མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་གསར་གཏོང་གི་བསླེབས་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཀན་ལྷོ་བསང་ཆུ་རྫོང་གི་སྒྱུ་རྩལ་ཚོགས་པ་ལོ་གསར་གྱི་འཁྲབ་སྟོན་བྱེད་པར་སུད་སིར་འབྱོར་འདུག

ཕྱི་ཚེས་ ༨ ཉིན་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་ལྟར་ན། བསང་ཆུ་རྫོང་གི་གླུ་གར་ཚོགས་པ་དེ་སུད་སིའི་ ལེ་ཁུ་ རྫུ་རི་ཆུ་ ཞེས་པར་འབྱོར་ཏེ། ཕྱི་ཚེས་ ༦ ཉིན་བོད་ལྕགས་སྟག་ལོའི་ལོ་གསར་གྱི་གླུ་གར་འཁྲབ་སྟོན་བྱས་ཡོད་འདུག་ལ། འཁྲབ་སྟོན་མཛད་སྒོ་དེར་སུད་སིར་ཡོད་པའི་རྒྱ་རིགས་སློབ་མ་དང་རྒྱ་རིགས་མང་ཚོགས། རྒྱལ་སྤྱིའི་གྲོགས་པོ་འདྲ་མིན་སོགས་མི་གྲངས་ ༣༥༠ བསླེབས་ཡོད་པར་བཤད།

འཁྲབ་སྟོན་པ་རྣམས་ཀྱིས་སོ་སོར་འདི་ལྟའི་འཁྲབ་སྟོན་གྱི་གོ་སྐབས་ཤིག་རག་པར་དགའ་སྤོབས་ཆེན་པོ་བྱུང་ཚུལ་གླུ་གར་ཚོགས་པ་དེའི་མགོ་ཁྲིད་ཀྱིས་བཤད་འདུག

སུད་སིར་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ ལིང་ཅན་ཆོན་ ཟེར་བས་ཁོང་ཚོར་འཚམས་འདྲི་བྱས་ཡོད་ལ། གླུ་གར་ཚོགས་པ་འདིས་ད་དུང་ Liechtenstein ཞེས་པའི་ས་གནས་ནས་ཀྱང་འཁྲབ་སྟོན་བྱ་རྒྱུ་ཡིན་འདུག

གླུ་གར་ཚོགས་པ་འདིས་བོད་ལྕགས་སྟག་ལོའི་ལོ་གསར་ཁྱེར་ནས་ཡུ་རོབ་ལ་བསླེབས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༢ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༥ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 6

  1. གླིང་ཚང་བྱ་གླག says:
    ལོ་ 16 སྔོན།

    ཁོང་ཚོ་ནམ་རྒྱུན་འཁྲབ་སྟོན་པ་ཞིག་ཡིན་ནམ། ཡང་ན་རྒྱ་ནག་ཀྱིས་དམིགས་བསལ་བཀོད་བསྒྲིགས་བྱས་པ་ཞིག་ཡིན་ན།
    གལ་སྲིད་གནས་ཚུལ་དེ་ཚོ་ཤེས་ན། ཁོང་ཚོའི་དམིགས་ཡུལ་དེ་ཡང་ཤེས་ཐུབ་ཀྱི་རེད།

    Reply
  2. གླིང་ཚང་བྱ་གླག says:
    ལོ་ 16 སྔོན།

    ཁོང་ཚོ་སླེབས་པ་དེ་ཁོང་ཚོ་བསམ་བཞིན་དུ་འོང་བ་ཡིན་ནམ། ཡང་ན་རྒྱ་དམར་ཀྱིས་ཁོང་ཚོ་མི་འདོད་བཞིན་དུ་བཏང་ཡོད་ན།

    Reply
  3. སེམས་བཟང་། says:
    ལོ་ 16 སྔོན།

    ང་ཚོ་བོད་པ་ཚོར་མིའི་ཀླད་པ་ངོ་མ་ཞིག་ཡོད་པ་ཡིན་ན། ཀན་ལྷོ་བསང་ཆུ་རྫོང་གི་སྒྱུ་རྩལ་ཚོགས་པ་ལོ་གསར་གྱི་འཁྲབ་སྟོན་བྱེད་པར་སུད་སིར་འབྱོར་བ་རྣམས་ལ་ངོ་རྒོལ་བྱེད་ཉེན་གྱི་མ་རེད། ཁོ་ཚོ་ག་རེས་བཏངས་པ་དང་གང་ཞིག་བྱེད་དུ་བཏང་བ་ཡིན་པ་ནི། ཞིན་ཧྭ་གསར་ཁང་གི་གསལ་བསྒྲགས་དང་སུད་སིའི་རྒྱ་ནག་གཞུང་ཚབ་ཀྱིས་འཚམས་འདྲི་བྱས་པ་དག་གིས་ཤེས་ཤེས་པ་རེད། གལ་སྲིད་ང་ཚོས་ཁོ་ཚོར་ངོ་རྒོལ་འདྲ་བྱས་པ་ཡིན་ན་རྒྱ་གཞུང་གི་དགོས་དམིགས་བླ་ལྷག་ཏུ་གྲུབ་ཅིང་། བོད་པ་དེ་ཚོ་སེམས་ཕམ་ནས་ལོག་འགྲོ་གི་རེད། དེ་ལས་ང་ཚོ་བོད་རིགས་སྤུན་ཟླ་ནང་ཚོགས་རྣམས་ཕན་ཚུན་ཐུག་འཕྲད་ཀྱིས་སྐྱིད་སྡུག་གི་སྐད་ཆ་འདྲ་བཤད་ཀྱིན་བསྡད་པ་ཡིན་ན་ཕན་ཚུན་གྱི་དངོས་ཡོད་གནས་ཚུལ་མང་པོ་ཞིག་རྒྱུས་ལོན་བྱུང་སྟེ་དོན་དངོས་ཀྱི་བོད་རིགས་སྤུན་ཟླ་ཆགས་ནས་འབྱུང་འགྱུར་གྱི་ལས་ཀ་མང་པོར་མཉམ་ཞུགས་བྱ་ཐུབ་ཀྱི་རེད།

    Reply
  4. ཙན་དན་ལོ་མ། says:
    ལོ་ 16 སྔོན།

    ཁོང་ཚོར་གོ་སྐབས་ཕྲན་བུ་སྤྲད་པ་རེད། དོན་དངོས་སུ་འདི་ནི་ཁོ་ཚོའི་ཐོབ་ཐང་རེད། བོད་ནང་གི་ཟློས་གར་ཚོགས་པ་སུ་འདྲ་ཞིག་ཡིན་ནའང་ཕྱི་རྒྱལ་འགྲོ་བ་དང་ཕྱི་རྒྱལ་ལ་སོང་ནས་འཁྲབ་སྟོན་བྱེད་རྒྱུའི་ཐོབ་ཐང་སྔ་མོ་ནས་ཡོད་འོས་པ་རེད། དེའི་ཕྱིར་རང་གི་ཐོབ་ཐང་རང་ལ་སྤྲད་པར་རྒྱ་ནག་གཞུང་ལ་ཐུགས་རྗེ་ཆེ་ཞུས་དགོས་དོན་ཡོད་པ་མ་རེད། ཕྱི་རྒྱལ་ལ་འགྲོ་ཆོག་པ་ཁོ་ཚོའི་ཐོབ་ཐང་རེད། འདི་ཁྲིམས་འགལ་གྱི་གནད་དོན་གཅིག་ལྷག་ཡོད་པ་ནི་ཟློས་གར་ཚོགས་པ་འདི་བཞིན་རྒྱ་ནག་གིས་ཆབ་སྲིད་དྲིལ་སྒྲིག་ལ་བེད་སྤྱོད་བཞིན་པ་དེ་རེད། བོད་མི་འདི་ཚོ་བསམ་བློའི་རང་དབང་ཡོད་པ་མ་རེད། ཐ་ན་རང་གི་ཐོབ་ཐང་རང་ལ་སྤྲད་པར་ཐུགས་རྗེ་ཆེ་ཞུ་དགོས་ཐུག་པ་ལྟ་བུ་རེད།

    Reply
  5. སྟོབས་ says:
    ལོ་ 16 སྔོན།

    རྒྱ་ནག་གཞུང་དང་འབྲེལ་ནས་ཡོང་པ་ཡིན་ན་འདྲ་སྒེར་གྱི་ཚོགས་པ་ཞིག་གི་ངོས་ནས་ཡོང་བ་ཡིན་ན་འདྲ། མི་བརྒྱ་འཚོགས་སྟོང་འདུས་ཡོད་སར་ཁོང་ཚོའི་འཁྲབ་སྟོན་བྱེད་སྐབས་མི་མཐུན་པའི་རྣམ་འབྱོར་དང་ངོ་རྒོལ་བྱེད་མི་ཉིན། བོད་མི་གཅིག་སྒྲིལ་དང་ཆ་མཐུན་ལ་ཧ་ཅིང་གནོད་ཀི་རེད་ རྒྱ་ནག་གིས་ཕྱི་སྡོད་བོད་མི་དང་གཞིའི་བཞུགས་བོད་གཉིས་་ལ་བསམ་བློ་ཁ་ཁར་གཏོང་བས་དམིགས་ཡུད་ཡིན་སྲིད་

    Reply
  6. བཀྲ་ཤིས་སྒྲོལ་མ། says:
    ལོ་ 16 སྔོན།

    ཁོང་ཚོ་འདིར་ཡོང་ནས་གླུ་གར་འཁྲབ་སྟོན་བྱེད་བཞིན་ཡོད་་པ་རེད། ལོ་གསར་བའི་ལེགས་སྐྱེས་ཡོ་རོབ་མི་མང་ལ་གླུ་གཞས་འཁྲབ་སྟོན་གྱི་རྣམ་པའི་སྟེང་ནས་ཁྱེར་ཏེ་ཡོང་ཡོད་པ་ཡིན། འོན་ཀྱང་འདི་ཚོ་་གནད་དོན་མ་རེད། ཁོང་ཚོས་ཅི་ཞིག་བྱེད་ཀྱི་ཡོད་མེད་དང་གང་དུ་སོང་བ་དང་འགྲོ་རྒྱུ་ཡིན་མིན་ཡང་གཙོ་བོ་མ་རེད། གཙོ་བོ་ཁོང་ཚོ་སུ་ཞིག་གི་མགྲིན་ཚབ་བྱས་ནས་ཡོང་ཡོད་མེད་དང་། ཁོང་ཚོ་ཡོང་དགོས་པའི་དམིགས་ཡུལ་གྱི་སྟེང་ན་གནད་དོན་ཡོད་པ་རེད།
    འདི་ལ་ཐབས་ཤེས་གཅིག་རང་གཅིག་ཡོད་པ་རེད། སུད་སིར་གནས་སྡོད་ཀྱི་བོད་མི་རྣམས་གྱིས་ཁོང་ཚོར་སྣེ་ལེན་ལེགས་པོ་བྱེད་དགོས་པ་རེད། ཁོང་ཚོར་གསོལ་སྟོན་བྱམས་དགོས་པ་རེད། དེ་ནས་ཁོང་ཚོ་ཡོང་བའི་རྒྱུད་རིམ་འདྲི་དགོས་་པ་རེད། ད་གཟོད་ང་ཚོའི་བསམ་བློ་གཏོང་ས་ཞིག་དང་ལས་དོན་སྒྲུབ་ཕྱོགས་ཤིག་རྙེད་ཀི་རེད། འདིའི་མིང་ལ་དམག་དོན་གཞུང་ལུགས་ནང་དུ་༼འཛིན་སླད་དུ་ཅུང་ཙམ་མངགས་པ་༽ཞེས་གསལ་བ་རེད། ཐབས་འདི་བཀོལ་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese