང་གིས་གལ་སྲིད་༧གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་གཉིས་མཇལ་འཕྲད་གནང་བ་ཡིན་ན་དེ་ལུགས་དང་འཚམ་པའི་ངོ་རྒོལ་གྱི་ལན་སྤྲོད་རྒྱུ་ཡིན་ཚུལ་བཤད་ཡོད།
ད་སྐབས་སྲིད་དོན་དབྱེ་ཞིབ་པ་དག་གིས། ཐེངས་འདིར་སྲིད་འཛིན་ཨོ་བྷ་མ་༧གོང་ས་མཆོག་ལ་མཇལ་བ་དེར་རྐྱེན་བྱས་ཏེ། ལོ་འདིའི་ཕྱི་ཟླ་ ༤ པའི་ནང་སྲིད་འཛིན་ཧུའུ་ཅིན་ཐོ་ཨ་རིར་ཡོང་རྒྱུའི་ལས་རིམ་དེར་གཏོར་སྐྱོན་འགྲོ་རྒྱུ་ཡིན་མིན་ལ་ལྟ་གིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༤ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 69

  1. ཆོས་བཟང་། says:
    ལོ་ 15 སྔོན།

    འཇིགས་བྲལ་ཁྱོད་ལ་རྩ་མ་ཚང་བའི་སྨྱོ་གཏམ་མ་བཤད་ཅེས་བཤད་ན་ཁྱོད་ཞབས་འདྲེན་ཞུ་དགོས་ཟེར་མཁན་ཞིག་རེད། འོ་ན་ད་ཁྱོད་ལ་རྩ་མི་ཚང་བའི་སྨྱོ་གཏམ་ག་རེ་ཡོད་ན་ཤོད། ་ཤོད་། ཤོད།

    Reply
  2. བྱམས་རྒྱལ། says:
    ལོ་ 15 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས་ཧེ་རོ་རེད་འདུག་དང་
    ཨ་ཙི་རྣམ་པ་ཚོས་བགྲོ་གླེང་གནང་ནས་སློབ་སྦྱོང་ཏོག་ཙམ་རགས་སོང་
    ཐུགས་རྗེ་ཆེ་

    Reply
  3. ཆོས་བཟང་། says:
    ལོ་ 15 སྔོན།

    འཇིགས་བྲལ་འདི་རྩ་མ་ཚང་བ་ཆེན་པོ་ཞིག་རེད། ད་འདི་འདྲ་ལོས་ཡིན།

    Reply
  4. ཆོས་བཟང་། says:
    ལོ་ 15 སྔོན།

    འཇིགས་བྲལ་འདི་རྩ་མ་ཚང་བ་ཆེན་པོ་ཞིག་རེད། ད་འདི་འདྲ་ལོས་ཡིན།

    Reply
  5. ཆོས་བཟང་། says:
    ལོ་ 15 སྔོན།

    འཇིགས་བྲལ་འདི་རྩ་མ་ཚང་བ་ཆེན་པོ་ཞིག་རེད། ད་འདི་འདྲ་ལོས་ཡིན།

    Reply
  6. ཆོས་བཟང་། says:
    ལོ་ 15 སྔོན།

    འཇིགས་བྲལ་འདི་རྩ་མ་ཚང་བ་ཆེན་པོ་ཞིག་རེད། ད་འདི་འདྲ་ལོས་ཡིན།

    Reply
  7. སྟོབས་ says:
    ལོ་ 15 སྔོན།

    ནང་དཀྲུགས་ལ་འཇིགས་པ་བྲལ་བས་ན་འཇིགས་བྲལ་ཟེར༧གོང་ས་མཆོག་གི་འདས་པའི་ལོ་རྒྱས་སླར་གསོས་ཆེད་དབུ་མའིལམ་གྱི་སྲིད་བྱུས་བཟུང་བ་མ་རེད།

    Reply
  8. ཆོས་བཟང་། says:
    ལོ་ 15 སྔོན།

    ཨེ། འཇིགས་བྲལ་ཁྱོད་ཀྱིས་འཐུང་ཡོད་ས་རེད། ཁྱོད་ཀྱིས་སྨྱོ་རྟགས་གཏམ་རྐྱང་བཤད་ནས་ག་རེ་ཡིན་ནམ། གྲྭ་སའི་ནང་ཁུངས་མ་འཁྱོལ་བའི་གྲྭ་ལོག་གསར་བའི་རྟགས་བསྟན་འདུག གནས་སྐབས་དེ་ཙམ་ལས་ཞབས་འདྲེན་མ་ཞུས་ན་ཡག་པོ་ཡོད་པ་རེད། ངས་ཁྱོད་ལ་དྲང་མོ་ཡིན།

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དཀྲུགས་སྟོབས་རྫོགས། ཁྱོད་འཁྲུལ་འདུག སྐད་ཆ་འདིའི་དོན་དེ་དབུ་མའི་ལམ་གྱི་རྒྱབ་ཏུ་རང་བཙན་གྱི་དམིགས་ཡུལ་ཡོད་པ་རེད་ཟེར་གྱི་ཡོད་མ་རེད། སྐད་ཆ་འདིའི་དོན་དེ་འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་བོད་རང་བཙན་རེད། ཡིན་ནའང་འདས་པ་འདས་ཚར་བ་རེད། དེ་ལ་བཟོ་རྒྱུ་གང་ཡང་ཡོད་མ་རེད། དེ་ལས་མ་འོངས་པ་གལ་ཆེ་གི་རེད། ད་རྒྱ་བོད་མཉམ་གནས་ཡོང་ཐབས་སུ་གཉིས་ཕན་གྱི་ལམ་ཞིག་བཙལ་བ་རེད། དེ་ལ་དབུ་མའི་ལམ་ཟེར་བ་རེད། དབུ་མའི་ལམ་བཤད་ཀྱི་ཡིན་ན་རྨང་གཞི་འདི་ཧ་གོ་དགོས་རེད། ༸གོང་ས་མཆོག་གི་དགོངས་པ་དེ་འདྲ་ཞིག་རེད། དོན་འདི་ང་མཁས་པ་གང་མིན་མོད། ཡོངས་བསྒྲགས་གནང་ཚར་བའི་བཀའ་དགོངས་རེད། དེ་རྒྱ་ནག་གིས་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་རྒྱ་ནག་གིས་འགྲིག་ཐབས་མི་བྱེད་དོན་གཅིག་ནི་འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱེད་དགོས་ཟེར་གྱི་ཡོད་པ་རེད། དེ་ལ་༸གོང་ས་མཆོག་གིས་ངས་ལོ་རྒྱུས་ལ་བཟོ་བཅོས་རྒྱག་ཤེས་ཀྱི་མ་རེད་ཅེས་གསུངས་དང་གསུང་བཞིན་ཡོད་པ་རེད།

    Reply
  10. སྟོབས་ says:
    ལོ་ 15 སྔོན།

    ཁྱེད་ལ་ནང་དཀྲུགས་བྱེད་པས་ཤེས་ཡོན་གྱི་ནུས་པ་འདུག ། ད་རུང་དཀྲུགས་དང་རྡོ་རྗེས་ཤུགས་ལྡན་གྱི་ནུས་པ་ཁྱེད་འགོས་ཡོད་པའི་ཉེན་ཁ་འདུག་

    Reply
  11. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨེ་འཇིགས་བྲལ་བ་ང་ཅོ་རིས་་ད་ལས་སྐྱོ་པོ་རང་ལབ་མི་འདུག་ཨེ་ཧཧཧཧཧཧཧཧ
    ངས་རྟེན་འབྲེལ་ཞེས་པའི་ཚིག་འདིའི་གོ་བ་བླངས་ཞེས་པ་ལས་ཆོས་ཚིག་ཡིན་མེན་རྩོད་རྒྱག་གིན་ཡིན་ཟེར་མེད་དོ།

    དེང་སང་ཁྱེད་འདྲ་བའི་མི་བུ་འགའ་རེས་་སུ་དང་གང་ལ་མི་བརྟེན་པའི་ཐོག་བོད་རང་དོན་སྒྲུབ་ཐུབ་མདོག་དང་སྒྲུབ་ཀྱི་ཡོད་མདོག་བྱེད་པ་འདི་ནི་དངོས་གནས་ཤེས་རྒྱ་ཆུང་བའི་སྐྱོན་རང་རེད་སྙམ།
    ཨ་རི་ལ་བརྟེན་མ་དགོས་ཡུང་རོ་ལ་བརྟེན་མ་དགོས།་་་་་འོ་ན་མཉམ་འབྲེལ་རྒྱལ་ཚོགས་ལ་ཡང་བརྟེན་གྱིན་མ་རེད་དམ།
    གཞན་ལ་བརྟེན་གཞན་ལ་འབྲེལ་བ་བྱས་ནས་རང་དོན་སྒྲུབ་པར་མ་གཏོགས་དེ་མིན་བོད་རང་དོན་སྒྲུབ་སྟངས་ཤིག་ཡོད་དམ་་་་་་་་་་་་་ལགས།

    Reply
  12. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དཀྲུགས་སྟོབས་རྫོགས། བོད་ཀྱི་འདས་པའི་ལོ་རྒྱུས་རང་བཙན་གཙང་མ་ཡིན་པ་དེ་༸གོང་ས་མཆོག་གིས་མ་རེད་གསུངས་དགོས་པ་རེད་དམ། ༸གོང་ས་མཆོག་གིས་ག་དུས་འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་མ་རེད་གསུངས་འདུག དོན་ངོ་མར་ཁྱོད་རང་གིས་༸གོང་ས་མཆོག་ལ་བོད་ཀྱི་ལོ་རྒྱུས་བཙོང་མཁན་གྱི་ཉེས་པ་བཀལ་འདུག ཞབས་འདྲེན་པ་ཟེར་ན་དེ་འདྲ་ལ་ཟེར་བ་རེད། ད་དུང་མི་ལ་གཅིག་ཤོད་མདོག

    ༸གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་མིན་གསུང་གི་ཡོད་པ་རེད། འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པ་དེ་ངས་བཟོ་བཅོས་བྱེད་ཤེས་ཀྱི་མ་རེད་གསུང་གི་ཡོད་རེད། དེར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཁྱོད་རང་ཚོས་ལོ་རྒྱུས་ཀྱི་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད། ཡིན་ནའང་ང་ཚོའི་ལངས་ཕྱོགས་ཁ་ཁ་རེད། ངས་རང་བཙན་རྩོད་ཀྱི་མེད་གསུངས་ཡོད་པ་རེད།

    དབུ་མའི་ལམ་ཟེར་བ་གང་ཡིན་མི་ཤེས་མཁན་ཟེར་བ་མི་འདི་ཚོ་ལ་ཟེར་བ་རེད།

    Reply
  13. སྟོབས་ says:
    ལོ་ 15 སྔོན།

    སྐྲག་མི་དགོས་ཁྱེད་ཀྱི་རང་མཚང་ཕྱིར་འདོན་མཁན་གཞན་སྟོབས་མ་རེད་རང་སྟོབས་རེད། ངས་བཤདཔའི་སྐད་ཆ་གང་ནས་འགྲིག་མ་སོང ། རྒྱ་ནག་རྒྱུན་དུ་བཤད་པའི་སྐད་ཆ་རེད་མ་རེད།

    Reply
  14. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ད་ནས་བཟུང་ཁྱོད་ཀྱི་མིང་ལ་༼དཀྲུགས་སྟོབས་རྫོགས་༽ཟེར་གྱི་ཡིན། བསྐྱར་འགོད་བྱས་པ་ཀློག དོན་མི་གོ་ན་མི་ལ་དྲིས། ཉིས་སྟོང་དགུ་ལོའི་གསུམ་དུས་གསུང་འཕྲིན་ཀློག

    དཀྲུགས་སྟོབས་རྫོགས་ཟེར་དོན་ནི་ཁྱོད་ལ་ནང་དཀྲུགས་བཟོ་བར་ཤེས་ཡོན་གྱི་ནུས་པ་མི་འདུག་ཟེར་གྱི་ཡོད།

    Reply
  15. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དབུ་མའི་ལམ་གྱི་གཞི་ལམ་འབྲས་གསུམ་གྱི་འགྲོ་སྟངས་ཅི་ཡང་མི་ཤེས་བཞིན་སྐད་ཆ་ཁ་ནས་གང་ཐོན་མ་ཤོད་ལོ། བོད་རང་བཙན་གཙང་མའི་ལོ་རྒྱུས་མི་འདོར་བ་དེ་དབུ་མའི་ལམ་གྱི་སྲོག་ཤིང་རེད། ཡིད་མི་ཆེས་ན་༸གོང་ས་མཆོག་གི་གསུང་འཕྲིན་ལ་སློབ་སྦྱོང་བྱོས་ལོ།

    རྒྱ་གར་གྱི་ནེ་ཧ་རུ་དང་། ཨ་རིའི་ཨོ་བྷ་མ་སོགས་ཀྱིས་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དེ་འདས་དང་ད་ལྟ་གཉིས་ཀ་ལ་ཟེར་གྱི་ཡོད་རེད། དེ་མིན་ན་སྔོན་མ་བོད་རང་བཙན་རེད། ཡིན་ནའང་ད་ལྟ་རྒྱ་ནག་གི་ཆ་ཤས་རེད་ཅེས་པའི་ནང་དོན་ཡོད་པའི་སྐད་ཆ་མགོ་སྔ་མི་མཚུངས་པའི་སྐད་ཆ་དེ་འདྲ་ཡིན་ན་ཨོའུ་ཙི་རེད། དེ་མ་རེད།

    ཧ་མི་གོ་ན་མ་བཤད་ན་ཡག་གི་རེད་ལོ།

    Reply
  16. སྟོབས་ says:
    ལོ་ 15 སྔོན།

    འཇིགས་བྲལ་གྱི་ དབུ་མའི་ལམ་གྱི་སྙིང་དོན་བོད་རང་བཙན་གཙང་མའི་སྲོག་ཤིང་བཟུང་ཡོད་ཟེར་བ་དེས་བོད་རྒྱ་བགྲོས་མོལ་ལ་གྲུབ་འབྲས་འབྱུང་མི་ཐུབ་པ་གནད་འགག་གཅིག་དེ་ལ་ཐུག་ཡོད། སྐད་ཆ་འདིས་ཤུགས་བསྟན་ལ་འང༧་གོང་ས་མཆོག་ཁ་བཤད་དོན་ལ་མི་གནས་པ་ངོས་བཟུང་ཡོད། དཔྱོད་མིག་ཅན་ཚོ་ལྟོས་དང ་གོང་དུ་བཤད་པའི་དབུ་མའི་ལམ་གྱི་སྲོག་སྙིང་རང་བཙན་གཙང་མ་རེད་ཟེར་བ་སྐད་ཆ་འདིས་བོད་ལ་ཕན་ག་གནོད་ཀི་ འཇིགས་བྲལ་ཟེར་བ་མི་བསམ་ནག་ཞིག་རེད

    Reply
  17. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    རེ་བས་ཁ་ཟས་ཇི་ལྟར་བཟའ། །ཅེས་པར་བཅོས་རོགས།

    Reply
  18. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དཀའ་ལས་ཅུང་ཟད་མི་བརྟེན་པར། །
    ཨོ་བྷ་མ་ལ་རེ་བ་བྱེད། །
    ཟླ་འགའི་སྔོན་ལ་ལོ་རྒྱུས་བཙོང་། །
    ད་དུང་བཟོད་པ་ཆེ་མདོག་རེ། །

    ཁ་ལག་ཁ་ཡིས་མི་བཟའ་བར། །
    རེ་བས་ཁ་ཟས་ཇི་ལྟར་ག་ལ་ཐོབ། །
    ཅོ་རི་ཆོས་བཟང་ས་སོགས་པ། །
    བྱེད་སྟངས་འདི་འདྲར་མོས་པ་ཆེ། །

    Reply
  19. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཅོ་རི་བ། ད་ལན་སྐྱོ་པོ་རང་ལབ་མི་འདུག ཡིན་ནའང་རྟེན་འབྲེལ་ཀུན་གྱི་རྒྱལ་པོ་རྒྱུ་འབྲས་རྟེན་འབྲེལ་གྲུབ་དགོས་པ་རེད། དེ་ལ་བོད་མིར་བོད་ཐོབ་པའི་བྱེད་ལས་ཀྱི་རྟེན་འབྲེལ་མ་གྲུབ་ན་ཨོ་བྷ་མས་ཅི་ཕན་གྱི་རེད། ཆོས་ཚིག་བཤད་རེས་བྱེད་ན་བྱེད།

    Reply
  20. ཆོས་བཟང་། says:
    ལོ་ 15 སྔོན།

    ཅོ་རིའི་སྐད་ཆ་དེ་ག་རང་རེད། འཇིགས་བྲལ་གྲྭ་ལོག་གསར་བ་ཡིན་དུས་ད་དུང་བཤད་སྙིང་སྤྲོ་བ་ལས་མགོ་འཚོས་ཀྱི་མེད་པས་རེད། འཇིགས་བྲལ་གནས་སྐབས་ཁ་བཙུམས་ན་ཡག་ས་རེད།

    Reply
  21. lenpa says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་ཁ་རྩོད་མ་རྒྱག་ངས་སྟས་ན་ཨོ་སྦ་མ་ལ་ཁག་ཡོད་ནི་མ་རེད་གང་ཡིན་ཟེར་ན་ཁོང་ལ་ཞི་བདེའི་གཟེང་རྟག་སྤྲད་པའི་ཞི་བའི་སྲིད་དབང་ཅན་གྱི་མི་ཆེན་ཞིག་ལ་བོད་གཅིག་པོ་མ་ཡིན་པར་རྒྱ་ནག་ལ་འང་སྤྲེལ་ལེད་ཞིག་་་་་་་་་་་་་་་་་་་་་

    Reply
  22. ཆོས་བཟང་། says:
    ལོ་ 15 སྔོན།

    ཅོ་རིའི་སྐད་ཆ་དེ་ག་རང་རེད། འཇིགས་བྲལ་གྲྭ་ལོག་གསར་བ་ཡིན་དུས་ད་དུང་བཤད་སྙིང་སྤྲོ་བ་ལས་མགོ་འཚོས་ཀྱི་མེད་པས་རེད། འཇིགས་བྲལ་གནས་སྐབས་ཁ་བཙུམས་ན་ཡག་ས་རེད།

    Reply
  23. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    སྡིག་སྐུལ་མ་བྱེད་ཆོས་མིང་ཅན། །
    སོ་སོས་མི་འགུལ་གཞན་ལ་རེ། །
    ཨ་རིས་རེ་སྟོང་མི་གཏོང་པའི། །
    གདེང་ཚོད་ཅི་ཡོད་ཁོང་ཁྲོ་ཅན། །
    སྔོན་ཡང་ཨ་རིས་དམག་རོགས་བྱས། །
    གལ་ལ་ཐུག་དུས་ཀོ་ཐག་ཀློད། །
    བོད་མི་བལ་པོའི་བཙོན་དུ་ལྷུངས། །
    མ་ཤི་དམྱལ་བ་དེ་ནས་མྱངས། །

    གོ་མྱོང་ངམ།

    Reply
  24. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འཛམ་གླིང་སུ་ལ་ཡང་མ་བརྟེན་ནས་རང་འགོ་ཐོན་པའི་མི་རིགས་ཤིག་ཡིན་ན་སྐྱབས་བཅོལ་ཆགས་ཀྱིས་མ་རེད་ད།་་་འཇིགས་བྲལ་བ།

    རྟེན་འབྲེལ་གྱི་འབྲེལ་བ་མ་ཤེས་པར་ཁྱེད་ལ་ཁག་མེད་ཡ།

    Reply
  25. ཆོས་བཟང་། says:
    ལོ་ 15 སྔོན།

    ཧ་ཅང་གཏམ་བཟང་རེད། ཨ་རི་འདི་ཉམ་ཆུང་སྐྱོབ་པའི་ཕ་མ་ངོ་མ་ཞིག་ཡིན། འཇིགས་བྲལ་ལགས། མ་ཤེས་ཤེས་མདོག་མ་བྱེད། ཁྱོད་ཀྱིས་རྩ་མ་ཚང་བ་མ་བཤད། ཁ་བཙུམ་ན་ཡག་སེ་འདུག

    Reply
  26. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    རང་ལམ་རང་གིས་མི་འཚོལ་བར། །
    གཞན་དག་སྐྱབས་འཛིན་སྙིང་མ་རྗེ། །
    བེད་སྤྱོད་བྱེད་པའི་ཐབས་ཕྱིས་ལ། །
    རེ་བ་བྱེད་འདི་ཁྱོད་འདྲའི་ལུགས། །

    ཅོ་རི་བ། ཡང་༸གོང་ས་མཆོག་གི་མཚན་ཁ་ལ་ཁུར་ནས་ཤོག་དང་། བཀའ་སློབ་རྒྱབ་ལ་བསྐྱུར་ནས་ཤོག་དང་།

    Reply
  27. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    རེ་བ་འདུག་ཟེར་མཁན་ཁྱོད་རང་ལ་རེ་བ་མ་བྱེད་ཟེར་གྱི་ཡོད། དེ་བས་བོད་དོན་བོད་མིས་ཐག་གཅོད་དགོས་པ་རེད་ཟེར་གྱི་ཡོད།

    སུ་ཡང་གང་གིས་ཅོ་་རི་བ་ཁྱོད་ལ་ཅི་ཡང་སྤྲོད་ཀྱི་མ་རེད་ལོ།

    དེ་ཙམ་གྱི་དགའ་སྣང་མ་བྱེད་དང་།

    ལྟད་མོ་ལྟོས་དང་མཐོང་བྱས་པ་རེད། ཨོ་བྷ་མས་ག་རེ་ཟེར་གྱི་འདུག་ང་ཚོ་ཚང་མས་གོ་ཐོས་ཡོང་གི་རེད།

    Reply
  28. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨོ་བྷ་མ་ལ་རེ་བ་མ་བྱེད་སུ་ལ་གསུངས་ཀྱིན་ཡོད་དམ། ༧གོང་ས་མཆོག་ལ་ཞུ་ཡིས་ཡོད་དམ། འོ་ན་ཨོ་བྷ་མ་ལ་རེ་མ་བྱེད་ན་སུ་ལ་བྱེད་དགོས་ཀྱིན་ཡོད་རེད་དམ།
    ཨ་མེ་རི་ཀ་དང་རྒྱ་ནག་གཉིས་དགྲ་བོ་ཁ་གཏད་རེད་ལ་སྟོབས་ཤུགས་འདྲ་མཉམ་རེད།
    ཨོ་བྷ་མས་དགྲ་བོ་རྒྱ་ནག་བཏུལ་བའི་ཆེད་དུ་བོད་བེད་སྤྱོད་མ་བྱེད་རང་བྱེད་རེད་སྙམ།
    ད་རིང་༧གོང་ས་མཆོག་ཨོ་བྷ་མ་མཇལ་འཕྲད་བྱས་རྗེས་སུ་གསར་འགོད་གསར་བསྒྲགས་འདི་འདྲ་ཞིག་གནང་ཡོང་གིན་རེད་སྙམ།
    རྒྱ་ནག་གིས་བྱེད་མི་ཆོག་པ་བཞི་ཞེས་པ་འདི་ངོས་ལེན་གནང་ཐུབ་ཀྱིན་མེད་ཞེས་གསུངས་ཀྱིན་རེད།

    Reply
  29. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འཇིགས་བྲལ་ལགས་།་་་་་་་་་་་དབུ་མའི་ལམ་དུ་ཕྱིན་ཕྱིན་གྱིས་ལྷམ་འགོ་ཟད་ནས་འགྲོ་སོང་། ད་དུང་ཡང་དབུ་མའི་ལམ་གྱི་གཞི་ལམ་འབྲས་བུ་རྣམ་བཞག་ཤེས་མི་ཤེས་ཀྱི་སྐད་ཆ་བཤད་དུས་དངོས་གནས་བོད་མི་ཚོ་ལྐུག་པ་རང་རེད།

    Reply
  30. འཆམ་ར་དྲི་མེད་རྒྱལ་མཚན། says:
    ལོ་ 15 སྔོན།

    ཨོ་བྷ་མའམ་སུ་ཡང་རུང་བོད་མི་རང་གིས་མ་འཇོན་ན་སྐྱབས་མཁན་སུ་ཡང་ཡོད་མ་རེད་དོ།
    དེ་སྔོན་གྱི་ང་ཚོའི་ལོ་རྒྱུས་ལ་གཟིགས་དང་།

    དེ་སྔོན་༧གོང་ས་མཆོག་ཡོད་བཞིན་དུ་འདི་ལྟར་ལུས་ཡོད།
    ད་སུ་ཡིས་ཀྱང་ངན་སྒུག་བྱས་ནས་བསྡད་འདུག་དྲན་གྱི་འདུག

    Reply
  31. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    བོད་མིས་ཨོ་བྷ་མ་ལ་རེ་བ་མ་བྱེད། ཨོ་བྷ་མས་ཨ་རིའི་ཚོང་གི་ཁེ་ཕན་བཞག་ནས་བོད་ལ་གང་ཡང་བྱེད་ཀྱི་མ་རེད། ༸གོང་ས་མཆོག་ལ་མཇལ་ནས་སོ་སོའི་ཞི་བདེའི་གཟེངས་རྟགས་དེ་རིན་ཐང་ཆེ་རུ་གཏོང་འདོད་པ་རེད། དེ་བས་བོད་མི་ཚོས་རང་ལམ་རང་གིས་འཚོལ་དགོས་པ་རེད་ཅེས་པ་དེ་ཡིན། དེར་བརྟེན་ད་ལྟ་ཨ་རི་དང་། ཡུ་རོབ་སོགས་སུ་ལ་ཡིན་ནའང་རེ་བ་ཆེན་པོ་བྱེད་རིན་ཡོད་མ་རེད། མང་ཚོགས་དང་། ལྷག་པར་ང་གཅིག་ཡིན་སེམས་མཁན་ཚོས་སོ་སོའི་ས་ནས་ཤེས་བྱ་ཡོན་ཏན་ཡར་རྒྱས་གཏོང་རྒྱུ་དང་། ཤེས་ཡོན་དེས་བོད་མི་མང་ཚོགས་ལ་བོད་དོན་བོད་མིས་རྩོད་དགོས་པའི་གནས་ལུགས་དང་། ཇི་ལྟར་རྩོད་དགོས་པ་ལམ་སྟོན་བྱེད་དགོས་པ་རེད། ཅེས་བཤད་ཀྱི་ཡོད།

    Reply
  32. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་ལ་ཨོ་བྷ་མ་མཇལ་འཕྲད་གནང་རྒྱུ་ཡིན་པ་དེ་གཏན་འཁེལ་བ་རེད། ཡིན་ནའང་ཨ་རྒྱ་གཉིས་ཀྱི་ཛ་དྲག་པའི་འཐབ་རྩོད་འདིའི་ཁྲོད་དུ་བོད་ཀྱི་རིན་ཐང་གང་འདྲ་ཞིག་ཆགས་ཀྱི་ཡོད་ན། ངས་བསམས་ན་མཇལ་འཕྲད་འདིས་བོད་དོན་གླེང་སློང་ཡོང་བར་ཕན་ངེས། ཡིན་ནའང་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་ལ་གོ་མཚོན་བཀག་བསྡོམས་བྱས་ཡོད་པ་དེ་རིང་མིན་ཕྱིར་འཐེན་བྱེད་ཉེན་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད། གལ་ཏེ་གནས་ཚུལ་འདི་དོན་དངོས་ཤིག་ཏུ་གྱུར་པ་ཡིན་ན་ཨ་རིས་རྒྱ་ནག་གི་ངོ་སྲུང་བྱེད་ཤུགས་ཆེ་རུ་འགྲོ་ངེས་རེད་ལ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བོད་དོན་འདི་ཡང་རིན་ཐང་ཇེ་ཆུང་དུ་འགྲོ་གི་རེད།

    Reply
  33. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དབུ་མའི་ལམ་གྱི་གཞི་ལམ་འབྲས་གསུམ་གྱི་འགྲོ་སྟངས་ཅི་ཡང་མི་ཤེས་བཞིན་སྐད་ཆ་ཁ་ནས་གང་ཐོན་མ་ཤོད་ལོ། བོད་རང་བཙན་གཙང་མའི་ལོ་རྒྱུས་མི་འདོར་བ་དེ་དབུ་མའི་ལམ་གྱི་སྲོག་ཤིང་རེད། ཡིད་མི་ཆེས་ན་༸གོང་ས་མཆོག་གི་གསུང་འཕྲིན་ལ་སློབ་སྦྱོང་བྱོས་ལོ།

    རྒྱ་གར་གྱི་ནེ་ཧ་རུ་དང་། ཨ་རིའི་ཨོ་བྷ་མ་སོགས་ཀྱིས་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དེ་འདས་དང་ད་ལྟ་གཉིས་ཀ་ལ་ཟེར་གྱི་ཡོད་རེད། དེ་མིན་ན་སྔོན་མ་བོད་རང་བཙན་རེད། ཡིན་ནའང་ད་ལྟ་རྒྱ་ནག་གི་ཆ་ཤས་རེད་ཅེས་པའི་ནང་དོན་ཡོད་པའི་སྐད་ཆ་མགོ་སྔ་མི་མཚུངས་པའི་སྐད་ཆ་དེ་འདྲ་ཡིན་ན་ཨོའུ་ཙི་རེད། དེ་མ་རེད།

    ཧ་མི་གོ་ན་མ་བཤད་ན་ཡག་གི་རེད་ལོ།

    Reply
  34. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རེ་བ་འདུག

    Reply
  35. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཨ་རིས་གྲོས་ཚོགས་ཀྱིས་བཙན་དབང་གིས་བདག་བཟུང་བྱས་པའི་རྒྱལ་ཁབ་གཅིག་ཡིན་པའི་གྲོས་ཆོད་བཞག་ཡོད་པ་རེད། དེ་ནུས་མེད་དུ་ཨོ་བྷ་མས་བཏང་བ་རེད། དེ་བཞིན་ཨོ་བྷ་མ་ལ་མ་ཐུག་བར་ཨ་རིའི་སྲིད་འཛིན་རིམ་པ་སུས་ཀྱང་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་ཡོངས་བསྒྲགས་བྱས་ཡོད་མ་རེད། ཡིན་ནའང་ཨོ་བྷ་མས་ལམ་ལུགས་དེ་གཏོར་བ་རེད། དཱ་ཨོ་བྷ་མ་ལ་རེ་བ་འདུག་གམ།

    Reply
  36. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ང་ཚོ་རྒྱ་མི་རེད་ཟེར་ན་ཡང་ངུ་མི་དགོས།
    ང་ཚོར་རང་བཙན་མེད་ཟེར་ན་ཡང་ངུ་མི་དགོས།
    ང་ཚོས་དམར་ཕྱོགས་ལ་བསླབ་པ་སློབ་གཉེར་བྱས་ཀྱིན་ཡིན་ཟེར་ན་ཡང་ངུ་མི་དགོས།

    འོ་ན་ད་ག་རེ་བྱས་ན་ངུ་དགོས་རེད་དམ།

    Reply
  37. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་གཞུང་དམར་ཕྱོགས་ཆགས་ན་ངུ་མི་དགོས་པ་འོ་ན་དགོད་དགོས་ནི་རེད་དམ།

    Reply
  38. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཆུ་ཐིགས་སྔོན་མོ། འཆར་གཞི་ཡོད་པའི་སྒོ་ནས་སྐད་ཆ་ཤོད་རྒྱུ་ཡིན་ཙང་། ད་བར་ཨོ་བྷ་མའི་སྲིད་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་གང་འདྲ་ཞིག་ཡོད་མིན་ལ་བལྟས་ནས་སྐད་ཆ་དེ་བཤད་པ་ཡིན།

    ཨོ་བྷ་མ་མཇལ་ན་༸གོང་ས་མཆོག་རྟོག་པ་མཐོ་རུ་འགྲོ་གི་ཡོད་པའི་ཟོལ་འདྲ་བོ་དེ་འདྲ་མ་ཤོད་ལོ།
    སྐད་ཆ་ཤོད་འདོད་ན་བཤད་སྟངས་ཤེས་དགོས་རེད་ལོ།
    མ་ཤེས་ན་ང་ལ་དྲིས་སློབ་ཆོག ངོ་ཚ་དགོས་པ་མ་རེད་ལོ།

    Reply
  39. སྟོབས་ says:
    ལོ་ 15 སྔོན།

    འཇིགས་བྲལ་གྱི་ལུང་དྲང་བ་དེ་ཨོ་བྷ་མ་རྒྱ་ནག་དང་འཇལ་འཕྲིན་བྱས་པའི་སྐད་ཆ་རེད ། ང་ཚོ་བོད་ཀྱི་དམིགས་ཡུལ་ངོ་མ་དེ་༧་གོང་ས་མཆོག་གི་སྲིད་བྱུས་ལམ་དབུ་མ་རེད་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དེ་ཨོ་བྷ་མ་གཅིག་པོ་མ་རེད ། རྒྱ་སྤྱི་ངོས་འཛིན་བྱས་ཟིན་པ་རེད་

    Reply
  40. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ངས་སྐད་ཆའི་དོན་ནི་བོད་མིས་ཨོ་བྷ་མ་ལ་རེ་བ་མ་བྱེད། ཨོ་བྷ་མས་ཨ་རིའི་ཚོང་གི་ཁེ་ཕན་བཞག་ནས་བོད་ལ་གང་ཡང་བྱེད་ཀྱི་མ་རེད། ༸གོང་ས་མཆོག་ལ་མཇལ་ནས་སོ་སོའི་ཞི་བདེའི་གཟེངས་རྟགས་དེ་རིན་ཐང་ཆེ་རུ་གཏོང་འདོད་པ་རེད། དེ་བས་བོད་མི་ཚོས་རང་ལམ་རང་གིས་འཚོལ་དགོས་པ་རེད་ཅེས་པ་དེ་ཡིན། དེར་བརྟེན་ད་ལྟ་ཨ་རི་དང་། ཡུ་རོབ་སོགས་སུ་ལ་ཡིན་ནའང་རེ་བ་ཆེན་པོ་བྱེད་རིན་ཡོད་མ་རེད། མང་ཚོགས་དང་། ལྷག་པར་ང་གཅིག་ཡིན་སེམས་མཁན་ཚོས་སོ་སོའི་ས་ནས་ཤེས་བྱ་ཡོན་ཏན་ཡར་རྒྱས་གཏོང་རྒྱུ་དང་། ཤེས་ཡོན་དེས་བོད་མི་མང་ཚོགས་ལ་བོད་དོན་བོད་མིས་རྩོད་དགོས་པའི་གནས་ལུགས་དང་། ཇི་ལྟར་རྩོད་དགོས་པ་ལམ་སྟོན་བྱེད་དགོས་པ་རེད། ཅེས་བཤད་ཀྱི་ཡོད།
    ལུང་བསྟན་མིན་མོད། ལྟད་མོ་ལྟོས་ཨང་།
    ངུ་དགོས་དོན་ཅི་འདུག

    Reply
  41. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    གཏམ་བཟང་རེད་་་་་སྐབས་དེར་ཨོ་བྷ་མས་གཏམ་བཤད་ཅི་ཡོད་ལ་བལྟས་མ་བལྟས་མི་འདུག་་་་གཙོ་བོ་མཇལ་ཐུབ་པ་དེ་ཧ་ཅང་གི་ཡག་པོ་རེད་་་་་སྐད་ཆ་ག་རེ་བཤད་ན་ཁོང་ཚོའི་བསམ་བློའི་འཆར་གཞི་དང་དམིགས་ཡུལ་ཡོད་པའི་སྒོ་ནས་བཤད་རྒྱུ་ལས་གློ་བུར་བའི་སྐད་ཆ་དེ་འདྲ་བཤད་རྒྱུུ་མ་རེད་་་་་སྐབས་དེར་དེ་འདྲའི་སྐད་ཆ་མ་བཤད་ཀྱང་ལྟ་བ་དེ་ཡོད་དུས་གཅིག་པ་རེད

    Reply
  42. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འཇིག་བྲལ་ལགས། ་་་་་་་་ཕྱག་གསུམ་མཚལ་ནས་ངུ་ན་དགའ་ལེ་རེད་དམ།

    Reply
  43. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    འཇིགས་བྲལ་ལགས་ཁྱེད་ཀྱིས་ལུང་བསྟན་འདྲ་བོ་བཤད་ནས་ཅི་ཕན། བོད་ཀྱི་རྩ་དོན་ལ་དངོས་སུ་མ་ཕན་ཡང་བརྒྱུད་ནས་ཕན་ངེས་རེད། བོད་རྩ་དོན་ལ་མ་ཕན་ཡང་༧གོང་ས་མཆོག་གི་མཚན་སྙན་རྒྱས་ན་དེའི་འགྲིག་གི་བསམ།

    Reply
  44. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཨོ་བྷ་མས་༸གོང་ས་མཆོག་དང་ལྷན་དུ་མཇལ་འཕྲད་གནང་གྲུབ་རྗེས་གསར་འགོད་གསལ་བསྒྲགས་འདི་འདྲ་ཞིག་བྱས་མི་ཡོང་ངམ།
    བོད་ནི་ཀྲུང་གོའི་ཆ་ཤས་རེད། དེ་ལ་ང་ཚོས་བརྩི་བཀུར་བྱེད་ཀྱི་ཡོད། ཡིན་ནའང་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་གྲོས་མོལ་བྱས་ཏེ་བོད་མི་རིགས་ཀྱི་ཆོས་ལུགས་དད་མོས་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སེལ་ཐབས་བྱེད་དགོས་པ་རེད། ཅེས་བཤད་ན་ག་རེ་བྱེད་དགོས་རེད།

    Reply
  45. སྟོབས་ says:
    ལོ་ 15 སྔོན།

    ༧་གོང་ས་མཆོག་གི་སྐུ་ཚེ་བརྟན་ཤོག ། །
    གངས་ཅན་བོད་མིའི་རླུང་རྟ་རྒྱས་པར་ཤོག། །
    གཞིའི་བྱེས་ལྷན་འཛོམས་དུས་ཀྱི་ལོ་སར་ལ ། །
    ཕོ་བྲང་དམར་པོའི་བང་ནས་གླུ་ཞིག་ལེན། །

    Reply
  46. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཨེ་བདེན་ན། དཀོན་མཆོག་མཁྱེན་གདན་ས་གསུམ་གྱིས་ཞབས་རིམ་རེ་བཏོན་ན་ད་ཅིག་འགྲིག་གི་ཡོད་ཁུ་བསམ། མིན་རྩ་དོན་ཕྱོགས་ནས་ཕལ་ཆེར་གཅིག་ཡིན་རྒྱུ་རེད་བསམ་གི

    Reply
  47. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སུ་ཡིས་གསུངས་པ་རེད་ཞེས་བཅོས་རོགས

    Reply
  48. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་ལ་ཨོ་བྷ་མ་མཇལ་འཕྲད་གནང་རྒྱུ་ཡིན་པ་དེ་གཏན་འཁེལ་བ་རེད། ཡིན་ནའང་ཨ་རྒྱ་གཉིས་ཀྱི་ཛ་དྲག་པའི་འཐབ་རྩོད་འདིའི་ཁྲོད་དུ་བོད་ཀྱི་རིན་ཐང་གང་འདྲ་ཞིག་ཆགས་ཀྱི་ཡོད་ན། ངས་བསམས་ན་མཇལ་འཕྲད་འདིས་བོད་དོན་གླེང་སློང་ཡོང་བར་ཕན་ངེས། ཡིན་ནའང་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་ལ་གོ་མཚོན་བཀག་བསྡོམས་བྱས་ཡོད་པ་དེ་རིང་མིན་ཕྱིར་འཐེན་བྱེད་ཉེན་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད། གལ་ཏེ་གནས་ཚུལ་འདི་དོན་དངོས་ཤིག་ཏུ་གྱུར་པ་ཡིན་ན་ཨ་རིས་རྒྱ་ནག་གི་ངོ་སྲུང་བྱེད་ཤུགས་ཆེ་རུ་འགྲོ་ངེས་རེད་ལ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བོད་དོན་འདི་ཡང་རིན་ཐང་ཇེ་ཆུང་དུ་འགྲོ་གི་རེད།

    Reply
  49. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཕྱི་ཚེས་ ༡༧ དང་ ༡༨ བར་༧གོང་ས་མཆོག་ཝ་ཤིན་ཊོན་དུ་ཕེབས་སྐབས་སྲིད་འཛིན་ཨོ་བྷ་མར་མཇལ་འཕྲད་གནང་རྒྱུ་རེད། ཞེས་སུ་གསུངས་པ་རེད་དམ།
    རྒྱ་ནག་གཞུང་གིས་སྐུ་ཚབ་གཉིས་ལ་༧གོང་ས་མཆོག་ཨོ་བྷ་མར་མཇལ་འཕྲད་བྱེད་མི་ཆོག་ལབ་ཡོད་རེད།

    Reply
  50. འཆམ་ར་དྲི་མེད་རྒྱལ་མཚན། says:
    ལོ་ 15 སྔོན།

    དེ་ནི་དགེ་མཚན་ལྡན་པ་ཞིག་རེད་ལ།
    རྒྱ་ནག་ལ་མཚོན་ན་རྣག་ཐོག་གཙག་ཁེལ་ཞིག་ཀྱང་རེད།
    ཡིན་ནའང་ཨོ་བྷ་མའི་སྲིད་བྱུས་འདི་ཧ་ཅང་གཏིང་ཟབ་ཅིག་རེད་སྙམ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese