མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} ང་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ངས་བན་སྡེ་འཚོ་ལ་དྲང་མོ་བཤད་འདོད་འདུག་ཞེས་རང་གི་ཕ་རྒན་འཇིགས་གྲོལ་ལ་བཤད་དུས། ཕ་རྒན་གྱིས་དྲང་མོ་བཤད་ཉན་ནི་མ་རེད། ཁྱེད་རང་གིས་དྲང་མོ་བཤད་པ་ཡིན་ན། ཁྱེད་རང་ལ་རྙོག་དྲ་བཤད་ཁོ་ཐག་ཡིན་ནི་རེད། དེ་ལས་ཀྱང་གསང་བ་བྱོས་དེ་སོང་ན་ཡག་གི་རེད་ཅེས་བློ་བཟང་ལ་ཁ་བརྡ་མི་ཉུང་བ་ཞིག་བྱས།

བློ་བཟང་གིས་རྐང་འཁོར་ཞོན་ནས་གྲོང་ཁྱེར་ཕྱོགས་སུ་ལམ་དུ་ཆས། ལོ་མང་རིང་དུ་མ་འཕྲད་པའི་གྲོགས་པོ་གྲྭ་བ་ཞིག་ལ་ཐུག་འཕྲད་བྱེད་དུ་སོང་དུས། གྲོགས་པོ་གྲྭ་བ་དེ་ཡང་ཟླ་ངོ་ཁ་ཤས་རིང་དུ་ས་གནས་གཞན་ཞིག་ལ་སྐུ་གཉེར་དུ་སོང་ནས་ཕྱིར་འབྱོར་མ་ཐག་ཡིན་པ་དང་། ཕྱིར་ཉིན་ཡང་ཕྱིར་འགྲོ་དགོས་པ་དང་འཕྲད་ཀྱང་། ཁོང་གཉིས་ཀྱིས་ཕན་ཚུན་མ་འཕྲད་པར་མི་ལོ་མང་བོ་ཞིག་འགོར་བའི་རིང་གི་སྐད་ཆ་དག་བཤད་ཁོམ་མེད་ཀྱང་། བློ་བཟང་གིས་རང་ཉིད་ཉིན་ཁ་ཤས་ཀྱི་རྗེས་སུ་ཕྱིར་རྒྱ་གར་དུ་འགྲོ་མཁན་ཡིན་པའི་སྐོར་ཁོ་རང་ལ་ཞིབ་དུ་བཤད།

གྲྭ་བ་དེ་ནི་ཁོ་རང་ཆུང་དུས་ནས་སློབ་གྲྭ་འགྲོ་རོགས་དང་། རྗེས་སུ་གྲྭ་ས་ནས་དགེ་རྒན་གཅིག་གི་དགེ་ཕྲུག དེ་ནས་ཁོ་རང་རྒྱ་གར་དུ་ཐེངས་ངོ་མ་འགྲོ་དུས་ཀྱང་ཁོ་རང་གིས་བློ་བཟང་ལ་རོགས་མི་ཉུང་བ་ཞིག་བྱས་པ་ལ་བརྟེན་ནས་བློ་བཟང་རྒྱ་གར་ལ་ཐར་བ་རེད། ད་རེབས་ཀྱང་ཁོས་བློ་བཟང་གི་སྐད་ཆ་དེ་གོ་མ་ཐག རུམ་ནང་དུ་ལག་གཉོབ་ཅིག་བྱས་ནས་སྒོར་ཁུགས་ཕྱི་རུ་བཏོན་ནས། ནང་དུ་རྒྱ་སྒོར་བདུན་བརྒྱ་མ་ཟིན་ཙམ་ཞིག་ཡོད་པ་དེ་ཕྱིར་བཏོན་ནས། འདི་ཁྱེར་ར་སོང་། ལམ་བར་དུ་ཟ་མ་རེ་ཟ་བྱེད་བྱོས། སྤྱིར་ཡིན་ན་ད་རེབས་འུ་གཉིས་ལྷོད་ལྷོད་ཅིག་བྱས་དེ་ཟ་མ་ཞིམ་པོ་ཞིག་ཟོས་ནས་ཕན་ཚུན་ལ་ཁ་བརྡ་རེ་བྱེད་དགོས་ངེས་ཡིན་ན་ཡང་། འུ་གཉིས་ལ་དུས་ཚོད་ཀྱི་སྟབས་ཁ་མ་འགྲིག་པ་རེད།

བློ་བཟང་གིས། མིན་མིན། སྒོར་མོ་མི་དགོས། ཐེངས་སྔོན་མ་ཡང་ཁྱེད་རང་ལ་དཀའ་ལས་མི་ཉུང་བ་ཞིག་གཏད་པ་རེད། དངོས་ནས་མིན་ཟེར་ནས་བཤད་དུས། བློ་བཟང་གི་གྲོགས་པོ་གྲྭ་བ་སྤྱིན་པ་ལགས་ཀྱིས་ད་ དེ་འདྲ་བཤད་ཀི་མ་འདུག ང་འདུག་མཁན་རེད། ཟ་རྒྱུ་འཐུང་རྒྱུ་ཚང་མ་ནང་དུ་ཡོད་ཀི ཁྱེད་རང་འགྲོ་མཁན་རེད། ང་ལ་སང་ཉིན་ནངས་ཉིན་ཡང་སྒོར་མོ་ཡོང་རྒྱུ་འདྲ་ཡོད་པ་རེད། ཟླ་བ་ཁ་ཤས་ཀྱི་འཕོག་གསོག་ནས་བཞག་ཡོད་པ་རེད། དངོས་ནས་བཤད་ན་ལམ་འཇུག་དགའ་ཞིག་བྱེད་དགོས་པ་རེད་དེ་བྱུང་མ་སོང་ཟེར་ནས་བློ་བཟང་གི་ལག་པར་བཞག

སྐབས་དེར་བློ་བཟང་གིས་རང་གི་གྲོགས་པོ་རྙིང་བ་གྲྭ་སྤྱིན་པ་ལགས་ཀྱིས་སྤྲད་པའི་རྒྱ་སྒོར་བདུན་བརྒྱ་མ་ཟིན་ཙམ་དེ་ལེན་ཞོར་དུ། དེས་ན་བཀའ་དྲིན་ཆེ། མ་ཤི་ན་ཐུག་ཡོང་ཟེར་བཞིན་ཁོ་གཉིས་སྒོ་ལ་མཉམ་དུ་བུད།

བློ་བཟང་གིས་བསམ་པར་བན་སྡེ་འཚོ་ལ་ཁ་པར་ཞིག་མ་བརྒྱབ་ན་འགྲིག་གི་མི་འདུག་སྙམ་ཞོར། ཁ་པར་ཨང་གྲངས་དེ་ལྟར་དུ་ཁ་པར་ཞིག་བརྒྱབ་དུས་སུ། ཁ་པར་ལེན་མཁན་གྱི་མི་དེས། ད་ལྟ་མོ་རང་མི་འདུག རྗེས་སུ་མོ་རང་ཚུར་སླེབས་ན་ངས་བཤད་ཆོག ཁྱེད་རང་གི་མིང་ལ་ཅི་ཟེར་ང་ལ་ཤོད་དང་།

བློ་བཟང་ལ་ཐབས་ཤེས་མེད་པར་རྐང་འཁོར་ཞོན་ནས་རང་གི་གྲོགས་པོ་རྩོམ་པ་པོ་དེ་ཡི་ཟ་ཁང་ཆུང་ཆུང་ཞིག་གཉེར་ཡོད་པ་དེ་རུ་སོང་ནས་ཁོ་རང་དང་ལྷན་དུ་སྤྱིར་བཏང་གི་ཁ་བརྡ་འདྲ་བྱས་དེ་བསྡད་ཡོད་པའི་སྐབས་སུ། ནང་དུ་གྲྭ་བ་ཁ་ཤས་ཤིག་ཟ་མ་ཟ་རུ་སླེབས་པ་དེ་ཡི་ཁྲོད་ཀྱི་གྲྭ་བ་ཞིག་གིས། བློ་བཟང་ལ་བལྟས་ནས། ངས་ཁྱེད་རང་སྔོན་ཆད་ཅིག་ནས་རིག་མྱོང་འདུག་ཞེས་བཤད་དུས། བློ་བཟང་དགོད་ཞོར་དུ་རིག་ལོས་མྱོང་། ང་རང་ཡང་སྔོན་ཆད་དགོན་པ་འདིས་གྲྭ་བ་ཡིན་ཞེས་ལན་བཏབ། སྐབས་དེར། གྲྭ་བ་དེ་དགོད་ཀྱིན་དགོད་ཀྱིན། ཨ་དེ་ཡིན་དུས། དགོན་པ་གཅིག་གི་གྲྭ་བ་རེད་མོ་་་

གྲྭ་བ་དེ་ཚོ་ནི་དངོས་ནས་རྩེད་དགའ་ཅན་ཤ་སྟག་ཡིན་པ་མ་ཟད། བློ་བཟང་དང་ཁོས་གྲོགས་པོ་གཉིས་ལ་ཁ་བརྡ་དམིགས་བསལ་འདྲ་བྱེད་དབང་ཡང་གཏན་ནས་མ་སྤྲད་པར་རྩེད་མོ་འདྲ་གླེང་དེ་ཅུང་ཙམ་མི་བསྡོད་ཐབས་མེད་བྱུང་བ་རེད། བློ་བཟང་གིས་ད་བདེ་མོ་བྱོས། ངས་གོང་དུ་བཤད་པ་དེ་ཡིན། ང་རང་གཅིག་བྱས་ན་ཟླ་བ་གཅིག་འགོར་འགྲོ་ན་ཐང་། གཅིག་བྱས་ན་ལོ་གཅིག་འགོར་འགྲོ་ན་ཐང་། དེ་ཡི་ནང་དུ་ཕྱིར་ཐོན་ན། དེ་ནས་ངེད་གཉིས་ཀྱིས་བལྟས་ཆོག འབྲོག་ས་ནས་ཚོང་ལམ་འགྲོ་འདྲ་བྱུང་སོང་ན། ངས་ཁྱེད་རང་ལ་ཁ་པར་གཏོང་་ཞེས་རང་ཉིད་ཕྱིར་ལམ་དུ་ཆས་པའི་ཡུལ་དངོས་དེ་གྲོགས་པོ་དེར་གཏན་ནས་མ་བཤད་པ་རེད།

བློ་བཟང་རང་ཉིད་སྔོན་ཆད་གྲྭ་བ་བྱེད་སའི་རང་གི་ཞང་བོ་གྲྭ་བ་དེ་ཡི་སར་སོང་ནས་རང་གི་གནས་ཚུལ་དག་ཞིབ་དུ་བཤད་དུས། ཞང་བོས། སྔོན་མ་ཁྱེད་རང་ཕྱིར་ཡོང་གི་རེད་ཟེར་ནས་གོ་མ་ཐག ངས་མ་ཡོང་ན་བསམ་སོང་། རེད་དེ། ཁྱེད་རང་ཕྱིར་སླེབས་པ་རེད། ད་ཡང་ས་ཐག་རིང་དེ་འདྲ་ཞིག་ལ་ཕྱིར་འགྲོ་རྒྱུ་ཡིན་ཟེར་ན་དཀའ་ཁག་མང་བོ་ཡོད་ངེས་རེད། འདི་ན་རྒྱ་སྒོར་གཅིག་སྟོང་ཞིག་ཡོད། འདི་ཁྱེད་རང་གི་ལམ་ཁ་ནས་ཟ་མ་རེ་ཟ་བྱེད་ཅིག་བྱོས། དེ་མིན་ངས་ཀྱང་རོགས་པ་འདྲ་བྱེད་ཐུབ་ཀྱི་མི་འདུག ད་ལོ་ངས་སླར་ཡང་དགོན་པ་ལ་མང་ཇ་ཞིག་བསྐོལ་རྒྱུའི་ཉིན་མ་བླངས་ཚར་བ་ཡིན། དེ་ཡིན་དུས་ང་རང་ལ་ཡང་འགྲོ་སོང་ཆེན་པོ་ཡོད་ཅེས་བློ་བཟང་ལ་རྒྱ་སྒོར་གཅིག་སྟོང་སྤྲད།

དངོས་ནས་མི་ལམ་འགྲོ་ཅན་ལ་རེ་བ་ཡོད་ཟེར་བ་ལྟར། བློ་བཟང་ལ་ཉིན་མ་དེ་གཅིག་པོར་རྒྱ་སྒོར་གཅིག་སྟོང་ལྷག་ཞིག་རེག་པ་དང་། ཕྱིར་རང་གི་སྡེ་བའི་ཕྱོགས་སུ་འགྲོ་བའི་ལམ་ཕྲན་བརྒྱུད་དེ་འགྲོ་བའི་ལམ་བར་དུ། ཟླ་ངོ་གཅིག་ཏག་ཏག་གི་ཡར་སྔོན་གྱི་གནས་ཚུལ་དག་མིག་ལམ་དུ་ཤར་དུས་སུ། སེམས་པ་དངོས་ནས་སྐྱོ་བཞིན། སྐད་ངག་མེད་ཀྱང་རྐང་འཁོར་སྟེང་ནས་སྣུམ་ནག་གི་གཞུང་ལམ་དུ་བསྐྱོད་ཞོར་དུ།

སེམས་པ་དགའ་སའི་བུ་མོ།། ཐག་རིང་ཕྱི་ན་ལུས་ཡོད།། མཛའ་བརྩེ་ཟབ་པའི་རོགས་ལོ།། མི་འདོད་བཞག་ནས་འགྲོ་དགོས།། ལས་ངན་བུ་ཆུང་ང་ལ།། སུ་ཡིས་བཀའ་ཆད་འཕོག་རེད།།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 6

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཚོ་ཁྱེད་ཅག་དུས་རྒྱུན་དུ་ཕེབས་པ་དགའ་ནས་ཡོད། ནམ་རྒྱུན་དུ་བལྟས་དེ་འདུག ཡོང་གི་འདུག འུ་ཅག་ཚང་མའི་བློ་བཟང་གི་མ་འོངས་པའི་སྐོར་ལ་ག་ལེར་བལྟ་ཡ་་ མཉན་གཅིག་དུ། བློ་བཟང་འདིས་སེམས་ཁོང་གི་དཀའ་ངལ་དག་ཡང་ག་ལེར་ཞིབ་འབྲི་བྱེད་ཨེ་ཐུབ་ཅིག་ལྟ་ངེས་ཡིན། དེ་དག་གི་ཁྲོད་དུ་མ་འགྲིག་པ་དང་མ་འོས་སོགས་གང་ཞིག་ཡོད་ན་ནི། དེ་ནི་བློ་བཟང་གི་ནོར་འཁྲུལ་མིན་པར། ང་རང་གིས་འབྲི་རྩལ་གྱིས་མ་འདང་བ་ཡིན་དུས། ལེ་བདའ་ཡོད་ན་ང་ལ་བྱེད་རོགས་གནོང་།

    Reply
  2. arigman says:
    ལོ་ 17 སྔོན།

    གཡག་རང་ཡིན་སྐུ་ཚབ་གཡུག་ཞོག
    བན་སྡེ་མཚོ་མངལ་སྦྲུམ་པ་བདེན་ན་དེའི་ཕྱོགས་ལ་ཆི་ཟིག་བྱེད།
    བསམ་བློ་རེ་ཐོང་ར

    Reply
  3. chokri nyima says:
    ལོ་ 17 སྔོན།

    ཀློག་རྒྱུ་སྐྱིད་པོ་འདུག་་་་་་་་་་་ཐུགས་རྗེ་ཆེ

    Reply
  4. free sopu says:
    ལོ་ 17 སྔོན།

    ཡག་པོ་བྲིས་བཀླགས་ཟིན།

    Reply
  5. hortsangdhondup says:
    ལོ་ 17 སྔོན།

    ཨ་ཁུ་ ཁྱེད་འདི་རིང་དྲགས་སོང་ཟིག་
    ང་འདྲ་སྒོར་མོ་མེད་ནི་ཚོ་སྡུག་ལ་སྤྱར་ནི་རེད་ལ
    འཛིན་གྲྭ་ལ་འགྲོ་དགོས་དུས་ཚོད་མི་རག་གི
    ཐུང་ཐུང་སྙན་པོ་ཞིག་བྲིས་ན་མི་བཟང་ངམ།

    Reply
  6. yakbod says:
    ལོ་ 17 སྔོན།

    ཨ་རོ
    སྐུ་ཚབ་ཀྱིས་གང་ཡང་འཇོན་མེད་གཱ
    ད་དེའི་སྐོར་ལ་ཡང་བསམ་བློ་རེ་གཏོང་རན་མ་རེད་དམ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese