མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གིས་སྤྱི་འཐུས་ལ་མ་བསྟན་པའི་ཡིག་ཆ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྦེལ་ཀོབ་གཞིས་ཆགས་སུ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་བཀའ་སློབ་གསུང་བཤད་ཅིག་གནང་སྐབས། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞེས་པ་སྤྱི་འཐུས་གྲོས་ཚོགས་སུ་བསྟན་མེད་ཅེས་གསུངས་འདུག

ཟླ་འདིའི་ཚེ་ ༩ ཉིན་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དུ་སྦེལ་ཀོབ་བོད་ཀྱི་གསར་འགོད་པ་དང་གསར་འགོད་ལས་ཟུར་ཐུན་མོང་གི་གོ་སྒྲིག་འོག བོད་རྒྱའི་འབྲེལ་མོལ་དང་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་བཀའ་སློབ་གསུང་བཤད་ཅིག་གནང་བར། སེར་སྐྱ་མང་ཚོགས་ ༡༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

ཐེངས་འདིའི་གོ་སྒྲིག་པ་ཐུན་མོང་གི་གཏམ་བཤད་ནང་། བོད་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་བོད་མི་མང་གི་གནས་སྟངས་གཉིས་གཞི་ལ་བཞག་པའི་ཐོག ད་ལྟ་བོད་མི་མང་ཚོགས་ལ་མང་ཚོགས་ཀྱི་རང་ཚུགས་དང་། མང་ཚོགས་ཀྱི་འགན་ཁུར། མང་ཚོགས་ཀྱི་དམིགས་འདུན་ལངས་ཕྱོགས་ཡོད་དགོས་པ་ནི་བོད་ཀྱི་ད་ལྟ་དང་མ་འོངས་རྩ་དོན་རྩོད་ལེན་གྱི་མཐའ་མའི་ཐག་གཅོད་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན་པར་བརྟེན། བཀའ་སློབ་གསུང་བཤད་འདི་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་གསལ་ཡོད།

ཉིན་དེར་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས། ང་ཚོའི་སྲིད་ཇུས་དེ་ཆོས་སྲིད་ཟུང་འབྲེལ་དང་ཆོལ་ཁ་གསུམ་ཐོབ་ཐང་འདྲ་མཉམ་རེད། དེའི་ངོ་བོ་མཚོན་བྱེད་དེ་ཆོས་ལུགས་སོ་སོའི་སྤྱི་འཐུས་གཉིས་རེ་དང་ཆོལ་ཁ་རེ་རེའི་མི་བཅུ་རེ་སྤྱི་འཐུས་སུ་བསྐོ་བཞག་བྱས་ཡོད། དེ་བཞིན་༧གོང་ས་མཆོག་གིས་དྲུག་ཅུ་ཐམ་པའི་ལོ་ནས་བཟུང་མང་གཙོ་ཡང་དག་པ་ལ་འགྱུར་བ་བཏང་ནས་ད་ལྟ་རིམ་བཞིན་ཡར་འགྲོ་བཞིན་པ་རེད། དེ་གསུམ་པོ་དེ་ང་ཚོའི་རྩ་དོན་གསུམ་ཡིན་ནའང་ད་ལྟ་དེ་ལ་གནས་བསྡད་ཡོད་དམ་ཟེར་ན། ངས་འདིར་གཞུང་གི་དེབ་དམར་པོ་ ༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ། ༽ དེ་ཁུར་ཡོད། ང་ཚོས་སྐབས་སུ་བབ་པའི་བསམ་བློ་དེ། སྐབས་དང་དུས་སུ་ལས་ཀ་ག་རེ་གནང་གི་ཡོད་མེད་དེ་ལ་ལྟ་དགོས། ང་ཚོ་འདྲ་བའི་མི་རྒས་འཁོགས་ཚོས་བལྟས་མ་བལྟས་ཁྱད་ཞེ་དྲག་མེད་ནའང་། བལྟས་ཤོར་གྱིན་འདུག སྐུ་ཚབ་ཚོགས་པ་ཐེངས་བརྒྱད་པ་རྒྱ་ནག་ལ་ཕེབས་པའི་སྐབས་སུ། གཞུང་རང་གིས་འདི་སྤྲོད་ཤོག་ཟེར་ནས་སྐུ་ཚབ་ཚོགས་པ་ལ་བཀའ་བཏང་ནས་ཁོང་ཚོས་སྤྲད་བཞག་པའི་དགོས་འདུན་འདི་རེད། འདིའི་ནང་དུ་གཞི་རྩའི་དོན་ཚན་བདུན་ལ།  དོན་ཚན་གཅིག་ལ་འགྲེལ་བཤད་བཅུ་གཅིག་བྱས་པ་དེ་མར་སྤྲད་པ་རེད། དེའི་ནང་ལ་དམངས་གཙོ་དང་ཆོལ་ཁ་གསུམ། ཆོས་སྲིད་ཟུང་འབྲེལ་སོགས་ཡོད་པ་མ་རེད།  དེ་རྒྱ་མི་གུང་ཁྲན་གྱིས་ཁས་བླངས་ན་དེ་གང་ཡང་མེད་པ་གཅིག་རེད།  བྱས་དུས་དོན་ལ་འབབ་དགོས་ན་དེ་རིང་སང་ཉིན་དུས་སྐབས་དེ་ལ་འབབ་དགོསཔ་རེད།

རྒྱ་བོད་མི་རིགས་ཀྱིས་འཐབ་རྩོད་བྱེད་དགོས་པའི་རྒྱུ་མཚན། གཞིས་བྱེས་བོད་མི་ཁ་བྲལ་ནས་བསྡད་ཡོད་པ་དང་༸གོང་ས་མཆོག་གིས་ཉིན་མཚན་དུས་དྲུག་ཏུ་འཛམ་གླིང་ལ་སྐུ་ལས་སྐྱོན་ནས་ཕྱག་ལས་གནང་བསྡད་པ་བཅས་ཀྱི་རྐྱེན་རེད།  དཔེར་ན།  ༸གོང་ས་མཆོག་སྐུ་བཞུགས་པའི་རིང་ང་ཚོ་ཕྱི་རྒྱལ་ལ་ཡོད་པའི་མི་ཚོ་ལ་དཀའ་ངལ་གང་ཡང་ཡོང་གི་མ་རེད།  ག་རེ་བྱས་ནས་བསྡད་ནའང་སེམས་ཁྲལ་སྤུ་ཙམ་ཞིག་མེད།  ཁོང་གི་བཀའ་དྲིན་གྱིས་ཁྱབ་པ་དང་འཚོ་ཐུབ་ཀྱི་རེད།  ཡིན་ནའང་གདུལ་བྱའི་དོན་དག་ལ་ག་བར་སླེབས་ཀྱི་འདུག  དེ་རྣམ་པ་ཚོས་དགོངས་པ་བཞེས་ཐུབ་ན་དགོངས་པ་བཞེས་དགོས་ཀྱི་རེད།  མི་གཅིག་དང་གཉིས་ཀྱི་དོན་དག་མ་རེད།  མི་གཅིག་གཉིས་ཤིག་དགའ་དང་སྡུག་གི་གནད་དོན་མ་རེད་ཅེས་གསུངས།

ཡང་ཁོང་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་བཀའ་ཤག་དང་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་སུ་སུ་ཡོད་ན་དེས་གནང་བ་མ་གཏོགས། སྤྱི་འཐུས་གྲོས་ཚོགས་ཀྱིས་ཇུས་གཏོགས་གནང་ཡོད་པ་མ་རེད།  ༧གོང་ས་མཆོག་གིས་ང་ཕྱེད་བགྲེས་ཡོལ་ཡིན།  བོད་མི་མང་གིས་བདམས་བཞག་པའི་བཀའ་ཤག་དེའི་འགན་བོད་མི་མང་གིས་ཁུར་དགོས་ཀྱི་རེད་གསུངས་བསྡད་ཀྱི་ཡོད་པས། དེ་ངས་སྐུ་མདུན་གྱི་དགོངས་གཞི་ཡང་ཨེ་ཡིན་ནམ་བསམ་གྱི་ཡོད། དེ་ངས་ངོ་སྤྲོད་བྱེད་ཡག་གི་གནད་འགག་ཅིག་ལ་ཐུག་སོང་།  གྲོས་ཚོགས་ཀྱི་མདུན་ལ་གཞུང་འབྲེལ་བྱས་ནས་གྲོས་ཚོགས་ལ་ཡོང་དགོས་ཀྱི་རེད་མ་གཏོགས།  སྤྱི་འཐུས་གཅིག་གིས་མ་གིར་ལག་པ་བརྙབ་ནས་ཇུས་གཏོགས་བྱེད་རྒྱུ་དེ་འདྲ་མ་རེད།  དེར་བརྟེན་བཀའ་ཤག་གིས་སྤྱི་འཐུས་གྲོས་ཚོགས་ལ་འདི་འགྲིག་གི་ཡོད་མེད་དྲིས་མེད། དེར་བརྟེན་འདི་སྤྱི་འཐུས་གྲོས་ཚོགས་ཀྱིས་ཁས་ལེན་བྱས་ཡོད་མ་རེད་ཟེར་གྱི་ཡོད།  དེ་མཁྱེན་དགོས་ཞེས་གསུངས་ཡོད།  ཡང་ཁོང་གིས་མུ་མཐུད་དེ། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་དུས་ང་ཚོས་གཅིག་གྱུར་ཡོང་བའི་གྲ་སྒྲིག་བྱེད་དགོས་ཀྱི་ཡོད།  གཅིག་གྱུར་བྱུང་ན་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་ཞིག་ཡོང་དགོས་ཀྱི་ཡོད་པ་༧གོང་ས་མཆོག་གི་བཀའ་རེད།    དེ་ཡིན་མིན་ཟེར་ས་རྩ་ནས་མེད།  ང་བཀའ་བསྡུར་གནང་སའི་དཀྱིལ་ལ་བསྡད་བསྡད་པ་རེད་ལ།   དེའི་གྲོས་སྣེ་ལ་ང་ཡོད།  སུ་གཅིག་གི་སྐད་ཆ་ཁུར་ཡོང་བ་དེ་འདྲ་མིན།  དེ་འདྲ་ཡིན་དུས་ང་མ་ཤི་བར་དུ་དེ་ཁས་ལེན་རྒྱུ་མ་གཏོགས་ཕྱིར་འཐེན་བྱེད་རྒྱུ་གང་ཡང་མེད།

ཕྱི་ལོ་ ༡༩༧༩ ལོར་ང་ཚོ་གཟིགས་སྐོར་སྐུ་ཚབ་དང་པོ་བཏང་གནང་པའི་སྐབས་སུ། ༧གོང་ས་མཆོག་གིས་བཀའ་མངགས་དོན་ཚན་བཞི་གནང་བའི་ནང་མི་རིགས་ཀྱི་འཐབ་རྩོད་མིན་གསུངས་ཡོད། དེ་ཁོང་གི་བཀའ་ངོ་མ་ཡིན། མི་རིགས་འཐབ་རྩོད་ཟེར་ན་བྱ་རྒྱུ་གང་ཡང་ཡོད་པ་མ་རེད། བོད་ཆོལ་ཁ་གསུམ་གྱི་ནང་ལ་དེང་སང་རྒྱ་དམར་གུང་ཁྲན་གྱིས་མི་རིགས་ལྔ་བཅུ་ང་དྲུག་ལ་དབྱེ་ནས། ཧན་མི་རིགས་ཕར་ཕུད་ན་མི་རིགས་ལྔ་བཅུ་ང་ལྔར་དབྱེ་བསྡད་པ་དེར་ང་ཚོ་བོད་པས་ངོས་ལེན་བྱེད་བསྡད་ཀྱི་ཡོད། མི་རིགས་ལྔ་བཅུ་ང་དྲུག་ངོས་ལེན་བྱས་ན་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡིན་པ་དེའི་ནང་ལ་མི་རིགས་བཅུ་བཅོ་ལྔ་ཞིག་ཡོད། དེ་དག་ཤར་པ་དང་རྟ་མང་རིགས། མོན་པའི་རིགས། མདོ་སྨད་ནང་ལ་སོག་པོའི་རིགས། ཡུ་གུར་རིགས། ཟ་ལར་རིགས། ཧ་ཤ་རིགས། རྒྱ་རིགས། ཧུ་རིགས། ཆང་རིགས། ལྟོམ་པ་རིགས། འཇང་རིགས། དེ་རྣམས་ཐམས་ཅད་ཁ་ཁར་དབྱེ་དགོས། དེ་ཚང་མ་བོད་མི་རེད་མ་གཏོགས་ཕུད་རྒྱུ་རྩ་བ་ནས་མེད་ཅེས་དང་།

གཞན་ཁོང་གིས་སྐུ་ཚབ་ཚོའི་འབྲེལ་མོལ་སྐོར་ལ་མི་མང་གི་དྲི་བར་ལན་འདེབས་གནང་དོན། རྒྱ་ཕྱོགས་ནས་འབྲེལ་མོལ་བསྐྱར་མཐུད་བྱེད་དོན་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཏཱ་ལའི་བླ་མ་དང་འབྲེལ་མོལ་བྱེད་དགོས་ཀྱི་འདུག་ཅེས་པའི་ངོ་སྲུང་རྒྱུའི་ཆེད་དུ་རེད།  ང་ཚོས་ཀྱང་ཞི་མོལ་ཡོང་གི་ཡོད་མདོག་མདོག་བྱས་ནས་ཅིག་འགྲོ་བསྡད་དུས།   ང་ཚོ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ནང་ཏོག་ཙམ་ཞིག་འགྲོ་ཐུབ་ཀྱི་ཡོད་པའི་རྣམ་པ་འདྲ་བོ་ཐོན་རྒྱུ་རེད་མ་གཏོགས།  དོན་དངོས་ལ་གང་ཡང་ཕན་གྱི་མ་རེད་ཅེས་གསུངས་ཡོད། 

མཇུག་མཐར་བོད་མི་མང་ལ་དགོས་འདུན་ཡོད་དགོས་པའི་སྐོར་གསུངས་དོན། བོད་རང་བཙན་བཤད་མཁན་ཡོད་པ་རེད།  དེ་ངས་བཤད་མི་ཆོག་པ་གང་ཡང་ངོས་འཛིན་བྱེད་ཀྱི་མེད།  ཡིན་ནའང་། བོད་མི་མང་ལ་དགོས་འདུན་ཡོད་དགོས་ཀྱི་རེད་མ་གཏོགས།  བོད་མི་མང་ལ་དགོས་འདུན་རྩ་བ་ནས་མེད་ན་༧གོང་ས་མཆོག་ལོག་སྤྱོད་པ་རེད་ཅེས་རྒྱ་མི་གུང་ཁྲན་གྱིས་ཟེར་བསྡད་ཀྱི་ཡོད།  ད་ལྟ་ང་ཚོས་༧གོང་ས་མཆོག་གིས་བཀའ་གང་གནང་པ་དེ་ཡིན་ཟེར་ནས་འགྲོ་བསྡད་ཀྱི་ཡོད་ནའང་། དེ་རྩ་བ་ནས་འགྲིག་གི་ཡོད་པ་མ་རེད། བཙན་བྱོལ་བོད་མི་ཚང་མ་རྙོག་དྲ་མ་ཤོད། ཕར་ལོག་འགྲོ་གསུངས་ན་བོད་མི་མང་ནང་ལོག་འོངས་ས་རེད་བསམ་བསྡད་ཡག་ཅིག་བོད་མི་མང་གིས་བཟོ་བསྡད་ཀྱི་འདུག  དེ་ཡག་པོ་མ་རེད། དོན་ངོ་མར་མི་བྱེད་དགུ་བྱེད་ཏཱ་ལའི་བླ་མ་རེད་འདུག་ཅེས་རྒྱ་མིས་ཟེར་བསྡད་ཀྱི་ཡོད།  བོད་མི་མང་ལ་དགོས་འདུན་སྣེ་གཅིག་མི་འདུག  ༧གོང་ས་མཆོག་གིས་བཀའ་གང་གནང་ན་དེ་ཡིན་ཟེར་གྱི་འདུག  ཏཱ་ལའི་བླ་མས་འཛམ་བུ་གླིང་ལ་ཁ་བྲལ་རིང་ལུགས་ཀྱི་བྱ་བ་སྤེལ།  རྒྱལ་སྤྱིར་གནས་ཚུལ་བཤད་ནས་འགྲོ་བསྡད་ཀྱི་འདུག་མ་གཏོགས།  ཚུར་ཡོང་གི་མི་འདུག  ཏཱ་ལའི་བླ་མའི་མ་འགྲིག་མ་འཐུས་ཟེར་ནས་བཤད་བསྡད་པ་དེ། གཙོ་བོ་གཅིག་བོད་མི་མང་གིས་བཟོ་གི་འདུག་བསམ་གྱི་འདུག་ཅེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 97

  1. ཚེ་རིང༌། says:
    ལོ་ 15 སྔོན།

    སྐུ་ངོ་ཟམ་གདོང་གིས། འདི་ལྟར་བསྐྱལ་ས་ལ་བསྐྱལ་བ་རེད། སྟབས་ཡག་ནས། རྒྱ་ནག་གཞུང་གིས་ལེན་གྱི་ཡོད་པ་མ་རེད། དེའི་སྟབས་ཀྱིས་ང་ཚོ་ལ་གོམ་པ་རྒྱག་ས་ཞིག་ལྷག་ཡོད་པ་རེད།་

    Reply
  2. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    ང་བཀྲ་ཤིས་སྒྲོལ་མས་འདི་ལྟར་ཁོང་ཚོས་བཏབས་པའི་མཆན་བུ་དེ་རྒྱུ་མཚན་དང་གནས་ལུགས་ཀྱི་དབེན་ཞིང་ཁོང་ཁྲོ་དང་ཕྱོགས་འཐེན་གྱི་གཡོ་སྒྱུའི་རྩ་ལག་རྒོད་པའི་མི་བུ་དག་གི་སྐད་ཆ་དང་བསམ་པ་རྟོགས་ཡོང་དུས་སེམས་སྐྱོ་བའམ་ཡང་ན་དགོད་ཁ་ཤོར་བ་འདྲ་ཞིག་རེད། དེ་མིན་ཁྱོད་ཚོས་བསམ་པ་འགྲུབ་པར་ཤོག གུས་མོར་ཁྱོད་ཚོ་དང་མཉམ་དུ་གླེང་མོལ་བྱེད་རྒྱུའི་སྐལ་བ་མེད་པ་འདྲ།

    Reply
  3. ཚེ་རིང༌། says:
    ལོ་ 15 སྔོན།

    འབྲེལ་བ་བྱེད་པའི་སྐུ་ཚབ་ནས་དོན་དག་ཐག་གཅོད་བྱེད་པའི་སྐུ་ཚབ་བར་ལ་འགྱུར་བ་ཕྱིན་པ་རེད། དེ་དུས་སུ་གང་གིས་གླེང་མཁན་བྱུང་མེད། ཡིག་ཆ་སྤྲད་པ་རེད། བོད་མི་མང་གི་སྤྱི་འཐུས་ར་བའི་ནང་ནས་འདིའི་སྐོར་གླེང་མྱོང་མེད། མི་མང་དང་ཡིག་ཆ་འདི་གཉིས་ཀྱི་བར་ལ་འབྲེལ་བ་བྱུང་མེད། གནས་ཚུལ་འདི་སྐུ་ངོ་འཇུ་ཆེན་གྱིས་གླེང་སློང་གནང་བ་ལ་ཐུགས་རྗེ་ཆེ། ཡིག་ཆ་དེ་ལྟར་ན། ང་དགུ་ལོའི་ཟླ་བ་གསུམ་པའི་ནང་ལ་ཡང་བསྐྱར་སླེབས་ཡོད། ཡང་བསྐྱར་མགོ་གསར་བ་ཞིག་འཛུགས་སར་བསྐྱལ་ཡོད།

    Reply
  4. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    ཕྱི་དགྲ་མི་ཐུབ་ནང་མི་བཅོམ་མཁས་བཀྲ་ཤིས་སྒྲོན་མ་ཕེབས་ཤོག
    ་་

    Reply
  5. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    ད་དུང་་་་བླ་རྒན་ཡོད་ཚད་མོ་རུ་སྤྲུལ་ནས་ཕེབས་ཤོག

    Reply
  6. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    བདེན་པའི་གནས་ལུགས་ཡོད་ན་བཤད་ས་རེད།
    ཞེ་འཁོན་སྙིང་ནད་ཡོད་ན་ཕུད་ས་རེད།
    ད་དྲྭ་གྲོགས་ཚང་མའི་ཤི་རེ་དང་སྙིང་སྟོབས་བསྐྱེད་ནས་ཆབ་སྲིད་རྩོད་མཁན་ཕེབས་ཤོག
    ་་་ལོ་མ་སར་བའི་སྔོན་དུ་འཁོན་འཛིན་འདྲ་ཡོད་གཙངས་མ་གཙང་རྐྱང་བཟོས་ཤོག་་་རྗེས་མ་ལོ་གསར་་ཚེས་ཚར་རྗེས་མི་ཉན་མི་ལོབ་་་་་་མ་འགྲིག་་པ་་ཡོད་ཚད་གཡུག་ནས་ཕེབས་ཤོག་་
    ་་དེ་ནས་དྲྭ་གྲོགས་ཚང་མའི་ལོ་གསར་ཉམས་ཆུང་རེ་བསསུ་ཏེ་་་་གནས་ཚང་གཡར་སས་གཞན་ཡུལ་འདིར་་ལྷོད་པོར་བཞུག་རོག་ཞེས་བསྐུན་བཞིན་ཡོད་་་

    Reply
  7. བོད་པ་ཚང་། says:
    ལོ་ 15 སྔོན།

    བཟང་ཕྱོགས་སམ་ངན་ཕྱོགས་ཅི་ཡིན་ཆ་འཚལ་བའི་བཀའ་ཟུར་ཞིག་ཏུ་རྟོགས།
    བོད་མི་མང་དང་བོད་ཀྱི་གྲོས་ཚོགས་བཅས་ནས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་ཅི་འཐད་༸གོང་ས་མཆོག་གིས་གནང་འཐུས་ང་ཚོས་སྐུ་དབང་ཆ་ཚང་ཡར་ཕུལ་ཚར་བ་རེད། དེ་ལ་བརྟེན་ནས་ཆབ་སྲིད་ལངས་ཕྱོགས་ཀྱི་ཡིག་ཆ་ཡོད་ཚད་གྲོས་ཚོགས་སུ་འཁྱེར་དགོས་པའི་ངེས་པ་མེད། ངས་གྲོས་ཚོགས་མ་བསྣམས་པར་སྐྱོན་མ་མཐོང་། དེ་ལས་ལྡོག་སྟེ་བཀའ་ཟུར་ལགས་ཀྱིས་དེ་ལྟར་གསུངས་པའི་རྒྱབ་ཏུ་ལྐོག་འགྱུར་གྱི་ཀུན་སློང་ལ་དྲི་ངན་བྲོ་བ་ཞིག་མེད་དམ་སྙམ་པའི་དོགས་གཞི་བྱུང་།
    དེ་བཞིན་བཀའ་ཟུར་ལགས་ཀྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞེས་པ་དེ་རྒྱ་མིའི་ཡིག་ཆ་ལྟ་བུ་ཞིག་ཏུ་གཟིགས་པ་འདྲ། ང་ཚོ་བཙན་བྱོལ་གཞུང་གིས་བཏོན་གནང་བའི་ཡིག་ཆའི་ཁ་དོག་དམར་པོ་མིན། དེའི་ཁ་དོག་ངུར་སྨྲིག་ཡིན།

    དེ་བཞིན་ང་ཚོས་གཅིག་གྱུར་ཡོང་བའི་གྲ་སྒྲིག་བྱེད་དགོས་ཀྱི་ཡོད། ཅེས་གསུངས་ཀྱང་། གསུང་བཤད་དེ་འདྲ་གནང་ན་ཆིག་སྒྲིལ་བཟོ་ཐབས་ཡིན་དང་ཁ་འཐོར་གཏོང་ཐབས་ཡིན་ཆ་མ་རྟོགས།

    ལར་ནས་སྐྱོན་གྱི་ཆ་ཤས་ཡོད་ན་དུས་ཐོག་ཏུ་བཤད་ཕོད་ན་སྤྱི་ལ་ཕན་ཡང་། ཡིག་ཆ་དེ་བཏོན་ནས་ལོ་འཁོར་གཅིག་ལྷག་ཙམ་ཕྱིན་པའི་བར་དུ་བཀའ་ཟུར་ལགས་གང་དུ་གཉིད་ཡུར་བ་ཡིན་མིན་མི་ཤེས།
    དགོངས་བཞེས་གནང་རོགས། སྒེར་གྱི་ཆ་ནས་དགའ་སྡང་གང་ཡང་མེད། འོན་ཀྱང་ཕྱིས་དྲགས་པའི་གཏམ་བཤད་ཕན་ལས་གནོད་པར་འགྱུར་བའི་གསུང་བཤད་ལ་ཞེ་མེར།

    Reply
  8. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཆུ་ཐིགས་སྔོན་མོ་ལགས། མ་གཞི་རྩོད་དགོས་པ་བདེན་པ་རེད། ཡིན་ཡང་ཉིད་ཀྱི་སྐད་ཆ་ཞིག་གིས་རྐྱེན་བྱས་ངས་བསམ་ན་ཁྱོད་རང་གླེང་མོལ་འདིའི་ནང་མ་ཕེབས་ན་བཟང་གི་སྙམ། རྒྱུ་མཚན་ནི་བཀའ་ཟུར་ཁོང་ལ་ཆ་རྒྱུས་མེད་ཅེས་ཉིད་ཀྱིས་བཤད་པ་རེད། ཆ་རྒྱུས་མེད་ས་ཞིག་ནས་གླེང་མོལ་དང་བསམ་ཚུལ་གང་འདྲ་ཞིག་བཏོན་ཡང་མུག་ཁུང་མདའ་འཕེན་གྱི་དཔེ་ལས་མ་འདས་པས་འདིར་མ་ཕེབས་རོགས། འོན་ཀྱང་བསམ་ཚུལ་ཡིན་པ་ལས་བཙན་བཀའ་དེ་འདྲ་གང་ཡང་མིན། ཁྱོད་གཅིག་པོ་མ་རེད། ཆ་རྒྱུས་མེད་མཁན་སུ་ཡོད་ན་ཚང་མས་གོ་ཆོག

    Reply
  9. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཆུ་ཐིགས་སྔོན་མོ་ལགས། མ་གཞི་རྩོད་དགོས་པ་བདེན་པ་རེད། ཡིན%E

    Reply
  10. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཆུ་ཐིགས་སྔོན་མོ་ལགས། ངས་འདིར་བཀའ་ཟུར་འཇུ་ཆེན་གྱི་ལོ་རྒྱུས་མདོར་བསྡུས་ཤིག་རག་སོང་།
    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནི་ཕྱི་ལོ་ ༡༩༢༩ ལོར་བོད་འབྲི་ཆུ་ཤར་རྒྱུད་སྡེ་དགེ་བློན་པོ་འཇུ་ཆེན་ཚང་དུ་འཁྲུངས། ཕྱི་ལོ་ ༡༩༤༧ ལོར་བོད་ཆོལ་གསུམ་གྱི་ས་ཁུལ་ཡོངས་ལ་བསྐོར་བསྐྱོད་དུ་ཕེབས། ཕྱི་ལོ ༡༩༥༠ ལོར་རྒྱ་ནག་གིས་བཙན་འཛུལ་བོད་མདོ་ཁམས་ཁུལ་དུ་སླེབས་ཤིང་དུས་སྐབས་དེ་ནས་བཟུང་བོད་མིའི་རང་དབང་རྩོད་ལེན་གྱི་ལས་འགུལ་ནང་ཞུགས། དགུང་ལོ་༢༥་ཐོག་སྟེ་ཕྱི་ལོ་༡༩༥༥ ལོ་མཇུག་ཙམ་ལ་རྒྱ་ནག་གིས་བོད་མདོ་ཁམས་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་ཟེར་བ་བཙུགས་པས་བོད་གཞུང་གི་ཁྱབ་ཁོངས་སུ་འཛུལ་ནས་རྒྱ་དམག་སྡོད་སྒར་སོགས་སུ་རྒོལ་རྡུང་གི་ལས་སུ་ཞུགས། ཕྱི་ལོ་ ༡༩༥༩ ལོར་ནོར་བུ་གླིང་ཀར་༸གོང་ས་མཆོག་གི་སྐུ་སྲུང་བ་གནང་ཞིང་རྒྱ་གར་དུ་ཆིབས་བསྒྱུར་མ་གྲུབ་བར་རྗེས་འདེད་རྒྱ་དམག་འགོག་སྲུང་གི་ལས་ཁུར་ཞུས། རྒྱ་གར་དུ་ཕེབས་རྗེས་སྦེལ་ཀོབ་ཏུ་བཅུ་དཔོན་དང་། བརྒྱ་དཔོན། གཞིས་ལུས་ཁང་གི་འཐུས་མི། མཉམ་འབྲེལ་འགན་འཛིན་ལོ་༡༡ བཅས་གནང་ཞིང་། ཕྱི་ལོ་ ༡༩༧༢ ལོར་སྐབས་ལྔ་པའི་མདོ་སྟོད་སྤྱི་འཐུས་དང་། ཕྱི་ལོ་ ༡༩༧༤ ལོ་ནས་སྐབས་དེའི་སྤྱི་འཐུས་ཚོགས་གཙོ་གནང་། ཕྱི་ལོ་ ༡༩༧༦ ལོ་ནས་བོད་གཞུང་དྲིལ་བསྒྲགས་བཀའ་བློན་དང་། ཕྱི་ལོ་ ༡༩༧༨ ལོ་ནས་རྒྱུན་བཞུགས་བཀའ་བློན་གནང་། ཕྱི་ལོ་ ༡༩༧༩ ལོར་ཐོག་མ་༸གོང་ས་མཆོག་གི་སྐུ་ཚབ་ལྟ་སྐོར་ཚོགས་མིའི་འགན་ཁུར་བ་དང་། རྒྱུན་ཞུགས་བཀའ་བློན་གྱི་མཚན་ཐོག་ནས་བོད་དང་རྒྱ་ནག་བཅས་སུ་ཟླ་བ་ལྔའི་རིང་གཟིགས་སྐོར་གནང་། ཕྱི་ལོ་ ༡༩༨༠ ལོ་ནས་རྒྱུན་བཞུགས་བཀའ་བློན་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༨༢ ལོར་རྒྱ་བོད་འབྲེལ་འཐུད་ཉམས་ཞིབ་སྐུ་ཚབ་ཚོགས་པའི་འགན་འཛིན་གནང་སྟེ་པེ་ཅིང་དུ་ཕེབས། ཕྱི་ལོ་ ༡༩༨༣ ལོ་ནས་བཙན་བྱོལ་བོད་གཞུང་གི་བཀའ་ཁྲིར་༸གོང་ས་མཆོག་གིས་ཐད་བསྐོས་གནང་བ་བཞིན་ཐུགས་འགན་བཞེས་པ་དང་ལྷན་དུ་ནང་སྲིད་དང་ཤེས་རིག་བཀའ་བློན་གྱི་ཐུགས་འགན་ལོ་གསུམ་ལྷག་བཞེས། དེ་ནས་བཀའ་ཁྲི་མཛད་འགན་ཐོག་ཆོས་དོན་དང་ནང་སྲིད་བཀའ་བློན་གྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༤ ལོར་སླར་ཡང་རྒྱ་བོད་འབྲེལ་འཐུད་ཉམས་ཞིབ་སྐུ་ཚབ་ཚོགས་པའི་འགན་འཛིན་གནང་སྟེ་པེ་ཅིང་དུ་ཕེབས། ཕྱི་ལོ་ ༡༩༩༠ ཕྱི་ཟླ་ ༥ པའི་ནང་བཀའ་ཁྲིའི་ལས་གནས་ནས་དགོངས་པ་ཐོབ། ཕྱི་ལོ་ ༡༩༩༠ ཕྱི་ཟླ་ ༦ པ་ནས་ལོ་ལྔའི་རིང་༸གོང་ས་མཆོག་གིས་ཐད་བསྐོས་གནང་བ་བཞིན་ད་ལྟ་དང་མ་འོངས་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་གནང་སྟེ། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་བསྡུས། མ་འོངས་བོད་ཀྱི་གྲོས་ཚོགས་ལམ་ལུགས་ཀྱི་རྩ་ཁྲིམས། མ་འོངས་བོད་ཀྱི་སྲིད་འཛིན་ལམ་ལུགས་ཀྱི་རྩ་ཁྲིམས། སིའི་ཊ་སི་སྦག་གི་གྲོས་འཆར་བཞིན་བོད་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་འཆར་གྱི་མ་འོངས་བོད་ཀྱི་རྩ་ཁྲིམས་བཅས་ཀྱི་ཟིན་བྲིས་གཏན་འབེབས་གནང་བ་དང་། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། འཛིན་སྐྱོང་བཀའ་ཤག་གིས་མཚོན་པའི་གཞུང་གི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། ས་གནས་གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། རང་བདེན་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བཅས་ཀྱི་ཟིན་བྲིས་གཏན་འབེབས་གནང་བ་དང་། དེ་བཞིན་བོད་སློབ་འཛིན་སྐྱོང་ཚོགས་པ་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། བོད་གཞུང་ཟློས་གར་བཅས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་གནང་ཡོད་པ་དང་། ད་ལྟ་༸གོང་ས་མཆོག་གིས་ཐད་བསྐོས་བཞིན་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཀྱི་སློབ་སྟོན་པ་གནང་མུས་སུ་ཡོད་འདུག
    གསལ་བཤད། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རེད་མི་འདུག སློབ་སྟོན་པ་རེད་འདུག

    Reply
  11. ཨ་ཁུ་སྟོན་པ། says:
    ལོ་ 15 སྔོན།

    ༄༅། །མཁས་དབང་ཇུ་ཆེན་ལགས་ཁྱེད་སྙིང་ནས་བདེན་ལ་ཐུགས་རྗེ་ཆེ་ཞུ། 1960 ནས་ང་རང་ཚོ་མང་གཙོ་ཆགས་ཡོད་བཤད་བསྡད་ཀྱི་ཡོད། དེ་ལྟར་ཡིན་ན་བོད་དེ་མ་འོངས་པར་བོད་མི་མང་གིས་ཐག་གཅོད་དགོས་ཀྱི་ཡོད་མ་གཏོགས་བཀའ་ཤག་དང་སྤྱི་འཐུས་གཉིས་ཀྱིས་གང་བཤད་བཤད་འོག་འགྲོ་ན་འགྲིག་གི་མེད། དམིགས་བསལ་གྱི་གཞོན་སྐྱེས་ཚོ་ཐུགས་རྗེ་གཟིགས་ང་རང་ཚོ་རང་བཙན་ཐོག་རྩོད་གནང་རོགས། །ང་རང་ཚོའི་བོད་འདི་རང་བཙན་གྱི་མིང་བརླགས་པའི་རྗེས་ང་རང་ཚོ་བོད་མི་མང་རྣམས་རྒྱའི་གཞན་དབང་དུ་ཚུད་པ་ཡིན། ཁ་དཔེར། རང་དབང་ཐམས་ཅད་བདེ་བ་ཡིན། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །མཐུན་མོངས་བ་ནི་རྩོད་པའི་རྒྱུ། །ཞེས་གསུངས་པ་ལྟར། དུས་དེ་ནས་གཟུང་བོད་དེ་གཞན་དབང་དུ་ཚུད་ནས་སྡུག་བསྔལ་གྱི་གནས་འགྱུར་བ་དང་ཡང་ན་རྩོད་པའི་གཞིར་གྱུར་བ་ཡིན་པས་གཞོན་སྐྱེས་ཚང་མའི་ཟབ་ཟབ་ངང་བརྟགས་དཔྱད་ཡག་པོ་བྱས་ནས། བོད་དེ་དུས་ཚོད་ཇི་ཙམ་འགོར་ཀྱང་རང་བཙན་ཐོག་ལ་རྩོད་ཐབས་འབད་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་ཚང་མའི་མཁྱེན་དགོས་སོ།། བོད་རང་བཙན་གཙང་མ་ཡིན། རྒྱ་དམར་བོད་ནས་ཐར་སྐྲོད་གཏོང་དགོས༌། རྒྱ་རྒྱ་ཡུལ་ན་བསྐྱིད། བོད་བོད་ཡུལ་ན་བསྐྱིད་བཤད་པ་ལྟར་བདེན་པ་ཡིན། བོད་བོད་ཡུལ་ན་བསྐྱིད་བཤད་པ་ལྟར་བདེན་པ་ཡིན། བོད་མི་ཚོ་གནས་ཚུལ་འདིའི་ཐོག་དགོངས་ཚུལ་ཡོད་ན་ཤིན་ཏུ་ནས་དགའ་སྤྲོ་ཆེ།། བོད་རྒྱལ་ལོ།།

    Reply
  12. བོད། བདེ་སྐྱིད་ལྷ་མོ། says:
    ལོ་ 15 སྔོན།

    བཀའ་ཟུར་མཆོག་གི་ལོ་རྒྱུས་འཇིག་བྲལ་བསྟན་འཛིན་ནས་མདོར་བསྡུས་སུ་བཀོད་པ་འདི་ལ་ཁྱོད་རང་གཉིས་ནས་ཡང་ཡང་ལྟ་ལོ།

    Reply
  13. བོད། བདེ་སྐྱིད་ལྷ་མོ། says:
    ལོ་ 15 སྔོན།

    ང་ཚོ་བོད་ལ་རང་དབང་དང་ཞི་བདེ་དགོས་གི་མེད་ན་བཀྲ་ཤིས་སྒྲོལ[ཕ]དང་ཐོག་རྒོད་གཉིས་བཀའ་ཁྲི་ལ་འོས་འདེམ་བྱ་རོག་ཞུ།
    གལ་སྲིད་རང་དབང་དང་ཞི་བདེ་དགོས་ན་༧གོང་ས་མཆོག་གི་བཀའ་བཞིར་བཟུང་ནས་མི་ཚེ་གང་པོར་བོད་བསྟན་པ་ཆབ་སྲིད་ལ་སྲི་ཞུ་བསྒྲུབས་པའི་གནོད་ཡོད་ཀྱི་མི་སྣ་དག་ལ་བརྗེས་སུ་ཡི་རང་གི་སྒོ་ནས་རྒྱབ་སྐྱོར་བྱེད་འོས་པ་ཞིག་རེད་དྲན་གི་འདུག

    Reply
  14. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    རྩོད་པ་རྒྱོབས་མུ་མཐུད་རྩོད་པ་རྒྱོབས་་་་དཀར་པོ་གཡས་དང་ནག་པོ་གཡོན་དུ་མ་བཞག་བར་རྩོད་པ་རྒྱོབས་་་་གང་ལྟར་སྤྱི་ཚོགས་ནང་རྩོད་པ་ཞིག་དགོས་པས་མུ་མཐུད་ཅིག་་་ལོ་་་དྲ་གྲོགས་ཚོ

    Reply
  15. ཐོག་རྒོད། says:
    ལོ་ 15 སྔོན།

    ཡ་ཁོ་རེ། ཡང་ཕ་རྒན་ཁོས་གང་ས་གང་ལ་འགྲོ་འགྲོ་བཞིན་ཡོད་འདུག བཀའ་བློན་ཁྲི་པ་རན་གྲོ་ཡོད་རེད་དོ། ཕ་རྒན་ཁོས་དཀྲུགས་ཤིང་བརྒྱབ་པ་ལ་གྲངས་ཁ་མེད་ད། དེ་སྔོན་ཚོགས་པ་བཅུ་གསུམ་ཁོས་བཙུགས་པ་རེད། རྡི་ལེ་ཆུ་བཞི་སྒང་དྲུག་གསར་པ་ཁོས་བཙུགས་པ་རེད། མདོ་སྟོད་ནང་ལ་དཀྲུགས་ཤིང་བརྒྱབས་ནང་མིམཐུན་པ་བཟོས་མཁན་ཁོ་རེད། དབུས་གཙང་མངའ་རིས་བར་ལ་མི་མཐུན་ཁོས་བྱས་པ་རེད། གུང་པོའི་ཆེད་དུ་དབུས་གཙང་མདོ་སྟོད་མ་མཐུན་པ་ཁོས་བྱས་པ་རེད། གསེར་རྟ་ཆེད་མདོ་སྟོད་མདོ་སྨད་བར་ལ་ཁོས་དཀྲུགས་ཤིང་བྱས་པ་རེད། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་སོགས་ལ་ཁོས་གསང་འབྲེལ་བྱས་པ་རེད། ༢༠༠༨ལོའི་གྲོས་ཚོགས་ཁོས་ཐབས་ཤེས་བྱས་གཏོར་པ་རེད། དེ་ལ་བརྟེན་ཁོའི་ཨབ་ཕྲུག་བཅུ་གསུམ་ཕྱི་ལོགས་ལ་ཁོའི་ལམ་སྟོན་ལྟར་བྲོས་པ་རེད། ཁོ་ཡོད་ན་སྤྱི་ཚོགས་ཞི་འཇམ་ཡོང་གི་མ་རེད། ད་ཡང་ཁོས་བཀའ་ཤག་དང་སྤྱི་འཐུས་བར་དཀྲུགས་སྙིང་སྤྲོ་བཞིན་ཡོད་ས་རེད་ཏཱ།ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།ཡང་ཕ་རྒན་ཁོས་དཀྲུགས་ངེས་རེད་དཱོ།།།

    Reply
  16. བྱམས་རྒྱལ། says:
    ལོ་ 15 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས་ཀྱི་གནད་འགྲེལ་ལ་སློབ་སྦྱོང་གནང་རྒྱུ་འདུག་

    Reply
  17. དུང་དཀར་རྒྱལ། says:
    ལོ་ 15 སྔོན།

    དེང་སང་སུ་ཞིག་ལ་འབར་རྫས་གཡུག་ཀྱིན་པ་ཤེས་ཀྱིན་འདུག་གམ
    འདིའི་དམིགས་དོན་གང་ལ་བཟུང་འདུག
    གླེན་ལྐུག་མིན་ན་བསམ་ཤེས་དང་ལངས་ཤེས་གྱིས་ར་འགྱོད་པ་མེད་ནི་རེད

    གཡོ་བྱུང་དེའི་རྒྱབ་ལོག་ནས་བཀྲ་ཤིས་སྒྲོལ་མ་ཟེར་བའི་གསོན་འདྲེ་མ་འདིས་ཀྱང་བོད་ཁམས་གསོན་ཟས་བྱེད་གྲབས་བྱེད་ཀྱི།

    དེ་ནི་སྔོན་མའི་གནས་ཚུལ་དྲན་བྱེད་རང་རེད།

    དགེ་འདུན་ཆོས་འཕེལ་བཙོན་ལ་བསྐྱལ་བ་དེ་རིང་དྲན་བྱུང་།།
    དོན་འགྲུབ་རྒྱལ་དེ་ཚོར་མེད་གྱུར་པ་དེ་རིང་བྱུང་།།
    བེ་རོ་ཙ་ན་རྒྱལ་རོང་སྤྱུགས་པ་དེ་རིང་དྲན་བྱུང་།།
    དྲན་དྲན་ཡིད་སེམས་སྐྱོ་བས་མནར་བཞིན་དེ་རིང་སྡུག་བྱུང་།།

    སྐུ་ངོ་འཇུ་ཆེན་གྱིས་མི་ལོ་བདུན་ཅུ་ཙམ་བོད་མི་རིགས་འདིའི་ཆེད་དུ་དཀའ་ངལ་བསྐྱོན་འདུག
    ད་རུང་དེའང་༧གོང་ས་མཆོག་གིས་དགྱེས་མཉེས་གནང་ཤོས་ཀྱི་སྐུ་ངོ་དྲིན་ཆེན་ཞིག་ཡིན་པ་ལོ་རྒྱུས་རང་གིས་དཔང་པོ་བྱས་ཡོད་ཀི

    མ་ཟད་ཁོང་གིས་ལོ་ག་ཚད་ནང་ཕྱག་ལས་གནང་བའི་རིན་རང་གི་འཚོ་བ་དང་ཁང་གཞིས་
    ནང་མི་བུ་ཕྲུག་ཚུན་ཆད་ལ་ལྟོས་དང་།
    འདྲེ་མོ་དང་བོད་ཁམས་ཕུང་འདོད་ཅན་མིན་ན་གསལ་གསལ་ཧ་གོ་ངེས་རེད།

    མི་རྒན་ཁྱི་རྒན་རྟ་རྒན་གསུམ།།
    ལས་བྱས་པ་ཡོད་དེ་ཀུན་གྱིས་བརྙས།།
    ཟེར་བ་དེ་ངོ་མ་དེང་སང་བོད་མིའི་ནང་ལ་ཚེས་འདུག

    Reply
  18. ལུང་རྟོགས། says:
    ལོ་ 15 སྔོན།

    བསམ་བློ་དང་མིག་བརྒྱང་མེད་པའི་སྤྱི་འཐུས་ཚོའི་བྱེད་བསྟང་ལ་བསྟས་ན་གལ་ཆེའི་ཡིག་ཆ་བསྟན་འོས་པ་ཞིག་མ་རེད། མ་བཞི་གོང་གི་གསུང་བཤད་འདི་མཐོང་སྐབས། གསར་འགྱུར་འདིའི་འོག་གི་《སྤྱི་མཐུས་གྲོས་ཚོགས་སུ་གང་བྱུང་བ་དེ་མི་ཚང་གཉིས་ཀྱི་མཐབ་རྩོད་རེད་》ཞེས་པ་དེ་བདེན་པ་མིན་ནམ་སྙམ་པ་ཞིག་བྱུང།

    Reply
  19. kunsal says:
    ལོ་ 15 སྔོན།

    ཤ་ཚའི་སྐད་ཆ་ཡིན་ན་རང་ཉིད་བཀའ་ཟུར་ཞིག་ཡིན་པའི་ཆ་ནས་ྋགོང་ས་མཆོག་དང་འབྲེལ་ཡོད་སྐུ་ཚབ་སོགས་ལ་ནང་མོལ་མི་སྣང་བར་ཕྱི་ནས་ཤོད་དགོས་དོན་ཨེ་ཡོད། འདི་ལ་བསམ་བློ་གཏོང་རྒྱུ་འདུག་ག དྲྭ་གྲོགས་རྣམ་པས་ཕོ་མོ་སུ་ཡིན་སོགས་དོན་མེད་ཁ་རྩོད་བྱས་པས་དགོས་པ་མ་མཐོང་། དོན་དུ་རང་གི་དངོས་མིང་ཡང་འབྲི་མི་ནུས་པ་འདི་ཅི་ཡིན་རྒྱུ་རེད། ཕྱོགས་ཞེན་སུས་བྱས་ཀྱང་གཟུ་གནས་མི་མང་གིས་མི་ཤེས་པ་མེད། དེ་དོན་རང་རིགས་ལ་ཤ་ཚ་ཡོད་པ་ཞིག་ཡིན་ན་རང་གིས་གང་ཤོད་ཀྱི་ཡོད་པ་དེས་ཕན་གནོད་གང་བཟོ་བསམ་ཞིབ་ངེས་པར་གནང་རོགས།

    Reply
  20. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བླ་རྒན་བཀྲ་ཤིས་སྒྲོལ་མ་ལགས་།་་་་ཁྱབ་ཀྱིས་མ་རེད།་་་་རྟགས་ཡང་དག་མ་རེད།ཧཧཧཧཧཧཧཧཧཧཧཧ

    Reply
  21. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དགྲ་བོ་དམར་པོར་སྟོན་རུང་བའི་གནས་དོན་དེ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་སྟོན་མི་རུང་བ་འདི་དངོས་གནས་ཡ་མཚན་རེད།

    Reply
  22. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    སྤྱི་འཐུས་ཚོའི་ནང་གི་བླ་མ་འདྲ་བོ་རེ་འགའ་རྒྱ་དམར་དང་ལག་འབྲེལ་ཡོད་འདུག་པས་ཁོང་ཚོར་ཡིད་ཆེས་བྱེད་ཁག་པོ་རེད། ཡང་སྤྱི་འཐུས་ཁ་ཤས་མི་རྒན་གཞན་པ་དེ་འདྲའི་བྲན་བྱེད་པ་ལས་རང་ཚུགས་མེད་པས་ཁོང་ཚོར་ཡིག་ཆ་གལ་ཆེན་ཁག་སྟོན་མི་རུང་། གང་ལྟར་སྤྱི་འཐུས་སུ་སུ་བོད་འཐུས་ཡིན་དང་སུ་དང་སུ་ཞིག་རྒྱ་འཐུས་ཡིན་མིན་གསལ་ཁ་མ་དོད་བར་དོན་ཆེན་དག་སྤྱི་འཐུས་ནང་མིག་སྟོན་མི་རུང་།

    Reply
  23. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ༡ གོང་གི་གསར་འགྱུར་ནང་བཀོད་པའི་བོད་ཀྱི་གནས་སྟངས་དེ་དོན་དངོས་ལ་གནས་ཀྱི་འདུག་མིན་ནི་གསར་འགྱུར་འདིས་བོད་མི་མང་བཏོན་པའི་དྲི་བ་གཙོ་བོ་དེ་རེད།

    ༢ བཀའ་ཟུར་མཆོག་གིས། ང་ཚོའི་སྲིད་ཇུས་དེ་ཆོས་སྲིད་ཟུང་འབྲེལ་དང་ཆོལ་ཁ་གསུམ་ཐོབ་ཐང་འདྲ་མཉམ་རེད། དེའི་ངོ་བོ་མཚོན་བྱེད་དེ་ཆོས་ལུགས་སོ་སོའི་སྤྱི་འཐུས་གཉིས་རེ་དང་། ཆོལ་ཁ་རེ་རེའི་མི་བཅུ་རེ་སྤྱི་འཐུས་སུ་བསྐོ་བཞག་བྱས་ཡོད། དེ་བཞིན་༧གོང་ས་མཆོག་གིས་དྲུག་ཅུ་ཐམ་པའི་ལོ་ནས་བཟུང་མང་གཙོ་ཡང་དག་པ་ལ་འགྱུར་བ་བཏང་ནས་ད་ལྟ་རིམ་བཞིན་ཡར་འགྲོ་བཞིན་པ་རེད། དེ་གསུམ་པོ་དེ་ང་ཚོའི་རྩ་དོན་གསུམ་ཡིན། ཅེས་གསུངས་འདུག མིག་མདུན་གྱི་དྲི་བ་ནི་ང་ཚོའི་རྩ་དོན་དེ་གསུམ་ཚང་བའི་བོད་གཅིག་འཐབ་རྩོད་བྱེད་དགོས་མིན་དེ་རེད། གལ་སྲིད་དེ་ཡིན་ན་ཁོང་གིས་རྩ་དོན་དེ་གསུམ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དགོས་འདུན་ཡིག་ཆའི་ནང་མེད་སྐོར་ཚིག་ཐག་བཅད་ནས་གསུངས་འདུག དེ་ང་ཚོས་ཞིབ་འཇུག་བྱེད་དགོས་པ་གཅིག་རེད་བསམ་གྱི་འདུག

    ༣ བཀའ་ཟུར་ཁོང་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་བྱེད་བཞིན་པ་༸གོང་ས་མཆོག་གི་དགོངས་གཞི་ཡིན་མིན་གྱི་དོགས་སློང་གནང་འདུག བཀའ་མོལ་འདི་ལ་རྒྱབ་ལྗོངས་ག་རེ་ཡོད་མེད་ཞིབ་འཇུག་བྱེད་དགོས་པ་འདུག

    ༤ བཀའ་ཟུར་ཁོང་གིས་དགོས་འདུན་ཡིག་ཆ་དེ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་གྲོས་བསྡུར་བྱས་མེད་པ་དང་། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་ཀྱིས་ཁས་ལེན་བྱས་ཡོད་མ་རེད་ཅེས་ནན་བཤད་གནང་འདུག དེ་བདེན་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆབ་སྲིད་ཀྱི་ཐོག་ནས་ལས་ཀ་མེད་པ་དེ་རེད། དེར་བརྟེན་འདི་ཞིབ་འཇུག་བྱེད་དགོས་པ་གཅིག་རེད།

    ༥ ད་ལྟ་རྒྱ་ནག་ལ་འབྲེལ་མོལ་བྱས་ཏེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ཁོངས་རང་སྐྱོང་ཡོངས་ཐབས་བྱེད་བཞིན་པའི་སྐབས་སུ་ཁོང་གིས་བོད་ཀྱི་གནད་དོན་དེ་མི་རིགས་ཀྱི་གནད་དོན་མིན་སྐོར་ནན་བཤད་གནང་འདུག དོན་དངོས་སུ་བོད་མི་རིགས་ཟེར་ན་ཁྱབ་ཚད་ཅི་འདྲ་རེད། དེ་བཞིན་བཀའ་མོལ་འདི་ས་ཁྱོན་བདག་དབང་དང་འབྲེལ་བ་དམ་ཟབ་འདུག

    དྲ་གྲོགས་ཚོས་བལྟས་ན་གང་འདྲ་འདུག ངས་གསར་འགྱུར་འདི་ནས་དྲི་བ་ཆེ་ཁག་འདི་ཚོ་རྙེད་སོང་།

    Reply
  24. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    གུས་མོས་རྒྱ་ནག་གི་དཔོན་པོ་རེ་རེ་བྱས་ནས་གནས་ཚུལ་མང་པོ་ཤེས་ཀྱི་ཡོད། ང་རྒྱ་ནག་ན་ཡོད་པས་ཁྱབ་ཀྱི་རེད་དམ།

    Reply
  25. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཅོ་རི་ཉི་མ་ལགས། ང་གང་དུ་ཡོད་མ་གཞི་ནས་གལ་ཆེན་པོ་མ་རེད། ཁྱོད་ཚོས་དྲིས་ཡོང་དུས་ལན་ཙམ་བརྒྱབ་པ་ཡིན། ངས་སྐད་ཆ་ཅི་བཤད་དང་མཆན་བུ་ཅི་བཏབས་ཀྱི་ང་ཕོ་མོ་གང་ཡིན་དང་ས་གནས་གང་དུ་ཡོད་མེད་ཁྱོད་ལ་མཁྱེན་པ་ཡོད་པ་མིན་ན་ཤེས་ཀྱི་མ་རེད། འོན་ཀྱང་གུས་མོས་སུ་དང་གང་དུ་ཡོད་གསལ་བོར་བཤད་ཆོག རྒྱ་གར་མེད་རུང་། རྡ་ས་ན་མེད་རུང་། གནས་ཚུལ་ཤེས་ཆོག་གི་རེད། འོ་ན་ཨ་རིའི་གནས་ཚུལ་ཤེས་དགོས་ན་ཨ་རིར་ཡོད་དགོས་སམ།

    Reply
  26. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཀྲ་ཤིས་སྒྲོལ་མ་ལགས། ཁྱེད་ཕོ་ཡིན་དང་མོ་ཡིན། སྒྲོལ་མ་ཡིན་དང་བདུད་མོ་ཡིན།
    ལྷོ་མོ་ཡིན་དང་འདྲེ་མོ་ཡིན། རྒྱ་གར་ཡོད་དང་ཕྱི་རྒྱལ་ཡོད། གསལ་རེ་གསལ་རེ་འགྲོ་བཞིན་འདུག་ད་ཧཧཧཧཧཧཧཧཧཧཧཧ

    Reply
  27. kunsal says:
    ལོ་ 15 སྔོན།

    བཀྲི་སྒྲོལ་མ་ལགས། ཁྱེད་ནས་གང་གསུངས་པ་དེར་རྒྱབ་སྐྱོར་ཡོད། བྱས་རྗེས་ཅན་གྱི་བཀའ་ཟུར་གྱིས་གང་གནང་གི་ཡོད་པ་རྒྱ་ཆེའི་མང་ཚོགས་ཀྱིས་སེམས་ནང་གསལ་ལེར་ཡོད། སྔ་ལོ་ཨ་རིར་ཡོང་སྐབས་ཚེ་བ་མེད་པས་རང་བཙན་བསྒྲུབ་ཐབས་མེད་པ་གསུངས་མྱོང་ཡོད། དགའ་མི་དགའི་སྐད་ཆ་མིན། ཁོང་གི་གསུང་བཤད་ལ་ཕྱོགས་མང་པོ་ནས་བསམ་ཞིབ་བྱོས་དང་། སྐུ་ཚབ་ཚོས་རྒྱ་ནག་ལ་སྤྲད་པའི་ཡིག་ཆ་དེ་ྋགོང་ས་ཆེན་པོའི་དགོངས་གཞི་མ་རེད་ལྟ་བུ་གསུངས་མི་འདུག་གམ། དབུ་མའི་ལམ་ལ་སྤྱི་འཐུས་གྲོས་ཚོགས་ནས་རྒྱབ་སྐྱོར་གྱིས་གྲོས་ཆོད་བཞག་ཡོད། དེ་དོན་ལག་ལེན་བསྟར་སྐབས་རེ་རེ་བྱས་སྙན་སེང་ཞུ་དགོས་ཨེ་ཡོད། བཀའ་ཁྲི་རྗེས་མ་དེ་ྋགོང་ས་མཆོག་གི་དགོངས་གཞི་ལྟར་སྒྲུབ་མཁན་ད་ལྟའི་བཀའ་བློན་ཁྲི་པའི་ཕྱག་ལས་མཇུག་སྐྱོང་གནང་ཐུབ་མཁན་དང་ཕྱོགས་ཞེན་མེད་པ་ཞིག་དགོལ་གལ་མཐོང་། རྒན་གཞོན་དང་ཕོ་མོ་སྐྱ་སེར་ལ་དབྱེ་བ་མེད། དེ་དོན་མང་ཚོགས་ནས་དགོངས་པ་གཟབ་བཞེས་ཞུ།

    Reply
  28. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཆུ་ཐིགས་སྔོན་མོ་ལགས། ངས་འདིར་བཀའ་ཟུར་འཇུ་ཆེན་གྱི་ལོ་རྒྱུས་མདོར་བསྡུས་ཤིག་རག་སོང་།
    བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནི་ཕྱི་ལོ་ ༡༩༢༩ ལོར་བོད་འབྲི་ཆུ་ཤར་རྒྱུད་སྡེ་དགེ་བློན་པོ་འཇུ་ཆེན་ཚང་དུ་འཁྲུངས། ཕྱི་ལོ་ ༡༩༤༧ ལོར་བོད་ཆོལ་གསུམ་གྱི་ས་ཁུལ་ཡོངས་ལ་བསྐོར་བསྐྱོད་དུ་ཕེབས། ཕྱི་ལོ ༡༩༥༠ ལོར་རྒྱ་ནག་གིས་བཙན་འཛུལ་བོད་མདོ་ཁམས་ཁུལ་དུ་སླེབས་ཤིང་དུས་སྐབས་དེ་ནས་བཟུང་བོད་མིའི་རང་དབང་རྩོད་ལེན་གྱི་ལས་འགུལ་ནང་ཞུགས། དགུང་ལོ་༢༥་ཐོག་སྟེ་ཕྱི་ལོ་༡༩༥༥ ལོ་མཇུག་ཙམ་ལ་རྒྱ་ནག་གིས་བོད་མདོ་ཁམས་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་ཟེར་བ་བཙུགས་པས་བོད་གཞུང་གི་ཁྱབ་ཁོངས་སུ་འཛུལ་ནས་རྒྱ་དམག་སྡོད་སྒར་སོགས་སུ་རྒོལ་རྡུང་གི་ལས་སུ་ཞུགས། ཕྱི་ལོ་ ༡༩༥༩ ལོར་ནོར་བུ་གླིང་ཀར་༸གོང་ས་མཆོག་གི་སྐུ་སྲུང་བ་གནང་ཞིང་རྒྱ་གར་དུ་ཆིབས་བསྒྱུར་མ་གྲུབ་བར་རྗེས་འདེད་རྒྱ་དམག་འགོག་སྲུང་གི་ལས་ཁུར་ཞུས། རྒྱ་གར་དུ་ཕེབས་རྗེས་སྦེལ་ཀོབ་ཏུ་བཅུ་དཔོན་དང་། བརྒྱ་དཔོན། གཞིས་ལུས་ཁང་གི་འཐུས་མི། མཉམ་འབྲེལ་འགན་འཛིན་ལོ་༡༡ བཅས་གནང་ཞིང་། ཕྱི་ལོ་ ༡༩༧༢ ལོར་སྐབས་ལྔ་པའི་མདོ་སྟོད་སྤྱི་འཐུས་དང་། ཕྱི་ལོ་ ༡༩༧༤ ལོ་ནས་སྐབས་དེའི་སྤྱི་འཐུས་ཚོགས་གཙོ་གནང་། ཕྱི་ལོ་ ༡༩༧༦ ལོ་ནས་བོད་གཞུང་དྲིལ་བསྒྲགས་བཀའ་བློན་དང་། ཕྱི་ལོ་ ༡༩༧༨ ལོ་ནས་རྒྱུན་བཞུགས་བཀའ་བློན་གནང་། ཕྱི་ལོ་ ༡༩༧༩ ལོར་ཐོག་མ་༸གོང་ས་མཆོག་གི་སྐུ་ཚབ་ལྟ་སྐོར་ཚོགས་མིའི་འགན་ཁུར་བ་དང་། རྒྱུན་ཞུགས་བཀའ་བློན་གྱི་མཚན་ཐོག་ནས་བོད་དང་རྒྱ་ནག་བཅས་སུ་ཟླ་བ་ལྔའི་རིང་གཟིགས་སྐོར་གནང་། ཕྱི་ལོ་ ༡༩༨༠ ལོ་ནས་རྒྱུན་བཞུགས་བཀའ་བློན་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༨༢ ལོར་རྒྱ་བོད་འབྲེལ་འཐུད་ཉམས་ཞིབ་སྐུ་ཚབ་ཚོགས་པའི་འགན་འཛིན་གནང་སྟེ་པེ་ཅིང་དུ་ཕེབས། ཕྱི་ལོ་ ༡༩༨༣ ལོ་ནས་བཙན་བྱོལ་བོད་གཞུང་གི་བཀའ་ཁྲིར་༸གོང་ས་མཆོག་གིས་ཐད་བསྐོས་གནང་བ་བཞིན་ཐུགས་འགན་བཞེས་པ་དང་ལྷན་དུ་ནང་སྲིད་དང་ཤེས་རིག་བཀའ་བློན་གྱི་ཐུགས་འགན་ལོ་གསུམ་ལྷག་བཞེས། དེ་ནས་བཀའ་ཁྲི་མཛད་འགན་ཐོག་ཆོས་དོན་དང་ནང་སྲིད་བཀའ་བློན་གྱི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༤ ལོར་སླར་ཡང་རྒྱ་བོད་འབྲེལ་འཐུད་ཉམས་ཞིབ་སྐུ་ཚབ་ཚོགས་པའི་འགན་འཛིན་གནང་སྟེ་པེ་ཅིང་དུ་ཕེབས། ཕྱི་ལོ་ ༡༩༩༠ ཕྱི་ཟླ་ ༥ པའི་ནང་བཀའ་ཁྲིའི་ལས་གནས་ནས་དགོངས་པ་ཐོབ། ཕྱི་ལོ་ ༡༩༩༠ ཕྱི་ཟླ་ ༦ པ་ནས་ལོ་ལྔའི་རིང་༸གོང་ས་མཆོག་གིས་ཐད་བསྐོས་གནང་བ་བཞིན་ད་ལྟ་དང་མ་འོངས་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་གནང་སྟེ། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་བསྡུས། མ་འོངས་བོད་ཀྱི་གྲོས་ཚོགས་ལམ་ལུགས་ཀྱི་རྩ་ཁྲིམས། མ་འོངས་བོད་ཀྱི་སྲིད་འཛིན་ལམ་ལུགས་ཀྱི་རྩ་ཁྲིམས། སིའི་ཊ་སི་སྦག་གི་གྲོས་འཆར་བཞིན་བོད་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་འཆར་གྱི་མ་འོངས་བོད་ཀྱི་རྩ་ཁྲིམས་བཅས་ཀྱི་ཟིན་བྲིས་གཏན་འབེབས་གནང་བ་དང་། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། འཛིན་སྐྱོང་བཀའ་ཤག་གིས་མཚོན་པའི་གཞུང་གི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། ས་གནས་གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། རང་བདེན་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བཅས་ཀྱི་ཟིན་བྲིས་གཏན་འབེབས་གནང་བ་དང་། དེ་བཞིན་བོད་སློབ་འཛིན་སྐྱོང་ཚོགས་པ་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། བོད་གཞུང་ཟློས་གར་བཅས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་གནང་ཡོད་པ་དང་། ད་ལྟ་༸གོང་ས་མཆོག་གིས་ཐད་བསྐོས་བཞིན་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་མུས་སུ་ཡོད་པ་རེད།

    Reply
  29. སྟོབས་ says:
    ལོ་ 15 སྔོན།

    འཇིགས་བྲལ་ཡ་ཁྱེད་ཀྱིས་བོད་ཀྱི་རྩ་དོན་གསུལ་ལ་འགྲེལ་བ་རྒྱག་མི་ཤེས ། སྤྱི་ཚོགས་འདི་འུར་ཚུགས་བྱེད་ས་མ་རེད་གནས་ལུགས་འཚོལ་ས་རེད་ལོ་ ངས་གསོས་ཕྲུག་སྙིང་རྗེ

    Reply
  30. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    སྤྱིའི་ཆ་ནས་བཤད་ན་རྒན་པ་ཚོར་བརྩི་བཀུར་བྱེད་འོས་པས་ང་ཚོས་ནམ་ཡང་མཐོང་ཆེན་བྱེད་དགོས།་ ཡིན་ནའང་ཡོད་ཚད་ལ་འདི་ལྟར་བྱས་ན་དེའི་ནང་ན་འདྲ་མིན་ཡོད་པས་འདས་སོང་གི་ལོ་རྒྱུས་ལ་གཞིགས་ཏེ་གཞི་ནས་དགེ་སྐྱོན་གླེང་རྒྱུ་དེ་རེད། སྐུ་ངོ་མཆོག་ལ་དེ་ཙམ་རྒྱུས་མེད་མོད། ཁོང་གི་འདས་སོང་གི་ལོ་རྒྱུས་ཁྲོད་རང་ཕྱོགས་ཀྱི་མི་རྣམས་དམིགས་སུ་བཀར་ནས་ལས་དོན་མང་པོ་ཞིག་བསྒྲུབས་རབས་འདུག་་་་གཞུང་གི་སྲིད་བྱུས་ལ་གཏོར་བཅོམ་བཏང་བ་དེ་འདྲ་མིན་ནའང་སྤྱི་ཚོགས་ནང་ལ་འགལ་ཟླ་སློང་བྱེད་ཀྱི་རྒྱུ་ཞིག་ཡིན་པས་དངོས་འབྲེལ་ཡིན་ན་དེ་ཙམ་ཞིག་རེད་སྙམ། གོང་དུ་ཁོང་གིས་བཀའ་ཤག་གིས་སྤྱི་འཐུས་ལ་ཅི་ཡང་དྲིས་མེད་ཅེས་གསུངས་འདུག་་་་དེ་ལ་ཞེ་དྲགས་མོས་མཐུན་མེད་་་་གང་ཡིན་ཞེ་ན་་་ཡོད་ཚད་སྤྱི་འཐུས་ལ་བཤད་ན་སྐུ་ཆབ་་མ་ཕེབས་གོང་ནས་ཡོད་ཚད་ཕྱིར་བསྒྲགས་བྱས་པ་དང་ཁྱད་པར་མེད་་་་་་ང་ཚོའི་སྤྱི་འཐུས་ཚོ་ཕྱོགས་རེས་དང་ཞེ་སྡང་གིས་བཞེངས་པའི་རང་དོན་དམིགས་སུ་འཛིན་མཁན་ཤ་སྟག་ཡིན་པ་ད་ལོར་གསལ་བོ་མཐོང་སོང་བས་ཡོད་ཚད་ཁོང་ཚོར་བཤད་ག་ལ་རུང་། ད་དུང་ངས་སྐུ་ངོ་མཆོག་གི་འདས་སོང་གི་ལོ་རྒྱུས་ལ་རྒྱུས་ལོན་ཅུང་ཙམ་བྱས་ནས་གཞི་ནས་ང་ཚོས་ཁོང་གི་མཛད་རྗེས་སྐོར་ནས་འཕྲོས་ཏེ་བགྲོ་གླེང་བྱ་ཆོག

    Reply
  31. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    སྟོབས་མིང་ཅན་ལགས། ཉིད་ཀྱིས་བོད་བསྟན་སྲིད་གཉིས་ལ་དེ་ལས་ཕན་ན་གནོད་རྒྱུ་མེད་པའི་སྨོན་ལམ་ལོག་པ་ཞིག་འདེབས་བཞིན་འདུག་ནའང་། ཅི་ནས་བསམ་ཡང་གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཐུགས་རྗེའི་འཕྲིན་ལས་ཀྱིས་བསྐྱངས་ཡོད་པའི་བོད་སྡེ་བ་གཞུང་གི་བཀའ་ཁྲིར་འདི་འདྲ་ཞིག་ཁེལ་སྲིད་གི་མ་རེད། འདི་སྟོང་བསམ་དང་སྨོན་ལོག་རང་རེད།

    Reply
  32. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    དུས་ཚོད་འདི་འདྲར་རྒྱ་མའི་གསང་ལས་པ་ཚོ་བྲེལ་བ་ཆེ་མདོག་ཁ་བོ་རེད། གོ་སྐབས་འདི་འདྲར་རྒྱ་མིའི་ཕོག་བཟན་ཚོར་གཟབ་ནན་བྱོས།

    Reply
  33. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    གནའ་སྔ་མོ་ནས་བེད་མེད་དུ་གྱུར་ཟིན་པའི་མི་རྒན་ཚོར་དུས་ཚོད་འདིའི་ནང་འོས་མཚམས་ཀྱི་ལས་ཀ་ཞིག་སྤྲོད་ཡ་མི་འདུག རྒན་པོ་ཚོ་རྒན་གསོ་ཁང་ལ་སོང་ནས་ཉི་མ་དྲོས་བསྡད་ན་མི་བཟང་ངམ། སྔོན་མ་རྙོག་དྲའི་ཚོར་སྒྲོ་འདོགས་བཞིན་བོད་མི་ནང་ཁུལ་ལ་འཐེན་ཁྱེར་གྱི་ས་བོན་འདེབས་ཚོར་ཚེ་ཕྱི་མ་ལ་བསམ་ནས་ལས་འབྲས་སྲུང་སྟངས་དྲན་ན་བཟང་གི་རེད།

    Reply
  34. སྟོབས་ says:
    ལོ་ 15 སྔོན།

    བཀྲ་སྒྲོལ་ལགས བཀའ་བློན་ཁྲི་བ་གསར་བ་སུ་ཞིག་སླེབས་ན ་ཕྱོགས་རེས་ཆེ་དགོས་ གཡོ་སྒྱུ་འཁྲབ་པའི་རིག་ལམ་རྣོ་དགོས་ འཐེན་འཁྱེར་རྒོད་དགོས ་བཙན་བྱོལ་བོད་མིའི་སེམས་འདི་ཆབ་སྲིད་ཀྱིས་བསེད་བཀྲོད་བྱེད་ཐུབ་མཁན་ཞིག་དགོས། འབག་སྐུ་འདྲ་བ་ཞིག་གི་སླེབས་ན་དོན་མེད་མིང་སྟོང་རེད

    Reply
  35. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    ལོ་ནའི་བབ་ལ་བལྟ་རྒྱུ་མེད། ཉེན་ཁ་ཆེ་ནི་རེད། ལངས་ཡོང་དུས་འགོག་ཐུབ་ཀི་མ་རེད། ད་ནས་གྲ་སྒྲིག་བྱེད་རྒྱུ་གལ་ཆེན་རེད།

    Reply
  36. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཚོ། བཀའ་ཟུར་ཁོང་གིས་༸གོང་ས་ཏཱ་ལའི་བླ་མའི་དམིགས་བསལ་སྐུ་ཚབ་དང་བོད་གཞུང་བཀའ་བློ་ཁྲི་བའི་གཙོས་གནད་ཡོད་ཀྱི་མི་སྣ་མང་པོར་དོགས་སློང་བྱེད་ཆོག་ན། གུས་མོས་ཁོང་ལ་དོགས་སློང་བྱེད་ཅིའི་ཕྱིར་མ་ཆོག་པ་རེད། ཐེ་ཚོམ་ཟ་ག་རེ་བྱས་ནས་མ་ཉན་པ་རེད།

    Reply
  37. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    བཀའ་ཟུར་ཁོང་ལོ་བརྒྱད་བཅུ་གྱ་གཅིག་གྱ་གཉིས་ཤིག་རེད་ཟེར་གྱི་འདུག དེར་བརྟེན་བཀའ་ཁྲིར་ལངས་འོངས་བསམས་ནས་སེམས་ཁྲལ་བྱེད་དགོས་པ་མི་འདུག

    Reply
  38. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ༡ གོང་གི་གསར་འགྱུར་ནང་བཀོད་པའི་བོད་ཀྱི་གནས་སྟངས་དེ་དོན་དངོས་ལ་གནས་ཀྱི་འདུག་མིན་ནི་གསར་འགྱུར་འདིས་བོད་མི་མང་བཏོན་པའི་དྲི་བ་གཙོ་བོ་དེ་རེད།
    ༢ བཀའ་ཟུར་མཆོག་གིས། ང་ཚོའི་སྲིད་ཇུས་དེ་ཆོས་སྲིད་ཟུང་འབྲེལ་དང་ཆོལ་ཁ་གསུམ་ཐོབ་ཐང་འདྲ་མཉམ་རེད། དེའི་ངོ་བོ་མཚོན་བྱེད་དེ་ཆོས་ལུགས་སོ་སོའི་སྤྱི་འཐུས་གཉིས་རེ་དང་། ཆོལ་ཁ་རེ་རེའི་མི་བཅུ་རེ་སྤྱི་འཐུས་སུ་བསྐོ་བཞག་བྱས་ཡོད། དེ་བཞིན་༧གོང་ས་མཆོག་གིས་དྲུག་ཅུ་ཐམ་པའི་ལོ་ནས་བཟུང་མང་གཙོ་ཡང་དག་པ་ལ་འགྱུར་བ་བཏང་ནས་ད་ལྟ་རིམ་བཞིན་ཡར་འགྲོ་བཞིན་པ་རེད། དེ་གསུམ་པོ་དེ་ང་ཚོའི་རྩ་དོན་གསུམ་ཡིན། ཅེས་གསུངས་འདུག མིག་མདུན་གྱི་དྲི་བ་ནི་ང་ཚོའི་རྩ་དོན་དེ་གསུམ་ཚང་བའི་བོད་གཅིག་འཐབ་རྩོད་བྱེད་དགོས་མིན་དེ་རེད། གལ་སྲིད་དེ་ཡིན་ན་ཁོང་གིས་རྩ་དོན་དེ་གསུམ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དགོས་འདུན་ཡིག་ཆའི་ནང་མེད་སྐོར་ཚིག་ཐག་བཅད་ནས་གསུངས་འདུག དེ་ང་ཚོས་ཞིབ་འཇུག་བྱེད་དགོས་པ་གཅིག་རེད་བསམ་གྱི་འདུག
    ༣ བཀའ་ཟུར་ཁོང་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་བྱེད་བཞིན་པ་༸གོང་ས་མཆོག་གི་དགོངས་གཞི་ཡིན་མིན་གྱི་དོགས་སློང་གནང་འདུག བཀའ་མོལ་འདི་ལ་རྒྱབ་ལྗོངས་ག་རེ་ཡོད་མེད་ཞིབ་འཇུག་བྱེད་དགོས་པ་འདུག
    ༤ བཀའ་ཟུར་ཁོང་གིས་དགོས་འདུན་ཡིག་ཆ་དེ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་གྲོས་བསྡུར་བྱས་མེད་པ་དང་། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་ཀྱིས་ཁས་ལེན་བྱས་ཡོད་མ་རེད་ཅེས་ནན་བཤད་གནང་འདུག དེ་བདེན་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆབ་སྲིད་ཀྱི་ཐོག་ནས་ལས་ཀ་མེད་པ་དེ་རེད། དེར་བརྟེན་འདི་ཞིབ་འཇུག་བྱེད་དགོས་པ་གཅིག་རེད།
    ༥ ད་ལྟ་རྒྱ་ནག་ལ་འབྲེལ་མོལ་བྱས་ཏེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ཁོངས་རང་སྐྱོང་ཡོངས་ཐབས་བྱེད་བཞིན་པའི་སྐབས་སུ་ཁོང་གིས་བོད་ཀྱི་གནད་དོན་དེ་མི་རིགས་ཀྱི་གནད་དོན་མིན་སྐོར་ནན་བཤད་གནང་འདུག དོན་དངོས་སུ་བོད་མི་རིགས་ཟེར་ན་ཁྱབ་ཚད་ཅི་འདྲ་རེད། དེ་བཞིན་བཀའ་མོལ་འདི་ས་ཁྱོན་བདག་དབང་དང་འབྲེལ་བ་དམ་ཟབ་འདུག
    དྲ་གྲོགས་ཚོས་བལྟས་ན་གང་འདྲ་འདུག ངས་གསར་འགྱུར་འདི་ནས་དྲི་བ་ཆེ་ཁག་འདི་ཚོ་རྙེད་སོང་།

    Reply
  39. སྟོབས་ says:
    ལོ་ 15 སྔོན།

    རྨོག་བསྟན་ལགས་ གང་ཟག་སྒེར་གྱི་སྣང་བར་འགྲོ་མིན་གྱིས་རྐྱེན་རྩ་བྱས་ཏེ་ཡོད་ཚད་ལ་་ཕོག་ཐུག་གཏོང་བ་དང་དམིགས་ཡུལ་ལ་་སྒྲོ་འདོགས་བྱེད་པ་དཀྲོགས་གཏམ་སྣ་ཚོགས་ཤིག་གིས་ཁ་གཏད་དུ་འགྱིང་དགོས་པས་གནས་ལུགས་དེ་ཁྱེད་ཀྱི་ཤེས་འདུག ། གནས་ལུགས་དེ་གང་ནས་ཤེས་སོང་ །ང་ལ་གསུང་ན་ཨེ་འགྲིགས

    Reply
  40. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    རེད་ངས་ཀྱང་སྐབས་བཅུ་གཅིག་པའི་བཀའ་ཁྲིར་དང་བླངས་ཀྱི་མི་མང་པོ་ཞིག་འཚང་ཀ་བརྒྱབ་ནས་ཡོང་ན་བསམ་བཞིན་ཡོད། དེ་ལྟར་ཡོང་བར་རེ་བ་ཆེན་པོ་རྒྱག་གི་ཡོད། ལྷག་པར་དུ་གཞོན་སྐྱེས་མང་པོ་ཞིག་དང་སྲིད་དོན་གྱི་་ཕྱོགས་རེས་མེད་ས་ཞིག ཆབ་སྲིད་གར་སྟེགས་སྟེང་ནས་གཡོ་སྒྱུའི་རྒོད་དྲོ་རྡུང་མ་མྱོང་མཁན་མང་པོ་ཞིག་འཚང་ཀ་བརྒྱབ་ནས་ཡོང་ན་བཞིན་ཡོད། འོན་ཀྱང་རྒས་འཁོག་ཅིག་དང་། དེའི་ནང་ནས་ཀྱང་ཕྱོགས་རེས་ཅན་ཞིག དེའི་ནང་ནས་ཀྱང་འཐེར་འཁྱེར་ཅན་ཞིག་དུས་ནམ་ཡང་བོད་ཀྱི་བཀའ་ཁྲིར་འོས་ཀྱི་མ་རེད་ལ། དེ་མི་ཁེལ་བའི་སྨོན་ལམ་རྒྱག་གི་ཡོད།

    Reply
  41. སྟོབས་ says:
    ལོ་ 15 སྔོན།

    བུ་མོ་བདེ་སྐྱིད་ལྷ་མོ་ལགས ། བཀྲ་ཤིས་སྒྲོལ་མ་ཁྱེད་གཉིས་ཀྱིས་ཅོ་འཛངས་མ་བྱེད་ད་དུང་ཁོ་བུད་མེད་ཞིག་་ཡིན་མིན་ཅིང་མི་ཤེས་ཀི། བཀའ་ཟུར་མཆོག་གི་མི་རིགས་འདི་ལ་བཞག་བའི་བྱས་རྗེས་དང་ལྷག་བསམ་ཁོ་མོ་ལ་ཟུར་ཙམ་ཡང་བཤད་རྒྱུ་མི་འདུག་

    Reply
  42. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ་་་་་་་་་ཡང་ཁ་ཤས་ཀྱི་རང་གཟུགས་སྟོན་གྱི་འདུག འོན་ཀྱང་གུས་མོར་བགད་རྒྱུ་ཞིག་ཡོང་གི གཞན་ལབ་ཡ་མེད། དགོངས་དག ཁྱེད་ཚོ་ཕྱོགས་གཏོགས་འཁོར་དང་བཅས་པ་ལ་དགོངས་དག

    Reply
  43. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    སྐུ་ངོ་འཇུ་ཆེན་མཆོག་ལ་འཚམས་འདྲི་ཡོད།
    གང་ཟག་སྒེར་ངོས་ནས་སྐུ་ངོ་སྣང་བར་འགྲོ་མིན་དང་།སྡུག་རབས་ངན་རབས་ཀྱི་སེམས་ཚོར་དེ་གནས་ཚུལ་གཞན་ཞིག་རེད།

    ངའི་སེམས་ཚོར་ཆེ་ཤོས་ཤིག་ནི།
    ང་ཚོ་བོད་པ་ཚོས་རྒན་རབས་པའི་ཕྱིས་རྗེས་དང་བཀའ་དྲིན་ལ་བསམ་ཤེས་བྱེད་ཐུབ་ཀྱིན་མི་འདུག
    གང་ཟག་སྒེར་གྱི་སྣང་བར་འགྲོ་མིན་རྐྱེན་རྩ་བྱས་ཏེ་ཡོད་ཚད་ནག་བསུབ་གཏོང་གིན་འདུག་་ཡོད་ཚད་ནག་པོ་བཟོ་གིན་འདུག
    མི་ཞིག་གིས་སྤྱི་ལ་ཕན་པ་ཞིག་གིས་མགོ་བརྩམས་པ་ན་ཁོ་ལ་དམིགས་ཡུལ་གཞན་ཞིག་ཡོད་ཚུལ་སོགས་ཀྱི་དཀྲོགས་གཏམ་བཟོས་ཏེ་ལས་དོན་ལ་བར་ཆད་གཏོང་གིན་འདུག
    ངོ་མ་བཤད་ན།བོད་པའི་ནང་ན་འཇོན་ཐང་ཅན་ཞིག་ཡོད་ན་ཚང་མ་དགའ་འོས་པ་ཞིག་རེད་ལ།
    ད་ལྟ་གཉན་འཕྲང་གི་སྐབས་འདིར་བོད་པ་སུ་ཞིག་ཡར་ལངས་ཏེ་བོད་པའི་ཆེད་དུ་ཕྱག་ལས་གནང་གིན་ཡིན་ཟེར་ན་དགའ་འོས་པའི་དོན་བཟང་ཞིག་མ་རེད་དམ།

    སྐུ་ངོ་འཇུ་ཆེན་ཐུབ་བསྟན་སོགས་བོད་བསྟན་པ་ཆབ་སྲིད་ཆེད་སྐུ་ལས་བསྐྱོན་མཁན་གྱི་མི་རྒན་མང་པོ་ཞིག་དེ་རིང་ཁ་སང་ནག་པོ་དང་གདོན་འདྲེར་བརྩི་བཞིན་ཡོད་རེད།་་་་ངོ་མ་བཤད་ན་་་་ལས་རྒྱུ་འབྲས་ཁ་ལ་བཅིངས་པའི་བོད་པ་ཚང་ལ་རྒྱུ་འབྲས་འདུག་མི་འདུག

    དོགས་པ་ནི་སྐྱེ་བོ་རང་འགའ་བའི་ཚོར་བ་ཞིག་རེད།་་སུ་ལའང་ཡོད་ཆོག་པ་ཞིག་རེད།་་་་རང་གི་དོགས་པ་བདེན་པར་བརྩིས་ཏེ་སྤྱི་བའི་ལས་དོན་ལ་འགན་མ་འཁུར་བ་དང་།དེ་ལ་བར་ཆད་བཏང་ན་འགྲིག་གི་མི་འདུག
    ངས་ནི་སྐབས་རྗེས་མའི་བཀའ་བློན་ཁྲི་བར་དང་བླངས་གང་མང་ཞིག་འཚང་ཁ་ཤིག་ཤིག་གིས་ཐོན་ཡོང་བའི་རེ་ལྟོས་ཆེན་པོ་བྱེད་བཞིན་ཡོད།

    བོད་བསྟན་པ་ཆབ་སྲིད་ཆེད་བྱས་རྗེས་ཅན་རྣམས་ཁྲི་ལོ་བརྟན་པར་ཤོག།

    Reply
  44. བཤད་སྒྲུབ says:
    ལོ་ 15 སྔོན།

    དངོས་གནས་བཀའ་སློབ་ཡག་པོ་གནང་འདུག། དེ་འདྲའི་ཐད་གཞོན་སྐྱེས་ཚོའི་བསམ་ཞིབ་ཡང་ཡང་གནང་དགོས་ངེས་འདུག།

    Reply
  45. བོད། བདེ་སྐྱིད་ལྷ་མོ། says:
    ལོ་ 15 སྔོན།

    བཀྲ་ཤིས་འདྲེ་མོ་ལགས།
    བོད་ཀྱི་ཁ་དཔེ་ལ།
    རིས་ཆུང་ཇི་ལྟར་འཕགས་ན་ཡང་ཀ་བ་གཏོར་ཐུབ་ཀྱི་མ་རེད།
    ཁྱོད་རང་རྔ་མ་འདྲ་པོས་མགོ་བཀའ་ཟུར་མཆོག་ལ་ཕྱོགས་རིས་ཁོག་ལ་འཆང་ནས་སྐྱོན་འཛུག་བྱེད་པ་ནི་གད་མོ་ཤོར་བའི་རྒྱུ་རེད་ད།
    འདྲེ་ལགས་འདི་མ་ཡོང་བའི་སྨོན་འདུན་ཡོད།

    Reply
  46. སྟོབས་ says:
    ལོ་ 15 སྔོན།

    བཀྲ་ཤིས་སྒྲོལ་མ་ཡ་ཁྱེད་བུད་མེད་ཡིན་ན་འདྲ་སྐྱེས་པ་ཡིན་ན་འདྲ་དེ་ངས་ཁ་ཡ་མི་བྱེད ། ང་ཚོའི་བོད་ཀྱི་ཁ་དཔེ་ལ ། མི་ཆེན་ལ་ཁ་གཏོང་ ཁྱི་ཆེན་ལ་རྡོ་མ་འཕེན་ ཞེས་པ་ལྟར་དོན་མེད་ལ་བགྲེས་སོང་ཁོང་ལ་ངན་སྨྲས་བྱེད་དོན་ཅི་ཡིན། ཁོང་མི་རྒན་པ་ཞིག་ཡིན་པས་ཆ་ནས་གུས་ཞབས་བྱས་ན་བཟང་ཀ། གལ་སྲིད་ཁྱེད་ཀྱི་ཨ་ཕ་ཁོང་ཡིན་ན་ཀླད་མཁྲེག་ཅན ་ཕྱོགས་རེས་ཅན ་མི་འདི་བོད་ལ་མི་འཁོ་ཞེས་བཤད་ཐུབས་ས་རེད་དམ་། དྲང་ཐིགས་སུ་བཞག་ནས་བསམ་བློའི་འདུ་ཤེས་དེ་རང་ཉིད་་ལ་གཏོད་དང

    Reply
  47. སྟོབས་ says:
    ལོ་ 15 སྔོན།

    བཀའ་ཟུར་མཆོག་ལ་ཐུགས་རྗེས་ཆེ་ཞུ ། བཀའ་སློབ་ཡག་པོ་གནང་སོང་ ། ཡིན་ནའང་ཁོང་བཀའ་བློན་ཁྲའི་སྟེང་དུ་བཞུགས་མྱོང་མཁན་ཞིག་དང་བོད་ཀྱི་མི་རིམ་རྒན་གྲས་ཤིག་ཡིན་པའི་ཆ་ནས་༢༠༡༡་གི་བཀའ་བློན་ཁྲི་བའི་འོས་འདེམས་ཐད་ལ་བཀའ་སློབ་གང་ཡང་གནང་མ་སོང་ ། དངོས་གནས་བཤད་ན་ཁོང་འདྲ་བ་ཞིག་གི་མི་གླེང་བ་སུས་གླེང་། ང་ཚོ་ལ་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་་མང་པོ་ལྷག་མི་འདུག་གདའ །

    Reply
  48. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    རེད། ཉམས་མྱོང་ཆེན་པོ་རེད། སྐད་ཆ་སྙན་མོ་རེད། འདི་ལྟར་བཤད་དོན་དེ། བཀའ་ཁྲིའི་འོས་ཤོག་རེད། བསམ་བློ་འཁྱོག་པོ་རེད། སེམས་རྒྱུ་རང་དོན་རེད། རྒད་པོ་ཀླད་མཁྲེག་རེད། དོན་གྱིས་ཕྱོགས་རེས་རེད། མདོར་ན་ཁྲེལ་མེད་རེད། བོད་ལ་མི་མཁོ་གི། རྒད་པོས་དམིགས་ཡུལ་དེ། འགྲུབ་གི་མ་འཇུག་རོགས། འོས་ཤོག་མ་བླུགས་རོགས། བཀའ་ཁྲིར་མི་འོས་ཀི། ནན་གྱིས་བཤད་ཀྱི་ཡོད། སེམས་ནས་བཤད་ཀྱི་ཡོད། ཐུགས་ལ་འཛིན་རོགས་གནང་། བོད་ཀྱི་གཞོན་སྐྱེས་ཚོ།

    Reply
  49. karma dorje says:
    ལོ་ 15 སྔོན།

    མི་རིགས་ལྔ་བཅུ་ང་དྲུག་ངོས་ལེན་བྱས་ན་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡིན་པ་དེའི་ནང་ལ་མི་རིགས་བཅུ་བཅོ་ལྔ་ཞིག་ཡོད། དེ་དག་ཤར་པ་དང་རྟ་མང་རིགས། མོན་པའི་རིགས། མདོ་སྨད་ནང་ལ་སོག་པོའི་རིགས། ཡུ་གུར་རིགས། ཟ་ལར་རིགས། ཧ་ཤ་རིགས། རྒྱ་རིགས། ཧུ་རིགས། ཆང་རིགས། ལྟོམ་པ་རིགས། འཇང་རིགས། དེ་རྣམས་ཐམས་ཅད་ཁ་ཁར་དབྱེ་དགོས། དེ་ཚང་མ་བོད་མི་རེད་མ་གཏོགས་ཕུད་རྒྱུ་རྩ་བ་ནས་མེད་ཅེས་དང་།

    བཅུ་ལས་ལྷག་པ་བཅུ་གཉིས་འདུག བཅོ་ལྔ་ཡོད་ན་གཉིས་མ་ཚང་བས་མཁྱེན་མཁན་ཡོད་ན་འབྲི་རོགས་གནང་།

    དོན་ངོ་མར་མི་བྱེད་དགུ་བྱེད་ཏཱ་ལའི་བླ་མ་རེད་འདུག་ཅེས་རྒྱ་མིས་ཟེར་བསྡད་ཀྱི་ཡོད། བོད་མི་མང་ལ་དགོས་འདུན་སྣེ་གཅིག་མི་འདུག ༧གོང་ས་མཆོག་གིས་བཀའ་གང་གནང་ན་དེ་ཡིན་ཟེར་གྱི་འདུག ཏཱ་ལའི་བླ་མས་འཛམ་བུ་གླིང་ལ་ཁ་བྲལ་རིང་ལུགས་ཀྱི་བྱ་བ་སྤེལ། རྒྱལ་སྤྱིར་གནས་ཚུལ་བཤད་ནས་འགྲོ་བསྡད་ཀྱི་འདུག་མ་གཏོགས། ཚུར་ཡོང་གི་མི་འདུག ཏཱ་ལའི་བླ་མའི་མ་འགྲིག་མ་འཐུས་ཟེར་ནས་བཤད་བསྡད་པ་དེ། གཙོ་བོ་གཅིག་བོད་མི་མང་གིས་བཟོ་གི་འདུག་བསམ་གྱི་འདུག་ཅེས་གསུངས་ཡོད།

    ཉམས་མྱོང་ཅན་གྱི་བཀའ་སློབ་རེད་འདུག་སྙམ།

    ཡིག་ཆ་གསང་དུས་མ་གཏོགས་ཤོད་དུས་གསལ་ཁྱབ་ཆེ་བའི་རེ་བ་ཡོད།

    Reply
  50. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    སྐུ་ངོ་འདི་ལྟར་བཀའ་ཁྲི་སྐབས་བཅུ་གཅིག་པའི་འོས་བླུགས་ཐོན་ལ་ཉེ་བའི་སྐབས་འདིར་ས་གནས་གང་སར་གཏམ་བཤད་བྱེད་དུ་འགྲོ་བཞིན་པ་འདི་ལ་གུས་མོར་དོགས་པ་ཡོད། ད་དུང་ཞིབ་རྒྱུ་ཁ་ཤས་རྗེས་ལ་ལྷག་ཡོད། མུ་མཐུད་ནས་ཞིབ་ཆོག་གི་རེད། དྲྭ་གྲོགས་ཚོས་བསམ་ན་གུས་མོའི་དོགས་པ་དེ་ཅི་ཞིག་ཡིན་ཤེས་སམ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese