མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གྱི་ལོ་གསར་སྤྲོ་ཚོཊ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཉིན་གཉིས་རིང་བསྟུན་མར་བལ་ཡུལ་གྱི་རྒྱལ་སར་ཡོད་པའི་སྐར་མ་ལྔ་ཅན་གྱི་གསོལ་མགྲོན་ཁང་ཞིག་ནས་ལྕགས་སྟག་བོད་ཀྱི་ལོ་སར་བསུ་བའི་སྤྲོ་ཚོགས་འཁྲབ་སྟོན་ཞིག་བསྡུས་ཡོད་ཅིང་། ལོ་གསར་སྤྲོ་ཚོགས་དེའི་སྟེང་བོད་ནག་ཆུ་ས་ཁུལ་གྱི་སྒྱུ་རྩལ་ཚོགས་ཤིག་ཆེད་དུ་འདན་ཞུ་བྱས་ཏེ། བོད་པའི་ཐུན་མིན་གྱི་རིག་རྩེད་འཁྲབ་སྟོན་བྱས་སོང་། ཉིན་ཤས་གོང་ནས་བལ་ཡུལ་ཁུལ་གྱི་བོད་མིའི་སྤྱི་ཚོགས་ཁྲོད་དུ་མགྲོན་ཤོག་མང་པོ་རིན་མེད་དུ་ཐོག་བཀྲམས་ཏེ། ཉིན་དེའི་སྤྲོ་ཚོགས་སྟེང་ཞུགས་མཁན་ཚོར་བཟའ་བཏུང་སྣ་འཛོམས་དང་ཆང་རག་འདྲ་མིན་རིན་མེད་དུ་འདེགས་འབུལ་ཞུས་ཡོད་འདུག སྐབས་དེར་བལ་ཡུལ་རྒྱལ་སའི་རྒྱ་ནག་གི་གཞུང་ཚབ་ལས་བྱེད་དང་བལ་ཡུལ་ནང་གི་རྒྱ་རིགས། བལ་ཡུལ་གྱི་མི་སེར་དང་བལ་ཡུལ་མི་སེར་ཁོངས་ལ་ཡོད་བའི་ཁ་ཙ་ར་མི་རིགས། དགོན་པ་གང་ནས་ཡིན་པ་གསལ་བོ་མེད་པའི་དགེ་འདུན་པ་དང་བལ་བོད་བར་གྱི་ཚོང་ལས་བ། དེ་བཞིན་བལ་ཡུལ་ནང་གནས་བཞུགས་བོད་བཅས་སྐུ་མགྲོན་ ༣༠༠ ཙམ་མཉམ་ཞུགས་བྱས་ཡོད།

རྒྱ་ནག་གཞུང་ཚབ་པ་ཆེའུ་གོ་ཧུང་གིས་སྤྲོ་འཛོམས་དེའི་སྟེང་། ༢༠༠༩ ལོའི་ནང་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་སྦྲགས་ཏེ། བོད་རིགས་སྤུན་ཟླ་ཚོས་སྔར་རྒྱུན་བཞིན་ཕ་ཡུལ་འཛུགས་སྐྲུན་བྱ་རྒྱུར་ཐུགས་ཁུར་དང་མཉམ་ཞུགས་ཧུར་ཐག་བྱེད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་གྱི་བྱ་བཞག་རླབས་ཆེན་ལ་རྒྱབ་སྐྱོར་གནང་རྒྱུའི་རེ་བ་བཏོན་ཡོད་པ་མ་ཟད། སྔོན་བྱས་གང་ཡིན་ལ་མ་ལྟོས་བར་མེས་རྒྱལ་ལ་དགའ་བར་སྔ་ཕྱི་མེད་པ་དང་། ཀྲུང་དབྱང་སྲིད་གཞུང་ནམ་ཡང་རྒྱ་ཆེའི་མི་དམངས་དང་མཉམ་དུ་ཡོད་སྟབས། བལ་ཡུལ་ནང་གི་བོད་མི་སུ་ཞིག་ཡིན་རུང་དཀའ་ངལ་གང་ཡོད་ཐད་ཀར་གཞུང་ཚབ་ལ་བཤད་ན་རོགས་རམ་བྱ་རྒྱུར་གྲ་སྒྲིག་ཡོད་པ་སོགས་བཤད་ཡོད། ད་དུང་སྐབས་དེར་དྲིལ་བསྒྲགས་ཆེད་དཔེ་དེབ་དང་། ལོ་ཐོ། འོད་སྡེར་འདྲ་མིན་རིན་མེད་ཐོག་འགྲེམས་སྤེལ་བྱས་ཡོད། གོང་གི་གསར་འགྱུར་དེ་འདི་ག་དུས་བབ་ཟིན་བྲིས་ཚན་པའི་དྲ་གྲོགས་ཀླུ་ཡི་ཟིན་བྲིས་ལས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 35

  1. སྟག་རྩེ་དཔལ་ལྡན says:
    ལོ་ 15 སྔོན།

    བོད་ཀྱི་བུ།་ཁྱེད་དངོས་གནས་བོད་ཀྱི་བུ་ཞིག་ཡིན་ན་སྐད་ཆ་འདིའི་རིགས་ལ་འཛེམས་རོགས། ཡིན་ན་ཁྱེད་ཀྱིས་ང་ཚོས་ལྷ་རྟེན་ཆོག་ས་ནས་ཁོང་ཚོས་འདྲེ་རྟེན་མི་ཆོག་བ་ཅི་ཡོད་རེད་ཞེས་པའི་གནས་ལུགས་དེ་ལ་རིགས་འབྲེལ་གཏོང་གི་ཡིན་ནམ། བོད་ཀྱི་བུ་ཡིན་ན། བོད་ལ་ལ་ཞེན་དང་ཁ་ཞེ་གཉིས་མེད་ཀྱི་སེམས་ཁུར་ཞིག་དགོས་པ་ལས་ང་བོད་ཀྱི་བུ་ཡིན་ཞེས་ཛོག་ཛོག་འབུར་འབུར་བྱེད་ཙམ་གནས་ཅི་ཡང་མི་ཕན།
    རྒྱ་རི་ཚང་༧གོང་ས་༧་མཆོག་གིས་ཆེད་བསྐོས་གནང་བའི་ཁོང་དང་ཁོང་གི་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་འབངས་ཡོངས་ཀྱི་སྐུ་ཚབ་གཙང་མ་ཞིག་རེད། ཡང་ཁྱེད་ཚོས་རྒྱ་རི་ཚང་ལ་ཁ་གཏང་གི་བརྗོད་གཞི་གསར་བ་ཞིག་བཟོ་འདོད་མིན་ནམ། རིག་ཙམ་ལ་བཤད་ཆོག་ཆོག་དང་རག་ཙམ་ན་ངོམས་ཆོག་ཆོག་མ་རོགས། བསམ་བློ་གཏོངས། རང་འགུལ་གྱིས་དཔྱོད་ཞིབ་ལེགས་པོ་གཏོངས།།

    Reply
  2. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    སྐབས་རེ་བསམ་ཚུལ་ཏོག་ཙམ་བཤད་པ་མ་གཏོགས་འདི་ནས་དྲ་གྲོགས་ཚོའི་སྤྱོད་ཚུལ་ལ་བལྟས་ནས་བསྡད་པ་ཡིན། སེམས་པ་སྐྱོ་ཡག་རེད།
    ༡ ཁ་སང་དུས་བབ་ཀྱི་གསར་འགྱུར་༼ཟུར་ལྔའི་དམར་ཤོག་༽ཟེར་བ་གཅིག་འདུག དེ་ཀློག་སྐབས་རྒྱ་ནག་གིས་རྒྱུགས་ཁྱི་ཚོས་བཙན་བྱོལ་ནང་ལས་ཀ་དེ་རང་བྱེད་ཀྱི་ཡོད་ས་རེད་བསམས་པ་བྱུང་།
    ༢ སྨྱུག་མིང་བཀོལ་དགོས་དོན་ཅང་མི་འདུག བཙན་བྱོལ་རང་དབང་ལུང་པ་རེད། སུ་གང་གིས་རྡུང་གི་མ་རེད། གསོད་ཀྱི་མ་རེད། ཞེད་དགོས་པ་དང་བཤད་དགོས་པ་གཉིས་ཀ་ཡོང་རྒྱུ་ཡོད་མ་རེད།
    ༣ ད་དུང་སྨྱུག་མིང་གི་འོག་ན་ཡོད་པ་འདི་ཚོས་གདོང་ཐུག་ན་ལྕེ་ནར་ནར་བྱེད་ཀྱི་རེད། མགོ་འཕྲུག་འཕྲུག་བྱེད་ཀྱི་རེད། འདི་འདྲའི་ཕྱི་ནང་མི་མཚུངས་པའི་མི་ཤ་སྟག་རེད།
    ༤ སྨྱུག་མིང་བེད་སྤྱོད་བྱེད་པ་འདིས་དོན་དངོས་སུ་བཙན་བྱོལ་རང་དབང་ལུང་པའི་ནང་མང་གཙོ་འཕེལ་རྒྱས་ཡོང་བར་འགོག་རྐྱེན་བཟོ་གི་འདུག
    ༥ སྨྱུག་མིང་གི་འོག་ནས་འགན་ཁུར་མེད་པའི་སྐད་ཆ་ཐོན་ཚད་བཤད་ནས་སྡོད་ཀྱི་ཡོད་སྟབས་༼བོད་ཀྱི་དུས་བབ་ཟིན་བྲིས་སུ་ཡོད་པའི་མཆན་ཡོངས་རྫོགས་ལ་རིན་ཐང་མེད་པ་བཟོ་གི་འདུག༽
    ༦ ཟུར་ལྔའི་དམར་ཤོག་ཟེར་བའི་གསར་འགྱུར་ནང་བཤད་པ་བཞིན་གསར་འགྱུར་གྱི་བརྗོད་དོན་ལ་བགྲོ་གླེང་མི་འགྲོ་ཆེད་སྐད་ཆ་འདྲ་མིན་བཤད་ནས་བརྗོད་གཞི་བརླག་བཅུག་གི་འདུག
    ༧ ད་ནས་བཟུང་འདི་རིགས་ལ་སྟངས་འཛིན་མེད་ན་འདི་དུས་བབ་ཚང་གིས་ཆེད་བཟོས་གནང་བ་ཞིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། འདི་ལྟར་བརྗོད་པ་དེ་གནོན་ཤུགས་སྤྲོད་པ་མིན་ཡང་འགན་མ་ཁུར་ན་ཡག་པོ་རྩ་བ་ནས་མི་འདུག

    Reply
  3. ནགས་མེ། says:
    ལོ་ 15 སྔོན།

    ལས་འགུལ་འདི་ཚོ་རྒྱ་ནག་པོའི་གཡོ་འཕྲུལ་གྱིས་བོད་ཁ་འཐོར་བཟོ་བྱེད་ཡིན་པས་བསམ་ཡོད་བོད་མིས་ནམ་ཡང་རྒྱང་སྐྱེད་བྱ་དགོས་ལ། ལོ་ཤས་རིང་འདིར་འཛུལ་ཞུགས་བྱ་མཁན་བོད་ཐོ་མིང་ཙམ་འཛིན་པ་ཁ་ཤས་ཡོད་མོད། དོན་དམ་པས་འདི་ཚོ་བོད་པ་གཙང་པ་མིན་པ་ཤེས་དགོས།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    སྤུན་ཟླ་ཚོ། དྲ་ཐག་འདི་ལ་གསན་རོགས་ཞུ། བོད་ནང་གི་སྤུན་ཟླ་དག་གིས་སྙིང་སྟོབས་ལ་གཟིགས་རོགས་ཞུ།
    http://www.youtube.com/watch?v=i7r8Du809KE

    http://www.youtube.com/watch?v=j5QeWnwoakA

    http://www.youtube.com/watch?v=8e-H5RBgwY0

    དབུ་མའི་ལམ་ཞེས་པའི་བརྙན་སྡེར་འདི་ཕྱི་ལོག་ལ་ཁྱེར་ཡོང་མཁན་གྱི་རེ་བ་ལྟར་ ཁོང་ཚོས་ཡིའུ་ཌིབ་ནང་བཅུག་པ་འདིར་བརྒྱུད་བཀོད་བྱས་པ་ཡིན་ཞིང་།ལྷག་བསམ་གངས་ ལས་དཀར་བའི་གཞིས་ལུས་སྤུན་ཟླ་ཚོར་གུས་འདུད་དང་བཅས་གཟིགས་མཁན་ཚོས་མཐོང་ལམ་ དུ་ཕུལ་བ་གཤམ་གསལ་ལགས།
    དབུ་མའི་ལམ།
    ཚིག་རྩོམ་མཁན་དང་ལེན་མཁན།མགོ་ལོག་འཛམ་སྐྱབས།

    གཡུ་ཞུན་དྲ་བ་ནས་ཚུར་དྲངས་པ་ཡིན།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    བོད་མི་ཚོ་འཁྲབ་སྟོན་གྱི་གོ་སྐབས་རེག་པ་དགའ་ཡང་། རྒྱའི་སྲིད་གཞུང་གིས་ལག་སྣེ་རུ་ལྷུང་བ་དེར་སེམས་པ་སྐྱོ་དགོས་པ་ཞིག་རེད། འོན་ཀྱང་། ཁོང་ཚོ་ལ་གཏན་ནས་ནག་ཉེས་མེད། ནག་ཉེས་ཤིག་ཡོད་ན་རྒྱའི་སྲིད་གཞུང་གིས་དུས་ཚོད་འདི་འདྲ་ཞིག་ལ་ད་དུང་ཡང་བོད་མི་དག་མི་ལ་མ་རྩིས་པར་གང་འདོད་བྱེད་ཀྱིན་པ་དེ་ཡིན།

    Reply
  6. བྱམས་རྒྱལ། says:
    ལོ་ 15 སྔོན།

    འཇིག་བྲལ་ལགས་བདེན་ ཐོག་རྒོད་ཀྱི་གཙོས་ཤོག་བུའི་སྟེང་གི་དཔའ་བོ་རྒྱ་སྟག་ངར་མ་ཁ་ཤས་
    གཉེན་ཉེ་བའི་སྟེང་ལ་ཐོག་ལས་རྒོད་།
    དགྲ་གཤན་པའི་མདུན་ལ་བལ་ལས་འཇམ།
    ཕོ་སྙིང་མེད་ཤོག་བུའི་ཐོག་རྒོད་ཁྱོད་།
    ནང་དམེ་བྱེད་དུས་ལྷག་པར་་རྒོད་།

    སྔར་མོ་བོད་ཀྱི་ལོ་རྒྱུས་ལ།
    གཡུལ་ལས་རྒྱལ་དུས་ཐོག་ལས་རྒོད་།
    གདན་མ་གཡུལ་རྒྱལ་ཐོག་རྒོད་ཐོགས།
    དུས་ད་ལྟ་མེད་ལེ་ཡིད་རེ་སྡུག་།

    Reply
  7. བྱམས་རྒྱལ། says:
    ལོ་ 15 སྔོན།

    ལུང་རྟོགས་དང་ཅོ་རི་ཁྱེད་གཉིས་ཀ་བདེན་ བོད་གཞུང་གིས་ ཡོད་རྒུ་རྩལ་སྤྲུགས་ཀྱིས་ཤུགས་རྒྱགས་མ་སོང་ བལ་ཡུལ་ནང་རྒྱ་གཞུང་གིས་གཙན་གནོན་ལ་བརྟེན་ནས་ཀྱང་མ་བྱུང་བ་རེད་

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལོང་རྟོགས་ལགས།
    ངས་ཁྱེད་ལ་སྐད་ཆ་ཅིག་དྲི་ཆོག་པ་ཞིག་ལ་རྒྱ་གར་བལ་ཡུལ་ལ་ཡོད་པའི་བོད་མི་རྣམས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྐྱབས་བཅོལ་འགྲོ་བ་ལ་རྒྱ་ནག་གཞུང་དང་བཀའ་ཁྲི་གཉིས་ཀྱིས་བཀག་འགོག་བྱས་དོན་གང་ཡིན་ནམ།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧཧཧཧཧཧ་ལུང་རྟོགས་ལགས་ཁྱེད་ཀྱི་ལུང་དེ་བཙན་བྱོལ་མི་དྲག་ཚོའི་ཁ་སྐད་དང་ཁྱེད་ཀྱི་རྟོགས་པ་དེ་དངོས་ཡོད་གནས་ཚུལ་ལ་འཁྲུལ་བའི་ལྷན་སྐྱེས་ཀྱི་ཤེས་པ་ཞིག་ཡིན་པར་འདྲ།་མ་རེད་དམ།

    Reply
  10. ལུང་རྟོགས། says:
    ལོ་ 15 སྔོན།

    བྱས་ན་ཁྱེད་ཀྱི་བོད་གཞུང་གིས་བཀག་མགོག་བྱེད་བསྟང་གཅིག་གསུང་དང། རྒྱ་གཞུང་གིས་བལ་གཞུང་ལ་རྟགས་ཏུ་གནོན་ཤུག་སྤྲད་བཞིན་ཡོད་པ་ཕྱི་གསལ་ནང་གསལ་ཡིན་པས། དེ་ལས་ལྷག་པའི་འབྲེལ་བཤད་མི་དགོས་སོ།།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལགས་གསོལ་་་་་་་་་་་་ཧཧཧཧཧཧཧཧཧཧཧབྱས་ན་ཁྱེད་ཀྱིས་རྒྱ་ནག་གཞུང་གིས་བཀག་འགོག་བྱས་སྟངས་ཅིག་གསུང་དང།

    Reply
  12. ལུང་རྟོགས། says:
    ལོ་ 15 སྔོན།

    གནས་ལུག་མི་འདུག།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་པས་བཀའ་ཚ་པོ་ཚ་པོ་གོ་མྱོང་ཡོད་།

    Reply
  14. ལུང་རྟོགས། says:
    ལོ་ 15 སྔོན།

    འོ་ན་བོད་གཞུང་གིས་བཀག་འགོག་བྱས་པ་གསལ་པོ་བཤད་རྒྱུ་ཡོད་དམ།

    Reply
  15. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བདེན་ནོ་བདེན་ནི་བུ་འཇིགས་བྲལ་བ་མིང་ལྷག་འོག་ཏུ་གཏམ་འཁྱམ་བཤད་པ་ནི་ཚད་ལས་འདས་སོང་ངོ།

    Reply
  16. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྩྭ་་ཞིམ་པོ་གཡང་དཀར་ལུག་གིས་ཟས། ཁལ་ངན་པ་ར་དང་རའུ་བཀལ་ཟེར་སྲོལ་ཡོད་པར་ཙམ་ལས་རྒྱ་ནག་གཞུང་གིས་བལ་ཡུལ་ཡོད་པའི་བོད་མི་རྣམས་ཨ་རི་འགྲོ་བ་བཀག་འགོག་བྱས་པ་གསལ་པོ་བཤད་ཀྱིན་ཡོད་དམ།

    Reply
  17. སྟག་རྩེ་དཔལ་ལྡན says:
    ལོ་ 15 སྔོན།

    ཞིབ་ཏུ་བསམ་གཞིགས་བྱས་དུས་རྒྱ་ནག་དེ་ཆབ་སྲིད་གཡོ་སྒྱུ་ལ་ཧ་ཅང་བློ་རིག་རྒོད་པོ་དང་བྱེད་སྟངས་མཁས་པ་རེད་བཞག བོད་ཕྲུག་ཚོ་གཟབ་གཟབ་བྱས་མ་གཏོགས་མགོ་སྐུ་ཚབ་ཚོགས་པ་ནས་རྩིས་པས་ཐམས་ཅད་གཡོ་སྒྱུའི་འོག་ལ་ཤོར་ཉེན་ཆེ། ད་རྒྱ་ནག་གིས་ཆབ་སྲིད་ཀྱི་རིག་པ་མང་རུ་མང་རུ། བོད་རྒན་ཚོའི་དགོས་འདུན་དེ་ཉུང་རུ་ཉུང་རུ། ལྟས་ངན་ད་ག་རེ་ཡིན་གང་ཤེས།
    བལ་བོའི་རྒྱལ་ཁབ་དེ་ཡང་སྤགས་མགོ་དེ་ཚོས་སོ་སོའི་ལྟོ་ཡི་དོན་ཏུ་རྒྱ་ངན་ཚོས་གང་རྒྱུགས་ཟེར་ན་ཤར་རེ་རེད་བཞག དེ་རྟེན་དེ་གནས་བོད་རིགས་སྤུན་ཟླ་ཚོས་གཟབ་གཟབ་བྱས་མཏོགས་ག་རེ་བྱེད་ཡོང་མི་ཤེས།

    Reply
  18. ལུང་རྟོགས། says:
    ལོ་ 15 སྔོན།

    བལ་ཡུལ་གྱི་བོད་མི་ཨ་རིར་མ་ཐར་བ་དེ་རྒྱ་གཞུང་གི་མནོན་ཤུག་འོག་བལ་གཞུང་ནས་བཀག་འགོག་བྱས་པ་ལས། བོད་གཞུང་ནས་བཀག་འགོག་བྱས་རབ་མི་འདུག་པས་ལེག་པར་བརྟག་ནས་བཤད་དགོས།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བུ་འཇིགས་བྲལ་ལགས་ཁྱེད་ཀྱིས་གསུངས་པ་ཆ་ཚང་བདེན་པ་རེད།

    Reply
  20. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    སྐབས་རེ་བསམ་ཚུལ་ཏོག་ཙམ་བཤད་པ་མ་གཏོགས་འདི་ནས་དྲ་གྲོགས་ཚོའི་སྤྱོད་ཚུལ་ལ་བལྟས་ནས་བསྡད་པ་ཡིན། སེམས་པ་སྐྱོ་ཡག་རེད།
    ༡ ཁ་སང་དུས་བབ་ཀྱི་གསར་འགྱུར་༼ཟུར་ལྔའི་དམར་ཤོག་༽ཟེར་བ་གཅིག་འདུག དེ་ཀློག་སྐབས་རྒྱ་ནག་གིས་རྒྱུགས་ཁྱི་ཚོས་བཙན་བྱོལ་ནང་ལས་ཀ་དེ་རང་བྱེད་ཀྱི་ཡོད་ས་རེད་བསམས་པ་བྱུང་།
    ༢ སྨྱུག་མིང་བཀོལ་དགོས་དོན་ཅང་མི་འདུག བཙན་བྱོལ་རང་དབང་ལུང་པ་རེད། སུ་གང་གིས་རྡུང་གི་མ་རེད། གསོད་ཀྱི་མ་རེད། ཞེད་དགོས་པ་དང་བཤད་དགོས་པ་གཉིས་ཀ་ཡོང་རྒྱུ་ཡོད་མ་རེད།
    ༣ ད་དུང་སྨྱུག་མིང་གི་འོག་ན་ཡོད་པ་འདི་ཚོས་གདོང་ཐུག་ན་ལྕེ་ནར་ནར་བྱེད་ཀྱི་རེད། མགོ་འཕྲུག་འཕྲུག་བྱེད་ཀྱི་རེད། འདི་འདྲའི་ཕྱི་ནང་མི་མཚུངས་པའི་མི་ཤ་སྟག་རེད།
    ༤ སྨྱུག་མིང་བེད་སྤྱོད་བྱེད་པ་འདིས་དོན་དངོས་སུ་བཙན་བྱོལ་རང་དབང་ལུང་པའི་ནང་མང་གཙོ་འཕེལ་རྒྱས་ཡོང་བར་འགོག་རྐྱེན་བཟོ་གི་འདུག
    ༥ སྨྱུག་མིང་གི་འོག་ནས་འགན་ཁུར་མེད་པའི་སྐད་ཆ་ཐོན་ཚད་བཤད་ནས་སྡོད་ཀྱི་ཡོད་སྟབས་༼བོད་ཀྱི་དུས་བབ་ཟིན་བྲིས་སུ་ཡོད་པའི་མཆན་ཡོངས་རྫོགས་ལ་རིན་ཐང་མེད་པ་བཟོ་གི་འདུག༽
    ༦ ཟུར་ལྔའི་དམར་ཤོག་ཟེར་བའི་གསར་འགྱུར་ནང་བཤད་པ་བཞིན་གསར་འགྱུར་གྱི་བརྗོད་དོན་ལ་བགྲོ་གླེང་མི་འགྲོ་ཆེད་སྐད་ཆ་འདྲ་མིན་བཤད་ནས་བརྗོད་གཞི་བརླག་བཅུག་གི་འདུག
    ༧ ད་ནས་བཟུང་འདི་རིགས་ལ་སྟངས་འཛིན་མེད་ན་འདི་དུས་བབ་ཚང་གིས་ཆེད་བཟོས་གནང་བ་ཞིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། འདི་ལྟར་བརྗོད་པ་དེ་གནོན་ཤུགས་སྤྲོད་པ་མིན་ཡང་འགན་མ་ཁུར་ན་ཡག་པོ་རྩ་བ་ནས་མི་འདུག

    Reply
  21. karma dorje says:
    ལོ་ 15 སྔོན།

    དཔར་ནང་གྱི་གྲྭ་པ་དེ་ཚོ་བལ་པོའི་ཡུལ་མི་ཡིན་བགྱིད་རེད། བོད་མི་མགོ་གཉིས་མ་ཡིན་ན། ད་ལྟ་ཚུར་ཕྱོགས་བོད་མིའི་ཁྱུ་ནས་བུད་ནས། རྗེས་མ་ཕར་ཕྱོགས་ཀྱིས་རྒྱ་མིའི་ཁྲོད་ནས་འབུད་ངེས་ཡིན་པས་བསམ་བློ་ཡག་པོ་ ཐོངས། ཙི་ཙི་སྐམ་པོ་ཡག་པའི་དཔེ་རུ་མེད་པ་བཞིན་ནོ།

    Reply
  22. འོས་ལངས། says:
    ལོ་ 15 སྔོན།

    དེ་ལྟར་རྒྱ་གཞུང་ལ་འཆར་གཞི་དང་དམིགས་ཡུལ་ཡོད་ཅིང་། ཁོ་ཚོས་གང་ཞིག་བྱེད་འདོད་པའི་ཕྱོགས་ནས་ཅི་ཡང་བྱེད་ངེས་ཡིན། བཙན་བྱོལ་བོད་གཞུང་ལ་ཡང་འདས་མ་འོངས་ད་ལྟ་གསུམ་ཆ་ནས་འཆར་གཞི་གསལ་པོ་དང་ལངས་ཕྱོགས་བརྟན་པོ་ཞིག་ཡོད་ན་ཅིས་མ་ཆོག ཆོས་ལུགས་ཀྱི་ལྟ་གྲུབ་དང་ལག་ལེན་གཙོ་བོར་སྤྱོད་པའི་སྲིད་གཞུང་ཞིག་ལ་སྲིད་དོན་ཕྱོགས་ནས་ཕམ་ཁ་མང་བ་ནི་ལོ་རྒྱུས་ཀྱིས་ར་སྤྲོད་ཡང་ཡང་བྱས་ཡོད།

    Reply
  23. karma dorje says:
    ལོ་ 15 སྔོན།

    རང་དབང་ཡོད་པའི་གསར་འགོད་སླེབ་སར་གསང་བ་མྱུལ་ཡ་ནི་ཅི་ཡོད་སྙམ། དེས་ན་བོད་དོན་སེམས་ཤུགས་ཆུང་བ་དང་བལྟ་འདོད་བཟའ་འདོད་འཐུང་འདོད་ཆེ་བའི་བོད་ རིགས་ཕྱིན་འདུག་ཟེར་ན་དགའ་འམ།
    ངས་བྱས་ན། ཆབ་སྲིད་ཀུན་སློང་ཅན་གྱིས་མགྲོན་འབོད་གསོལ་སྟོན་སྤྲོ་འཛོམས་འཚོགས་སར་ཕྱིན་པ་ཙམ་གྱིས་ཕར་ཕྱོགས་ལ་རྒྱབ་སྐྱོར་ཅུང་ཟད་ཐོབ་ཡོད་ཀྱང་། ད་རྒྱ་མིས་ཡག་སྡུག་གང་ཡང་བྱེད་སར་སོང་ནས། བྱུང་ན་རྒྱ་རིགས་ལས་བྱེད་མཉམ་དུ་སྤྱི་དོན་རྩེད་མོ་དང་སྦྲགས་ནས་འགྲེལ་བཤད་ དང་། རྒྱ་རིགས་གཞན་པ། རྒྱ་རིགས་ལ་དགའ་མཁན། ཕྱི་མི་བཏང་སྙོམས་པ། ཕྱི་མི་རང་ཕྱོགས་ལ་དགའ་མཁན་དེ་ཚོ་ལ། རྒྱ་མིས་བཤད་པ་དེ་ཚོའི་ནང་ལ་འདི་ཙམ་བདེན་པ་རེད། དེ་ལྷག་བདེན་པ་མ་རེད། ཅེས་ཐ་ན་རང་གི་གཡས་གཡོན་གྲལ་སྡོད་རང་རིགས་རང་ལས་བློ་དམན་པ་གཅིག་ལའང་སྤྱི་ དོན་འགྲེལ་བཤད་ཀྱིས་ཁྱབ་སྤེལ་བྱེད་ཐུབ་ན་འགྲོ་གོ་ཆོད་རེད་སྙམ། འདིས་ང་ཚོ་དང་རྒྱ་གཞུང་བར་གྱི་འཁོན་འཛིན་དོགས་པ་སེལ་ཡ་དང་། སྤྱི་དོན་ཕྱི་གསལ་ནང་གསལ་བྱེད་ཡ་ལ་ཡང་ཕན་བགྱིད་རེད།

    Reply
  24. བྱམས་རྒྱལ། says:
    ལོ་ 15 སྔོན།

    བལ་ཡུལ་ནང བལ་ཡུལ་ཐེ་བའི་་ འབྲུག་ འབྲས་ལྗོངས་ རྒྱ་གར་ ནས་བརྩིས་པས་ ཧི་མ་ལ་ཡའི་མི་རིགས་ཁྱོན་ཆེ་གནས་ས་ཤིག་ཡིན་པས་ ལོ་གསར་ལ་སླེབས་མཁན་འདི་ཚོ་ཚང་མ་བོད་རིགས་ཡིན་སྣང་མི་ཤར་
    ཁ་ཤས་ཡོད་སྲིད་པ་རེད་ བལ་ཡུལ་ནང་གི་བོད་རིགས་ཚོ་ལ་ཉེན་ཁ་རྟག་པ་ཡོད་རེད་ ད་ཅི་དྲགས་ ཅོ་རི་གསུངས་བཞིན་ ཨ་རིས་ལེན་དགོས་ཟེར་ཡང་ གཏང་ཐུབ་མ་སོང་ བློ་ཕམ་ཆེ་

    Reply
  25. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་རིའི་གཞུང་གིས་བོད་མི་རྣམས་ཨ་རི་ལ་ལེན་གྱིན་ཡིན་ཟེར་དུས་གཏོང་མ་སོང་། དྲན་པར་འདུག་གམ། དེང་སང་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་བོད་མི་རྣམས་ཀྱི་དཀའ་ངལ་ལ་རོགས་རམ་བྱེད་ཀྱིས་ཡིན་གསུངས་ལུགས་ལ་ལྟས་ན།
    བལ་ཡུལ་ཡོད་པའི་བོད་མི་རྣམས་དངུལ་གྱིས་ཉོ་བརྩིས་རེད་ལ་ཉོ་ཀྱང་ཐུབ་ཀྱིས་རེད།
    ད་བཙན་བྱོལ་གཞུང་གིས་བོད་མི་ཨ་རིའི་མ་གཏོང་བ་དེའི་མཇུག་འབྲས་ངན་པ་འཁོར་ཡོང་གི་རེད།

    Reply
  26. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    བོད་པ་ཚོར་ཟ་རྒྱུ་ཞིག་བསྟན་དུས་འདུག་མ་བཟོད་པ་འདྲ་ཞིག་ཡོད་པས་ང་ཚོས་ཇི་ལྟར་བཀག་ཀྱང་ཁོག་གི་མ་རེད་ཡ། དེ་ལས་དེར་སོང་ནས་རྒྱག་ཐག་ཆོད་ཅིག་ཟོས་ན་དེ་ཡག་པོ་མེད་འགྲོ།་་་་་ང་བལ་ཡུལ་ལ་ཡོད་ན་ངས་བོད་པ་ཚོར་མ་འགྲོ་རོགས་ཞེས་རེ་སྐུལ་ཅི་ཐུབ་ཅིག་ཞུ་ས་རེད། དེ་མ་ཕན་ཀྱང་རང་གི་རེ་བ་ཡིན་་་་ཡིན་ནའང་ད་ཚར་འདུག་་་་་ཨ་ཁ་ཁ་་

    Reply
  27. ལུང་རྟོགས། says:
    ལོ་ 15 སྔོན།

    རྒྱ་ནག་བཞུང་གི་བྱེད་བསྟང་འདི། བོད་མི་ནང་ཁུལ་སྤྲུག་ཤིང་རྒྱབ་རྒྱུའི་ཆེད་ཡིན་པས་ཚང་མས་གཟབ་དགོས།

    Reply
  28. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    སུམ་ཅུའི་དུས་དྲན་སླེབ་པའི་དུས་ན་རྒྱལ་དར་འཕྱར་ནས་རྒོལ་ཡུལ་དེར།།
    རིན་མེད་ཟ་བཏུང་སྟོན་མོ་བཤམ་དུས་ལག་འཇུ་བྱེད་ཀྱིན་མཉམ་འཛོམས་བྱེད།།
    རྒྱུ་འབྱོར་མདུན་ན་ཅི་བྱེད་ཕོད་པའི་བོད་པ་འདི་ཚོའི་བཙོག་སྤྱོད་རྣམས།།
    མཐོང་གིན་མཐོང་གིན་ཁོག་པའི་གཏིང་ནས་སྐྱུག་པ་ཁ་གང་དེ་མུར་ཤོར།།

    ཟ་བཏུང་དངུལ་སོགས་གང་དུ་ཡོད་ན་བོད་རྣམས་དེ་རུ་ལོང་རྒྱུགས་བྱེད།།
    སྟོད་འགག་སེར་པོ་ལུས་ལ་གྱོན་པའི་དགེ་བཤེས་དེ་ལ་གཅིག་གཟིགས་དང་།།
    མདོག་ངན་པ་ལཱ།

    Reply
  29. གཞིས་ཆགས་བུ། says:
    ལོ་ 15 སྔོན།

    ངོ་མ་བལ་ཡུལ་ལ་ཁག་མེད་གི། ཁོང་ཚོ་རྒྱ་མིའི་མངའ་ཁོངས་སུ་ཚུད་པ་ཁྱད་པར་མེད། ཁོང་ཚོ་ལ་དངུལ་ནི་མེད། སྟོབས་ནི་དེ་བས་མེད་པས་རྒྱ་མིས་གང་བཤད་ཀྱང་ཉན་དགོས།

    Reply
  30. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 15 སྔོན།

    བོད་ཀྱི་བུ། ཁྱོད་ལོ་སར་ལ་སོང་ནས་ཕྱིར་སླེབས་རྗེས་མཆན་འདི་བྲིས་པ་ཨེ་ཡིན། རྒྱ་རི་པེ་ཅིང་དུ་སོང་བ་དང་འདི་འདྲ་ཡི་མ་རེད། སྐད་ཆ་བསམས་ནས་ཤོད། རྩམ་པ་ལྡད་ནས་མིད། གཏམ་དཔེ་འདི་ཡིད་ལ་ཟུངས།

    Reply
  31. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    རེད། བོད་ཀྱི་བུ་འདིའི་བཤད་སྟངས་འདི་ལྟར་བྱས་ནས་བཤད་ན་ང་ཁོས་སྐད་ཆ་ལ་འཐད་ཀི། འོན་ཀྱང་འདི་ཕྱོགས་གཅིག་ཡིན་པ་བརྗེད་མི་ཉན། ཐལ་དྲག་འགྲོ་གི་རེད།

    Reply
  32. བོད་ཀྱི་བུ། says:
    ལོ་ 15 སྔོན།

    རྒྱ་རི་སོགས་པེ་ཅིང་ནས་ཐུགས་སྤྲོ་རོལ་ཆོག་དུས་བོད་མི་ཉམ་ཆུང་ཚོས་བལ་ཡུལ་ནས་རྒྱ་ཟས་ཟ་འཐུང་མི་ཆོག་རྒྱུ་ཅི་ཡོད།

    Reply
  33. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    འདི་ལྟར་བལྟས་ཡོང་དུས་རྒྱ་ནག་གི་སྤོབས་པ་ཇེ་ཆེ་རེད། ཧམ་པ་ཇེ་ཚ་རེད། འོན་ཀྱང་བོད་མི་ཚོའི་ལ་རྒྱ་ཇེ་ཆུང་རེད། སེམས་པ་ཇེ་གཉོམ་རེད། ཁྲེལ་གཞུང་ཇེ་མེད་རེད། གོང་གི་པར་རིས་ལས་མཐོང་བའི་བོད་པ་ཚོ་དང་གྲྭ་བ་ཚོས་ངའི་ཁ་ལན་འདི་མཐོང་བའི་སྨོན་ལམ་རྒྱག་གི་ཡོད། འོན་ཀྱང་འཁྲབ་མཁན་ཚོར་ལབ་མེད། ཁོང་ཚོར་རང་དབང་མེད་པ་ཤེས་དགོས། གཞན་ཚོ་ཅིའི་ཕྱིར་སོང་བ་ཡིན་མགོ་མི་ཚོས་ས་ཆེན་པོ་མེད་ཀི།

    Reply
  34. ཚེ་རིང༌། says:
    ལོ་ 15 སྔོན།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་རེ་བ་བརྒྱབ་ཟིན་པའི་ད་ཚོད། ང་ཚོ་དེའི་ཆ་ཤས་ཤིག་ཆགས་ཡོད་པ་རེད། ལོ་གསར་བསུ་ཚུལ་འདི་ལ་ཧ་ལས་ཀྱི་མི་འདུག
    ༼སྔོན་བྱས་གང་ཡིན་ལ་མ་ལྟོས་བར་མེས་རྒྱལ་ལ་དགའ་བར་སྔ་ཕྱི་མེད་པ་དང་། ཀྲུང་དབྱང་སྲིད་གཞུང་ནམ་ཡང་རྒྱ་ཆེའི་མི་དམངས་དང་མཉམ་དུ་ཡོད་སྟབས། བལ་ཡུལ་ནང་གི་བོད་མི་སུ་ཞིག་ཡིན་རུང་དཀའ་ངལ་གང་ཡོད་ཐད་ཀར་གཞུང་ཚབ་ལ་བཤད་ན་རོགས་རམ་བྱ་རྒྱུར་གྲ་སྒྲིག་ཡོད་པ་སོགས་བཤད་ཡོད། ༽པ་དེ་གཅིག་བྱས་ན། ང་ཚོས་རྒྱ་ནག་ལ་ཡིག་ཆ་སྤྲད་པ་དང་སྐུ་ཚབ་མངགས་པའི་བཀའ་དྲིན་ཡིན་སྲིད། སྐུ་ངོ་རྒྱ་རི་ལ་དྲིས་ན་མ་གཏོགས་སུས་ཀྱང་ཤེས་དཀའ།

    Reply
  35. ཚེ་རིང༌། says:
    ལོ་ 15 སྔོན།

    བལ་ཡུལ་དུ་སླེབས་ནས་ལོ་གསར་བསུས་སོང་། མི་འགྱངས་པར་ལྡི་ལི་ནས་ཀྱང་ལོ་གསར་བསུས་ན་ཅི་བྱེད། རྒྱ་ནག་གི་བཙན་འཛུལ་དེ་བཙན་བྱོལ་ཁྲོད་གོམ་པ་སྤོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese