མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་སར་མྱ་ངན་གྱིས་སྲུང་གཙི་བྱ་རྒྱུ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ངྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་འདི་ལོ་བོད་ལྕགས་སྟག་ལོའི་ལོ་སར་དེ་མྱ་ངན་གྱི་རྣམ་པས་སྲུང་གཙི་བྱ་རྒྱུ་ཡིན་ཟེར།

ཕྱི་ཚེས་ ༨ ཉིན་གྱི་ཞོགས་པར་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ངྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་འདི་ལོ་ལོ་གསར་མི་གཏོང་བའི་ཐད་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་ལ། སྐབས་དེར་ས་གནས་གཞོན་ནུའི་དྲུང་ཆེ་བློ་བཟང་བཟོད་པ་ལགས་ཀྱིས་གསུངས་དོན།  རྒྱ་ནག་གི་བཙན་གནོན་འོག་བོད་གཞུང་མང་བཙན་བྱོལ་ཏུ་གྱར་ནས་མི་ལོ་ ༥༠ རྫོགས་ལ་ཉེ་བ་དང།  ལྷག་པར་དུ་གཞིས་སྡོད་བོད་མི་རྣམས་ཀྱིས་སོ་སོའི་ཚེ་སྲོག་ཀྱང་འཕངས་མེད་དུ་བཏང་སྟེ། རྒྱ་གཞུང་ལ་ངོ་རྒོལ་རབས་དང་རིམ་པར་བྱས་པ་མ་ཟད། ༢༠༠༨ ལོར་བོད་ཆོལ་གསུམ་གྱི་བོད་མི་ཚོས་མ་སྐུལ་དང་བླངས་ཀྱིས་ངོ་རྒོལ་བྱས་པར་རྒྱ་ནག་གིས་ཡ་ང་སྙིང་རྗེ་མེད་པར་དྲག་མཚོན་བེད་སྤྱད་དེ་དམར་གསོད་དང་བཙོན་འཇུག་བྱས་ཤིང་།  ༢༠༠༩ ལོར་སྔར་ལས་ལྷག་པའི་ཉེས་མེད་དམར་གསོད་དང་མི་མངོན་པའི་དྲག་གནོན། ཚད་ལས་བརྒལ་བའི་ཁྲིམས་ཆད། དེ་མིན་བོད་ཀྱི་རྩོམ་པ་པོ་དང་ཤེས་ལྡན་པ་གང་མང་ཞིག་གར་སོང་ཆ་མེད་དུ་གྱུར་བ་སོགས་ཡ་ང་བའི་གནས་སྟངས་སུ་གྱུར་ཡོད་སྟབས། དེ་ལྟ་བུའི་མནར་གཅོད་དང་གདུག་རྩུབ་ཀྱི་ལོ་ཟླའི་ནང་གཞིས་ལུས་བོད་མི་ཚོས་རང་ཉིད་ཀྱི་མངོན་འདོད་ཕྱིར་སྟོན་བྱ་ཆེད་དུ་ ༢༠༡༠ བོད་ལྕགས་སྟག་ལོའི་ལོ་སར་ཡང་མྱ་ངན་གྱི་རྣམ་པས་སྲུང་གཙི་བྱ་རྒྱུ་ཡིན་འདུག་ལ། བོད་གཞུང་བཀའ་ཤག་གིས་ཀྱང་ཆོས་ཕྱོགས་ཀྱི་མཛད་སྒོ་རྒྱུན་སྲོལ་ལྟར་གནང་བ་མ་གཏོགས། བག་ཡངས་ཀྱི་ལོ་སར་ལ་མི་རོལ་བའི་གསལ་བསྒྲགས་བསྐྱངས་ཟིན་པ་ལྟར། ང་ཚོའི་ངོས་ནས་ཀྱང་རང་གཞུང་དང་གཞིས་སྡོད་མི་མང་གི་སྡུག་བསྔལ་ལ་ངོས་འཛིན་ཐོག  འདས་ཟིན་པའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་མཚོན་ཕྱིར་མྱང་ངན་གྱི་སྲུང་གཙི་བྱ་རྒྱུ་ཡིན་ལ། མི་མང་གི་ངོས་ནས་ཀྱང་ལོ་སར་གྱི་ཉིན་འདི་འགའི་རིང་ཝུ་ཆང་དང་གླུ་གར། གཟབ་མཆོར་སྤྲས་པ་སོགས་མི་བྱ་བར་བོད་ཀྱི་བདེན་དོན་གྱི་ཆེད་དུ་འདས་ཟིན་པ་དང་བཙོན་དུ་ཚུད་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མཆོད་འབུལ་བྱ་རྒྱུའི་འབོད་སྐུལ་ཡང་གནང་སོང།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 4

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ལགས་སོ

    Reply
  2. བྱ་གླག says:
    ལོ་ 16 སྔོན།

    གནམ་ལོ་གསར་དུ་བཞད་པ་ལ་སྤྱི་གཏང་བྱས་ན་སྲུང་བརྩི་ཞུ་དགོས་ངེས་རེད། འོན་ཀྱང་ང་ཚོའི་ཕྱི་སྡོད་བོད་མི་རྣམས་ལ་གཙོ་བོ་མིག་དཔེ་བལྟ་དགོས་པ་ཡིན་དུས། ཁོང་རྣམས་ཀྱིས་བློ་སྤོབས་ཆེན་པོའི་ངང་ནས་ད་ལོའི་ལོ་གསར་ལ་རྒྱ་དམར་ཀྱིས་དྲག་གནོན་ལ་མ་ལྟོས་པར་སྲུང་བརྩི་མི་བྱེད་པ་ཡིན་དུས། ང་ཚོའི་དེ་ལས་ཀྱང་ལོ་གསར་ལ་དགའ་སྟོན་བྱེད་མི་རུང་།
    ང་ཚོའི་ལོ་གསར་དགའ་སྟོན་དེ་མ་འོངས་ཁ་བ་གངས་ཅན་པའི་ཡུལ་ལ།
    གཞིས་བྱེས་མཉམ་འཛོམས་ཡོང་བའི་དུས་ཞིག་ཤར་ཚེ། ང་ཚོའི་བོད་མི་ལོ་གསར་དེ་འཛམ་གླིང་ལ་ཁྱབ་དགོས་པ་ཞིག་དགའ་སྟོན་བྱས་ན་མི་ལེགས་སམ།

    Reply
  3. གངས་ཅན་གྱི་བུ་ཆུང་། says:
    ལོ་ 16 སྔོན།

    བོད་རྒྱལ་ལོ་༢༡༣༧་རབ་བྱུང་༡༨་པའི་ལྕགས་ལོ་གསར་དུ་བཞེད་པའི་ཉིན་མྱ་ངན་གྱི་དུས་ཤིག་རྩིས་ན་ཐབས་སྐྱོ། མྱ་ངན་དགོས་པའི་དྲིལ་བསྒྲགས་བྱེད་མཁན་མི་ངན་འགའ་ཞིག་གིས་ཁ་ནས་གཞིས་སྡོད་བོད་མི་དཔའ་བོ་དང་དཔའ་མོ་ཚེ་སྲོག་ཤོར་བ་དང་ད་ལྟ་བཙོན་བཅུག་ཏུ་ཡོད་པའི་ཆེད་ཟེར་ནས་སྙིང་དོན་མེད་པའི་ཚིག་སྐམ་ཁར་ཁྱེར་ནས་ཤ་ཁྱི་བཞིན་ཤོ་དང་མར་ཇར་རྗེས་སུ་དྷ་སར་ནས་འཇུག་བཞིན་འདུག དེ་ལས་༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་བཀའ་དགོངས་ཇི་མ་ཇི་བཞིན་དུ་ཆོས་སྲིད་ཀྱི་ལས་དོན་ཡང་དག་ཅིག་འགྲུབ་ཐུབ་ན་གཞན་ལས་ཅི་དགོས།

    Reply
  4. དྲི་རྟགས says:
    ལོ་ 16 སྔོན།

    ལོ་གསར་བཏང་མ་བཏང་ཙམ་གྱི་ཁྱད་པར་ཞིག་མི་མཐོང་གི་
    གཙོ་བོ་གོང་ས་མཆོག་གི་བཀའ་དགོངས་བཞིན་གྲུབ་འབྲས་
    ལྡན་པའི་ལས་དོན་ལ་ཁ་ཕྱོགས་དགོས་ལ་དཀའ་ལས་ཀྱང་རྒྱག་དགོས་
    གཞན་ས་སྟོང་ནས་ཁ་རྒྱག་པ་རེ་བཤད་པ་ཙམ་གྱི་བོད་དོན་ལ་ཕན་པ་ལྟ་ཞོག་
    གཞིས་སྡོད་བོད་མི་མེ་མདའི་སོ་ཁ་ལ་བསམ་བཞིན་དུ་དེད་པ་ལས་གཞན་
    གྲུབ་འབྲས་གང་ཡང་མེད་དོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese